DKR-KABUM-18-TSHA-026

From Khyentse Lineage - A Tsadra Foundation Project
Revision as of 10:46, 19 December 2022 by Mort (talk | contribs)

ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམ་སྒྲ།
Wylie title zab gsang pad+ma'i yang tig las/ bla ma drag po'i bskang ba me dbal bzhad pa'i rngam sgra DKR-KABUM-18-TSHA-026.pdf
Location dil mgo mkhyen brtse bka' 'bum
Volume 18, Text 26, Pages 171-173 (Folios 1a1 to 3a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. Zab gsang pad+ma'i yang tig las bla ma drag po'i bskang ba me dbal bzhad pa'i rngam sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 171-173. Delhi: Shechen Publications, 1994.
Genre Mending Rituals - bskang chog
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity pad+ma drag po
Recension Link Other Versions on this site: ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམས་སྒྲ།
Colophon

།ཅེས་པའང་ཁྱབ་བདག་ཀུན་མཁྱེནྃ་བླ་མའི་ཐུན་མིན་རྗེས་བརྩེྃའི་ཡེ་ཤེས་ཀྱི་གཟིགས་པས་ཐུགས་གཏེར་ཟབ་མོའི་སྨིན་གྲོལ་གྱི་སྐལ་བཟང་དད་མོས་དབྃང་པོྃའི་རྒྱན་དུ་ཐོབ་པའི་སྐབས་དད་སྤྲོའི་གདུང་ཤུགས་ཀྱིས་བླ་མ་རང་རིག་ཏུ་རྟོགས་པའི་རྣལ་འབྱོར་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་ཤར་ཕྱོགས་ཌཱ་ཀི་འདུ་བའི་སྨན་ལྗོངས་བཀྲ་ཤིས་ལྷ་མོའི་བླ་མཚོའི་དགའ་ཚལ་ནས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་སརྦ་ཨརྠ་སིདྡྷི་ཧཱུྃ། སརྦ་མངྒ་ལཾ། དགེའོ།།

/ces pa'ang khyab bdag kun mkhyena~M bla ma'i thun min rjes brtse~M'i ye shes kyi gzigs pas thugs gter zab mo'i smin grol gyi skal bzang dad mos dba~Mng po~M'i rgyan du thob pa'i skabs dad spro'i gdung shugs kyis bla ma rang rig tu rtogs pa'i rnal 'byor pa rang byung 'od gsal thugs mchog rdo rje'i shar phyogs DA ki 'du ba'i sman ljongs bkra shis lha mo'i bla mtsho'i dga' tshal nas gang shar shugs 'byung du smras pa sarba ar+tha sid+d+hi hU~M/_sarba mang+ga laM/_dge'o//

[edit]
༄༅། །ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བསྐང་བ་མེ་དབལ་བཞད་པའི་རྔམ་སྒྲ་ཞེས་བྱ་བ་བཞུགས། །

༄༅། །ཧཱུྃ་ཧྲཱིཿ གདོད་ནས་དག་པའི་བདེ་ཆེན་བྱང་ཆུབ་སེམས། །སྒྱུ་འཕྲུལ་ཉམས་བརྒྱས་སྒེག་པའི་དུས་མེའི་མདངས། །གདུག་པའི་ལོག་འདྲེན་འཇོམས་པའི་མཐུ་བོ་ཆེ། །ཡེ་ཤེས་ཁྲོས་པའི་ཤུགས་ཀྱིས་དབྱིངས་ནས་བཞེངས། །ཁྱོད་ནི་སྲིད་ཞི་ཀུན་ཁྱབ་དབྱིངས་ཀྱི་ཀློང༌། །རྟོགས་ན་རང་རིག་གདོད་མའི་གནས་ལུགས་ཏེ། །མ་རྟོགས་འཁྲུལ་པས་བསྒྲིབས་པའི་དྲི་བསལ་ཕྱིར། །རྩེ་གཅིག་ཐུགས་དམ་བསྐུལ་ལ་མ་གཡེལ་སྤྱོན། །སྣང་བ་རྣམ་དག་ཀློང་ལྔ་བཙུན་མོའི་མཁར། །སྲིད་པ་བདེ་ཆེན་ཀུན་བཟང་མཆོད་པའི་སྤྲིན། །སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་རོལ་མོའི་དཔྱིད། །མི་ཟད་ནམ་མཁའ་མཛོད་དུ་འཆར་བ་འདིས། །དགོངས་ཀློང་དབྱེར་མེད་ཀུན་བཟང་རིགས་མཆོག་ལྔ། །རྟོགས་གྲོལ་དུས་མཉམ་བརྡ་བརྒྱུད་རིག་པ་འཛིན། །ཐུགས་རྗེས་གདུལ་བྱ་འདུལ་ཕྱིར་སྙན་བརྒྱུད་ཀྱི། །བཀའ་བབ་པདྨ་ཐོད་ཕྲེང་རྗེ་འབངས་གྲོགས། །སྨོན་ལམ་ལས་སད་རང་བྱུང་པདྨ་གླིང༌། །སྙན་ནས་བརྒྱུད་པ་བླ་མའི་ཐུགས་དམ་བསྐང༌། །རྨད་བྱུང་བྱིན་རླབས་བདུད་རྩིའི་དབང་མཆོག་སྩོལ། །རང་བྱུང་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ། །དྷཱུ་ཏིའི་པད་སྣོད་ཐིག་རླུང་དཔྱིད་དུ་ཞུ། །བཅུ་དྲུག་དགའ་བའི་ཟེགས་མའི་སྤྲིན་ཕུང་འཕྲོ། །ཟག་པའི་སྡུག་བསྔལ་སེལ་བྱེད་ཨ་མྲྀ་ཏ། །རྒྱུད་དྲུག་རྩད་གཅོད་རཀྟའི་རྦ་ཀློང་འཁྲུགས། །གཉིས་མེད་གཏོར་མའི་ལྷུན་པོ་བརྩེགས་པ་འདིས། །གཏུམ་ཆེན་རབ་འབར་གདུག་པ་དབྱིངས་སྒྲོལ་ཕྱིར། །སངས་རྒྱས་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་གཟུགས། །དཀྱིལ་འཁོར་དབང་ཕྱུག་པདྨ་དྲག་པོ་ཆེ། །ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ཁམས་གསུམ་ཡོངས་སྒྲོལ་ཕྲིན་ལས་གྲུབ་པ་སྩོལ། །སྐྱེ་འགག་གནས་མེད་ཆོས་དབྱིངས་ཡུམ་གྱི་མཁར། །མི་ཕྱེད་ཐབས་ཀྱི་རྡོ་རྗེའི་མཚོན་ཆེན་པོས། །དུག་གསུམ་རུ་ཏྲ་སྒྲོལ་བའི་བརྟུལ་ཞུགས་ཀྱིས། །ཁམས་གསུམ་བདེ་ཆེན་སྦྱོར་བའི་མཆོད་པ་ཆེ། །ཕུང་ཁམས་ཡེ་ཤེས་ཤར་བའི་རིགས་ཀྱི་གཙོ། །དུག་ལྔའི་གདོན་འཇོམས་རྡོ་རྗེ་སྲིན་པོའི་གཟུགས། །དཔལ་ཆེན་ཁྲོ་རྒྱལ་རིགས་ལྔའི་ཐུགས་དམ་བསྐང༌། །གསང་བ་མི་ཟད་རྒྱན་གྱི་དངོས་གྲུབ་སྩོལ། །ཟང་ཐལ་གཉུག་མའི་དབྱིངས་ཀྱི་རྒྱན་བཀོད་པའི། །ལྷུན་གྲུབ་དྲུག་ལྡན་སྒྲོན་མའི་མཆོད་པ་བརྡལ། །རིག་པ་སྐུར་སྨིན་ལྷ་ཚོགས་མཉེས་པའི་རྫས། །རྣམ་བཞིའི་སྣང་བའི་འོད་གསལ་ཆེན་པོ་འདིས། །འཕོ་མེད་གཞི་དབྱིངས་ཀ་ནས་དག་པའི་གདངས། །གཞི་སྣང་ཡེ་ཤེས་འཕྲུལ་གྱི་ལང་ཚོའི་དཔལ། །ཁྱད་པར་དྲུག་ལྡན་འཁོར་འདས་སྤྲོ་བསྡུའི་བདག །དབྱིངས་ཕྱུག་བདེ་ཆེན་དགྱེས་མའི་ཌཱ་ཀི་མ། །འབུམ་ཕྲག་ཡངས་པ་ཆེན་པོའི་ཐུགས་དམ་བསྐང༌། །རྨད་བྱུང་རྩོལ་མེད་ཕྲིན་ལས་གྲུབ་པར་མཛོད། །ཀུན་འབྱུང་འཁྲུལ་པ་གཞི་མེད་ཆོས་ཉིད་ཀློང༌། །གདོད་ནས་དག་པའི་མཚོན་ཆས་སྣང་གསུམ་སྒྲིབ། །དབྱིངས་སུ་བཅོམ་པའི་འོད་ཟེར་ཆེན་པོའི་དབང༌། །རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་བྱེད་ལས་ཀྱིས། །བདེ་གསལ་མི་རྟོག་འབར་བའི་ཡེ་ཤེས་མཚོན། །སྟོང་ཉིད་སྲོག་ཏུ་ཞུགས་པས་དུག་གསུམ་རྒྱུད། །གཅོད་བྱེད་ཤུགས་སྒྲོལ་མཚོན་ཆ་རྔམས་པ་ཡིས། །བསྟན་པ་སྲུང་ཞིང་དམ་ཉམས་རྩད་གཅོད་པ། །རྡོ་རྗེའི་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང༌། །རྣམ་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཆོས་ཀུན་ཀ་དག་གཉིས་མེད་མཉམ་པའི་ཀློང༌། །རིག་རྩལ་ཐུགས་རྗེ་ཁྲོས་པའི་ཡེ་ཤེས་སྐུ། །དབང་དྲག་འབར་བ་པདྨ་ཧེ་རུ་ཀའི། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་གཉན་པོ་བསྐང༌། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས་ཤིང་སྡོམ། །འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང་བ་དང༌། །ཆབས་ཅིག་ཚངས་པ་དོན་གྱི་དངོས་གྲུབ་སྩོལ། །གཉིས་འཛིན་གློ་བུར་རྟོག་པའི་ཉེར་ལེན་གྱི། །རང་གཟུགས་དུག་གསུམ་རྒྱལ་བསེན་དམ་སྲིའི་དཔུང༌། །འབར་བའི་ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་བའི། །ཐབས་ཀྱིས་སྒྲོལ་བས་གནོད་གདུག་བཟློག་ཅིང་བསྒྱུར། །འགལ་རྐྱེན་བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །གདུག་པ་མཐར་གཅོད་གདུལ་དཀའ་རྗེས་འཛིན་པའི། །དབང་དང་དྲག་པོའི་ལས་ཀུན་ཚར་ཕྱིན་མཛོད། །ནད་གདོན་བྱད་ཕུར་སྲུང་བའི་རྫོང་ཆེན་བརྟན། །མི་མཐུན་གནོད་པ་མཐུ་སྟོབས་སེར་བས་བཟློག །ནག་པོའི་རྩ་ལག་སྔགས་ཀྱི་མཚོན་ཆས་བསྒྲལ། །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད། །བདག་རྟོག་གློ་བུར་འཁྲུལ་པའི་རུ་ཏྲའི་སྡེ། །གཉིས་མེད་ཡེ་ཤེས་ཕྱག་རྒྱས་བསྒྲལ་བ་ལས། །འཁོར་འདས་སྤྱི་དཔལ་པདྨ་ཧེ་རུ་ཀའི། །མི་ཕྱེད་རྡོ་རྗེའི་གོ་འཕང་མངོན་གྱུར་མཛོད། །ཅེས་པའང་ཁྱབ་བདག་ཀུན་མཁྱེནྃ་བླ་མའི་ཐུན་མིན་རྗེས་བརྩེྃའི་ཡེ་ཤེས་ཀྱི་གཟིགས་པས་ཐུགས་གཏེར་ཟབ་མོའི་སྨིན་གྲོལ་གྱི་སྐལ་བཟང་དད་མོས་དབྃང་པོྃའི་རྒྱན་དུ་ཐོབ་པའི་སྐབས་དད་སྤྲོའི་གདུང་ཤུགས་ཀྱིས་བླ་མ་རང་རིག་ཏུ་རྟོགས་པའི་རྣལ་འབྱོར་པ་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེའི་ཤར་ཕྱོགས་ཌཱ་ཀི་འདུ་བའི་སྨན་ལྗོངས་བཀྲ་ཤིས་ལྷ་མོའི་བླ་མཚོའི་དགའ་ཚལ་ནས་གང་ཤར་ཤུགས་འབྱུང་དུ་སྨྲས་པ་སརྦ་ཨརྠ་སིདྡྷི་ཧཱུྃ། སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/zab gsang pad+ma'i yang tig las/_bla ma drag po'i bskang ba me dbal bzhad pa'i rngam sgra zhes bya ba bzhugs/_/ @#/__/hU~M hrIH_gdod nas dag pa'i bde chen byang chub sems/_/sgyu 'phrul nyams brgyas sgeg pa'i dus me'i mdangs/_/gdug pa'i log 'dren 'joms pa'i mthu bo che/_/ye shes khros pa'i shugs kyis dbyings nas bzhengs/_/khyod ni srid zhi kun khyab dbyings kyi klong*/_/rtogs na rang rig gdod ma'i gnas lugs te/_/ma rtogs 'khrul pas bsgribs pa'i dri bsal phyir/_/rtse gcig thugs dam bskul la ma g.yel spyon/_/snang ba rnam dag klong lnga btsun mo'i mkhar/_/srid pa bde chen kun bzang mchod pa'i sprin/_/sgyu 'phrul rdo rje bkod pa'i rol mo'i dpyid/_/mi zad nam mkha' mdzod du 'char ba 'dis/_/dgongs klong dbyer med kun bzang rigs mchog lnga/_/rtogs grol dus mnyam brda brgyud rig pa 'dzin/_/thugs rjes gdul bya 'dul phyir snyan brgyud kyi/_/bka' bab pad+ma thod phreng rje 'bangs grogs/_/smon lam las sad rang byung pad+ma gling*/_/snyan nas brgyud pa bla ma'i thugs dam bskang*/_/rmad byung byin rlabs bdud rtsi'i dbang mchog stsol/_/rang byung rdo rje phung po'i grong khyer du/_/d+hU ti'i pad snod thig rlung dpyid du zhu/_/bcu drug dga' ba'i zegs ma'i sprin phung 'phro/_/zag pa'i sdug bsngal sel byed a mr-i ta/_/rgyud drug rtsad gcod rak+ta'i rba klong 'khrugs/_/gnyis med gtor ma'i lhun po brtsegs pa 'dis/_/gtum chen rab 'bar gdug pa dbyings sgrol phyir/_/sangs rgyas kun gyi mkhyen brtse'i ye shes gzugs/_/dkyil 'khor dbang phyug pad+ma drag po che/_/yab yum 'khor dang bcas pa'i thugs dam bskang*/_/khams gsum yongs sgrol phrin las grub pa stsol/_/skye 'gag gnas med chos dbyings yum gyi mkhar/_/mi phyed thabs kyi rdo rje'i mtshon chen pos/_/dug gsum ru tra sgrol ba'i brtul zhugs kyis/_/khams gsum bde chen sbyor ba'i mchod pa che/_/phung khams ye shes shar ba'i rigs kyi gtso/_/dug lnga'i gdon 'joms rdo rje srin po'i gzugs/_/dpal chen khro rgyal rigs lnga'i thugs dam bskang*/_/gsang ba mi zad rgyan gyi dngos grub stsol/_/zang thal gnyug ma'i dbyings kyi rgyan bkod pa'i/_/lhun grub drug ldan sgron ma'i mchod pa brdal/_/rig pa skur smin lha tshogs mnyes pa'i rdzas/_/rnam bzhi'i snang ba'i 'od gsal chen po 'dis/_/'pho med gzhi dbyings ka nas dag pa'i gdangs/_/gzhi snang ye shes 'phrul gyi lang tsho'i dpal/_/khyad par drug ldan 'khor 'das spro bsdu'i bdag_/dbyings phyug bde chen dgyes ma'i DA ki ma/_/'bum phrag yangs pa chen po'i thugs dam bskang*/_/rmad byung rtsol med phrin las grub par mdzod/_/kun 'byung 'khrul pa gzhi med chos nyid klong*/_/gdod nas dag pa'i mtshon chas snang gsum sgrib/_/dbyings su bcom pa'i 'od zer chen po'i dbang*/_/rgyal thabs spyi blugs rdzogs pa'i byed las kyis/_/bde gsal mi rtog 'bar ba'i ye shes mtshon/_/stong nyid srog tu zhugs pas dug gsum rgyud/_/gcod byed shugs sgrol mtshon cha rngams pa yis/_/bstan pa srung zhing dam nyams rtsad gcod pa/_/rdo rje'i chos srung rgya mtsho'i thugs dam bskang*/_/rnam bzhi'i phrin las lhun gyis grub par mdzod/_/chos kun ka dag gnyis med mnyam pa'i klong*/_/rig rtsal thugs rje khros pa'i ye shes sku/_/dbang drag 'bar ba pad+ma he ru ka'i/_/dkyil 'khor lha tshogs thugs dam gnyan po bskang*/_/sku gsung thugs dang rtsa ba yan lag gi_/dam tshig nyams chag nyes ltung bshags shing sdom/_/'gal 'khrul nongs pa dbyings su bskang ba dang*/_/chabs cig tshangs pa don gyi dngos grub stsol/_/gnyis 'dzin glo bur rtog pa'i nyer len gyi/_/rang gzugs dug gsum rgyal bsen dam sri'i dpung*/_/'bar ba'i ye shes rdo rje rtse brgya ba'i/_/thabs kyis sgrol bas gnod gdug bzlog cing bsgyur/_/'gal rkyen bar chad bdud bzhi'i g.yul las rgyal/_/tshe bsod dpal 'byor lung rtogs yon tan rgyas/_/gdug pa mthar gcod gdul dka' rjes 'dzin pa'i/_/dbang dang drag po'i las kun tshar phyin mdzod/_/nad gdon byad phur srung ba'i rdzong chen brtan/_/mi mthun gnod pa mthu stobs ser bas bzlog_/nag po'i rtsa lag sngags kyi mtshon chas bsgral/_/don gnyis lhun grub phyogs las rnam rgyal mdzod/_/bdag rtog glo bur 'khrul pa'i ru tra'i sde/_/gnyis med ye shes phyag rgyas bsgral ba las/_/'khor 'das spyi dpal pad+ma he ru ka'i/_/mi phyed rdo rje'i go 'phang mngon gyur mdzod/_/ces pa'ang khyab bdag kun mkhyena~M bla ma'i thun min rjes brtse~M'i ye shes kyi gzigs pas thugs gter zab mo'i smin grol gyi skal bzang dad mos dba~Mng po~M'i rgyan du thob pa'i skabs dad spro'i gdung shugs kyis bla ma rang rig tu rtogs pa'i rnal 'byor pa rang byung 'od gsal thugs mchog rdo rje'i shar phyogs DA ki 'du ba'i sman ljongs bkra shis lha mo'i bla mtsho'i dga' tshal nas gang shar shugs 'byung du smras pa sarba ar+tha sid+d+hi hU~M/_sarba mang+ga laM/_dge'o//__//

Footnotes

Other Information