ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། ལུས་ཀྱི་མཆོད་སྦྱིན།

From Khyentse Lineage - A Tsadra Foundation Project
Revision as of 09:07, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-09-TA-037
Wylie title thugs sgrub zhal gdams snying byang las/ lus kyi mchod sbyin DKR-KABUM-09-TA-037.pdf
Location dil mgo mkhyen brtse bka' 'bum
Volume 9, Text 37, Pages 278 (Folios 1a1 to 1b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Thugs sgrub zhal gdams snying byang las lus kyi mchod sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 278. Delhi: Shechen Publications, 1994.
Genre Severance Texts - gcod gzhung
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity khros ma nag mo
Colophon

ཅེས་སྔོན་རྗེས་ངག་འདོན་དིལ་མཁྱེན་མངྒ་ལས་བསྡེབས་པའོ།།

ces sngon rjes ngag 'don dil mkhyen mang+ga las bsdebs pa'o//

[edit]
ཐུགས་སྒྲུབ་ཞལ་གདམས་སྙིང་བྱང་ལས། ལུས་ཀྱི་མཆོད་སྦྱིན་བཞུགས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །ལུས་ཀྱི་མཆོད་སྦྱིན་བསྒོམ་པར་བགྱི། །ལུས་སྦྱིན་དངོས་ནི། ཕཊ྄༔ རང་སེམས་མ་བཅོས་ཁྲོས་མ་ནག༔ ཚངས་པའི་ལམ་ནས་རྒྱངས་ཀྱིས་ཐོན༔ འོད་གསལ་དབྱིངས་ཀྱི་ནམ་མཁའ་ལ༔ རིག་པ་རང་སྣང་ཕྱག་རྒྱར་ཤར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔ རང་ལུས་ཕུང་པོ་དུམ་བུར་གཏུབ༔ སྟོང་གསུམ་དང་མཉམ་ཐོད་པའི་ནང༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ རླངས་པ་འདོད་ཡོན་ལྔ་ལྡན་པའི༔ མཆོད་སྤྲིན་མཁའ་དང་མཉམ་པར་སྤེལ༔ ཟག་མེད་བདེ་བ་ཆེན་པོའི་རྫས༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཕཊ྄༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ གདོད་ནས་རྣམ་གྲོལ་ཕྱག་རྒྱ་ཆེ༔ འོད་གསལ་སྒྱུ་མའི་རོལ་པ་ལས༔ སྲིད་ཞི་ཅིར་ཡང་སྣང་བའི་མགྲོན༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ༔ འགྲོ་འོང་མེད་པའི་དགོངས་པར་བརྡལ༔ ཐམས་ཅད་རོ་མཉམ་ཆེན་པོའི་ངང༔ དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ བགེགས་རིགས་ལན་ཆགས་ཚིམས་ཕྱིར་སྦྱིན༔ རིགས་དྲུག་སྙིང་རྗེའི་ཚོགས་ལ་བསྔོ༔ ཟག་མེད་བདུད་རྩིའི་མཆོད་སྦྱིན་གྱིས༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བསོད་ནམས་ཚོགས་ཆེན་ལྷུན་གྱིས་གྲུབ༔ ཡེ་ཤེས་འོད་གསལ་རྩོལ་མེད་ཤར༔ འཁོར་གསུམ་མཚན་མ་ལས་འདས་པའི༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཕཊ྄༔ ཅེས་བརྗོད་ལ་དམིགས་མེད་ངང་དུ་བཞག་གོ །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག ། ཅེས་སྔོན་རྗེས་ངག་འདོན་དིལ་མཁྱེན་མངྒ་ལས་བསྡེབས་པའོ།།

Footnotes

Other Information