རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་ཕྲིན་ལས་སྣང་བ༔

From Khyentse Lineage - A Tsadra Foundation Project
Revision as of 08:10, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rang byung pad+ma'i snying thig las: gu ru nyi ma 'od zer gyi sgrub thabs 'gro 'dul phrin las snang ba DKR-KABUM-17-TSA-022.pdf
Location dil mgo mkhyen brtse bka' 'bum
Volume 17, Text 22, Pages 133-138 (Folios 1a to 6a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation Khyentse, Dilgo. Rang byung pad+ma'i snying thig las gu ru nyi ma 'od zer gyi sgrub thabs 'gro 'dul phrin las snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 133-138. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
Deity gu ru nyi ma 'od zer
Colophon

ཕྱི་རུ་མེ་རླུང་འཕྲུལ་འཁོར་གྱིས། །མཁའ་དབྱིངས་ཅི་དགར་བགྲོད་པའི་ཚེ། །ནང་དུ་རིག་རྩལ་རླུང་གཡོས་པའི། །ཡི་གེ་ཤོག་གུར་ཕབ་པའི་རྐྱེན། །སངས་རྒྱས་པྃདྨྃའི་བསྟན་ལ་གུས། །དབྃང་གིས་རྒྱུད་སྨིན་དད་དམ་གཙང༌། །ཐེག་མཆོག་རྒྱལྃ་ཐབས་སྐྱོང་བའི་བུས། །བསྐུལ་བ་དོན་ཡོད་བྱ་ཕྱིར་བྲིས། །རིག་རྩལ་བརྟུལ་ཞུགས་སྤྱོད་པ་ཡིས། །ནང་གི་གྲུབ་པ་ཆེ་བརྙེས་པས། །ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་དུ། །ཡེ་ཤེས་རྩལ་ཆེན་རྫོགས་རྒྱུར་ཤོག །དེ་སྐད་ཁྲག་འཐུང་པདྨའི་འབངས། །གར་དབང་མདོ་སྔགས་གླིང་པ་ཡིས། །ལྷོ་ཕྱོགས་ནམ་མཁའི་ཁོར་ཡུག་ཏུ། །སྟན་ཐོག་གཅིག་ཏུ་བྲིས་པ་དགེ།།

phyi ru me rlung 'phrul 'khor gyis/_/mkha' dbyings ci dgar bgrod pa'i tshe/_/nang du rig rtsal rlung g.yos pa'i/_/yi ge shog gur phab pa'i rkyen/_/sangs rgyas pa~Md+ma~M'i bstan la gus/_/dba~Mng gis rgyud smin dad dam gtsang*/_/theg mchog rgyala~M thabs skyong ba'i bus/_/bskul ba don yod bya phyir bris/_/rig rtsal brtul zhugs spyod pa yis/_/nang gi grub pa che brnyes pas/_/tshogs brgyad bsgral ba'i dur khrod du/_/ye shes rtsal chen rdzogs rgyur shog_/de skad khrag 'thung pad+ma'i 'bangs/_/gar dbang mdo sngags gling pa yis/_/lho phyogs nam mkha'i khor yug tu/_/stan thog gcig tu bris pa dge//

[edit]
རང་བྱུང་པདྨའི་སྙིང་ཐིག་ལས༔ གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འགྲོ་འདུལ་ཕྲིན་ལས་སྣང་བ་བཞུགས༔


རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཡེ་ཤེས་མངོན་དུ་གྱུར་པ་ན༔ སྣང་སྲིད་ཐམས་ཅད་སངས་རྒྱས་ཞིང༔ རིག་རྩལ་རྫོགས་པའི་རྣལ་འབྱོར་གྱིས༔ སྣང་བ་སྒྱུ་མ་ལྟ་བུའི་ངང༔ བྱེད་སྤྱོད་ཐམས་ཅད་གཞན་ཕན་སྒོ༔ ཐབས་དང་ཐུགས་རྗེ་བསམ་མི་ཁྱབ༔ འགྲོ་ཕན་ཕྲིན་ལས་མཁའ་མཉམ་ཕྱིར༔ ཉི་མ་འོད་ཟེར་སྒྲུབ་ཐབས་བསྟན༔ ས་མ་ཡ༔ ཨ༔ དེ་བཞིན་ཉིད་དབྱིངས་ཀུན་ཏུ་སྣང༔ ཐུགས་རྗེ་མཁའ་ཁྱབ་གར་གྱི་དབང༔ ཟུང་འཇུག་ཡི་གེ་སྤྲིན་གྱི་ཧྲཱིཿ འོད་ཀྱིས་སྣོད་བཅུད་དབྱིངས་སུ་སྦྱངས༔ རང་སྣང་ལྷུན་གྲུབ་དུར་ཁྲོད་ཆེ༔ ཚོགས་བརྒྱད་དབྱིངས་སུ་བསྒྲལ་བའི་བརྡར༔ བམ་རོ་གསར་རྙིང་བཅལ་དུ་བཀྲམ༔ བྱ་གཅན་རོ་ལངས་ཀེང་རུས་རྒྱུ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོའི་དབུས༔ རྡོ་རྗེའི་བྲག་སྟེང་པད་ཟླའི་སྟེང༔ བམ་རོའི་ཁར་བཞུགས་ཉི་མ་འོད༔ ཁྲོ་འཛུམ་རྣལ་འབྱོར་སྤྱོད་པའི་གཟུགས༔ གསེར་མདོག་སྒེག་བཞད་འཛུམ་པའི་ཞལ༔ ཐོད་སྐམ་རུས་པའི་རྒྱན་གྱིས་མཛེས༔ སྟག་ཤམ་དར་དཔྱངས་ཐོར་ཚུགས་རྩེར༔ རྡོ་རྗེ་རྩེ་ལྔ་ཕྱག་གཡས་ཀྱི༔ སྡིག་མཛུབ་ཉི་མ་རྟོད་ལ་གནོན༔ གཡོན་པས་བདེ་སྟེར་གསང་བ་ཡུམ༔ སྦས་ཚུལ་ཁ་ཊྭཱཾ་རྩེ་གསུམ་འཛིན༔ ཕྱེད་སྐྱིལ་རོལ་པའི་སྟབས་སུ་བཞུགས༔ ཡེ་ཤེས་གཟི་བྱིན་མཚུངས་པ་མེད༔ རྡོ་རྗེའི་ལྟ་སྟངས་དབྱིངས་སུ་གཟིར༔ ཕྱི་རོལ་པདྨ་འདབ་བཞིའི་སྟེང༔ རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་བཞིའི་པདྨ་མཁའ་འགྲོ་བཞི༔ དཀར་སེར་དམར་ལྗང་རིན་ཆེན་དང༔ རུས་པའི་རྒྱན་ལྡན་ཕྱག་གཡས་ཀྱི༔ རྡོ་རྗེ་རིན་ཆེན་པདྨ་དང༔ སྣ་ཚོགས་རྡོ་རྗེ་གཡོན་དྲིལ་བུ༔ བཞེངས་སྟབས་པད་ཟླ་འོད་ཀློང་བཞུགས༔ དེའི་ཕྱིར་མཐིང་གསལ་འོད་ཀྱི་ཀློང༔ ཐུགས་ཀྱི་དཔའ་བོ་རྣལ་འབྱོར་བརྒྱད༔ ཀུན་ཀྱང་ཧེ་རུ་ཀ་ཡི་ཆས༔ ཁྲོ་གཏུམ་མདོག་སྔོ་བཞེངས་སྟབས་ཀྱིས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ དེའི་ཕྱིར་དམར་གསལ་འོད་ཀྱི་ཀློང༔ གསུང་གི་དཔའ་བོ་རྣལ་འབྱོར་བརྒྱད༔ ཆགས་ཉམས་སྒེག་འཛུམ་བཞེངས་སྟབས་ཅན༔ པདྨ་དྲིལ་འཛིན་ཡུམ་དང་སྦྱོར༔ དེའི་ཕྱིར་དཀར་གསལ་འོད་ཀྱི་ཀློང༔ སྐུ་ཡི་དཔའ་བོ་རྣལ་འབྱོར་བརྒྱད༔ བདེ་ཆེན་གཟི་འབར་འོད་ཟེར་དང༔ དྲིལ་འཛིན་ཡུམ་སྦྱོར་བཞེངས་སྟབས་ཅན༔ དེའི་ཕྱིར་ལས་བཞིའི་སྒོ་མ་ནི༔ དཀར་སེར་དམར་ལྗང་མཁའ་འགྲོ་མ༔ གྲི་གུག་ཐོད་ཁྲག་འཛིན་པ་བཞི༔ བརྐྱང་བསྐུམ་ཞལ་ཕྱིར་བསྟན་པས་བཞེངས༔ ཀུན་ཀྱང་པདྨ་ཟླ་བའི་སྟེང༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པ་ཆེན་པོ་ལྷུན་གྱིས་གྲུབ༔ འབུམ་ཕྲག་དཔའ་བོ་ཌཱ་ཀི་མས༔ རྡོ་རྗེའི་གླུ་གར་བཅས་ཏེ་བཞུགས༔ སྣ་ཚོགས་འོད་ཟེར་སྤྲོ་བསྡུ་ཡིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་སྟོན༔ ཡེ་ཤེས་སྤྱན་འདྲེན་ཕྲིན་ལས་ཆིངས༔ རྩ་བའི་སྒྲུབ་ཐབས་བཞིན་སྦྱར་ཞིང༔ བསྙེན་སྒྲུབ་ལས་ཀྱི་བཟླས་པ་ནི༔ བདག་ཉིད་རྣལ་འབྱོར་དབང་ཕྱུག་གི༔ ཐུགས་ཀར་རཏྣ་ཐོད་ཕྲེང་རྩལ༔ གསེར་མདོག་རིན་ཆེན་དྲིལ་བུ་བསྣམས༔ དར་སེར་བེར་དང་རིན་ཆེན་རྒྱན༔ ཕྱེད་སྐྱིལ་རཏྣ་ཌཱ་ཀི་སྦྱོར༔ ཐུགས་དབུས་རིན་ཆེན་ཟུར་བརྒྱད་པའི༔ ལྟེ་བར་ཉི་ཟླའི་གྭའུའི་དབུས༔ ཏྲཱཾ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ ཡེ་ཤེས་གཟི་འབར་སེམས་གཏད་དེ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་རསྨི་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཞི་བཟླས་དངོས་གྲུབ་ཐོབ༔ གཉིས་པ་སྒྲུབ་པའི་དམིགས་བཟླས་ནི༔ ཐུགས་ཀའི་འོད་ཀྱིས་འཁོར་རྣམས་བསྐུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ སྐུ་སྔགས་ཕྱག་མཚན་རྣམ་པ་རུ༔ ཆར་ལྟར་བབ་ནས་གཉིས་མེད་བསྟིམ༔ ཐུགས་རྗེའི་ཤུགས་བསྐྱེད་སྔགས་སྒྲ་སྒྲོགས༔ ཀུན་ཀྱང་རྡོ་རྗེའི་གར་བསྒྱུར་བས༔ སྣོད་བཅུད་ཀུན་གཡོས་སྣང་གྲགས་རིག༔ ལྷ་སྔགས་ཡེ་ཤེས་རོལ་པར་སད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སཱུརྻ་རསྨི་ཌཱ་ཀ་ཌཱ་ཀི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་བཞི་བཟླས་པས་རྟགས་མཚན་འབྱུང༔ གསུམ་པ་ལས་ལ་སྦྱར་བ་ནི༔ གཙོ་འཁོར་ཀུན་གྱིས་འོད་ཀྱི་ཕྲེང༔ ལས་བཞིའི་མདོག་སྤྲོས་ཞི་རྒྱས་དབང༔ དྲག་པོའི་ཕྲིན་ལས་ཐོགས་མེད་པའི༔ ཕོ་ཉས་འཇིག་རྟེན་ཀུན་གང་སྟེ༔ ཚར་གཅོད་རྗེས་འཛིན་མཐར་ཕྱིན་བསམ༔ སྒྲུབ་པའི་སྔགས་ལ་ཤམ་འདི་གདགས༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཁྲི་ཕྲག་གིས་ཀྱང་རྟགས་མཐོང་འགྱུར༔ ས་མ་ཡ༔ ཉམས་ལེན་རྩ་བ་དབང་བསྐུར་ཏེ༔ དཀྱིལ་འཁོར་གཞུང་མཐུན་བུམ་པ་དང༔ གསང་ཐོད་ཕྱག་རྒྱ་མེ་ལོང་ཤེལ༔ གཏོར་མ་བཤམས་ལ་ལས་གཞུང་བསྲང༔ བསྙེན་སྒྲུབ་ལས་ཀྱི་བཟླས་པའི་རྗེས༔ འོད་ཟེར་ཆུ་རྒྱུན་གཅིག་མའི་དབང༔ ནོད་ལ་གནང་ཞུ་སྔོན་འགྲོ་བས༔ སྣོད་ལྡན་སློབ་མ་རྗེས་སུ་འཛིན༔ རྡོ་རྗེ་འཛིན་པ་དགོངས་སུ་གསོལ༔ རིགས་ཀུན་དབང་བསྒྱུར་སློབ་དཔོན་གྱིས༔ རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེར༔ འཇུག་པའི་སྐལ་བཟང་མངོན་གྱུར་མཛོད༔ སྐྱབས་སེམས་ཚོགས་བསགས་སྡོམ་པ་གཟུང༔ སློབ་མ་ལྷར་བསྐྱེད་བྱིན་དབབ་བརྟན༔ ཧྲཱིཿ ཆོས་དབྱིངས་བུམ་པའི་གཞལ་ཡས་སུ༔ རིག་པ་རང་བྱུང་ལྷ་ཚོགས་བཞུགས༔ གཉིས་མེད་ཡེ་ཤེས་བདུད་རྩིའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ༔ ཨཱཿ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ལྷག་པའི་བྱང་ཆུབ་སེམས་ཀྱི་སྤྲིན༔ སངས་རྒྱས་འདུས་པའི་བདུད་རྩི་མྱོང༔ ཡེ་ཤེས་ཆེན་པོའི་དོན་རྟོགས་ཤོག༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཧོ༔ གསང་བ་མཆོག་གི་དགྱེས་པ་ན༔ བདེ་ཆེན་ཡེ་ཤེས་མཆོག་གི་དོན༔ སྟེར་བའི་ཕོ་ཉ་འདི་གཏད་པས༔ རོལ་ཅིག་རྟོག་པ་བྲལ་བས་སྤྱོད༔ མ་ཧཱ་མུ་དྲ་པཱུ་ཛ་ཧོ༔ ཨ༔ ཀུན་ཁྱབ་ཡེ་ཤེས་ཆེན་པོའི་མཆོག༔ རང་ལ་གནས་པའི་རང་ངོ་ལྟོས༔ སངས་རྒྱས་གཞན་དུ་མ་ཚོལ་ན༔ གཉུག་མ་བདེ་ཆེན་དོན་རྟོགས་འགྱུར༔ དྷརྨ་དྷཱ་ཏུ་ཨ་ཏི་ཧོ༔ ཧཱུྃ༔ བདེ་སྟོང་བྷཉྫའི་གཞལ་ཡས་སུ༔ རྩ་གསུམ་ལྷ་ཚོགས་རབ་འབྱམས་ཀུན༔ དམ་རྫས་གཏོར་མའི་ཚུལ་བཞུགས་པས༔ དབང་བསྐུར་རྡོ་རྗེའི་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ དམ་ཚིག་ཁས་བླང་ཡོན་འབུལ་སོགས༔ རྗེས་ཀྱི་ལས་རིམ་སྤྱི་ལྟར་བྱ༔ འདིས་ནི་ལམ་ཀུན་སྒོམ་ལ་དབང༔ ཡེ་ཤེས་མཆོག་ཀྱང་ངེས་པར་འགྲུབ༔ གསང་བ་ཆེན་པོའི་གནད་ཀྱི་བཅུད༔ རྡོ་རྗེ་ཐེག་པའི་ཁྱད་ཆོས་སོ༔ ས་མ་ཡ༔ ཕྲིན་ལས་མཐའ་རྒྱས་རིམ་པ་ལ༔ སྣོད་ཀུན་རྡོ་རྗེའི་ཞིང་ཁམས་སུ༔ བྱིན་གྱིས་བརླབ་པའི་རིམ་པ་ནི༔ རི་མཐོ་ས་གཙང་དཔྱད་ལེགས་པར༔ རྟེན་མཁར་གྲུ་བཞིར་དཀྱིལ་འཁོར་བཀོད༔ རིག་འཛིན་བླ་མའི་མཚན་སྔགས་དང༔ རྩ་གསུམ་སྲོག་འཁོར་རིན་ཆེན་ཤེལ༔ སྨན་འབྲུ་དྲི་བཟང་དར་ཟབ་དང༔ འབྱུང་བཅུད་ཉེར་ལྔའི་རྫས་ཀྱིས་གཏམས༔ རིན་ཆེན་བུམ་པར་སྐུ་ཡང་གཞུག༔ ཕྲིན་ལས་གཞུང་བསྲང་བསྐྱེད་རིམ་བྱ༔ ཁྱད་པར་དམིགས་པའི་གནད་བྱང་ནི༔ མདུན་གྱི་རྟེན་མཆོག་དཀྱིལ་འཁོར་ལྷའི༔ འོད་ཀྱིས་ཕྱི་སྣོད་འབྱུང་ལྔའི་དལ༔ དབྱིངས་ཕྱུག་ཡུམ་ལྔའི་རང་བཞིན་དུ༔ དག་པའི་བདེ་ཆེན་རྡོ་རྗེའི་ཞིང༔ རྡུལ་ཕྲན་རེར་ཡང་སངས་རྒྱས་ཀྱི༔ ཞིང་གི་བཀོད་པ་བློ་ལས་འདས༔ སྟོན་པ་འཁོར་དང་བཅས་པ་ཡིས༔ ཆོས་སྟོན་རྫུ་འཕྲུལ་འོད་ཟེར་འགྱེད༔ རྡོ་རྗེའི་རིག་འཛིན་ཕོ་མོ་ཡིས༔ ས་ལམ་སྦྱོང་ཞིང་གསང་བ་སྤྱོད༔ མཐོང་ཐོས་དྲན་ཀུན་ཟག་མེད་ཀྱི༔ དགོངས་པས་འཁོར་བ་དོང་སྤྲུགས་བསམ༔ སྒྲུབ་པའི་སྔགས་ལ་ཤམ་འདི་གདགས༔ བཛྲ་སྠ་ན་མ་ཧཱ་སུ་ཁ་མཎྜལ་ཛྙཱ་ན་དྷཱ་ཏུ་པུཥྚིཾ་ཀུ་རུ་ཧོ༔ ཞེས་སྦྱར་ཐུན་མཚམས་བྱིན་ཆེན་དབབ༔ སྣོད་བཅུད་ཁྲུས་དང་རབ་གནས་བྱ༔ ཚོགས་ཀྱི་འཁོར་ལོས་དགྱེས་བསྐྱེད་བྱ༔ གང་དུ་བྱིན་རླབས་གནས་ཀྱི་ཁྱོན༔ གདོད་ནས་གྲུབ་དང་མཉམ་པར་རོལ༔ སྤྲོས་བཅས་ཏིང་འཛིན་འཕྲོ་འདུ་ཡིས༔ གངས་བྲག་ལྷུན་སྟུག་རི་དང་མཚོ༔ རྡོ་རྗེའི་ཞིང་དུ་བསྒྱུར་བ་ཡི༔ དམིགས་བཟླས་བྱིན་ཆེན་དབབ་པ་ལས༔ ངེས་པར་དོན་དང་ལྡན་འགྱུར་རོ༔ ས་མ་ཡ༔ བཅུད་ཀྱི་སེམས་ཅན་དགེ་བ་ལ༔ འདུན་པའི་དམིགས་བཟླས་ཟབ་མོ་ནི༔ བདག་ཉིད་ཉི་མ་འོད་ཟེར་གྱི༔ ཐུགས་བསྐྱེད་བྱང་ཆུབ་སེམས་ཆེན་པོ༔ འོད་ཟེར་ཉི་མ་འབུམ་བཞིན་སྤྲོས༔ ལྷ་འདྲེ་མི་གསུམ་ལ་རེག་པས༔ དུག་ལྔའི་རྒྱུ་འབྲས་ཀུན་སྦྱངས་ཏེ༔ ལྷན་སྐྱེས་རིགས་ཀྱི་ནུས་པ་སད༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་པའི༔ ཡེ་ཤེས་ཆེན་པོའི་རྩལ་རྒྱས་ཏེ༔ དག་པའི་ཞིང་གི་སེམས་དཔའ་བཞིན༔ དགྲ་གཉེན་ཆགས་སྡང་འདུ་ཤེས་བྲལ༔ ཕན་ཚུན་ཕ་མ་ལྟ་བུ་ཡིས༔ ཆོས་བཞིན་སྤྱོད་པས་དུས་འདའ་བསམ༔ སྒྲུབ་སྔགས་ཤམ་དུ་འདི་ཡང་གདགས༔ སརྦ་སཏྭ་བྷོ་དྷི་ཙིཏྟ་ཀུ་རུ་ཨོཾ༔ བྱམས་དང་སྙིང་རྗེའི་སྟོབས་ལྡན་པས༔ འདི་སྤྱོད་འབྲེལ་ཚད་དོན་ལྡན་འགྱུར༔ ས་མ་ཡ༔ རྒྱུད་ཀྱི་དུག་ལྔ་སྦྱང་བའི་ཕྱིར༔ རྣམ་རྟོག་འཁྲུལ་པའི་སྣང་ངོ་རུ༔ འཆིང་བྱེད་འཁོར་བའི་ས་བོན་ཉིད༔ དཔྱད་ན་ཐག་ཁྲར་སྦྲུལ་སྣང་གིས༔ འཇིགས་དངངས་སྐྱེས་དང་མཚུངས་པ་སྟེ༔ དོན་གྱི་དབྱིངས་ལ་སྒྲིབ་བསལ་མེད༔ ཡེ་ཤེས་ཆོས་སྐུ་ཐིག་ལེ་གཅིག༔ རྩལ་སྣང་ཐོད་ཕྲེང་རིགས་ལྔ་ཡི༔ ཡེ་ཤེས་ཆེན་པོར་ལྷུན་གྲུབ་ཕྱིར༔ རང་བྱུང་རྡོ་རྗེའི་ཐབས་ཆེན་པོས༔ ཟིན་པས་གསེར་སྦྱངས་གཡའ་དག་བཞིན༔ ངེས་པའི་ལྟ་བའི་གདེང་བསྐྱེད་དེ༔ འགྲོ་རྒྱུད་དུག་ལྔའི་བྱ་སྤྱོད་ཀུན༔ གུ་རུ་རིགས་ལྔའི་ཡེ་ཤེས་ཕྱིར༔ མཁའ་ལ་ཁུ་ཚུར་གྱིས་བརྡེག་བཞིན༔ ཀུན་འབྱུང་འཁྲུལ་པས་ཕན་གནོད་མེད༔ དུག་ལྔ་ཡེ་ཤེས་ཆེན་པོ་རུ༔ དག་པའི་མ་ཧཱ་གུ་རུ་ལྔས༔ ཐབས་དང་ཐུགས་རྗེ་རྨད་བྱུང་གི༔ མཛད་པ་བསམ་མི་ཁྱབ་པར་སྟོན༔ ཚར་གཅོད་རྗེས་འཛིན་དུ་ཤེས་པས༔ དག་མཉམ་ཆོས་སྐུའི་དགོངས་པ་སྐྱོངས༔ རྩལ་སྦྱངས་མཁའ་ཁྱབ་ཕྲིན་ལས་ཀྱི༔ སྣང་བ་ཤེས་པས་ཐམས་ཅད་ཀུན༔ ལྷ་དང་བླ་མར་ངོ་ཤེས་ན༔ གདུལ་བྱ་འདུལ་བྱེད་གཉིས་སུ་མེད༔ བར་སྣང་འཇའ་ཚོན་གྱིས་བཀྲ་ཡང༔ ནམ་མཁའི་དབྱིངས་ལ་འདུ་འགོད་བྲལ༔ སྒོ་གསུམ་བྱ་བྱེད་ཐམས་ཅད་པ༔ ཡེ་ཤེས་རྒྱན་གྱི་རོལ་པ་སྟེ༔ ཕྱི་ནང་གཞན་གསུམ་གཉིས་མེད་པའི༔ བདེ་བ་ཆེན་པོའི་དཀྱིལ་འཁོར་དུ༔ གདོད་ནས་ལྷུན་གྱིས་གྲུབ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཕྱི་རུ་མེ་རླུང་འཕྲུལ་འཁོར་གྱིས། །མཁའ་དབྱིངས་ཅི་དགར་བགྲོད་པའི་ཚེ། །ནང་དུ་རིག་རྩལ་རླུང་གཡོས་པའི། །ཡི་གེ་ཤོག་གུར་ཕབ་པའི་རྐྱེན། །སངས་རྒྱས་པྃདྨྃའི་བསྟན་ལ་གུས། །དབྃང་གིས་རྒྱུད་སྨིན་དད་དམ་གཙང༌། །ཐེག་མཆོག་རྒྱལྃ་ཐབས་སྐྱོང་བའི་བུས། །བསྐུལ་བ་དོན་ཡོད་བྱ་ཕྱིར་བྲིས། །རིག་རྩལ་བརྟུལ་ཞུགས་སྤྱོད་པ་ཡིས། །ནང་གི་གྲུབ་པ་ཆེ་བརྙེས་པས། །ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་དུ། །ཡེ་ཤེས་རྩལ་ཆེན་རྫོགས་རྒྱུར་ཤོག །དེ་སྐད་ཁྲག་འཐུང་པདྨའི་འབངས། །གར་དབང་མདོ་སྔགས་གླིང་པ་ཡིས། །ལྷོ་ཕྱོགས་ནམ་མཁའི་ཁོར་ཡུག་ཏུ། །སྟན་ཐོག་གཅིག་ཏུ་བྲིས་པ་དགེ།། །།
[edit]

skya_rang byung pad+ma'i snying thig las:_gu ru nyi ma 'od zer gyi sgrub thabs 'gro 'dul phrin las snang ba bzhugs:


skya_rtsa gsum lha la phyag 'tshal lo:_ye shes mngon du gyur pa na:_snang srid thams cad sangs rgyas zhing:_rig rtsal rdzogs pa'i rnal 'byor gyis:_snang ba sgyu ma lta bu'i ngang:_byed spyod thams cad gzhan phan sgo:_thabs dang thugs rje bsam mi khyab:_'gro phan phrin las mkha' mnyam phyir:_nyi ma 'od zer sgrub thabs bstan:_sa ma ya:__a:_de bzhin nyid dbyings kun tu snang:_thugs rje mkha' khyab gar gyi dbang:_zung 'jug yi ge sprin gyi hrIH_'od kyis snod bcud dbyings su sbyangs:_rang snang lhun grub dur khrod che:_tshogs brgyad dbyings su bsgral ba'i brdar:_bam ro gsar rnying bcal du bkram:_bya gcan ro langs keng rus rgyu:_'bum phrag dpa' bo mkha' 'gro'i dbus:_rdo rje'i brag steng pad zla'i steng:_bam ro'i khar bzhugs nyi ma 'od:_khro 'dzum rnal 'byor spyod pa'i gzugs:_gser mdog sgeg bzhad 'dzum pa'i zhal:_thod skam rus pa'i rgyan gyis mdzes:_stag sham dar dpyangs thor tshugs rtser:_rdo rje rtse lnga phyag g.yas kyi:_sdig mdzub nyi ma rtod la gnon:_g.yon pas bde ster gsang ba yum:_sbas tshul kha T+wAM rtse gsum 'dzin:_phyed skyil rol pa'i stabs su bzhugs:_ye shes gzi byin mtshungs pa med:_rdo rje'i lta stangs dbyings su gzir:_phyi rol pad+ma 'dab bzhi'i steng:_rdo rje rin chen pad+ma las:_rigs bzhi'i pad+ma mkha' 'gro bzhi:_dkar ser dmar ljang rin chen dang:_rus pa'i rgyan ldan phyag g.yas kyi:_rdo rje rin chen pad+ma dang:_sna tshogs rdo rje g.yon dril bu:_bzhengs stabs pad zla 'od klong bzhugs:_de'i phyir mthing gsal 'od kyi klong:_thugs kyi dpa' bo rnal 'byor brgyad:_kun kyang he ru ka yi chas:_khro gtum mdog sngo bzhengs stabs kyis:_rdo rje dril 'dzin yum dang sbyor:_de'i phyir dmar gsal 'od kyi klong:_gsung gi dpa' bo rnal 'byor brgyad:_chags nyams sgeg 'dzum bzhengs stabs can:_pad+ma dril 'dzin yum dang sbyor:_de'i phyir dkar gsal 'od kyi klong:_sku yi dpa' bo rnal 'byor brgyad:_bde chen gzi 'bar 'od zer dang:_dril 'dzin yum sbyor bzhengs stabs can:_de'i phyir las bzhi'i sgo ma ni:_dkar ser dmar ljang mkha' 'gro ma:_gri gug thod khrag 'dzin pa bzhi:_brkyang bskum zhal phyir bstan pas bzhengs:_kun kyang pad+ma zla ba'i steng:_snang stong sgyu 'phrul drwa ba yi:_bkod pa chen po lhun gyis grub:_'bum phrag dpa' bo DA ki mas:_rdo rje'i glu gar bcas te bzhugs:_sna tshogs 'od zer spro bsdu yis:_tshar gcod rjes 'dzin phrin las ston:_ye shes spyan 'dren phrin las chings:_rtsa ba'i sgrub thabs bzhin sbyar zhing:_bsnyen sgrub las kyi bzlas pa ni:_bdag nyid rnal 'byor dbang phyug gi:_thugs kar rat+na thod phreng rtsal:_gser mdog rin chen dril bu bsnams:_dar ser ber dang rin chen rgyan:_phyed skyil rat+na DA ki sbyor:_thugs dbus rin chen zur brgyad pa'i:_lte bar nyi zla'i gwa'u'i dbus:_trAM la sngags kyi phreng bas bskor:_ye shes gzi 'bar sems gtad de:_oM AHhU~M badz+ra gu ru sUr+Ya rasmi sarba sid+d+hi hU~M:_'bum phrag bzhi bzlas dngos grub thob:_gnyis pa sgrub pa'i dmigs bzlas ni:_thugs ka'i 'od kyis 'khor rnams bskul:_rtsa gsum rgyal ba rab 'byams kun:_sku sngags phyag mtshan rnam pa ru:_char ltar bab nas gnyis med bstim:_thugs rje'i shugs bskyed sngags sgra sgrogs:_kun kyang rdo rje'i gar bsgyur bas:_snod bcud kun g.yos snang grags rig:_lha sngags ye shes rol par sad:_oM AHhU~M badz+ra gu ru sUr+Ya rasmi DA ka DA ki ni sarba sid+d+hi pha la hU~M:_'bum bzhi bzlas pas rtags mtshan 'byung:_gsum pa las la sbyar ba ni:_gtso 'khor kun gyis 'od kyi phreng:_las bzhi'i mdog spros zhi rgyas dbang:_drag po'i phrin las thogs med pa'i:_pho nyas 'jig rten kun gang ste:_tshar gcod rjes 'dzin mthar phyin bsam:_sgrub pa'i sngags la sham 'di gdags:_shAn+tiM puSh+TiM wA shaM mA ra ya phaT:_khri phrag gis kyang rtags mthong 'gyur:_sa ma ya:_nyams len rtsa ba dbang bskur te:_dkyil 'khor gzhung mthun bum pa dang:_gsang thod phyag rgya me long shel:_gtor ma bshams la las gzhung bsrang:_bsnyen sgrub las kyi bzlas pa'i rjes:_'od zer chu rgyun gcig ma'i dbang:_nod la gnang zhu sngon 'gro bas:_snod ldan slob ma rjes su 'dzin:_rdo rje 'dzin pa dgongs su gsol:_rigs kun dbang bsgyur slob dpon gyis:_rdo rje bzhi yi dkyil 'khor cher:_'jug pa'i skal bzang mngon gyur mdzod:_skyabs sems tshogs bsags sdom pa gzung:_slob ma lhar bskyed byin dbab brtan:_hrIH_chos dbyings bum pa'i gzhal yas su:_rig pa rang byung lha tshogs bzhugs:_gnyis med ye shes bdud rtsi'i chus:_skal ldan bu la dbang bskur ro:_oM sarba ta thA ga ta a b+hi She ka te sa ma ya shrI hU~M:_AH_mtshan ldan rdo rje'i ka pA lar:_lhag pa'i byang chub sems kyi sprin:_sangs rgyas 'dus pa'i bdud rtsi myong:_ye shes chen po'i don rtogs shog:_gu h+ya a b+hi Shiny+tsa AH_ho:_gsang ba mchog gi dgyes pa na:_bde chen ye shes mchog gi don:_ster ba'i pho nya 'di gtad pas:_rol cig rtog pa bral bas spyod:_ma hA mu dra pU dza ho:_a:_kun khyab ye shes chen po'i mchog:_rang la gnas pa'i rang ngo ltos:_sangs rgyas gzhan du ma tshol na:_gnyug ma bde chen don rtogs 'gyur:_d+harma d+hA tu a ti ho:_hU~M:_bde stong b+hany+dza'i gzhal yas su:_rtsa gsum lha tshogs rab 'byams kun:_dam rdzas gtor ma'i tshul bzhugs pas:_dbang bskur rdo rje'i dngos grub stsol:_kA ya wAka tsit+ta dz+nyA na a b+hi Shiny+tsa oM AHhU~M hrIH_dam tshig khas blang yon 'bul sogs:_rjes kyi las rim spyi ltar bya:_'dis ni lam kun sgom la dbang:_ye shes mchog kyang nges par 'grub:_gsang ba chen po'i gnad kyi bcud:_rdo rje theg pa'i khyad chos so:_sa ma ya:_phrin las mtha' rgyas rim pa la:_snod kun rdo rje'i zhing khams su:_byin gyis brlab pa'i rim pa ni:_ri mtho sa gtsang dpyad legs par:_rten mkhar gru bzhir dkyil 'khor bkod:_rig 'dzin bla ma'i mtshan sngags dang:_rtsa gsum srog 'khor rin chen shel:_sman 'bru dri bzang dar zab dang:_'byung bcud nyer lnga'i rdzas kyis gtams:_rin chen bum par sku yang gzhug:_phrin las gzhung bsrang bskyed rim bya:_khyad par dmigs pa'i gnad byang ni:_mdun gyi rten mchog dkyil 'khor lha'i:_'od kyis phyi snod 'byung lnga'i dal:_dbyings phyug yum lnga'i rang bzhin du:_dag pa'i bde chen rdo rje'i zhing:_rdul phran rer yang sangs rgyas kyi:_zhing gi bkod pa blo las 'das:_ston pa 'khor dang bcas pa yis:_chos ston rdzu 'phrul 'od zer 'gyed:_rdo rje'i rig 'dzin pho mo yis:_sa lam sbyong zhing gsang ba spyod:_mthong thos dran kun zag med kyi:_dgongs pas 'khor ba dong sprugs bsam:_sgrub pa'i sngags la sham 'di gdags:_badz+ra s+tha na ma hA su kha maN+Dal dz+nyA na d+hA tu puSh+TiM ku ru ho:_zhes sbyar thun mtshams byin chen dbab:_snod bcud khrus dang rab gnas bya:_tshogs kyi 'khor los dgyes bskyed bya:_gang du byin rlabs gnas kyi khyon:_gdod nas grub dang mnyam par rol:_spros bcas ting 'dzin 'phro 'du yis:_gangs brag lhun stug ri dang mtsho:_rdo rje'i zhing du bsgyur ba yi:_dmigs bzlas byin chen dbab pa las:_nges par don dang ldan 'gyur ro:_sa ma ya:__bcud kyi sems can dge ba la:_'dun pa'i dmigs bzlas zab mo ni:_bdag nyid nyi ma 'od zer gyi:_thugs bskyed byang chub sems chen po:_'od zer nyi ma 'bum bzhin spros:_lha 'dre mi gsum la reg pas:_dug lnga'i rgyu 'bras kun sbyangs te:_lhan skyes rigs kyi nus pa sad:_stong nyid snying rje zung 'jug pa'i:_ye shes chen po'i rtsal rgyas te:_dag pa'i zhing gi sems dpa' bzhin:_dgra gnyen chags sdang 'du shes bral:_phan tshun pha ma lta bu yis:_chos bzhin spyod pas dus 'da' bsam:_sgrub sngags sham du 'di yang gdags:_sarba satwa b+ho d+hi tsit+ta ku ru oM:_byams dang snying rje'i stobs ldan pas:_'di spyod 'brel tshad don ldan 'gyur:_sa ma ya:_rgyud kyi dug lnga sbyang ba'i phyir:_rnam rtog 'khrul pa'i snang ngo ru:_'ching byed 'khor ba'i sa bon nyid:_dpyad na thag khrar sbrul snang gis:_'jigs dngangs skyes dang mtshungs pa ste:_don gyi dbyings la sgrib bsal med:_ye shes chos sku thig le gcig:_rtsal snang thod phreng rigs lnga yi:_ye shes chen por lhun grub phyir:_rang byung rdo rje'i thabs chen pos:_zin pas gser sbyangs g.ya' dag bzhin:_nges pa'i lta ba'i gdeng bskyed de:_'gro rgyud dug lnga'i bya spyod kun:_gu ru rigs lnga'i ye shes phyir:_mkha' la khu tshur gyis brdeg bzhin:_kun 'byung 'khrul pas phan gnod med:_dug lnga ye shes chen po ru:_dag pa'i ma hA gu ru lngas:_thabs dang thugs rje rmad byung gi:_mdzad pa bsam mi khyab par ston:_tshar gcod rjes 'dzin du shes pas:_dag mnyam chos sku'i dgongs pa skyongs:_rtsal sbyangs mkha' khyab phrin las kyi:_snang ba shes pas thams cad kun:_lha dang bla mar ngo shes na:_gdul bya 'dul byed gnyis su med:_bar snang 'ja' tshon gyis bkra yang:_nam mkha'i dbyings la 'du 'god bral:_sgo gsum bya byed thams cad pa:_ye shes rgyan gyi rol pa ste:_phyi nang gzhan gsum gnyis med pa'i:_bde ba chen po'i dkyil 'khor du:_gdod nas lhun gyis grub pa'o:_sa ma ya:_rgya rgya rgya:_brda thim:_phyi ru me rlung 'phrul 'khor gyis/_/mkha' dbyings ci dgar bgrod pa'i tshe/_/nang du rig rtsal rlung g.yos pa'i/_/yi ge shog gur phab pa'i rkyen/_/sangs rgyas pa~Md+ma~M'i bstan la gus/_/dba~Mng gis rgyud smin dad dam gtsang*/_/theg mchog rgyala~M thabs skyong ba'i bus/_/bskul ba don yod bya phyir bris/_/rig rtsal brtul zhugs spyod pa yis/_/nang gi grub pa che brnyes pas/_/tshogs brgyad bsgral ba'i dur khrod du/_/ye shes rtsal chen rdzogs rgyur shog_/de skad khrag 'thung pad+ma'i 'bangs/_/gar dbang mdo sngags gling pa yis/_/lho phyogs nam mkha'i khor yug tu/_/stan thog gcig tu bris pa dge//__//

Footnotes

Other Information