ཚེ་འགུགས།

From Khyentse Lineage - A Tsadra Foundation Project
JKW-KABAB-18-TSHA-014
Wylie title tshe 'gugs JKW-KABAB-18-TSHA-014.pdf
Location mkhyen brtse'i bka' babs
Volume 18, Text 14, Pages 97-98 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People མི་ཏྲ་ཛོ་ཀི་ (Mitrayogi)
Citation 'jam dbyangs mkhyen brtse chos kyi blo gros. tshe 'gugs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 97-98. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Longevity Rituals - tshe sgrub
Cycle ཚེ་སྒྲུབ་ཡེ་ཤེས་སྙིང་པོ་ (tshe sgrub ye shes snying po)
Parent Cycle གྲུབ་ཆེན་མི་ཏྲའི་སྙིང་ཐིག་ (grub chen mi tra'i snying thig)
Deity tshe dkar
Karchag page JKW-KABAB-Volume-18-TSHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DZI-021
Colophon

ཉེར་མཁོའི་ཆེད་གཏེར་གཞུང་ནས་ཟུར་དུ་བཀོལ་བའོ།།

nyer mkho'i ched gter gzhung nas zur du bkol ba'o/

[edit]
༄༅། ཚེ་དང་བསོད་ནམས་དགུག་བྱའི་ཕྱིར༔ ཐུགས་དམ་བསྐུལ་བའི་ཕྲིན་ལས་ནི༔ སྤོས་བསྲེགས་རོལ་མོ་སྙན་པར་འཁྲོལ༔ མདའ་དར་གཡབ་ཅིང་གདུང་དབྱངས་བཅས༔ ཨཱཿ གདོད་མའི་མགོན་པོ་བཅོམ་ལྡན་འདས༔ ཚེ་དང་ཡེ་ཤེས་འོད་དཔག་མེད༔ དྲི་མེད་ཟླ་བ་རྒྱས་པའི་སྐུ༔ མཚན་དང་དཔེ་བྱད་དཔལ་དུ་འབར༔ ཐུགས་རྗེའི་གཟི་བརྗིད་ལྷམ་མེ་བ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཡི༔ མཁྱེན་བརྩེ་བྱིན་རླབས་གཅིག་བསྡུས་པ༔ ཚེ་ཡི་བདག་པོ་དབྱིངས་ནས་བཞེངས༔ ཀ་དག་གཉུག་མའི་ངང་ཉིད་ལས༔ ལྷུན་གྲུབ་སྣང་བ་ཕྱོགས་བརྒྱར་སྤྲོ༔ རྡོ་རྗེའི་ཚེ་ཡི་ཕོ་ཉ་མོ༔ མགྱོགས་མ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཕྱི་སྣོད་འབྱུང་བའི་དྭངས་མ་དང་༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་སྟོབས༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེ་ནུས་སྟོབས་ཡོན་ཏན་དཔལ༔ བདག་གི་བླ་ཚེ་ཆད་ཉམས་བཅས༔ ཡེ་ཤེས་ཆེན་པོའི་བྱིན་གྱིས་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་བསྟིམས༔ ཚེ་བཅུད་ཉམས་པ་གོང་དུ་གསོས༔ གནས་པ་སྤེལ་ལ་ཡར་བ་སྡུས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྒྲུབ་རྫས་ཡེ་ཤེས་བདུད་རྩིར་བསྐྱིལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ལུས་ངག་ཡིད་ལ་དབང་བཞི་བསྐུར༔ ངོ་མཚར་རྟགས་དང་ཆོ་འཕྲུལ་སྟོན༔ ཐམས་ཅད་ཆོས་ཉིད་གཅིག་གི་ངང་༔ འཆི་མེད་མགོན་པོའི་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེར་བྱིན་གྱིས་རློབས༔ ཨོཾ་ཨ་པཱ་རི་མི་ཏ་ཨཱ་ཡུརྫྙཱ་ན༔ སརྦ་སིདྡྷི་ཧཱུྃ་ཧྲཱིཿཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷཱུྃ་ནྲྀ་ཛཿ ཨ་བེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བྃ་ཧོཿ ཏིཥྛ་བྷྲཱུྃཿ ཞེས་བསྐུལ་བཟླས་པ་མང་དུ་བྱ༔ རྟེན་འབྲེལ་མདའ་ཡི་སྤྲ་ལ་བརྟག༔ བྲྀ་ན་ཚེ་ཉམས་སོར་གསུམ་ལས༔ ལྷག་ན་ཚེ་ཡར་རིམ་གྲོ་བྱ༔ སོར་གཅིག་ནད་མེད་གཉིས་ཚེ་རིང་༔ གསུམ་ལྡན་བསོད་ནམས་ཡེ་ཤེས་རྒྱས༔ གུ་ཧྱ་ས་མ་ཡཿ ཉེར་མཁོའི་ཆེད་གཏེར་གཞུང་ནས་ཟུར་དུ་བཀོལ་བའོ།། །།

Footnotes

Other Information