ཟབ་ལམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མཆོད་ཕྲེང༌།

From Khyentse Lineage - A Tsadra Foundation Project
Revision as of 15:43, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-08-NYA-009
Wylie title zab lam thugs sgrub yid bzhin nor bu'i mchod phreng JKW-KABAB-08-NYA-009.pdf
Location mkhyen brtse'i bka' babs
Volume 8, Text 9, Pages 223-225 (Folios 1a to 2a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, དྲི་མེད་ཀུན་དགའ་ ('jam dbyangs mkhyen brtse'i dbang po, dri med kun dga')
Citation 'jam dbyangs mkhyen brtse'i dbang po. zab lam thugs sgrub yid bzhin nor bu'i mchod phreng. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 8: 223-225. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Offering Substance Liturgies - mchod phreng
Cycle ཟབ་ལམ་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ (zab lam bla ma'i thugs sgrub yid bzhin nor bu)
Karchag page JKW-KABAB-Volume-08-NYA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-CHA-017
[edit]
ཟབ་ལམ་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་མཆོད་ཕྲེང་རྒྱས་པར་སྤྲོ་ན། ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་ནི། ཧཱུྃ་ཧྲཱི༔ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ལས་གྲུབ་ཆུ་གཉིས་ཉེར་སྤྱོད་ལྔ༔ ཀུན་བཟང་རྣམ་འཕྲུལ་ཕྱི་ཡི་མཆོད་པར་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནི་རྨ་ཀཱ་ཡ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་ཧོ༔ འདོད་ཡོན་ལྔ་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ ལྷ་རྫས་ལས་གྲུབ་འདོད་པའི་ཡོན་ཏན་ལྔ༔ ཀུན་བཟང་རྣམ་འཕྲུལ་ཕྱི་ཡི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷརྨ་ཀཱ་ཡ༔ སཾ་བྷོ་ཀཱ་ཡ༔ ནིརྨ་ཀཱ་ཡ་མཎྜལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ༔ ནང་མཆོད་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ རང་བྱུང་ལྷུན་གྲུབ་དབང་པོའི་མེ་ཏོག་སོགས༔ དྲག་པོའི་ལོངས་སྤྱོད་ནང་གི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ སྔགས་མཐར། མ་ཧཱ་པུཥྤེ་དྷཱུ་པེ་དཱི་པེ་གནྡྷེ་ནཻ་བི་དྱ་ཤབྡ་པཱུ་ཛ་ཧོ༔ གསང་མཆོད་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ་དངོས་སུ་འབྱོར་བཤམས༴ བདེ་སྟོང་མཉམ་སྦྱོར་རྟོག་ཚོགས་དབྱིངས་སུ་བསྒྲལ༔ གཉིས་མེད་རིག་པ་གསང་བའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན༴ མཆོག་དང་༴ སྔགས་མཐར། ཛྙཱ་ན་སུ་ཁ་ཧོཿ སྨན་མཆོད་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ༴ དངོས་སུ༴ སྐུ་ལྔ་ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་མཆོད་པ་འབུལ༔ ཟག་མེད༴ མཆོག་དང་༴ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ པདྨ་རྡོར་འཆང་རིག་ལྔའི་ཐོད་ཕྲེང་རྩལ༔ གུ་རུ་མཚན་བརྒྱད་ལྷ་སྲས་མཆོག་གྲུབ་རྒྱལ༔ སངས་རྒྱས་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལཿ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དྲི་མེད་ཀུན་དགའ་པདྨ་མདོ་སྔགས་གླིང་༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་ཆོས་སྲུང་གཏེར་བདག་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ དངོས་གྲུབ་བླང་བ་ནི། ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཨ་མྲི་ཏ་སིདྡྷི་ཕ་ལ་ཧོཿ རཀྟའི་མཆོད་པ་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ༴ དངོས་སུ་འབྱོར་བཤམས༴ སྣང་སྲིད་དམར་གྱི་རྒྱ་མཚོ་ཆེན་པོར་བསྐྱིལ༔ ཆགས་བྲལ་བདེ་སྟོང་རཀྟའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན༴ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མཆོད་ནི། ཧཱུྃ་ཧྲཱིཿ བླ་མ་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ སྣོད་བཅུད་འབྱོར་ཚོགས་བཟའ་བཅའ་བཏུང་བའི་རིགས༔ འདོད་འབྱུང་དཔལ་གྱི་གཏོར་མའི་མཆོད་པ་འབུལ༔ ཟག་མེད་བདེ་ཆེན་བསྐྱེད་ཕྱིར་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔

Footnotes

Other Information