ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་དམར་མོའི་གསང་སྒྲུབ་ཡིད་བཞིན་འཕྲུལ་མཛོད་ཀྱི་དབང་ཆོག་བདེ་ཆེན་དཔལ་འཛིན༔

From Khyentse Lineage - A Tsadra Foundation Project
Revision as of 09:04, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-08-NYA-036
Wylie title yang zab bde chen dpal mo'i thugs kyi me long las: dbyangs can dmar mo'i gsang sgrub yid bzhin 'phrul mdzod kyi dbang chog bde chen dpal 'dzin: DKR-KABUM-08-NYA-036.pdf
Location dil mgo mkhyen brtse bka' 'bum
Volume 8, Text 36, Pages 282-283 (Folios 1a1 to 2a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dbyangs can dmar mo'i gsang sgrub yid bzhin 'phrul mdzod kyi dbang chog bde chen dpal 'dzin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 282-283. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can dmar mo
Colophon

ཞེས་པའང་གྲུབ་དབང་ནམ་མཁའི་དབང་དཔེ་རྒྱུན་མ་རྙེད་པས་གསར་སྤྲོས་སུ་རྩ་གསུམ་བླ་མའི་བྱིན་རླབས་ལས་གང་ཤར་གར་དབང་མདོ་སྔགས་གླིང་པས་གསར་སྤྲོས་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ། དགེའོ།། །།

zhes pa'ang grub dbang nam mkha'i dbang dpe rgyun ma rnyed pas gsar spros su rtsa gsum bla ma'i byin rlabs las gang shar gar dbang mdo sngags gling pas gsar spros bgyis pa dge legs 'phel/_mang+ga laM/_dge'o//_//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃཿ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་དམར་མོའི་གསང་སྒྲུབ་ཡིད་བཞིན་འཕྲུལ་མཛོད་ཀྱི་དབང་ཆོག་བདེ་ཆེན་དཔལ་འཛིན་བཞུགས༔ ༁ྃ༔ བདེ་སྟོང་དོན་གྱི་དབྱངས་ཅན་ལྷར༔ བཏུད་ནས་དེ་ཡི་དབང་སྦྱིན་ནི༔ དཀྱིལ་འཁོར་བཀོད་ལེགས་མཛེས་པའི་སྟེང༔ བུམ་པ་ཐོད་པ་བཅུད་ལྡན་སྟེང༔ སིནྡྷཱུའི་མེ་ལོང་ཤེལ་རྡོ་བརྩེགས༔ སྐུ་སྔགས་ཕྱག་མཚན་པི་ཝང་དང༔ དར་དང་ཐིག་ལེ་རྒྱན་བཅས་བཤམས༔ ཕྱི་ནང་མཆོད་བཤམས་བདག་མདུན་གྱི༔ གཞུང་བསྲངས་བསྙེན་སྒྲུབ་བུམ་བཟླས་བྱ༔ མཆོད་བསྟོད་འོད་ཞུ་བདག་འཇུག་བླངས༔ སློབ་མ་ཁྲུས་དབྱུང་ལོ་རྒྱུས་དང༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཀྱེ་ཧོ༔ ཐུགས་རྗེའི་གཏེར་ཆེན་བླ་མ་དང༔ དབྱེར་མེད་རྒྱལ་ཡུམ་དབྱངས་ཅན་མར༔ རྩེ་གཅིག་གུས་པས་གསོལ་འདེབས་ན༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ༔ སྐྱབས་སེམས་རྒྱུད་སྦྱངས་སྡོམ་པ་བཟུང༔ ལྷར་བསྐྱེད་བྱིན་དབབ་བརྟན་པར་བྱ༔ དང་པོ་བུམ་པའི་དབང་སྦྱིན་པ༔ ཧཱུྃ༔ རིན་ཆེན་བུམ་པ་བཅུད་དང་ལྡན༔ དབྱིངས་རིག་ཡེ་ཤེས་བདུད་རྩི་དཔལ༔ ཤེས་རབ་དཔལ་མོའི་བྱིན་རླབས་ཀྱིས༔ དབང་སྐུར་རྡོ་རྗེའི་དབྱིངས་གྲོལ་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ༔ རྒྱལ་ཀུན་ཡུམ་ཆེན་དབྱངས་ཅན་གྱིས༔ ཡེ་ཤེས་སྐུ་ཡི་བྱིན་བརླབས་པས༔ མཁའ་ཁྱབ་ནམ་མཁའི་སྐུ་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་སྒྲ༔ རྡོ་རྗེ་དབྱངས་ཀྱི་ཡན་ལག་རྫོགས༔ མི་ཤིག་སྔགས་ཀྱི་མཛོད་གཏད་པས༔ དངོས་གྲུབ་སྤྱོད་ལ་དབང་ཐོབ་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ སྟོང་ཉིད་ཆོས་ཀྱི་རྡོ་རྗེའི་སྒྲ༔ སྙིང་རྗེའི་དབྱངས་ཀྱི་ཡན་ལག་རྫོགས༔ མཁའ་ཁྱབ་འགྲོ་ལ་སྙོམས་བརྡལ་བའི༔ བདེ་ཆེན་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཾཿ ནང་དུ་ཟག་མེད་ཡོན་ཏན་གསལ༔ མཚོན་བྱེད་དོན་དང་རིན་ཆེན་གྱི༔ རྒྱན་དང་ཆས་ཀྱི་མངའ་གསོལ་བས༔ བྲལ་སྨིན་དཔལ་དང་ལྡན་པར་ཤོག༔ ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ཧོཿ ཧཱུྃ༔ དགའ་བ་ཆེན་པོ་འཇམ་པའི་དཔལ༔ ཆགས་པ་ཆེན་པོའི་དབྱངས་ཀྱི་རྒྱལ༔ བདེ་བ་ཆེན་པོའི་རྗེས་ཆགས་པའི༔ གསང་བ་ཆེན་པོའི་དབང་བསྐུར་རོ༔ གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ སྟོང་པའི་དབྱིངས་ལ་བདེ་བ་ཤར༔ ངོས་གཟུང་བྲལ་བའི་ཡེ་ཤེས་ལ༔ རྟག་ཏུ་མཉམ་སྦྱོར་ཕོ་ཉའི་ལམ༔ རྡོ་རྗེ་གསང་བའི་དབང་སྦྱིན་ནོ༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་ལ༔ གདོད་ནས་འཁྲུལ་པ་མེད་པར་བཞུགས༔ རང་ངོ་ཤེས་པའི་དོན་རྟོགས་ན༔ ངེས་པ་དོན་གྱི་དབྱངས་ཅན་ནོ༔ དྷརྨ་དྷཱ་ཏུ་ཧོ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ འདི་ཉིད་ལམ་གྱི་སྣོད་རུང་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་གྲུབ་དབང་ནམ་མཁའི་དབང་དཔེ་རྒྱུན་མ་རྙེད་པས་གསར་སྤྲོས་སུ་རྩ་གསུམ་བླ་མའི་བྱིན་རླབས་ལས་གང་ཤར་གར་དབང་མདོ་སྔགས་གླིང་པས་གསར་སྤྲོས་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ། དགེའོ།། །།

Footnotes

Other Information