JKW-KABAB-18-TSHA-015

From Khyentse Lineage - A Tsadra Foundation Project
Revision as of 10:18, 7 May 2021 by Mort (talk | contribs)

དག་སྣང་མི་ཏྲའི་ཚེ་དཀར་ཕྱི་སྒྲུབ་ཀྱི་ཚེ་དབང༌།
Wylie title dag snang mi tra'i tshe dkar phyi sgrub kyi tshe dbang JKW-KABAB-18-TSHA-015.pdf
Location mkhyen brtse'i bka' babs
Volume 18, Text 15, Pages 99-103 (Folios 1a1 to 3a5)
Author མི་ཉག་ཐུབ་བསྟན་ལེགས་བཤད་བཟང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People མི་ཏྲ་ཛོ་ཀི་ (mi tra dzo ki)
Citation Mi nyag thub bstan legs bshad bzang po. dag snang mi tra'i tshe dkar phyi sgrub kyi tshe dbang. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 99-103. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Longevity Rituals - tshe sgrub  ·  Longevity Empowerment - tshe dbang
Cycle ཚེ་སྒྲུབ་ཡེ་ཤེས་སྙིང་པོ་ (tshe sgrub ye shes snying po)
Parent Cycle གྲུབ་ཆེན་མི་ཏྲའི་སྙིང་ཐིག་ (grub chen mi tra'i snying thig)
Deity tshe dkar
Karchag page JKW-KABAB-Volume-18-TSHA-Karchag
Colophon

།པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་གྲུབ་ཆེན་མི་ཏྲའི་སྙིང་ཐིག་གི་ཚེ་སྒྲུབ་ཡེ་ཤེས་སྙིང་པོའི་ལེའུ་ཚན་ནོ། །དགེའོ།།

/pad+ma 'od gsal mdo sngags gling pa'i dag snang grub chen mi tra'i snying thig gi tshe sgrub ye shes snying po'i le'u tshan no/__/dge'o//

[edit]
༄༅། །དག་སྣང་མི་ཏྲའི་ཚེ་དཀར་ཕྱི་སྒྲུབ་ཀྱི་ཚེ་དབང་བཞུགས། ཨོཾ་སྭ་སྟི། ཚེ༵་མཐའ་ཡས་པའི་གོ་འཕང་སྒྲུ༵བ་པའི་ཐབས། །ཡེ༵་ཤེས༵་རྡོ་རྗེ་སྙིང༵་པོ༵་མཆོག་གི་ལམ། །སྩོལ་མཛད་བླ་མ་འཆི་མེད་མགོན་པོ་ལ། །གུས་པས་བཏུད་ནས་ཚེ་དབང་ཆོ་ག་དབྱེ། །དེ་ལ་འདིར་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས་བྱུང་བའི་ཚེ་སྒྲུབ་ཡེ་ཤེས་སྙིང་པོ་དང་འབྲེལ་བར་བྱིན་རླབས་ཚེ་དབང་བགྱི་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང༌། དངོས་གཞི་སྒྲུབ་པའི་ཐབས་དང༌། བྱིན་རླབས་ཚེ་དབང་གི་ཆོ་གའོ། །དང་པོ་ནི། སྟེགས་ཀྱི་ཁར་མེ་ཏོག་གི་ཚོམ་བུ་བཀོད་པའམ་རྒྱས་པར་སྤྲོ་ན་པདྨ་འདབ་མ་བརྒྱད་པའི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་སྐུ་ཙག་གི་བརྒྱན་པ། དེའི་གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་ཚེ་མདའ། མདུན་དུ་མཆོད་གཏོར་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང༌། གཞན་ཡང་ལས་བུམ་ནས་བཟེད་ཌ་མ་རུ་རྡོར་དྲིལ་སོགས་འདུ་བྱའོ། །གཉིས་པ་ནི། ལས་བྱང་གིས་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་སུ་བསྒྲུབས་ནས་བུམ་པ་གཉིས་སྤྱི་ལྟར་དང༌། ཚེ་འགུག་མཆོད་བསྟོད་བཀའ་གཏེར་སྲུང་གི་གཏོར་འབུལ་ཏིང་ངེ་འཛིན་གྱི་དབང་ལེན་པ་བཅས་སྤྱི་ལྟར་བྱའོ། །གསུམ་པ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱས་ཕྱག་འཚལ་གྲལ་ལ་འཁོད་པ་ལ་བགེགས་བསྐྲད་སྲུང་འཁོར་བསྒོམ་ཀུན་སློང་བཅོས་པ་དང་ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་ཅི་རིགས་བརྗོད་མཐར། ཇི་སྐད་དུ། རང་གཏེར་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་ཀྱི་སྙིང་པོའི་ལུང་བྱང་ལས། ཡབ་གཅིག་ཁྲི་སྲོང་ལྷ་སྲས་མཆོག་གྲུབ་རྗེའི༔ ཟུང་འཇུག་རྣམ་འཕྲུལ་སྒྱུ་མའི་རང་མདངས་ཤིག༔ མདོ་ཁམས་ཤར་དུ་ལྕགས་ཁམས་འབྲུག་གི་ལོ༔ བཀའ་བབ་བདུན་ལྡན་རིག་རྩལ་ཐོད་རྒལ་འཆང་༔ བརྟུལ་ཞུགས་ཟིལ་ལྡན་དཔའ་བོ་སྟག་ཤམ་ཅན༔ ཨོ་རྒྱན་ཐུགས་སྲས་པདྨའི་མིང་ཅན་ལ༔ ཡེ་ཤེས་མཁའ་འགྲོས་གཏེར་ཁ་དངོས་སུ་སྤྲད༔ ཅེས་སོགས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་ལུང་གི་ལན་བརྒྱར་བསྔགས་པ། འཇམ་དཔལ་རྡོ་རྗེ་ཆོས་རྒྱལ་ཚུལ་ཅན་ཁྲི་སྲོང་ལྡེའུ་བཙན་གྱི་ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པ། གཏེར་ཆེན་རྐྱང་པའི་སྐྱེ་བ་བརྒྱུད་མ་བཅུ་གསུམ་སོགས་ཟབ་གཏེར་རྒྱ་མཚོར་འཁོར་ལོས་སྒྱུར་བའི་རྣམ་རོལ་དུ་མ་རིམ་དང་གཅིག་ཆར་སྣང་བ་སོགས་ཀྱིས་སྙིག་མའི་འགྲོ་དོན་རྒྱ་ཆེར་མཛད་པ། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། བཀའ་མ་དང༌། ས་གཏེར་དང༌། ཡང་གཏེར་དང༌། དགོངས་གཏེར་དང༌། རྗེས་དྲན་དང༌། དག་སྣང་དང༌། སྙན་བརྒྱུད་དེ་སྔ་འགྱུར་བཀའ་བབ་ཆེན་པོ་བདུན་ལས་བྱུང་བའི་ཆོས་སྡེ་ནམ་མཁའི་མཛོད་ལྟར་བཞུགས་པའི་ནང་ཚན་འདིར་དག་སྣང་སྙན་བརྒྱུད་ཀྱི་ཆོས་སྡེ་གྲུབ་ཆེན་མི་ཏྲའི་སྙིང་ཐིག་ལས་བྱུང་བའི་ཚེ་སྒྲུབ་ཡེ་ཤེས་སྙིང་པོའི་ཕྱི་སྒྲུབ་དང་འབྲེལ་བར་ཚེ་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་སོགས་རྒྱས་བསྡུས་ཅི་རིགས་བརྗོད་པས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་འཇུག་གོ། དེ་ནས་གསོལ་བ་འདེབས་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པ་ཅན། སོགས་ལན་གསུམ། དེ་ནས་སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་ཏེ་རྒྱུན་བཤགས་གང་འོས་ཤིག་ལན་གསུམ་བྱ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད། ཅེས་པ་ནས་བསང་སྦྱང་ཡན་སྤྱི་ལྟར་བྱས་ནས། སྟོང་པའི་ངང་ལས་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཨ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེའི་བར་ཆད་བསལ་བ་སོགས་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ། སྐུ་མདོག་སྟོན་གའི་ཟླ་བ་ལྟར་དཀར་བ། ཞི་ཞིང་འཛུམ་པ། ཕྱག་མཉམ་བཞག་གི་ཕྱག་རྒྱས་ཚེ་བུམ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། འོད་ཟེར་གྱི་གཟི་བརྗིད་ལྷམ་མེར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་དང༌། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ལྷ་ཚོགས་ཐམས་ཅད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་རྣམ་པར་བྱོན་པ་དང་དཀྱིལ་འཁོར་བའི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་ལ་སིབ་སིབ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་བབ་དྲུག་དང༌། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱིཿ ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿཨཱ་ཝེ་ཤ་ཡ་ཨ་ཨཱཿཛཿཧཱུྃ་བྃ་ཧོཿཞེས་བཟླ། དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། དེ་ནས་ཚེ་འགུག་པའི་དམིགས་པ་སྤྱི་ལྟར་གསལ་ལ་མདའ་དར་གཡོབ་ཅིང༌། ཨཿ གདོད་མའི་མགོན་པོ་བཅོམ་ལྡན་འདས༔ སོགས་ཀྱིས་ཚེ་འགུག་བྱ། དེ་ནས་ཚེ་དབང་དངོས་བཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཡེ་ཤེས་ཆེན་པོ་ཚེ་ཡི་བདག༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཆི་མེད་ཐོབ་བྱའི་ཕྱིར༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ རྒྱུད་སྦྱང་ཡེ་ཤེས་དབབ་ཅིང་བརྟན༔ ཞེས་པ་གོང་དུ་སོང་བས་ཆོག་གོ །མཆན། དེ་ནས་བུམ་པ་སྤྱི་བོར་བཞག ཨོཾ༔ བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས༔ འོད་ཞུ་བདུད་རྩིས་དབང་བསྐུར་བས༔ འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན༔ ཨཱཿ རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་གཏམ༔ བདེ་སྟོང་རོལ་པའི་དབང་བསྐུར་བས༔ མི་ཤིག་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཚེ་རིལ་སྙིང་གར་གཏུགས་ཅིང་སྦྱིན༔ ཧཱུྃཿ འཁོར་འདས་དྭང་མ་ཀུན་བསྡུས་པའི༔ ཡེ་ཤེས་མཆོག་གི་དམ་ཚིག་རྫས༔ ར་ས་ཡ་ནའི་དབང་བསྐུར་བས༔ འོད་གསལ་རྡོ་རྗེའི་ཚེ་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིས་བརྗོད་སྔགས་ཀྱིས་བརྟན་པར་བྱ༔ དེ་ལྟར་སྣོད་ལྡན་སློབ་མ་ལ༔ དབང་གི་མཆོག་འདི་སུས་བསྐུར་བ༔ བར་ཆད་ཞི་ཞིང་ཚེ་བསོད་འཕེལ༔ མཐར་ཐུག་པདྨ་ཅན་དུ་སྐྱེ༔ གུ་ཧྱ་ས་མ་ཡ༔ ཞེས་གསུངས་པས་མེ་ཏོག་འཐོར་ཏེ། ཧྲཱིཿ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔ སོ་སོར་རྟོག་པའི་ཡེ་ཤེས་སྐུ༔ གདོད་མའི་མགོན་པོ་སྣང་མཐའ་ཡས༔ ཚེ་དཔག་མེད་པའི་བཀྲ་ཤིས་ཤོག༔ ཅེས་བསྟོད་པ་བཀྲ་ཤིས་སུ་བསྒྱུར་བ་དང༌། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་པས་བརྟན་པར་བྱ་ཞིང་སྤྲོ་ན་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྫས་རྟགས་སྤྱི་ལྟར་བསྐུར་ཞིང་ཤིས་བརྗོད་རྒྱས་པར་བྱའོ། མཇུག་ཏུ་དམ་ཚིག་ཁས་ལེན་མཎྜལ་ཡོན་འབུལ་རྣམས་དང་སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་སྤྱི་ལྟར་བྱའོ། ཐུབ༵་བསྟན༵་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟང༵་པོའི་ནོར༵་བུ༵་འདིར། །རྒྱལ་བསྟན༵་འཛིན༵་སྐྱོང་སྤེལ་བའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབས་ཤོག །པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་གྲུབ་ཆེན་མི་ཏྲའི་སྙིང་ཐིག་གི་ཚེ་སྒྲུབ་ཡེ་ཤེས་སྙིང་པོའི་ལེའུ་ཚན་ནོ། །དགེའོ།། །།
[edit]

@#/__/dag snang mi tra'i tshe dkar phyi sgrub kyi tshe dbang bzhugs/__oM swa sti/__tshe~X mtha' yas pa'i go 'phang sgru~Xb pa'i thabs/__/ye~X shesa~X rdo rje snyinga~X po~X mchog gi lam/__/stsol mdzad bla ma 'chi med mgon po la/__/gus pas btud nas tshe dbang cho ga dbye/__/de la 'dir pad+ma 'od gsal mdo sngags gling pa'i zab gter grub chen mi tra'i snying thig las byung ba'i tshe sgrub ye shes snying po dang 'brel bar byin rlabs tshe dbang bgyi ba la gsum ste/__sbyor ba yo byad kyi bsham bkod dang*/__dngos gzhi sgrub pa'i thabs dang*/__byin rlabs tshe dbang gi cho ga'o/__/dang po ni/__stegs kyi khar me tog gi tshom bu bkod pa'am rgyas par spro na pad+ma 'dab ma brgyad pa'i dbus su many+dzi'i khar bum pa chas ldan sku tsag gi brgyan pa/__de'i g.yas su tshe ril/__g.yon du tshe chang*/__rgyab tu tshe mda'/__mdun du mchod gtor bcas kyi mtha' phyi nang gi mchod pas bskor ba dang*/__gzhan yang las bum nas bzed Da ma ru rdor dril sogs 'du bya'o/__/gnyis pa ni/__las byang gis bdag mdun dbyer med dam tha dad gang mos su bsgrubs nas bum pa gnyis spyi ltar dang*/__tshe 'gug mchod bstod bka' gter srung gi gtor 'bul ting nge 'dzin gyi dbang len pa bcas spyi ltar bya'o/__/gsum pa ni/__slob ma rnams la sgo drung du khrus byas phyag 'tshal gral la 'khod pa la bgegs bskrad srung 'khor bsgom kun slong bcos pa dang chos bshad tshe sgrub dang 'brel ba'i lo rgyus ci rigs brjod mthar/__ji skad du/__rang gter thugs rje chen po ye shes 'od kyi snying po'i lung byang las/__yab gcig khri srong lha sras mchog grub rje'i:__zung 'jug rnam 'phrul sgyu ma'i rang mdangs shig:__mdo khams shar du lcags khams 'brug gi lo:__bka' bab bdun ldan rig rtsal thod rgal 'chang :__brtul zhugs zil ldan dpa' bo stag sham can:__o rgyan thugs sras pad+ma'i ming can la:__ye shes mkha' 'gros gter kha dngos su sprad:__ces sogs dpal o rgyan chos kyi rgyal po'i rdo rje'i lung gi lan brgyar bsngags pa/__'jam dpal rdo rje chos rgyal tshul can khri srong lde'u btsan gyi ye shes sgyu ma'i rnam par rol pa/__gter chen rkyang pa'i skye ba brgyud ma bcu gsum sogs zab gter rgya mtshor 'khor los sgyur ba'i rnam rol du ma rim dang gcig char snang ba sogs kyis snyig ma'i 'gro don rgya cher mdzad pa/__gangs can mkhas grub yongs kyi gtsug rgyan rdo rje 'chang 'jam dbyangs mkhyen brtse'i dbang po'am pad+ma 'od gsal mdo sngags gling pa la/__bka' ma dang*/__sa gter dang*/__yang gter dang*/__dgongs gter dang*/__rjes dran dang*/__dag snang dang*/__snyan brgyud de snga 'gyur bka' bab chen po bdun las byung ba'i chos sde nam mkha'i mdzod ltar bzhugs pa'i nang tshan 'dir dag snang snyan brgyud kyi chos sde grub chen mi tra'i snying thig las byung ba'i tshe sgrub ye shes snying po'i phyi sgrub dang 'brel bar tshe dbang bskur ba la slob dpon gyi bya ba sogs rgyas bsdus ci rigs brjod pas mtshams sbyar te maN+Dal 'bul du 'jug go/__de nas gsol ba 'debs pa ni/__kun mkhyen ye shes phung pa can/__sogs lan gsum/__de nas skyabs sems tshogs bsags kyi dmigs pa spyi ltar gsal btab te rgyun bshags gang 'os shig lan gsum bya/__de nas ye shes dbab pa'i slad du khyed rang lus gnad/__ces pa nas bsang sbyang yan spyi ltar byas nas/__stong pa'i ngang las khyed rang gi rnam par shes pa'i ngo bo a yig dkar po/__de las 'od zer 'phros/__'phags pa mchod/__sems can thams cad kyi tshe'i bar chad bsal ba sogs don byas/__tshur 'dus yongs su gyur pa las/__khyed rang bcom ldan 'das tshe dpag tu med pa/__sku mdog ston ga'i zla ba ltar dkar ba/__zhi zhing 'dzum pa/__phyag mnyam bzhag gi phyag rgyas tshe bum 'dzin pa/__dar dang rin po che'i rgyan gyis brgyan pa/__zhabs rdo rje'i skyil mo krung gis pad zla la bzhugs pa/__'od zer gyi gzi brjid lham mer gsal ba'i spyi bor oM dkar po/__mgrin par AHdmar po/__thugs kar hU~M sngon po/__thugs dbus su zla ba la gnas pa'i a yig dkar po dang*/__slob dpon dang mdun bskyed kyi thugs ka nas 'od zer 'phros pas phyogs bcu'i sangs rgyas byang sems rtsa gsum lha tshogs thams cad bcom ldan 'das tshe dang ye shes dpag tu med pa'i rnam par byon pa dang dkyil 'khor ba'i thugs ka nas kyang rang 'dra dpag tu med pa byon te khyed rang la sib sib thim pas gnyis su med par byin gyis rlob pa'i mos pa mdzod/__ces brjod la spos rol dang bcas te bab drug dang*/__oM a pa ri mi ta A yur+dz+nyA na sarba sid+d+hi hU~M hrIH__dz+nyA na A yu She hU~M b+h+rU~M nr-i dzaHA we sha ya a AHdzaHhU~M ba~M hoHzhes bzla/__de ltar ye shes phab pa de spyi bor rdo rje rgya gram du bzhag te brtan par byas pa'i mos pa mdzod/__tiSh+Tha badz+ra/__de nas tshe 'gug pa'i dmigs pa spyi ltar gsal la mda' dar g.yob cing*/__aH__gdod ma'i mgon po bcom ldan 'das:__sogs kyis tshe 'gug bya/__de nas tshe dbang dngos bzhi'i don du gsol ba 'debs pa 'di'i rjes zlos lan gsum mdzod/__ye shes chen po tshe yi bdag:__rdo rje slob dpon dgongs su gsol:__bdag cag 'chi med thob bya'i phyir:__rig 'dzin tshe yi dngos grub stsol:__rgyud sbyang ye shes dbab cing brtan:__zhes pa gong du song bas chog go__/mchan/__de nas bum pa spyi bor bzhag__oM:__bkra shis bum pa'i gzhal yas na:__tshe dpag med mgon lha tshogs bzhugs:__'od zhu bdud rtsis dbang bskur bas:__'gyur med rdo rje'i sku thob shog:__kA ya a b+hi Shiny+tsa oM:__bdud rtsi mgrin par bzhag cing sbyin:__AH__rang byung rdo rje'i ka pA lar:__byang chub sems kyi bcud kyis gtam:__bde stong rol pa'i dbang bskur bas:__mi shig rdo rje'i srog 'grub shog:__wA ka a b+hi Shiny+tsa AH__tshe ril snying gar gtugs cing sbyin:__hU~MH__'khor 'das dwang ma kun bsdus pa'i:__ye shes mchog gi dam tshig rdzas:__ra sa ya na'i dbang bskur bas:__'od gsal rdo rje'i tshe thob shog:__tsit+ta a b+hi Shiny+tsa hU~M:__shis brjod sngags kyis brtan par bya:__de ltar snod ldan slob ma la:__dbang gi mchog 'di sus bskur ba:__bar chad zhi zhing tshe bsod 'phel:__mthar thug pad+ma can du skye:__gu h+ya sa ma ya:__zhes gsungs pas me tog 'thor te/__hrIH__phyogs bcu'i sangs rgyas thams cad kyi:__so sor rtog pa'i ye shes sku:__gdod ma'i mgon po snang mtha' yas:__tshe dpag med pa'i bkra shis shog:__ces bstod pa bkra shis su bsgyur ba dang*/__oM a pa ri mi ta A yur+dz+nyA na sarba sid+d+hi hU~M hrIH__oM su pra tiSh+Tha badz+ra ye swA hA:__zhes brjod pas brtan par bya zhing spro na rgyal srid sna bdun dang bkra shis rdzas rtags spyi ltar bskur zhing shis brjod rgyas par bya'o/__mjug tu dam tshig khas len maN+Dal yon 'bul rnams dang sgrub thabs kyi mjug chog rnams spyi ltar bya'o/__thuba~X bstana~X rin chen 'byung gnas las 'ong ba'i/__/le~Xgs bsha~Xd phrin chog bzanga~X po'i nora~X bu~X 'dir/__/rgyal bstana~X 'dzina~X skyong spel ba'i 'od 'phro bzhin/__/gzha~Xn pha~Xn 'dod rgu mtha~X' ya~Xs char 'bebs shog__/pad+ma 'od gsal mdo sngags gling pa'i dag snang grub chen mi tra'i snying thig gi tshe sgrub ye shes snying po'i le'u tshan no/__/dge'o//__//

Footnotes

Other Information