དབྱངས་ཅན་འཕགས་མའི་སྒྲུབ་ཐབས་ཡིད་ཀྱི་མུན་སེལ།

From Khyentse Lineage - A Tsadra Foundation Project
Revision as of 08:08, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dbyangs can 'phags ma'i sgrub thabs yid kyi mun sel DKR-KABUM-10-THA-033.pdf
Location dil mgo mkhyen brtse bka' 'bum
Volume 10, Text 33, Pages 159-161 (Folios 1a to 3b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dbyangs can 'phags ma'i sgrub thabs yid kyi mun sel. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 159-161. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Deity dbyangs can ma
Colophon

།ཚུལ་འདི་ཀུན་ཤེས་ཀུན་རིག་པའི། །བློ་གྲོས་རྩལ་མྱུར་དད་མོས་ཅན། །ཨོ་རྒྱན་གཞན་ཕན་གྱིས་བསྐུལ་བཞིན། །སྐྲ་དཀར་མིག་འབྲས་སྔོ་སྐྱ་ཡང༌། །ཁ་ནས་སྙན་ངག་སྨྲ་བ་ཡི། །སྔགས་པ་རྒན་པོ་མངྒ་ལ། །ཚངས་སྲས་བཞད་པའི་རྡོ་རྗེ་ཡིས། །ཁྲུམ་ཟླའི་དཀར་ཕྱོགས་ཚེས་བཅུ་རུ། །རྫོགས་པར་བྲིས་འདིས་འབྲེལ་ཚད་ཀུན། །ཆོས་རབ་རྣམ་དཔྱོད་བློ་གྲོས་ཀྱིས། །ཆོས་ཀུན་ཐོས་བསམ་སྒོམ་མཐར་ཕྱིན། །ཆོས་ཀྱི་སྙིང་པོ་བཤད་སྒྲུབ་ལས། །ཆོས་ཀྱི་རྒྱལ་མཚན་བསྒྲེང་གྱུར་ཅིག །དགེའོ།།

/tshul 'di kun shes kun rig pa'i/_/blo gros rtsal myur dad mos can/_/o rgyan gzhan phan gyis bskul bzhin/_/skra dkar mig 'bras sngo skya yang*/_/kha nas snyan ngag smra ba yi/_/sngags pa rgan po mang+ga la/_/tshangs sras bzhad pa'i rdo rje yis/_/khrum zla'i dkar phyogs tshes bcu ru/_/rdzogs par bris 'dis 'brel tshad kun/_/chos rab rnam dpyod blo gros kyis/_/chos kun thos bsam sgom mthar phyin/_/chos kyi snying po bshad sgrub las/_/chos kyi rgyal mtshan bsgreng gyur cig_/dge'o//

[edit]
༄༅། །དབྱངས་ཅན་འཕགས་མའི་སྒྲུབ་ཐབས་ཡིད་ཀྱི་མུན་སེལ་བཞུགས།།

༄༅། །ན་མོ། འཕགས་བཞིའི་འབྱུང་གནས་དབྱིངས་ཀྱི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་དངོས། །རྡོ་རྗེ་བཙུན་མོ་མཚོ་བྱུང་ལྷར། །ཡིད་ཆེས་དད་པས་སྐྱབས་སུ་མཆི། །འགྲོ་ཀུན་རྨོངས་པའི་སྒྲིབ་བཅོམ་ནས། །མཁྱེན་གཉིས་ཡེ་ཤེས་སྣང་བ་ཡིས། །སྲིད་ཞི་ལས་འདས་བྱང་ཆུབ་ཆེར། །འགོད་ཕྱིར་སྨོན་འཇུག་སེམས་བསྐྱེད་དོ། ཨ། སྣོད་བཅུད་བདེ་ཆེན་དག་པའི་ཞིང༌། །ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །མཆོད་པའི་ཕྱག་རྒྱ་ཆེན་པོ་ཡི། །འཁོར་ལོར་ལྷུན་གྱིས་གྲུབ་པར་གྱུར། །ཨོཾ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ། ཨ། སྣོད་བཅུད་དག་པའི་བཀོད་པ་ནི། །ཡིད་འོང་བདུད་རྩིའི་རོལ་མཚོའི་མཐའ། །ནེའུ་གསེང་མེ་ཏོག་རྩི་སྨན་རྒྱས། །རི་དྭགས་གླང་ཆེན་རྩེ་ཞིང་རྒྱུ། །མཚོ་རླབས་ཆོས་ཀྱི་སྒྲ་སྙན་སྒྲོགས། །ཆུ་བྱ་མགྲིན་སྙན་སྒྲོགས་ཤིང་འཕུར། །མཐར་བསྐོར་བྲག་རི་ནགས་ཚལ་ངོགས། །ལྷ་ཀླུ་དྲང་སྲོང་རིག་འཛིན་བཞུགས། །མཚོ་དབུས་པད་དཀར་འདབ་རྒྱས་པའི། །གེ་སར་དབུས་སུ་ཟླ་བས་སྒེག །སྟེང་དུ་ཧྲཱིཾཿདཀར་ཡོངས་གྱུར་ལས། །ཆོས་དབྱིངས་ཤེས་རབ་ཕར་ཕྱིན་ཡུམ། །རྣམ་པ་ཚངས་སྲས་ཟླ་བའི་ཞལ། །སྲིད་ཞིའི་དཔྱིད་ལས་འཁྲུངས་པའི་སྐུ། །ཆུ་ཤེལ་དཀྱིལ་འཁོར་མཁྱེན་བརྩེས་སྙེམས། །མཛེས་སྡུག་འཇོ་སྒེག་ཟིལ་མངར་ཅན། །བརྩེ་ཆེན་སྤྱན་ཟུང་ཟུར་མིག་དང༌། །བརྟན་གཡོའི་དབྱངས་བདུན་འབྱིན་པའི་ཞལ། །མཆུ་སྒྲོས་བིམ་པ་ཚེམས་དཀར་ཕྲེང༌། །མུ་ཏིག་དོག་པས་སྤ་བའི་ཚུལ། །ཕྱག་གཡོན་བཻཌཱུར་ཏམྦུ་ར། །གཡས་ཀྱི་སོར་མོའི་ཟློས་གར་གྱིས། །རྩེན་པས་ཡིད་འཕྲོག་དབྱངས་སྙན་པའི། །གླུ་ལ་ངོམས་པ་མེད་བཞིན་དུ། །རབ་འབྱམས་རྒྱལ་བའི་བདེ་སྟོང་ཐུགས། །འཕྲོག་ཕྱིར་ཙོག་པུའི་ཞབས་ཟུང་ཀྱང༌། །ལྷ་རྫས་དར་གྱི་ན་བཟའི་འོག །ཡིབ་ཀྱང་སོར་ཕྲེང་ཡིད་ཙམ་མངོན། །རིན་ཐང་གཞལ་མེད་ནོར་བུའི་རྒྱན། །མེ་ཏོག་དོ་ཤལ་དུ་མ་འཕྱང༌། །སྣ་ཚོགས་འོད་ཟེར་འབུམ་གྱི་དབུས། །སྟོན་ཟླའི་ཁེངས་པ་འཕྲོག་བཞིན་བཞུགས། །ཐོར་ཚུགས་ནོར་བུའི་འོད་ཟེར་ལས། །བདེ་གཤེགས་དབྱངས་ཅན་ཟླ་བ་འཆར། །ཞལ་སྒོ་པདྨའི་ཟེར་འཁྱུགས་རྩེར། །པདྨའི་དབྱངས་ཅན་སྙེམས་པས་འཁྱུགས། །ཐུགས་ཀར་འོ་འཛིན་མྱོས་བུམ་བར། །རྡོ་རྗེའི་དབྱངས་ཅན་མཐིང་སྔོན་འཁྱིལ། །སྐེད་སྐབས་རབ་ཕྲའི་དབུས་ལྟེ་བར། །རིན་ཆེན་དབྱངས་ཅན་བརྗིད་མཛེས་འཕྲོ། །གསང་བའི་ཆུ་སྐྱེས་བདེ་བའི་ཟིལ། །ལས་རབ་དབྱངས་ཅན་ལྗང་གུ་རྣམས། །ཕྱག་ན་རིན་ཆེན་པི་ཝཾ་བསྒྲེངས། །དར་དང་རིན་ཆེན་གཞོན་ནུ་མའི། །རྒྱན་འཕྱང་ཡིད་ཀྱི་བརྟན་པ་འཕྲོག །ལྷ་ཀླུ་དྲི་ཟ་གྲུལ་བུམ་དང༌། །མིའམ་ཅི་ཡི་བུ་མོ་འབུམ། །གླུ་གར་རོལ་མོ་གླིང་བུ་བསྒྱུར། །ཀུན་ཀྱང་རྗེ་བཙུན་མཚོ་བྱུང་ལྷའི། །ཡེ་ཤེས་སྒྱུ་འཕྲུལ་བཀོད་པའོ། །ཐུགས་སྲོག་ཙིཏྟ་ཆུ་སྐྱེས་ཁ། །གྱེན་བསྟན་ཨོཾ་ལས་འོད་ཀྱི་ཟེར། །འཕྲོས་པ་ཤངས་བུག་གཡས་ནས་ཐོན། །ལྷོ་ཕྱོགས་རིག་འཛིན་དགའ་ཚལ་ནས། །འཕགས་མའི་ཤངས་བུག་གཡོན་ནས་ཞུགས། །ཐུགས་ཀའི་ཡེ་ཤེས་སེམས་དཔའི་བཅུད། །དབྱངས་ཅན་འཁོར་ལོའི་རྣམ་པར་ནི། །ཤངས་གཡས་ནས་བྱོན་དམ་ཚིག་སེམས། །ཤངས་གཡོན་ནས་ཞུགས་ཐུགས་ཀར་བཞུགས། །འཁོར་ལོ་འདབ་བརྒྱད་ལྟེ་བར་ཧྲཱིཿ །མཐའ་བསྐོར་དབྱངས་ཡིག་གིས་མཚན་པར། །འོད་ཀྱིས་སྲིད་ཞིའི་དྭངས་བཅུད་དང༌། །ཁྱད་པར་ཤེས་རབ་ཡེ་ཤེས་དཔལ། །ཀུན་ཀྱང་བསྡུས་ནས་རང་ལ་ཐིམ། །ཧྲཱིཾཿལས་བྱུང་བའི་འོད་ཟེར་གྱིས། །ལུས་གང་མི་ཤེས་མུན་པ་བསལ། །གཟུངས་སྤོབས་དྲན་དང་བློ་གྲོས་སོགས། །མཁྱེན་གཉིས་སྣང་བ་རབ་རྒྱས་གྱུར། །ཧྲཱིཾཿཞེས་ཐུགས་སྲོག་འབྲུ་གཅིག་བཟླ། །སྤྲོ་ན་དབྱངས་ཅན་རིགས་ལྔའི་གཟུངས། །བཟླ་ཞིང་ཤེར་ཕྱིན་སྡུད་པ་བཀླག །གྲུབ་པ་མཆོག་གི་རྡོ་རྗེའི་གསུང༌། །འཕགས་མའི་བསྟོད་པ་གང་འདོད་བྱ། །དད་དང་མོས་པས་ཡིད་ཆེས་ཀྱིས། །གསོལ་བཏབ་ཤེས་རབ་དཔལ་ཐོབ་འགྱུར། །ཡེ་ཤེས་སེམས་དཔའ་དབྱིངས་སུ་གཤེགས། །དམ་ཚིག་མི་དམིགས་ངང་བཞག་ནས། །དགེ་བསྔོ་ཤིས་བརྗོད་དང་བཅས་བྱ། །ཐུན་མཚམས་བར་ཆད་བསལ་བའི་ཕྱིར། །གཤིན་རྗེ་མི་གཡོའི་བསྙེན་པ་དང༌། །ནོར་རྒྱུན་ལྷ་མོར་གཏོར་འབུལ་བྱ། །ཚུལ་འདི་ཀུན་ཤེས་ཀུན་རིག་པའི། །བློ་གྲོས་རྩལ་མྱུར་དད་མོས་ཅན། །ཨོ་རྒྱན་གཞན་ཕན་གྱིས་བསྐུལ་བཞིན། །སྐྲ་དཀར་མིག་འབྲས་སྔོ་སྐྱ་ཡང༌། །ཁ་ནས་སྙན་ངག་སྨྲ་བ་ཡི། །སྔགས་པ་རྒན་པོ་མངྒ་ལ། །ཚངས་སྲས་བཞད་པའི་རྡོ་རྗེ་ཡིས། །ཁྲུམ་ཟླའི་དཀར་ཕྱོགས་ཚེས་བཅུ་རུ། །རྫོགས་པར་བྲིས་འདིས་འབྲེལ་ཚད་ཀུན། །ཆོས་རབ་རྣམ་དཔྱོད་བློ་གྲོས་ཀྱིས། །ཆོས་ཀུན་ཐོས་བསམ་སྒོམ་མཐར་ཕྱིན། །ཆོས་ཀྱི་སྙིང་པོ་བཤད་སྒྲུབ་ལས། །ཆོས་ཀྱི་རྒྱལ་མཚན་བསྒྲེང་གྱུར་ཅིག །དགེའོ།། །།
[edit]

@#/_/dbyangs can 'phags ma'i sgrub thabs yid kyi mun sel bzhugs// na mo/_'phags bzhi'i 'byung gnas dbyings kyi yum/_/shes rab pha rol phyin ma dngos/_/rdo rje btsun mo mtsho byung lhar/_/yid ches dad pas skyabs su mchi/_/'gro kun rmongs pa'i sgrib bcom nas/_/mkhyen gnyis ye shes snang ba yis/_/srid zhi las 'das byang chub cher/_/'god phyir smon 'jug sems bskyed do/_a/_snod bcud bde chen dag pa'i zhing*/_/kun bzang sgyu 'phrul drwa ba'i sprin/_/mchod pa'i phyag rgya chen po yi/_/'khor lor lhun gyis grub par gyur/_/oM sarba ma hA pU dza AHhU~M/_a/_snod bcud dag pa'i bkod pa ni/_/yid 'ong bdud rtsi'i rol mtsho'i mtha'/_/ne'u gseng me tog rtsi sman rgyas/_/ri dwags glang chen rtse zhing rgyu/_/mtsho rlabs chos kyi sgra snyan sgrogs/_/chu bya mgrin snyan sgrogs shing 'phur/_/mthar bskor brag ri nags tshal ngogs/_/lha klu drang srong rig 'dzin bzhugs/_/mtsho dbus pad dkar 'dab rgyas pa'i/_/ge sar dbus su zla bas sgeg_/steng du hrIMHdkar yongs gyur las/_/chos dbyings shes rab phar phyin yum/_/rnam pa tshangs sras zla ba'i zhal/_/srid zhi'i dpyid las 'khrungs pa'i sku/_/chu shel dkyil 'khor mkhyen brtses snyems/_/mdzes sdug 'jo sgeg zil mngar can/_/brtse chen spyan zung zur mig dang*/_/brtan g.yo'i dbyangs bdun 'byin pa'i zhal/_/mchu sgros bim pa tshems dkar phreng*/_/mu tig dog pas spa ba'i tshul/_/phyag g.yon baiDUr tam+bu ra/_/g.yas kyi sor mo'i zlos gar gyis/_/rtsen pas yid 'phrog dbyangs snyan pa'i/_/glu la ngoms pa med bzhin du/_/rab 'byams rgyal ba'i bde stong thugs/_/'phrog phyir tsog pu'i zhabs zung kyang*/_/lha rdzas dar gyi na bza'i 'og_/yib kyang sor phreng yid tsam mngon/_/rin thang gzhal med nor bu'i rgyan/_/me tog do shal du ma 'phyang*/_/sna tshogs 'od zer 'bum gyi dbus/_/ston zla'i khengs pa 'phrog bzhin bzhugs/_/thor tshugs nor bu'i 'od zer las/_/bde gshegs dbyangs can zla ba 'char/_/zhal sgo pad+ma'i zer 'khyugs rtser/_/pad+ma'i dbyangs can snyems pas 'khyugs/_/thugs kar 'o 'dzin myos bum bar/_/rdo rje'i dbyangs can mthing sngon 'khyil/_/sked skabs rab phra'i dbus lte bar/_/rin chen dbyangs can brjid mdzes 'phro/_/gsang ba'i chu skyes bde ba'i zil/_/las rab dbyangs can ljang gu rnams/_/phyag na rin chen pi waM bsgrengs/_/dar dang rin chen gzhon nu ma'i/_/rgyan 'phyang yid kyi brtan pa 'phrog_/lha klu dri za grul bum dang*/_/mi'am ci yi bu mo 'bum/_/glu gar rol mo gling bu bsgyur/_/kun kyang rje btsun mtsho byung lha'i/_/ye shes sgyu 'phrul bkod pa'o/_/thugs srog tsit+ta chu skyes kha/_/gyen bstan oM las 'od kyi zer/_/'phros pa shangs bug g.yas nas thon/_/lho phyogs rig 'dzin dga' tshal nas/_/'phags ma'i shangs bug g.yon nas zhugs/_/thugs ka'i ye shes sems dpa'i bcud/_/dbyangs can 'khor lo'i rnam par ni/_/shangs g.yas nas byon dam tshig sems/_/shangs g.yon nas zhugs thugs kar bzhugs/_/'khor lo 'dab brgyad lte bar hrIH_/mtha' bskor dbyangs yig gis mtshan par/_/'od kyis srid zhi'i dwangs bcud dang*/_/khyad par shes rab ye shes dpal/_/kun kyang bsdus nas rang la thim/_/hrIMHlas byung ba'i 'od zer gyis/_/lus gang mi shes mun pa bsal/_/gzungs spobs dran dang blo gros sogs/_/mkhyen gnyis snang ba rab rgyas gyur/_/hrIMHzhes thugs srog 'bru gcig bzla/_/spro na dbyangs can rigs lnga'i gzungs/_/bzla zhing sher phyin sdud pa bklag_/grub pa mchog gi rdo rje'i gsung*/_/'phags ma'i bstod pa gang 'dod bya/_/dad dang mos pas yid ches kyis/_/gsol btab shes rab dpal thob 'gyur/_/ye shes sems dpa' dbyings su gshegs/_/dam tshig mi dmigs ngang bzhag nas/_/dge bsngo shis brjod dang bcas bya/_/thun mtshams bar chad bsal ba'i phyir/_/gshin rje mi g.yo'i bsnyen pa dang*/_/nor rgyun lha mor gtor 'bul bya/_/tshul 'di kun shes kun rig pa'i/_/blo gros rtsal myur dad mos can/_/o rgyan gzhan phan gyis bskul bzhin/_/skra dkar mig 'bras sngo skya yang*/_/kha nas snyan ngag smra ba yi/_/sngags pa rgan po mang+ga la/_/tshangs sras bzhad pa'i rdo rje yis/_/khrum zla'i dkar phyogs tshes bcu ru/_/rdzogs par bris 'dis 'brel tshad kun/_/chos rab rnam dpyod blo gros kyis/_/chos kun thos bsam sgom mthar phyin/_/chos kyi snying po bshad sgrub las/_/chos kyi rgyal mtshan bsgreng gyur cig_/dge'o//__//

Footnotes

Other Information