JKCL-KABUM-03-GA-090

From Khyentse Lineage - A Tsadra Foundation Project
Revision as of 18:04, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-03-GA-090.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ga"., Text 90, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "GA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"GA" is not a number.</li></ul>

[edit]
གསུང་ངག་རིན་པོ་ཆེའི་བརྒྱུད་པ་གསུམ་འདུས་ཀྱི་བླ་མ་གསོལ་འདེབས། ན་མོ་གུ་རུ་བྷྱཿཀུན་བཟང་དབང་བཞིའི་ཆར་རྒྱུན་འཁོར་ལོའི་མགོན། །གསང་ཆེན་ལམ་བཞི་སོགས། དེའི་ཁ་སྐོང་ལས། ཀླུ་སྒྲུབ་རྒྱ་མཚོའི་རྗེས་སུ། བཀྲ་ཤིས་དགེ་མཚན་དཔལ་གྱི་ཆོས་གྲྭ་རུ། །འཇམ་དཔལ་དབྱངས་དངོས་བློ་གསལ་རྒྱ་མཚོ་ཡི། །ཐུགས་སྲས་སྙན་བརྒྱུད་གདམས་པའི་རྒྱལ་ཚབ་མཆོག །གཞོན་ནུ་བློ་གྲོས་ཞབས་ལ༴ ཞེས་དང་། །བསླབ་གསུམ་རྒྱལ་མཚན་རྗེས་སུ། །འདར་སྟོན་རྣམ་རྒྱལ་སྟག་རྩེའི་དགོན་པ་རུ། །དྲག་སྔགས་བསྙེན་སྒྲུབ་མཐར་ཕྱིན་ནུས་པའི་གཏེར། །ངེས་དོན་བསྟན་པའི་སྲོག་ཤིང་སྟ་ར་བ། །བསོད་ནམས་ཆོས་འཕེལ༴ །མཁས་པའི་འབྱུང་གནས་བཟང་ལྡན་ཆོས་གྲྭ་རུ། །འཆད་རྩོད་རྩོམ་ལ་འགྲན་བྲལ་པཎྜི་ཏ། །མཁྱེན་བརྩེ་ནུས་མངའ་དགྱེས་མཛད་དབྱེར་མེད་སྐུ། །ངག་དབང་ཆོས་གྲགས་ཞབས་ལ༴ ཞེས་དང་། །མཁྱེན་རབ་བྱམས་པའི་རྗེས་སུ། །སྙན་བརྒྱུད་ཆོས་ཀྱི་འབྱུང་གནས་འདུས་པའི་སྡེར། །རྒྱལ་བ་སྐུ་དངོས་ཚར་ཆེན་བླ་མ་ཡི། །ཟབ་ལམ་སྤེལ་མཁས་དྲིན་ཆེན་རྡོ་རྗེ་འཆང་། །བློ་གསལ་མཆོག་ལྡན་ཞབས་ལ༴ ཞེས་དང་། །གསུང་ངག་གདམས་པའི་གཏེར་མཛོད་བཀའ་དྲིན་ཅན། །ཀུན་དགའ་བསྟན་འཛིན་ཞབས་ལ༴ །ངེས་པ་ལྔ་ལྡན་ཨེ་ཝྃ་ཆོས་ལྡན་དུ། །རྒྱལ་ཀུན་འདུས་ཞལ་མཁན་ཆེན་རྡོ་རྗེ་འཆང་། །བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞབས། །མཉམ་མེད་བཀའ་དྲིན་ཅན་ལ༴ དེ་མཆན། །བློ་གཏེར་དབང་པོ་དང་། བྲག་ར་ཆོས་ཀྱི་ཉི་མའི་རྗེས་སུ། །རིས་མེད་ཆོས་ཀྱི་དགའ་ཚལ་ཆེན་པོ་རུ། །མདོ་སྔགས་བསྟན་པ་རྒྱ་མཚོའི་མཛོད་འཛིན་ཅིང་། །མཁྱེན་བརྩེའི་ནུས་པའི་ཡེ་ཤེས་ཆེན་པོའི་གཏེར། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས།། །། ༈ ལམ་འབྲས་གསུང་སྐབས། རྣམ་དག་མ་འདོན་ནས། །ངག་གི་དབང་ཕྱུག་འཇམ་དབྱངས་བླ་མ་ཡི། སོགས། །འཇམ་དབྱངས་བླ་མའི་བྱིན་རླབས་སོགས། །རབ་འབྱམས་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས། །དམིགས་མེད་བྱམས་དང་བརྩེ་བའི་ཐུགས་མངའ་ཞིང་། །སློབ་བཤད་གདམས་པའི་གཏེར་མཛོད་ཆོས་ཀྱི་རྗེ། །ངག་དབང་ལེགས་པའི་ཞབས་ལ༴ །འཇམ་དཔལ་དབྱངས་དངོས་བླ་མས་རྗེས་སུ་བཟུང་། །མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་མངའ་བདག་ཆེ། །གཞན་ལ་ཕན་པའི་ཕྲིན་ལས་ཕ་མཐའ་ཡས། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས།། །། ༈ རི་བོ་རྩེ་ལྔར་འཇམ་པའི་དབྱངས། །དཔལ་ལྡན་ས་སྐྱ་སྙིང་པོའི་ཞབས། སོགས་ནས། །བྱམས་མགོན་འཕགས་པ་ཀླུ་སྒྲུབ་དང་། །ཀུན་དགའི་བཞེད་དོན་མ་ལུས་པ། །ཚུལ་བཞིན་འབྱེད་པའི་དཔའ་བོ་ཆེ། །བསྟན་པའི་རྒྱལ་མཚན་ལ་ཕྱག་འཚལ། །འཇམ་པའི་དབྱངས་དངོས་ས་སྐྱ་པའི། །བསྟན་པ་རིན་ཆེན་མཛོད་བཟུང་ནས། །སྐལ་ལྡན་གདུལ་བྱ་སྐྱོང་མཛད་པ། །རིན་ཆེན་རྡོ་རྗེ་ལ༴ །གསང་བའི་བདག་པོ་མི་ཡི་གཟུགས། །རྒྱུད་སྡེ་རྒྱ་མཚོའི་མཛོད་འཆང་བ། །རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །བློ་གཏེར་དབང་པོ་ལ༴ །མཁྱེན་བརྩེའི་བློ་གྲོས་དྲི་མེད་ཀྱིས། །རྟག་ཏུ་གཞན་གྱི་དོན་ལ་དགོངས། །ཕན་བདེའི་འདོད་དགུ་འབྱུང་བའི་གནས། །ཡིད་བཞིན་ནོར་བུ་ལ༴ །འཇམ་དཔལ་དབྱངས་དངོས་མཁྱེན་དང་བརྩེའི། །ཕྲིན་ལས་རྒྱ་མཚོའི་མཛོད་འཛིན་ཅིང་། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཆོས་ཀྱི་བློ་གྲོས་ལ་ཕྱག་འཚལ།། །། ༈ ཨོཾ་སྭསྟི། རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཛིན། །ཟག་མེད་བདེ་བའི་གར་བསྒྱུར་རྡོ་རྗེ་གུར། །གྲུབ་པ་མཆོག་གི་དེད་དཔོན་བྲམ་ཟེ་ཆེར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་སོགས་བརྒྱུད་འདེབས་ཤྭོ་ལོ་ཀ་ཉེར་བརྒྱད་ཅན་ལས། གསང་བདག་རྡོ་རྗེ་འཛིན་དངོས་བློ་གཏེར་དབང་། །ནག་པོ་ཆེ་གྲུབ་བསམ་གཏན་བློ་གྲོས་ཞབས། །འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་ལ། །སྙིང་ནས་གསོལ་བ་འདེབས་སོ༴ ཡང་གཅིག །གསང་བདག་རྡོ་རྗེ་འཛིན་དངོས་བློ་གཏེར་དབང་། །ནག་པོ་ཆེ་གྲུབ་འཇམ་དབྱངས་བསྟན་འཕེལ་དང་། །འཇམ་དབྱངས་བླ་མ་ངག་དབང་ལེགས་པ་ལ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།། །།
[edit]

gsung ngag rin po che'i brgyud pa gsum 'dus kyi bla ma gsol 'debs/__na mo gu ru b+h+yaHkun bzang dbang bzhi'i char rgyun 'khor lo'i mgon/____/gsang chen lam bzhi sogs/__de'i kha skong las/__klu sgrub rgya mtsho'i rjes su/__bkra shis dge mtshan dpal gyi chos grwa ru/____/'jam dpal dbyangs dngos blo gsal rgya mtsho yi/____/thugs sras snyan brgyud gdams pa'i rgyal tshab mchog__/gzhon nu blo gros zhabs la=__zhes dang /____/bslab gsum rgyal mtshan rjes su/____/'dar ston rnam rgyal stag rtse'i dgon pa ru/____/drag sngags bsnyen sgrub mthar phyin nus pa'i gter/____/nges don bstan pa'i srog shing sta ra ba/____/bsod nams chos 'phel=____/mkhas pa'i 'byung gnas bzang ldan chos grwa ru/____/'chad rtsod rtsom la 'gran bral paN+Di ta/____/mkhyen brtse nus mnga' dgyes mdzad dbyer med sku/____/ngag dbang chos grags zhabs la=__zhes dang /____/mkhyen rab byams pa'i rjes su/____/snyan brgyud chos kyi 'byung gnas 'dus pa'i sder/____/rgyal ba sku dngos tshar chen bla ma yi/____/zab lam spel mkhas drin chen rdo rje 'chang /____/blo gsal mchog ldan zhabs la=__zhes dang /____/gsung ngag gdams pa'i gter mdzod bka' drin can/____/kun dga' bstan 'dzin zhabs la=____/nges pa lnga ldan e wa~M chos ldan du/____/rgyal kun 'dus zhal mkhan chen rdo rje 'chang /____/byams pa kun dga' bstan pa'i rgyal mtshan zhabs/____/mnyam med bka' drin can la=__de mchan/____/blo gter dbang po dang /__brag ra chos kyi nyi ma'i rjes su/____/ris med chos kyi dga' tshal chen po ru/____/mdo sngags bstan pa rgya mtsho'i mdzod 'dzin cing /____/mkhyen brtse'i nus pa'i ye shes chen po'i gter/____/chos kyi blo gros zhabs la gsol ba 'debs//____//____!__lam 'bras gsung skabs/__rnam dag ma 'don nas/____/ngag gi dbang phyug 'jam dbyangs bla ma yi/__sogs/____/'jam dbyangs bla ma'i byin rlabs sogs/____/rab 'byams shes bya kun la mkhyen pa rgyas/____/dmigs med byams dang brtse ba'i thugs mnga' zhing /____/slob bshad gdams pa'i gter mdzod chos kyi rje/____/ngag dbang legs pa'i zhabs la=____/'jam dpal dbyangs dngos bla mas rjes su bzung /____/mdo sngags chos tshul rgya mtsho'i mnga' bdag che/____/gzhan la phan pa'i phrin las pha mtha' yas/____/chos kyi blo gros zhabs la gsol ba 'debs//____//____!__ri bo rtse lngar 'jam pa'i dbyangs/____/dpal ldan sa skya snying po'i zhabs/__sogs nas/____/byams mgon 'phags pa klu sgrub dang /____/kun dga'i bzhed don ma lus pa/____/tshul bzhin 'byed pa'i dpa' bo che/____/bstan pa'i rgyal mtshan la phyag 'tshal/____/'jam pa'i dbyangs dngos sa skya pa'i/____/bstan pa rin chen mdzod bzung nas/____/skal ldan gdul bya skyong mdzad pa/____/rin chen rdo rje la=____/gsang ba'i bdag po mi yi gzugs/____/rgyud sde rgya mtsho'i mdzod 'chang ba/____/rigs brgya'i khyab bdag 'khor lo'i mgon/____/blo gter dbang po la=____/mkhyen brtse'i blo gros dri med kyis/____/rtag tu gzhan gyi don la dgongs/____/phan bde'i 'dod dgu 'byung ba'i gnas/____/yid bzhin nor bu la=____/'jam dpal dbyangs dngos mkhyen dang brtse'i/____/phrin las rgya mtsho'i mdzod 'dzin cing /____/thugs rje chen po dang ldan pa/____/chos kyi blo gros la phyag 'tshal//____//____!__oM swasti/__rnam kun mchog ldan zung 'jug rdo rje 'dzin/____/zag med bde ba'i gar bsgyur rdo rje gur/____/grub pa mchog gi ded dpon bram ze cher/____/snying nas gsol ba 'debs so byin gyis rlobs/____/zhes sogs brgyud 'debs shwo lo ka nyer brgyad can las/__gsang bdag rdo rje 'dzin dngos blo gter dbang /____/nag po che grub bsam gtan blo gros zhabs/____/'jam dbyangs bla ma chos kyi blo gros la/____/snying nas gsol ba 'debs so=__yang gcig__/gsang bdag rdo rje 'dzin dngos blo gter dbang /____/nag po che grub 'jam dbyangs bstan 'phel dang /____/'jam dbyangs bla ma ngag dbang legs pa la/____/snying nas gsol ba 'debs so byin gyis rlobs//____//__

Footnotes

Other Information