ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཡེ་ཤེས་འདོད་དགུའི་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
Revision as of 08:08, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title shes rab blo 'phel gyi sgrub thabs rjes gnang dang bcas pa ye shes 'dod dgu'i dpal ster DKR-KABUM-10-THA-034.pdf
Location dil mgo mkhyen brtse bka' 'bum
Volume 10, Text 34, Pages 162-170 (Folios 1a to 9a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön རྡོ་རྗེ་གླིང་པ་ (rdo rje gling pa)
Citation Khyentse, Dilgo. Shes rab blo 'phel gyi sgrub thabs rjes gnang dang bcas pa ye shes 'dod dgu'i dpal ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 162-170. Delhi: Shechen Publications, 1994.
Genre Permission to Invoke (anujñā) - rjes gnang  ·  Sadhanas - Evocation Ritual - sgrub thabs
Deity shes rab blo 'phel, 'jam dpal smra ba'i seng ge
Colophon

།ཞེས་པའང་སྤྲུལ་པའི་གཏེར་སྟོན་ཆེན་པོའི་རྡོ་རྗེའི་གདུང་བརྒྱུད་དུ་བྱོན་པའི་མཁྱེན་རྟོགས་དམ་པའི་ངང་ཚུལ་རྨད་དུ་བྱུང་བའི་རྗེ་མཁན་ཆེན་མཉྫུ་གྷོ་ཥ་ཛྙཱ་ན་སེང་ཧས་ལྷ་རྫས་ཀྱི་རྟེན་དང་བཅས་བཀའ་བསྩལ་བ་བཞིན་རིགས་མཐུན་མཁས་གྲུབ་གོང་མའི་གསུང་གིས་བརྒྱན་ཏེ་བཀླག་ཆོག་ཏུ་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་གྱིས་ཐིམ་ཕུ་བདེ་ཆེན་རྩེ་ནས་བྲིས་པ་འདིས་ཀྱང་མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོ་ཡེ་ཤེས་མཆོག་གི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག།

/zhes pa'ang sprul pa'i gter ston chen po'i rdo rje'i gdung brgyud du byon pa'i mkhyen rtogs dam pa'i ngang tshul rmad du byung ba'i rje mkhan chen many+dzu g+ho Sha dz+nyA na seng has lha rdzas kyi rten dang bcas bka' bstsal ba bzhin rigs mthun mkhas grub gong ma'i gsung gis brgyan te bklag chog tu bkra shis dpal 'byor mkhyen brtse'i 'od zer gyis thim phu bde chen rtse nas bris pa 'dis kyang mtha' klas pa'i yid can rgya mtsho ye shes mchog gi snang ba la 'dod dgur rtsen pa'i rgyur gyur cig/

[edit]
༄༅། །ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཡེ་ཤེས་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭསྟི། གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་གཏེར་ལས་བྱུང་བའི་ཤེས་རབ་བློ་འཕེལ་གྱི་གཟུངས་སྒྲུབ་གཏེར་གཞུང་རྩ་བ་ལ་བཀའ་གཏེར་གྱི་མན་ངག་གིས་ཁ་བསྐངས་ནས་ཅུང་ཟད་རྒྱས་པར་སྤྲོ་བ་ལ་གཉིས། སྒྲུབ་ཐབས་དང༌། རྗེས་གནང་བྱིན་རླབས་ཀྱི་རིམ་པའོ། །དང་པོ་ནི། དཀར་ཕྱོགས་ཀྱི་འཕེལ་ཚེས་བརྒྱད་དང་སྐར་མ་རྒྱལ་འཛོམས་པ་སོགས་དུས་བཟང་པོར་འབྱོར་ན་མཆོད་པ་བཤམས། ཁྲུས་དང་གཙང་སྦྲ་ལ་གནས་ཏེ་བདེ་བའི་སྟན་ལ་འཁོད་ནས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ལ་བློ་གཞོལ་བས། ཐོག་མར་སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །འཇམ་དཔལ་དཔའ་བོ་སྒྲུབ་པར་བགྱི། །ལན་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་གི་འབྱོར་པས་བརྒྱན་པའི་དབུས་སུ་པད་ཟླའི་སྟེང་ལ་སེང་གེ་སྔོན་པོ་དྲེགས་པས་འགྱིངས་པའི་སྟེང་དུ། རང་སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་ཡེ་ཤེས་ཀྱི་རལ་གྲི་ནམ་མཁར་འཕྱར་བ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དར་སྔོན་པོའི་ན་བཟའ་གསོལ་བ། གཡོན་ཨུཏྤལ་ལའི་སྟེང་ན་པོ་ཏི་བསྣམས་པ་ཡུམ་ལ་འཁྱུད་པ། ཟླ་བའི་རྒྱབ་ཡོལ་ཅན་དེའི་གཡོན་ནས་འཁྱུད་པའི་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་སྔོ་ཕྱག་གཡས་པི་ཝཾ། གཡོན་པོ་ཏི་བསྣམས་པ་ཡབ་དང་འཁྲིལ་སྦྱོར། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲི། དེའི་སྟེང་དུ་ཡུམ་ལ་ཧྲཱིཿདང་ཡབ་ཀྱི་ཐུགས་ཀར་དྷཱིཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་སྟེང་དུ་ཧཱུྃ་གིས་མཚན་པར་བསམ། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསྒོམས་པ་ལྟ་བུ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་ལ་གཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲངས། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང༌། དབང་བསྐུར་ནས་ཡབ་ཡུམ་གཉིས་ཀ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀང་སྟེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་མཆོད། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་གིས་མཆོད་པ་དང༌། མཚན་དཔེའི་དཔལ་འབར་ཡིད་འོང་གཞོན་ནུའི་སྐུ། །ཚངས་དབྱངས་གསུང་གིས་ཟབ་རྒྱས་ཆོས་ཚུལ་སྒྲོགས། །མཁྱེན་པ་གཉིས་ལྡན་དམིགས་མེད་སྙིང་རྗེའི་ཐུགས། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ལ། ཡབ་ཡུམ་གྱི་ཐུགས་ཀའི་རང་རང་གི་ས་བོན་གྱི་མཐར་སྔགས་ཀྱི་ཚོགས་མར་མེའི་ཕྲེང་བ་ལྟར་གསལ་ཞིང་འབར་བ་ལས་འོད་ཟེར་འཕྲོས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚེ་དང༌། ཡོན་ཏན་དང༌། གདུལ་བྱ་དང༌། ཕྲིན་ལས་དང༌། ནུས་མཐུ་དང༌། ཤེས་རབ་དང༌། ཆོས་ཀྱི་རིགས་དང༌། ཚིགས་བཅད་དང༌། སྙན་ངག་དང་བཅས་པ་ཐམས་ཅད་པུསྟིའི་ཚུལ་དུ་ མདུན་བསྐྱེད་སྐབས། མདུན་གྱི་རྟེན་དང་རིལ་བུ་ལ་ཐིམ། ཞེས་བསྒྱུར། མཆན། རང་གི་སྙིང་གར་འདུས། ཁམས་གསུམ་སེམས་ཅན་གྱི་ཚེ་དཔལ་ལོངས་སྤྱོད་ཐུན་མོང་རྣམས་བསྡུས་ཏེ་རང་ལ་ཡོན་ཏན་ཐམས་ཅད་རྫོགས། པཎྜི་ཏ་སྟོང་ཕྲག་གིས་ཀྱང་མི་ཐུབ་པར་མོས་ལ། ཨོཾ་ཧྲཱིཿདྷཱིཿམ་མེ་དྷཱི་པཾ་མཉྫུ་ཤྲཱི་མཱུྃ་ཧྲི་པྲཛྙཱ་ཝརྡྷ་ནི་ཧྲཱིཿདྷཱིཿསྭཱ་ཧཱ༔ ཞེས་ཅི་ནུས་སུ་བཟླས་མཐར། མཇུག་ཏུ། ཐུགས་ཀའི་འོད་ཀྱིས་དག་པའི་སྣོད་བཅུད་བསྡུས་ནས་ཡུམ་ལ་ཐིམ། དེ་ཡབ་ལ། དེ་ཐུགས་ཀའི་འཁོར་ལོ་ས་བོན་གྱི་བར་དུ་བསྡུས་ནས་མི་དམིགས་པར་སྦྱངས་ཤིང༌། དགེ་བ་བསྔོ། ཉལ་བའམ་ཐུན་མཚམས་ལ་འཇུག །ཐོ་རངས་ལྡང་ན་ཧྲཱིཿདྷཱིཿཡི་སྒྲས་བསྐུལ་བར་བསམ་ནས་ལྡང་ངོ༌། །ཐུན་མཚམས་སུ་སྐུ་གཟུགས་ལ་མཆོད་བསྟོད་གང་འགྲུབ་དང༌། འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། གཉིས་པ་རྗེས་གནང་སྒྲུབ་པར་འདོད་པས་གཤམ་བཀོད་ནི། གཙང་མའི་གནས་ཁང་བྱི་དོར་དང་རྒྱན་གྱི་སྤྲས་པའི་གུང་དུ་དཀོན་མཆོག་གི་རྟེན་བཀྲམ་པའི་མདུན་དུ་མཎྜལ་པདྨ་འདབ་མ་བཞི་པ་རྡུལ་ཚོན་ནམ་རས་བྲིས་བཀྲམ་པའི་དབུས་སུ་རིན་པོ་ཆེའི་སྣོད་དུ་དཔའ་བོ་བཅུ་གཉིས་ཀྱི་རིལ་བུ་ཕོ་མོའི་འཁོར་ལོའི་སྟེང་འོག་ཏུ་བཀབ་པ་བཞག་པའི་སྟེང་དུ་འཕགས་པའི་སྐུ་བྱིན་རླབས་རབ་གནས་དང་ལྡན་པ་བཞུགས་སུ་གསོལ། མདུན་དུ་ཕྱག་མཚན་རལ་གྲི་དང་གླེགས་བམ་བཞག་བྱས་ལ། ཐོག་མར་བདག་བསྐྱེད་བཟླས་པ་དང་བཅས་གྲུབ་མཚམས་མདུན་རྟེན་ལ་དམིགས་ནས་མཆོད་པ་བྱིན་རླབས་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །བྱུང་བའི་རིན་ཆེན་སྣོད་ཡངས་སུ། །མཆོད་རྫས་དྭངས་ཤིང་ཐོགས་མེད་པ། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབས། མདུན་རྟེན་ལྷར་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་གི་འབྱོར་པས་བརྒྱན་པའི་དབུས་སུ་སོགས་ནས་བཟླས་པའི་བར་བདག་བསྐྱེད་ལྟར་བྱ། རང་ཉིད་དང༌། རང་གི་སྙིང་གར་ཞེས་པ་རྣམས་མདུན་གྱི་དཀྱིལ་འཁོར་དབུས་དང༌། མདུན་བསྐྱེད་ཀྱི་ཐུགས་ཀར་ཞེས་བསྒྱུར། རིལ་བུ་སྒྲུབ་པ་སོགས་ཀྱི་སྐབས་མཆོད་བསྟོད་ཅུང་ཟད་རྒྱས་ན་ལེགས་པས། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །འདོད་པའི་ཡོན་ཏན་དྲུག་ལྡན་མཆོད་པའི་སྤྲིན། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །གྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བསྟོད་དབྱངས་རོལ་མོ་ལྷ་རྫས་ཁྲུས་རྒྱན་དང༌། །རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ། །བདག་གཞན་ལུས་དང་ལོངས་སྤྱོད་རྒྱུར་བྱས་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་མཆོད་པ་བཅས། །མ་ལུས་ལུས་མེད་ཀུན་བཟང་བདེ་ཆེན་གཏེར། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བསྟོད་པ་ནི། ཨོཾ། སྐུ་མཆོག་འཇམ་དཔལ་གཞོན་ནུར་ཕྱག་འཚལ་ལོ། །འཇམ་དབྱངས་གསུང་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཡེ་ཤེས་སེམས་དཔར་ཕྱག་འཚལ་ལོ། །རྒྱལ་ཀུན་ཡེ་ཤེས་རྡོ་རྗེར་ཕྱག་འཚལ་ལོ། །ཡེ་ཤེས་རལ་གྲི་འཛིན་ལ་ཕྱག་འཚལ་ལོ། །ཐབས་ཀྱི་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་མདའ་རྣོན་འཕེན་ལ་ཕྱག་འཚལ་ལོ། །སྙིང་རྗེའི་གཞུ་ཆེན་འཆང་ལ་ཕྱག་འཚལ་ལོ། །བདག་གིས་མགོན་པོ་འཇམ་དབྱངས་ཁྱོད་དྲན་ཏེ། །གུས་པས་གསོལ་བ་སྙིང་ནས་འདེབས་ལགས་ན། །ཐུགས་དམ་ཆེན་པོས་ཉེ་བར་རྗེས་བཟུང་ནས། །སྤོབས་པའི་གཏེར་བརྒྱད་གྲོལ་བར་མཛད་དུ་གསོལ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿཧཱུྃ། བདག་བསྐྱེད་རྩ་བའི་བཟླས་པ་དང་སྒྲུབ་རྫས་ལ་དམིགས་པའི་བཟླས་པ་སྔར་བཞིན་བྱས་ནས། གཏོར་མ་བསང་སྦྱང་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ཤིང་རྡོར་ཐལ་གྱེན་དུ་ཕྱེ་ལ་སྙིང་པོའི་མཐར། ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ། སྔར་ལྟར་མཆོད་བསྟོད་མདོར་བསྡུས་དང་འདོད་དོན་གསོལ། སློབ་མ་རྣམས་ཁྲུས་བྱས། བགེགས་བསྐྲད། མཚམས་སྦྱོར་གྱི་ཁྱད་པར། རྗེ་བཙུན་འཇམ་དཔལ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཤེས་རབ་བློ་འཕེལ་འདི་ཉིད་གཏེར་གཞུང་ལས། ཨེ་མ་ཧོཿ བདག་འདྲ་བཻ་རོ་ཙ་ན་ཡིས༔ རྒྱ་གར་ཡུལ་དུ་འཕགས་པ་འཇམ་དཔལ་སྒྲུབ༔ མི་བརྗེད་གཟུངས་ཐོབ་ཤེས་རབ་བློ་དང་ལྡན༔ གཅིག་རྒྱུད་ཡིན་པས་ཀུན་ལ་བསྟན་ཕངས་ནས༔ མ་འོངས་དོན་དུ་རིན་ཆེན་ས་ལ་སྦས༔ སྙིགས་དུས་རྣམ་མཁྱེན་སྤྲུལ་སྐུ་གཅིག་དང་སྤྲོད༔ ས་མ་ཡ༔ རིགས་ཀྱི་བུ་ངའི་རྗེས་སུ་འཇུག་པ་རྣམས་ཐོས་བསམ་སྒོམ་པ་བྱེད་དགོས༔ དེ་ལ་ཤེས་རབ་གལ་ཆེ་བས༔ ངའི་ཡི་དམ་བློ་འཕེལ་མི་བརྗེད་གཟུངས་ཐོབ་འདི་བསྒྲུབ་པར་བྱའོ༔ ཞེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་མ་སྐྱེས་ན། ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ནམ་ཡང་འཐོབ་པའི་གནས་མེད་ཅིང༌། ཤེས་རབ་སྐྱེད་པའི་ཐབས་ཀྱི་སྒོ་དུ་མ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཀུན་ལས་ཟབ་ཅིང་ཁྱད་པར་དུ་འཕགས་པ་ནི་ལྷག་པའི་ལྷའི་ལྷ་སྔགས་ཏིང་ངེ་འཛིན་གྱིས་ཤེས་རབ་དང་སྤོབས་པ་གཟུངས་སྒྲུབ་པའི་ཚུལ་ཉིད་ཡིན་ལ། དེ་ལའང་གསར་རྙིང་བཀའ་གཏེར་དག་སྣང་གི་རིམ་པ་བཀའ་བབ་མི་འདྲ་བ་དུ་མ་ཞིག་བཞུགས་པ་ལས། སྐབས་སུ་བབས་པ་འདི་ནི་ངོ་བོ་སྐུ་དང་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་སངས་རྒྱས་རྣམ་པར་སྣང་མཛད་ཉིད་སྟོན་མཆོག་ཐུབ་པའི་དབང་པོའི་དྲུང་ན། ཐོས་པ་འཛིན་པའི་མཆོག་ཀུན་དགའ་བོ། གསང་ཆེན་རྒྱུད་སྡེའི་ཤིང་རྟ་རྒྱལ་པོ་ཛཿ བོད་ཡུལ་ཆོས་སྣང་བའི་སྒོ་ཐོན་མི་སཾ་བྷོ་ཊའི་ཚུལ་བསྟན་པ་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས། ལོ་ཆེན་བཻ་རོ་ཙཱ་ན་ཞེས་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཉིད་དང་དགོངས་པ་མཉམ་པར་བསྔགས་ཤིང་ཐུགས་སྲས་རྗེ་འབངས་ཀུན་གྱི་ཡ་གྱལ་གངས་ཅན་བོད་ཀྱི་མིག་གཅིག་མདོ་སྔགས་ཆོས་ཀྱི་ཤིང་རྟ་ཆེན་པོ་དེ་ཉིད་ཀྱི་རྣམ་འཕྲུལ་གཏེར་སྟོན་རྒྱལ་པོ་ལྔ་ཡི་གསུམ་པ། ཀུན་མཁྱེན་སྤྲུལ་པའི་སྐུ་མཁས་ཤིང་དངོས་གྲུབ་བརྙེས་པ། ཨོ་རྒྱན་རྡོ་རྗེ་གླིང་པའི་ཟབ་གཏེར་ཀུན་གྱི་སྙིང་པོ་རྫོགས་པ་ཆེན་པོ་ཧཱུྃ་སྐོར་སྙིང་ཐིག་གི་ཆ་ལག་ཤེས་རབ་བློ་འཕེལ་གྱི་གཟུངས་སྒྲུབ་བྱིན་རླབས་ཚན་ཁ་ཁྱད་པར་དུ་འཕགས་པ་འདི་ཉིད་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །མ་ལུས་རྗེས་གནང་བཀའ་དྲིན་སྩོལ། །ལན་གསུམ། རྒྱུད་རྣམ་པར་དག་པའི་སླད་དུ། རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་སློབ་མའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་པཾ་ལས་སེང་གེ་སྔོན་པོ་ཉལ་སྟབས་སུ་གནས་པའི་སྟེང་དུ། ཁྱེད་རང་རྣམས་ཀྱི་སེམས་ཉིད་དྷཱིཿཡིག་དམར་སེར་ཡོངས་སུ་གྱུར་པ་ལས། འཕགས་པ་འཇམ་དཔལ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་ཡེ་ཤེས་ཀྱི་རལ་གྲི་ནམ་མཁར་འཕྱར་བ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དར་སྔོན་པོའི་ན་བཟའ་གསོལ་བ། གཡོན་ཨུཏྤལ་ལའི་སྟེང་ན་པོ་ཏི་བསྣམས་པས་ཡུམ་ལ་འཁྱུད་པ། ཟླ་བའི་རྒྱབ་ཡོལ་ཅན་དེའི་གཡོན་ནས་འཁྱུད་པའི་ལྷ་མོ་དབྱངས་ཅན་མ་སྐུ་མདོག་དཀར་སྔོ་ཕྱག་གཡས་པི་ཝཾ། གཡོན་པོ་ཏི་བསྣམས་པ་ཡབ་དང་འཁྲིལ་སྦྱོར། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རལ་གྲི། དེའི་སྟེང་དུ་ཡུམ་ལ་ཧྲཱིཿ ཡབ་ཀྱི་ཐུགས་ཀར་དྷཱིཿདང༌། གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་སྒོམས། སློབ་དཔོན་དང་མདུན་བསྐྱེད་འཇམ་དཔལ་དུ་གསལ་བའི་སྤྱི་བོ་ནས་འཇམ་དཔལ་གྱི་སྐུ་གཉིས་པ་ཞིག་ཆད་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་འཇམ་དཔལ་གྱི་སྐུ་དངོས་སུ་གྱུར་སྙམ་པ་གྱིས་ཤིག །སྐུ་སྤྱི་བོར་བཞག་ལ། སྙིང་པོ་བཟླ་ཞིང་སྤོས་རོལ་བྱ། དེ་དག་སྐུའི་བྱིན་རླབས་དང་རྗེས་གནང་ངོ༌། །དེ་བཞིན་དུ་མདུན་བསྐྱེད་ཀྱི་ལྷའི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དམར་སེར་རང་སྒྲ་སྒྲོག་པར་བྱུང༌། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། སྙིང་པོ་བཟླ་ཞིང་སྤོས་རོལ་བྱ། དེ་ནི་གསུང་གི་བྱིན་རླབས་དང་རྗེས་གནང་ངོ༌། །ཡང་ཐུགས་ཀ་ནས་རལ་གྲི་དྷཱིཿས་མཚན་པ་བྱུང༌། ཁྱེད་རང་གི་སྙིང་གར་ཐིམ་པས་ཐུགས་ཀྱི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། རལ་གྲི་སྙིང་གར་བཞག་ལ། སྔགས་དང་སྤོས་རོལ་བྱ། དེ་ནི་ཐུགས་ཀྱི་བྱིན་རླབས་དང་རྗེས་གནང་ངོ༌། །ཕྱག་གཡོན་གྱི་པུསྟི་ལས་འོད་འཕྲོས་ཏེ་ལྟེ་བར་ཐིམ་པས་ཡོན་ཏན་གྱི་དབང་ཕྱུག་ཏུ་གྱུར་སྙམ་པ་གྱིས། མཚན་བརྗོད་དང་སྒྲུབ་ཐབས་ཀྱི་གླེགས་བམ་གཏད་ལ། སྙིང་པོ་དང་སྤོས་རོལ་བྱ། ཡོན་ཏན་གྱི་བྱིན་རླབས་དང་རྗེས་གནང་ངོ༌། །སློབ་དཔོན་དང་མདུན་བསྐྱེད་ཀྱི་ཡུམ་དབྱངས་ཅན་མ་ཡི་གནས་ལྔ་ལས། དབྱངས་ཅན་རིགས་ལྔ་དཔག་ཏུ་མེད་པ་སྤྲོས། སློབ་བུའི་གནས་ལྔར་ཐིམ་པར་མོས། སྔགས་བཟླ་བཞིན་རིལ་བུ་ཟར་བཅུག །དེ་ནི་ཕྲིན་ལས་ཀྱི་བྱིན་རླབསས་དང་རྗེས་གནང་ངོ༌། །དེ་ནས་བཟླས་ལུང་ནི། སློབ་དཔོན་འཇམ་དཔལ་དུ་གསལ་བའི་ཐུགས་ཀར་འཁོར་ལོ་རྩིབས་བཞིའི་ལྟེ་བར་རལ་གྲིའི་ཡུ་བར་དྷཱིཿཡིག་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་འཕྲོས། ཞལ་ནས་ཐོན། ཁྱེད་རང་འཇམ་དཔལ་དུ་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་རལ་གྲིའི་ཡུ་བར་དྷཱིཿཡིག་གིས་མཚན་པའི་མཐར་འཁོད་པར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། བྱས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་བོར་བཅིངས་པར་མོས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་གསུམ་གྱིས་མེ་ཏོག་སྤྱི་བོར་བཞག །དེ་དག་གིས་བཟླས་པའི་ལུང་བྱིན་པ་ཡིན་པས་ཉི་མ་རེ་རེ་བཞིན་གཟུངས་འདི་བཟླ་བར་དམ་བཅའ་དགོས་པ་ལགས་སོ། དེ་དག་གིས་འཇམ་དཔལ་ཤེས་རབ་བློ་འཕེལ་གྱི་རྗེས་གནང་གྲུབ་པའི་དགོས་པ་ཡང༌། ཨེ་མ། འདི་ཉིད་གཞན་ལས་ཁྱད་འཕགས་སྒྲུབ་པ་ཡིན༔ འདི་མཐོང་རེག་དང་ཐོས་དང་དྲན་པས་ཀྱང༔ འཇམ་དཔལ་དངོས་དང་ཞག་བདུན་མཇལ་བར་འགྱུར༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་བསྔགས་པའི་ཚུལ་ཐུགས་ལ་བཅགས་པས་འཕགས་པ་འཇམ་དཔལ་ཡི་དམ་གྱི་ལྷར་བཟུང་ཞིང་བསྒྲུབ་པར་བགྱི་སྙམ་པས་དམ་ཚིག་ཁས་བླང་བ་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་དང༌། མཎྜལ། ཡོན་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱ་བ་དང༌། བདག་མདུན་གྱི་རྗེས་ཆོག་ཀྱང་སྔར་ལྟར་བྱའོ། །འདིའི་སྒོ་ནས་བོགས་འབྱིན་རིལ་བུ་སྒྲུབ་ན་རྒྱ་གཞུང་ལས། སྤང་རྒྱན་གླ་རྩི་མཚལ་དཀར་གསུམ། །ཡུང་བ་ཙན་དན་ཨ་ཀ་རུ། །སྤང་སྤོས་དབང་ལག་ཤུ་དག་གསུམ། །ཤིང་མངར་རྒྱ་སྐྱེགས་ཨ་རུ་ར། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་ལ་སྦྲང་རྩི་དང༌། །བ་དམར་འོ་མས་རིལ་བུར་བྱ། ཞེས་གསུངས་པ་ལྟར་གྱིས་དབང་ལག་ཞོ་གསུམ། ཙན་དན་དང་ཨ་ཀར་ཞོ་རེ། གཞན་རྣམས་ཞོ་ཕྱེད་ཀྱིས་མཚོན་ཅི་འོས་བྱས་ལ་རིལ་བུའི་སྟེང་འོག་ཏུ་དྷཱིཿཧྲཱིཿས་མཚན་མ་གདབ། དབྱིབས་ཀྱང་ཞི་བར་ཟླུམ་ལེབ། དབང་ལ་ཟླ་གམ། རྒྱས་པར་གྲུ་བཞི་བྱ་ཞིང༌། རྒྱུ་སྐར་རྒྱལ། ཁྲུམ་སྟོད། ཁྲུམ་སྨད། ནམ་གྲུ། གཟའ་ཕུར་ལྷག་ཟླ་བ་པ་སངས་ཀྱི་དུས་སུ་རིལ་བུ་སྦྱར་བ་དང༌། འཁོར་ལོ་བྲི་བ་སྒྲུབ་པ་རྣམས་བྱ་གསུངས། འཁོར་ལོ་ནི་དར་དམར་རམ་རས་ལ་མཚལ་རྒྱ་སྐྱེགས་གུར་གུམ། གི་ཝཾ་བཞི་སྦྱར་བས་ཕོ་འཁོར་རྩིབས་བརྒྱད་མུ་ཁྱུད་གསུམ་ཅན་གྱི་ལྟེ་བར་རལ་གྲིའི་ཆང་བཟུང་ལ་དྷཱིཿ རྩེ་མོར་ཧྲཱིཿ བར་དུ་རྩ་སྔགས་མཐར། བདག་སྒྲུབ་པ་པོ་སོ་སོའི་མིང་དང་ཤེས་རབ་སྐྱེད་ཅིག །རྩིབས་བརྒྱད་རྩེ་མོར་ཧྲཱིཿརེ། རྩ་བར་དྷཱིཿརེ་བྲི། རྩིབས་བརྒྱད་ལ། ཨོཾ་ཧྲཱིཿདྷཱིཿ མ་མེ་དཱི་པཾ། མཉྫུ་ཤྲཱི། མཱུཾ་ཧྲཱིཿ པྲཛྙཱ། ཝརྡྷ་ནི། ཧྲཱིཿདྷཱིཿ སྭཱ་ཧཱ། དེའི་ཕྱི་མུ་ཁྱུད་དང་པོར་ཨཱ་ལི་བཅུ་དྲུག །གཉིས་པར་ཀཱ་ལི། གསུམ་པར་རྟེན་སྙིང༌། བདག་སྒྲུབ་པ་པོར་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེད་ཅིག །ཅེས་བྲི། མོ་འཁོར་པདྨ་འདབ་བརྒྱད་ལ་སྔགས་བཀོད་ལུགས་ཕོ་འཁོར་ཇི་ལྟ་བ་ལ། ཕོ་འཁོར་གྱི་རྩིབས་དང་མུ་ཁྱུད་ཀྱི་སྔགས་ཐམས་ཅད་ཡིག་མགོ་ཕྱིར་བསྟན། མོ་འཁོར་ཡིག་མགོ་ནང་བསྟན་གྱི་ཁྱད་པར་ཡོད། བསྡུ་ན་ཕོ་འཁོར་ཙམ་གྱིས་ཀྱང་རུང་གསུངས། གང་ལྟར་ཡང་པདྨ་འདབ་བརྒྱད་སྟེང་མོ་འཁོར་བཀོད། དེ་སྟེང་རིལ་བུ་བཞག་ལ་ཕོ་འཁོར་བཀབ། ཡབ་ཡུམ་གྱི་འཁོར་ལོ་མགོ་ཕྱོགས་གཅིག་ཏུ་འོང་བར་བྱ། ལྕགས་སམ་ཙན་དན་གྱི་རལ་གྲི་སོར་བཞི་པ་ལ་རྩ་བར་ཧྲཱིཿ རྩེ་མོར་དྷཱིཿབཀོད། བར་དུ་རྩ་སྔགས་དང་ཤོང་ན་འདོད་གསོལ་བཅས་སྔ་མ་ལྟར་བྲིས་པ་རིལ་བུའི་སྟེང་དུ་བཙུགས། །དར་དམར་སེར་གྱི་གདུགས་ཕུབ། མཆོད་པས་བསྐོར་ཞིང་མདུན་དུ་འབུལ་གཏོར་བཤམས། སྤྲོ་ན་ཆ་གསུམ་བཏང༌། རིལ་བུ་ལ་སྦྱངས་ཁྲུས་རྒྱས་བསྡུས་གང་འོས་བྱ། དེ་ནས་སྒྲུབ་པ་ལ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་སྣོད་བཅུད་དག་པའི་ཞིང་གི་འབྱོར་བའི་དབུས་སུ་རིལ་བུ་རྣམས་པད་ཟླའི་སྟེང་ལ་སེང་གེ་སོགས། ཡབ་དང་འཁྲིལ་སྦྱོར་ཞེས་པའི་མཚམས། དེའི་རྒྱབ་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་མ་ལུས་པ་ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀ་སོགས། བཟླས་དམིགས་སྐབས། ལོངས་སྤྱོད་ཐུན་མོང་རྣམས་བསྡུས་ཏེ་རིལ་བུ་ལ་ཐིམ་ཞིང༌། པཎྜི་ཏ་སྟོང་ཕྲག་གིས་མི་ཐུབ་པའི་ཤེས་རབ་དང་སྤོབས་པ་བསྐྱེད་པར་བསམ་ཞེས་བསྒྱུར་ལ། རྩ་སྔགས་བཟླ། ཐུན་མཐར་དབྱངས་གསལ། རྟེན་སྙིང༌། གཏོར་འབུལ། མཆོད་བསྟོད་རྒྱས་པ་བྱས་མཐར། མདུན་གྱི་ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་བསམས་ལ། དབྱངས་གསལ་རྟེན་སྙིང་དང་སུ་པྲ་ཏིཥྛས་མེ་ཏོག་འཐོར། བདག་བསྐྱེད་བསྡུ་ལྡང་དང་དགེ་བསྔོ་ཤིས་བརྗོད་བཅས་བྱ། དེ་ལྟར་ཞག་བདུན་སོགས་བསྒྲུབས་པས་རིལ་བུ་ལས་འོད་དང་དུ་བ་སོགས་རྟགས་འབྱུང་བར་གསུངས། དམ་ཚིག་ཏུ་རྫུན་དང་ཤ་ཆང་སྒོག་པ་ཞེ་སྡང་དྲག་པོ། སྨྲེ་སྔགས་སོགས་སེམས་ལ་གནོད་པའི་ལས་དང༌། ཕོ་མོ་འཁྲིག་པ་རྣམས་སྤང༌། སེམས་ཅན་ལ་སྙིང་རྗེ་བསྒོམ། རྟགས་བྱུང་བའམ་ཞག་གྲངས་ཐེམས་ན། སངས་རྒྱས་བྱང་སེམས་མདུན་བསྐྱེད་འཇམ་དཔལ་ཡབ་ཡུམ་རྣམས་རིལ་བུ་ལ་བསྟིམས། རིལ་བུ་འཁོར་ལོས་བཏུམས་ནས་མགུལ་དུ་བཅངས་ཏེ་ནངས་མ་རེ་རེ་བཞིན་ཟོས་པས། ཤེས་རབ་འཕེལ་ཞིང་བཅུད་ལེན་དུ་འགྱུར་བ་སོགས་ཕན་ཡོན་ཚད་མེད་པར་གསུངས་སོ། །འདི་དང་རྗེས་གནང་དམ་པའི་ལུགས་ཀྱི་སྨྲ་སེང་ལས་འབྱུང་བ་ལྟར་བཀོད་པའོ། །ཞེས་པའང་སྤྲུལ་པའི་གཏེར་སྟོན་ཆེན་པོའི་རྡོ་རྗེའི་གདུང་བརྒྱུད་དུ་བྱོན་པའི་མཁྱེན་རྟོགས་དམ་པའི་ངང་ཚུལ་རྨད་དུ་བྱུང་བའི་རྗེ་མཁན་ཆེན་མཉྫུ་གྷོ་ཥ་ཛྙཱ་ན་སེང་ཧས་ལྷ་རྫས་ཀྱི་རྟེན་དང་བཅས་བཀའ་བསྩལ་བ་བཞིན་རིགས་མཐུན་མཁས་གྲུབ་གོང་མའི་གསུང་གིས་བརྒྱན་ཏེ་བཀླག་ཆོག་ཏུ་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་གྱིས་ཐིམ་ཕུ་བདེ་ཆེན་རྩེ་ནས་བྲིས་པ་འདིས་ཀྱང་མཐའ་ཀླས་པའི་ཡིད་ཅན་རྒྱ་མཚོ་ཡེ་ཤེས་མཆོག་གི་སྣང་བ་ལ་འདོད་དགུར་རྩེན་པའི་རྒྱུར་གྱུར་ཅིག། །།
[edit]

@#/_shes rab blo 'phel gyi sgrub thabs rjes gnang dang bcas pa ye shes 'dod dgu'i dpal ster zhes bya ba bzhugs so// oM swasti/_gter chen rdo rje gling pa'i zab gter las byung ba'i shes rab blo 'phel gyi gzungs sgrub gter gzhung rtsa ba la bka' gter gyi man ngag gis kha bskangs nas cung zad rgyas par spro ba la gnyis/_sgrub thabs dang*/_rjes gnang byin rlabs kyi rim pa'o/__/dang po ni/_dkar phyogs kyi 'phel tshes brgyad dang skar ma rgyal 'dzoms pa sogs dus bzang por 'byor na mchod pa bshams/_khrus dang gtsang sbra la gnas te bde ba'i stan la 'khod nas nges 'byung dang byang chub kyi sems la blo gzhol bas/_thog mar skyabs sems ni/_bla ma mchog gsum yi dam lhar/_/gus pas skyabs mchi mkha' mnyam 'gro/_/bla med byang chub mchog thob phyir/_/'jam dpal dpa' bo sgrub par bgyi/_/lan gsum dang*/_sems can thams cad bde ba dang sogs tshad med bzhi bsgoms la/_oM ma hA shU n+ya ta sogs/_stong pa'i ngang las snod bcud dag pa'i zhing gi 'byor pas brgyan pa'i dbus su pad zla'i steng la seng ge sngon po dregs pas 'gyings pa'i steng du/_rang skad cig gis 'phags pa 'jam dpal sku mdog dmar ser zhal gcig phyag gnyis/_phyag g.yas na ye shes kyi ral gri nam mkhar 'phyar ba/_rin po che'i rgyan gyis spras pa/_dar sngon po'i na bza' gsol ba/_g.yon ut+pal la'i steng na po ti bsnams pa yum la 'khyud pa/_zla ba'i rgyab yol can de'i g.yon nas 'khyud pa'i lha mo dbyangs can ma sku mdog dkar sngo phyag g.yas pi waM/_g.yon po ti bsnams pa yab dang 'khril sbyor/_yab yum gnyis kyi thugs kar zla ba'i steng du ral gri/_de'i steng du yum la hrIHdang yab kyi thugs kar d+hIH_dpral bar oM/_mgrin par AH_thugs ka'i steng du hU~M gis mtshan par bsam/_yig 'bru de rnams las 'od zer 'phros pas ye shes kyi 'khor lo bsgoms pa lta bu badz+ra sa ma ya dzaHsa spyan drangs/_dzaHhU~M ba~M hoHsa dam tshig pa la gnyis su med par bstim/_slar yang thugs ka'i 'od zer gyis dbang gi lha rigs lnga 'khor dang bcas pa mdun gyi nam mkhar badz+ra sa ma dzaHsa spyan drangs/_oM pany+tsa ku la sa pa ri wA ra ar+g+haM nas shab+da'i bar gyis mchod/_khyed rnams kyis bdag la mngon par dbang bskur ba mdzad du gsol/_zhes gsol ba btab pas/_badz+rI b+ha wa a b+hi Shiny+tsa hU~M/_zhes gsungs shing*/_dbang bskur nas yab yum gnyis ka mi bskyod pas dbu brgyan par gyur/_oM/_dngos su 'byor dang yid kyis rnam sprul pa'i/_/kun tu bzang po bla med mchod sprin gyis/_/mkha' dbyings rnam dag rgya cher yongs bkang ste/_/phyi nang gsang ba'i mchod pa rgya mtsho'i mchod/_/oM Ar+Ya many+dzu shrI sa pa ri wA ra ar+g+haM nas shab+da sarba pU dza me g+ha sa mu dra s+pha ra Na sa ma ye AHhU~M gis mchod pa dang*/_mtshan dpe'i dpal 'bar yid 'ong gzhon nu'i sku/_/tshangs dbyangs gsung gis zab rgyas chos tshul sgrogs/_/mkhyen pa gnyis ldan dmigs med snying rje'i thugs/_/mgon po 'jam pa'i dbyangs la phyag 'tshal bstod/_ces bstod la/_yab yum gyi thugs ka'i rang rang gi sa bon gyi mthar sngags kyi tshogs mar me'i phreng ba ltar gsal zhing 'bar ba las 'od zer 'phros dus gsum sangs rgyas thams cad kyi sku tshe dang*/_yon tan dang*/_gdul bya dang*/_phrin las dang*/_nus mthu dang*/_shes rab dang*/_chos kyi rigs dang*/_tshigs bcad dang*/_snyan ngag dang bcas pa thams cad pusti'i tshul du _mdun bskyed skabs/_mdun gyi rten dang ril bu la thim/_zhes bsgyur/_mchan/_rang gi snying gar 'dus/_khams gsum sems can gyi tshe dpal longs spyod thun mong rnams bsdus te rang la yon tan thams cad rdzogs/_paN+Di ta stong phrag gis kyang mi thub par mos la/_oM hrIHd+hIHma me d+hI paM many+dzu shrI mU~M hri pradz+nyA war+d+ha ni hrIHd+hIHswA hA:_zhes ci nus su bzlas mthar/_mjug tu/_thugs ka'i 'od kyis dag pa'i snod bcud bsdus nas yum la thim/_de yab la/_de thugs ka'i 'khor lo sa bon gyi bar du bsdus nas mi dmigs par sbyangs shing*/_dge ba bsngo/_nyal ba'am thun mtshams la 'jug_/tho rangs ldang na hrIHd+hIHyi sgras bskul bar bsam nas ldang ngo*/__/thun mtshams su sku gzugs la mchod bstod gang 'grub dang*/_'og nas 'byung ba ltar gtor ma 'bul/_gnyis pa rjes gnang sgrub par 'dod pas gsham bkod ni/_gtsang ma'i gnas khang byi dor dang rgyan gyi spras pa'i gung du dkon mchog gi rten bkram pa'i mdun du maN+Dal pad+ma 'dab ma bzhi pa rdul tshon nam ras bris bkram pa'i dbus su rin po che'i snod du dpa' bo bcu gnyis kyi ril bu pho mo'i 'khor lo'i steng 'og tu bkab pa bzhag pa'i steng du 'phags pa'i sku byin rlabs rab gnas dang ldan pa bzhugs su gsol/_mdun du phyag mtshan ral gri dang glegs bam bzhag byas la/_thog mar bdag bskyed bzlas pa dang bcas grub mtshams mdun rten la dmigs nas mchod pa byin rlabs ni/_a mr-i tas bsangs/_swa b+hA was sbyangs/_stong pa'i ngang las oM yig las/_/byung ba'i rin chen snod yangs su/_/mchod rdzas dwangs shing thogs med pa/_/nam mkha'i khams kun khyab par gyur/_/oM badz+ra ar+g+haM AHhU~M nas shab+da AHhU~M gi bar gyis brlabs/_mdun rten lhar bskyed pa ni/_oM ma hA shU n+ya ta sogs/_stong pa'i ngang las snod bcud dag pa'i zhing gi 'byor pas brgyan pa'i dbus su sogs nas bzlas pa'i bar bdag bskyed ltar bya/_rang nyid dang*/_rang gi snying gar zhes pa rnams mdun gyi dkyil 'khor dbus dang*/_mdun bskyed kyi thugs kar zhes bsgyur/_ril bu sgrub pa sogs kyi skabs mchod bstod cung zad rgyas na legs pas/_rab 'byams phyogs bcu'i 'jig rten thams cad kyi/_/'dod pa'i yon tan drug ldan mchod pa'i sprin/_/rgyal srid sna bdun bkra shis rdzas rtags brgyad/_/rin chen sna bdun nye ba'i rin chen bdun/_/grub rdzas sna tshogs bdud rtsi sman mchog dang*/_/bstod dbyangs rol mo lha rdzas khrus rgyan dang*/_/rdo rje lha mo bcu drug la sogs pa/_/bdag gzhan lus dang longs spyod rgyur byas pa'i/_/'jig rten 'jig rten 'das pa'i mchod pa'i sprin/_/dngos 'byor yid sprul zag med mchod pa bcas/_/ma lus lus med kun bzang bde chen gter/_/bla ma rgyal ba sras dang bcas la 'bul/_/oM ma hA pU dza me g+ha sa mu dra s+pha ra Na sa ma ye AHhU~M/_bstod pa ni/_oM/_sku mchog 'jam dpal gzhon nur phyag 'tshal lo/_/'jam dbyangs gsung dbang phyug la phyag 'tshal lo/_/mkhyen rab ye shes sems dpar phyag 'tshal lo/_/rgyal kun ye shes rdo rjer phyag 'tshal lo/_/ye shes ral gri 'dzin la phyag 'tshal lo/_/thabs kyi ut+pal bsnams la phyag 'tshal lo/_/shes rab mda' rnon 'phen la phyag 'tshal lo/_/snying rje'i gzhu chen 'chang la phyag 'tshal lo/_/bdag gis mgon po 'jam dbyangs khyod dran te/_/gus pas gsol ba snying nas 'debs lags na/_/thugs dam chen pos nye bar rjes bzung nas/_/spobs pa'i gter brgyad grol bar mdzad du gsol/_/oM a ra pa tsa na d+hIHhU~M/_bdag bskyed rtsa ba'i bzlas pa dang sgrub rdzas la dmigs pa'i bzlas pa sngar bzhin byas nas/_gtor ma bsang sbyang 'bru gsum gyis byin gyis brlabs la/_ljags rdo rje'i sbu gus gtor ma gsol bar bsams shing rdor thal gyen du phye la snying po'i mthar/_i daM ba lin+ta kha kha khA hi khA hi zhes btags pa gsum mam bdun gyis phul/_sngar ltar mchod bstod mdor bsdus dang 'dod don gsol/_slob ma rnams khrus byas/_bgegs bskrad/_mtshams sbyor gyi khyad par/_rje btsun 'jam dpal dbyangs smra ba'i seng ge'i sgrub thabs shes rab blo 'phel 'di nyid gter gzhung las/_e ma hoH_bdag 'dra bai ro tsa na yis:_rgya gar yul du 'phags pa 'jam dpal sgrub:_mi brjed gzungs thob shes rab blo dang ldan:_gcig rgyud yin pas kun la bstan phangs nas:_ma 'ongs don du rin chen sa la sbas:_snyigs dus rnam mkhyen sprul sku gcig dang sprod:_sa ma ya:_rigs kyi bu nga'i rjes su 'jug pa rnams thos bsam sgom pa byed dgos:_de la shes rab gal che bas:_nga'i yi dam blo 'phel mi brjed gzungs thob 'di bsgrub par bya'o:_zhes gsungs pa ltar thos bsam sgom pa'i shes rab khyad par can rgyud la ma skyes na/_thams cad mkhyen pa'i go 'phang rin po che nam yang 'thob pa'i gnas med cing*/_shes rab skyed pa'i thabs kyi sgo du ma ston pa rdzogs pa'i sangs rgyas kyis gsungs pa kun las zab cing khyad par du 'phags pa ni lhag pa'i lha'i lha sngags ting nge 'dzin gyis shes rab dang spobs pa gzungs sgrub pa'i tshul nyid yin la/_de la'ang gsar rnying bka' gter dag snang gi rim pa bka' bab mi 'dra ba du ma zhig bzhugs pa las/_skabs su babs pa 'di ni ngo bo sku dang zhing khams rgya mtsho'i khyab bdag sangs rgyas rnam par snang mdzad nyid ston mchog thub pa'i dbang po'i drung na/_thos pa 'dzin pa'i mchog kun dga' bo/_gsang chen rgyud sde'i shing rta rgyal po dzaH_bod yul chos snang ba'i sgo thon mi saM b+ho Ta'i tshul bstan pa rnams kyi ye shes gcig tu bsdus pa'i rang gzugs/_lo chen bai ro tsA na zhes sangs rgyas gnyis pa slob dpon chen po nyid dang dgongs pa mnyam par bsngags shing thugs sras rje 'bangs kun gyi ya gyal gangs can bod kyi mig gcig mdo sngags chos kyi shing rta chen po de nyid kyi rnam 'phrul gter ston rgyal po lnga yi gsum pa/_kun mkhyen sprul pa'i sku mkhas shing dngos grub brnyes pa/_o rgyan rdo rje gling pa'i zab gter kun gyi snying po rdzogs pa chen po hU~M skor snying thig gi cha lag shes rab blo 'phel gyi gzungs sgrub byin rlabs tshan kha khyad par du 'phags pa 'di nyid kyi rjes su gnang ba bsgrub pa la/_maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_rdo rje 'dzin pa dgongs su gsol/_/bdag ni 'gro la phan don du/_/gtso chen khyod la gsol 'debs kyis/_/ma lus rjes gnang bka' drin stsol/_/lan gsum/_rgyud rnam par dag pa'i slad du/_rgyun bshags 'di'i rjes zlos mdzod/_dkon mchog gsum la bdag skyabs mchi/_sogs/_slob dpon gyi thugs ka nas 'od zer 'phros slob ma'i sdig sgrib thams cad sbyangs te stong par gyur/_swa b+hA was sbyangs/_stong pa'i ngang las pad+ma dang zla ba'i steng du paM las seng ge sngon po nyal stabs su gnas pa'i steng du/_khyed rang rnams kyi sems nyid d+hIHyig dmar ser yongs su gyur pa las/_'phags pa 'jam dpal sku mdog dmar ser zhal gcig phyag gnyis/_phyag g.yas na ye shes kyi ral gri nam mkhar 'phyar ba/_rin po che'i rgyan gyis spras pa/_dar sngon po'i na bza' gsol ba/_g.yon ut+pal la'i steng na po ti bsnams pas yum la 'khyud pa/_zla ba'i rgyab yol can de'i g.yon nas 'khyud pa'i lha mo dbyangs can ma sku mdog dkar sngo phyag g.yas pi waM/_g.yon po ti bsnams pa yab dang 'khril sbyor/_yab yum gnyis kyi thugs kar zla ba'i steng du ral gri/_de'i steng du yum la hrIH_yab kyi thugs kar d+hIHdang*/_gnas gsum du 'bru gsum gyis mtshan par sgoms/_slob dpon dang mdun bskyed 'jam dpal du gsal ba'i spyi bo nas 'jam dpal gyi sku gnyis pa zhig chad khyed rang gi spyi bo nas thim pas 'jam dpal gyi sku dngos su gyur snyam pa gyis shig_/sku spyi bor bzhag la/_snying po bzla zhing spos rol bya/_de dag sku'i byin rlabs dang rjes gnang ngo*/__/de bzhin du mdun bskyed kyi lha'i mgrin pa nas sngags kyi phreng ba dmar ser rang sgra sgrog par byung*/_khyed rang gi mgrin par thim pas gsung gi dbang phyug tu gyur snyam pa gyis/_snying po bzla zhing spos rol bya/_de ni gsung gi byin rlabs dang rjes gnang ngo*/__/yang thugs ka nas ral gri d+hIHsa mtshan pa byung*/_khyed rang gi snying gar thim pas thugs kyi dbang phyug tu gyur snyam pa gyis/_ral gri snying gar bzhag la/_sngags dang spos rol bya/_de ni thugs kyi byin rlabs dang rjes gnang ngo*/_/phyag g.yon gyi pusti las 'od 'phros te lte bar thim pas yon tan gyi dbang phyug tu gyur snyam pa gyis/_mtshan brjod dang sgrub thabs kyi glegs bam gtad la/_snying po dang spos rol bya/_yon tan gyi byin rlabs dang rjes gnang ngo*/_/slob dpon dang mdun bskyed kyi yum dbyangs can ma yi gnas lnga las/_dbyangs can rigs lnga dpag tu med pa spros/_slob bu'i gnas lngar thim par mos/_sngags bzla bzhin ril bu zar bcug_/de ni phrin las kyi byin rlabasas dang rjes gnang ngo*/_/de nas bzlas lung ni/_slob dpon 'jam dpal du gsal ba'i thugs kar 'khor lo rtsibs bzhi'i lte bar ral gri'i yu bar d+hIHyig sngags phreng gis bskor ba las sngags phreng gnyis pa 'phros/_zhal nas thon/_khyed rang 'jam dpal du gsal ba'i zhal du zhugs/_thugs kar 'khor lo rtsibs bzhi pa'i lte bar ral gri'i yu bar d+hIHyig gis mtshan pa'i mthar 'khod par bsgoms la sngags 'di'i rjes zlos mdzod/_byas la sngags kyi rjes zlos lan gsum byar gzhug_/slob dpon la me tog 'thor bzhin du 'di'i rjes zlos/_bcom ldan bdag gis gzung lags kyis/_/bdag la 'go bar mdzad du gsol/_/lan gsum/_me tog de nyid sngags kyi phreng bar byin gyis brlabs nas spyi bor bcings par mos/_bcom ldan 'di la bstsal lags kyis/_/'di la 'go bar mdzad du gsol/_/zhes gsum gyis me tog spyi bor bzhag_/de dag gis bzlas pa'i lung byin pa yin pas nyi ma re re bzhin gzungs 'di bzla bar dam bca' dgos pa lags so/_de dag gis 'jam dpal shes rab blo 'phel gyi rjes gnang grub pa'i dgos pa yang*/_e ma/_'di nyid gzhan las khyad 'phags sgrub pa yin:_'di mthong reg dang thos dang dran pas kyang:_'jam dpal dngos dang zhag bdun mjal bar 'gyur:_skal ldan las can gcig dang 'phrad par shog:_ces bsngags pa'i tshul thugs la bcags pas 'phags pa 'jam dpal yi dam gyi lhar bzung zhing bsgrub par bgyi snyam pas dam tshig khas blang ba 'di yi rjes zlos mdzod/_gtso bos ji ltar sogs dang*/_maN+Dal/_yon 'bul/_dge bsngo bcas spyi ltar bya ba dang*/_bdag mdun gyi rjes chog kyang sngar ltar bya'o/__/'di'i sgo nas bogs 'byin ril bu sgrub na rgya gzhung las/_spang rgyan gla rtsi mtshal dkar gsum/_/yung ba tsan dan a ka ru/_/spang spos dbang lag shu dag gsum/_/shing mngar rgya skyegs a ru ra/_/dpa' bo bcu gnyis bsdus nas ni/_/zhib par btags la sbrang rtsi dang*/_/ba dmar 'o mas ril bur bya/_zhes gsungs pa ltar gyis dbang lag zho gsum/_tsan dan dang a kar zho re/_gzhan rnams zho phyed kyis mtshon ci 'os byas la ril bu'i steng 'og tu d+hIHhrIHsa mtshan ma gdab/_dbyibs kyang zhi bar zlum leb/_dbang la zla gam/_rgyas par gru bzhi bya zhing*/_rgyu skar rgyal/_khrum stod/_khrum smad/_nam gru/_gza' phur lhag zla ba pa sangs kyi dus su ril bu sbyar ba dang*/_'khor lo bri ba sgrub pa rnams bya gsungs/_'khor lo ni dar dmar ram ras la mtshal rgya skyegs gur gum/_gi waM bzhi sbyar bas pho 'khor rtsibs brgyad mu khyud gsum can gyi lte bar ral gri'i chang bzung la d+hIH_rtse mor hrIH_bar du rtsa sngags mthar/_bdag sgrub pa po so so'i ming dang shes rab skyed cig_/rtsibs brgyad rtse mor hrIHre/_rtsa bar d+hIHre bri/_rtsibs brgyad la/_oM hrIHd+hIH_ma me dI paM/_many+dzu shrI/_mUM hrIH_pradz+nyA/_war+d+ha ni/_hrIHd+hIH_swA hA/_de'i phyi mu khyud dang por A li bcu drug_/gnyis par kA li/_gsum par rten snying*/_bdag sgrub pa por shes rab phun sum tshogs pa skyed cig_/ces bri/_mo 'khor pad+ma 'dab brgyad la sngags bkod lugs pho 'khor ji lta ba la/_pho 'khor gyi rtsibs dang mu khyud kyi sngags thams cad yig mgo phyir bstan/_mo 'khor yig mgo nang bstan gyi khyad par yod/_bsdu na pho 'khor tsam gyis kyang rung gsungs/_gang ltar yang pad+ma 'dab brgyad steng mo 'khor bkod/_de steng ril bu bzhag la pho 'khor bkab/_yab yum gyi 'khor lo mgo phyogs gcig tu 'ong bar bya/_lcags sam tsan dan gyi ral gri sor bzhi pa la rtsa bar hrIH_rtse mor d+hIHbkod/_bar du rtsa sngags dang shong na 'dod gsol bcas snga ma ltar bris pa ril bu'i steng du btsugs/_/dar dmar ser gyi gdugs phub/_mchod pas bskor zhing mdun du 'bul gtor bshams/_spro na cha gsum btang*/_ril bu la sbyangs khrus rgyas bsdus gang 'os bya/_de nas sgrub pa la/_mdun bskyed skabs/_stong pa'i ngang las snod bcud dag pa'i zhing gi 'byor ba'i dbus su ril bu rnams pad zla'i steng la seng ge sogs/_yab dang 'khril sbyor zhes pa'i mtshams/_de'i rgyab tu sangs rgyas dang byang chub sems dpa'i tshogs ma lus pa til gyi gong bu bzhin du bzhugs pa/_yab yum gnyis kyi thugs ka sogs/_bzlas dmigs skabs/_longs spyod thun mong rnams bsdus te ril bu la thim zhing*/_paN+Di ta stong phrag gis mi thub pa'i shes rab dang spobs pa bskyed par bsam zhes bsgyur la/_rtsa sngags bzla/_thun mthar dbyangs gsal/_rten snying*/_gtor 'bul/_mchod bstod rgyas pa byas mthar/_mdun gyi lha rnams 'od du zhu nas ril bu'i rnam par gyur par bsams la/_dbyangs gsal rten snying dang su pra tiSh+Thas me tog 'thor/_bdag bskyed bsdu ldang dang dge bsngo shis brjod bcas bya/_de ltar zhag bdun sogs bsgrubs pas ril bu las 'od dang du ba sogs rtags 'byung bar gsungs/_dam tshig tu rdzun dang sha chang sgog pa zhe sdang drag po/_smre sngags sogs sems la gnod pa'i las dang*/_pho mo 'khrig pa rnams spang*/_sems can la snying rje bsgom/_rtags byung ba'am zhag grangs thems na/_sangs rgyas byang sems mdun bskyed 'jam dpal yab yum rnams ril bu la bstims/_ril bu 'khor los btums nas mgul du bcangs te nangs ma re re bzhin zos pas/_shes rab 'phel zhing bcud len du 'gyur ba sogs phan yon tshad med par gsungs so/__/'di dang rjes gnang dam pa'i lugs kyi smra seng las 'byung ba ltar bkod pa'o/__/zhes pa'ang sprul pa'i gter ston chen po'i rdo rje'i gdung brgyud du byon pa'i mkhyen rtogs dam pa'i ngang tshul rmad du byung ba'i rje mkhan chen many+dzu g+ho Sha dz+nyA na seng has lha rdzas kyi rten dang bcas bka' bstsal ba bzhin rigs mthun mkhas grub gong ma'i gsung gis brgyan te bklag chog tu bkra shis dpal 'byor mkhyen brtse'i 'od zer gyis thim phu bde chen rtse nas bris pa 'dis kyang mtha' klas pa'i yid can rgya mtsho ye shes mchog gi snang ba la 'dod dgur rtsen pa'i rgyur gyur cig/_//

Footnotes

Other Information