བདུད་འདུལ་ཀརྨ་གུ་རུའི་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བ༔

From Khyentse Lineage - A Tsadra Foundation Project
Revision as of 09:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-036
Wylie title bdud 'dul karma gu ru'i rgyun gyi rnal 'byor khyer bde ba JKCL-KABUM-09-TA-036.pdf
Location chos kyi blo gros bka' 'bum
Volume 9, Text 36, Pages 535-536 (Folios 1a1 to 1b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. bdud 'dul karma gu ru'i rgyun gyi rnal 'byor khyer bde ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 535-536. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity bla ma drag po karma gu ru
Colophon

ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་དབྱིངས་རིག་སྐྱེ་མེད་ཀྱི་སྒྲོམ་ནས་ཐོན་ཏེ་ཡི་གེར་བཏབ་པ་གསང་སྟེ་ཉམས་སུ་བླངས་བར་བྱའོ།།

ces pa'ang pad+ma ye shes rdo rjes dbyings rig skye med kyi sgrom nas thon te yi ger btab pa gsang ste nyams su blangs bar bya'o//

1 Texts in this Section (sde tshan or chos tshan)

[edit]
བདུད་འདུལ་ཀརྨ་གུ་རུའི་རྒྱུན་གྱི་རྣལ་འབྱོར་ཁྱེར་བདེ་བ་བཞུགས༔ ཨོཾ་ཨཱཿཧཱུྃ༔ ཀརྨ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ རང་གི་སྙིང་གར་འོད་ཀྱི་གུར་ཁྱིམ་དབུས༔ པད་ཉི་རྡོ་རྗེ་ཕ་ལམ་ལས་གྲུབ་པའི༔ རྡོ་རྗེ་རྒྱ་གྲམ་ལྟེ་བར་བླ་མ་ནི༔ ཀརྨ་དྲག་རྩལ་སྨུག་ནག་ཁྲོ་བོའི་སྐུ༔ གསང་ཕོད་མཐིང་ནག་ཐོད་སྐམ་དབུ་རྒྱན་དང་༔ རུས་རྒྱན་སྟག་ཤམ་གསོལ་ཞིང་རོལ་སྟབས་བཞུགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཕུར་འདྲིལ་མེ་ཡི་ཚྭ་ཚྭ་འཕྲོ༔ ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་གསལ་བར་བསྒོམ༔ བླ་མ་དྲག་པོ་ཀརྨ་གུ་རུ་ལ༔ གསོལ་བ་འདེབས་སོ་བྱད་ཕུང་སྲི་ཀེག་ཟློག༔ རྒྱལ་འགོང་དམ་སྲིའི་གནོད་པ་ཞི་བ་དང་༔ ལུས་སེམས་བདེ་བ་ཆེན་པོ་རྒྱས་པར་མཛོད༔ གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ༔ ཡིད་ནི་རྡོ་རྗེ་ལྟར་བརྟན་བྱིན་གྱིས་རློབས༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ནི༔ མེ་ལྕེ་ལྟར་འཕྲོས་གནས་ལུས་གདོན༔ གྲིབ་དང་མི་གཙང་བསྲེགས་པ་དང་༔ སླར་ཡང་སྐུ་ལས་བདུད་རྩིའི་རྒྱུན༔ དྭང་ཞིང་བསིལ་བ་འོ་མ་ལྟར༔ བབ་པས་སྙིང་གང་འཁྲུལ་རྟོག་ཞི༔ བདེ་བ་ཆེན་པོས་ཁྱབ་པར་བསམ༔ ཨོཾ་ཀརྨ་མ་ཧཱ་གུ་རུ་སརྦ་དུཥྚན་མཱ་ར་ཡ་ཧཱུྃ་ཕཊ༔ མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་རིག་སྟོང་ངང་ལ་འཇོག༔ གདོན་རྣམས་སྒྱུ་མ་ལྟ་བུར་བལྟ༔ སྙིང་རྗེ་བསྒོམ་ཞིང་དམིགས་མེད་བཞག༔ ས་མ་ཡ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་དབྱིངས་རིག་སྐྱེ་མེད་ཀྱི་སྒྲོམ་ནས་ཐོན་ཏེ་ཡི་གེར་བཏབ་པ་གསང་སྟེ་ཉམས་སུ་བླངས་བར་བྱའོ།། །།

Footnotes

Other Information