DKR-KABUM-10-THA-059

From Khyentse Lineage - A Tsadra Foundation Project
Revision as of 14:22, 30 November 2022 by Mort (talk | contribs)

གཏོར་བསྔོས་རིག་འཛིན་དགའ་སྟོན་རྒྱས་པར་བཏང་ཚུལ་རྩ་གསུམ་དགྱེས་པའི་རོལ་མོ།
Wylie title gtor bsngos rig 'dzin dga' ston rgyas par btang tshul rtsa gsum dgyes pa'i rol mo DKR-KABUM-10-THA-059.pdf
Location dil mgo mkhyen brtse bka' 'bum
Volume 10, Text 59, Pages 329-332 (Folios 1a to 4b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Gtor bsngos rig 'dzin dga' ston rgyas par btang tshul rtsa gsum dgyes pa'i rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 329-332. Delhi: Shechen Publications, 1994.
Genre Dedications - bsngo ba  ·  Protector Rituals - gsol mchod  ·  Torma-offering Rituals - gtor chog
Colophon

།ཞེས་པའང་ཉེར་མཁོའི་ཆེད་མངྒ་ལས་སོ།།

/zhes pa'ang nyer mkho'i ched mang+ga las so//

[edit]
༄༅། གཏོར་བསྔོས་རིག་འཛིན་དགའ་སྟོན་རྒྱས་པར་བཏང་ཚུལ་རྩ་གསུམ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

འཇམ་མགོན་བླ་མ་གུ་ཎ་སཱ་རའི་རྡོ་རྗེའི་གསུང་གཏོར་བསྔོས་རིག་འཛིན་དགའ་སྟོན་ལ་བསྐང་བཤགས་མདོར་བསྡུས་སྦྱར་བར་སྤྲོ་ན། མཆོད་གཏོར་བྱིན་རླབས་ནས་བརྩམས་སྤྱན་འདྲེན་གཏོར་འབུལ། རྣལ་འབྱོར་བསམ་པ་འགྲུབ་པའི་སྡོང་གྲོགས་མཛོད། ཅེས་པའི་བར་གཞུང་མཐར་ཆགས་སུ་བཏང་རྗེས། ཐོག་མར་བསྐང་རྫས་བྱིན་རླབས་ནི། རྃ་ཡྃ་ཁྃ། སྐོང་བའི་གནས་མཆོག་འོག་མིན་གསང་ཆེན་ཞིང༌། །རྟེན་གྱི་རྫས་རྣམས་དམ་ཚིག་ལོངས་སྤྱོད་ཆེ། ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་མཆོད་པའི་སྤྲིན། །མགྲོན་རིགས་དགྱེས་པ་བསྐང་བའི་ནུས་ལྡན་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལན་གསུམ་གྱིས་བྱིན་རླབས། བཛྲ་སྥ་ར་ཎ་ཁྃ། གིས་མཁའ་ཁྱབ་ཏུ་སྤེལ། ཧཱུྃ་ཧྲཱིཿ འོད་གསལ་དབྱིངས་ལས་ཡེ་ཤེས་སྒྱུ་མའི་འཕྲུལ། །སྣོད་བཅུད་རྣམ་དག་འོག་མིན་སྟུག་པོ་བཀོད། །ཕུན་ཚོགས་དཔལ་ཀུན་ཡིད་བཞིན་འཆར་བའི་ཞིང༌། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་རུ། །ངོ་བོ་བདེ་ཆེན་ཡེ་ཤེས་གཅིག་གི་འཕྲུལ། །རྣམ་པ་མཆོད་བསྐང་རྟེན་སྒྲུབ་དགྱེས་པའི་རྫས། །ས་གསུམ་ལོངས་སྤྱོད་དཔལ་འབྱོར་བསམ་མི་ཁྱབ། །གཉིས་མེད་མཉམ་པའི་ཆོ་འཕྲུལ་རྨད་བྱུང་བ། །ཡིད་བཞིན་ལྷུན་གྲུབ་ཀུན་བཟང་མཆོད་པའི་མཆོག །མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན་ཆེན་པོ། །རྡོ་རྗེའི་ཉེར་སྤྱོད་སྲིད་ཞིའི་དཔལ་ཡོན་དང༌། །རྣམ་དག་དམ་ཚིག་དད་པའི་མཆོད་སྤྲིན་ཆེས། །རིག་འཛིན་རྩ་བ་བརྒྱུད་པའི་བླ་མའི་ཚོགས། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང༌། །སྐུ་གསུམ་ཐོད་ཕྲེང་རིགས་ལྔ་མཚན་བརྒྱད་སོགས། །ཡེ་ཤེས་བཀོད་པའི་རོལ་མོ་བསམ་ཡས་དང༌། །བརྒྱུད་པ་དྲུག་ལྡན་སྔ་འགྱུར་བཀའ་གཏེར་ཆོས། །བཀའ་གདམས་གསར་རྙིང་ལམ་འབྲས་ས་ངོར་ཚར། །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཤངས་པ་དང༌། །དུས་ཀྱི་འཁོར་ལོ་སྦྱོར་བ་ཡན་ལག་དྲུག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཁྲིད་ཕྲན་སོགས། །གངས་ཅན་བཤད་བཀའ་བཅུ་དང་སྒྲུབ་བརྒྱུད་བརྒྱད། །རིས་མེད་མཁས་གྲུབ་རྒྱ་མཚོའི་ཐུགས་དམ་བསྐང༌། །སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོ་ཡིས། །མངོན་སུམ་བྱིན་རླབས་སྨིན་གྲོལ་དབང་བསྐུར་སྩོལ། །ཕྱི་ནང་གསང་བ་བླ་མེད་དེ་ཁོ་ནའི། །མཆོད་པའི་སྤྲིན་ཕུང་ཟག་མེད་བདུད་རྩིའི་བཅུད། །ཐུགས་དམ་བཞེད་དགུ་ཅིར་ཡང་འཆར་བ་འདིས། །བྱ་རྒྱུད་རིགས་དྲུག་སྤྱོད་དང་རྣལ་འབྱོར་རྒྱུད། །བླ་མེད་བདེ་གཤེགས་སྒྱུ་འཕྲུལ་ཞི་དང་ཁྲོ། །མཉམ་སྦྱོར་ལ་སོགས་ཏནྟྲ་སྡེ་བཅོ་བརྒྱད། །ཚོགས་ཆེན་འདུས་པ་ཐེག་རིམ་དགུ་ཡི་ལྷ། །སྒྲུབ་པ་བཀའ་བརྒྱད་བཀའ་འདུས་ཆོས་རྒྱ་མཚོ། །དཀྱིལ་འཁོར་ཉེར་གཅིག་བླ་མ་དགོངས་པ་འདུས། །གུ་རུ་དྲག་པོ་དམར་མཐིང་རིགས་ལྔ་སོགས། །བདེ་དགྱེས་གསང་གསུམ་འཇིགས་བྱེད་དུས་འཁོར་ལོ། །གདན་བཞི་སྒྲོལ་མ་རྣལ་འབྱོར་སྤྱན་རས་གཟིགས། །ཕ་མ་གཉིས་མེད་རྒྱུད་སྡེ་རབ་འབྱམས་ཚོགས། །ཡེ་ཤེས་རོལ་པ་ཆེན་པོའི་ཐུགས་དམ་བསྐང༌། །ཟག་མེད་བདེ་ཆེན་དབྱིངས་སུ་རྟག་དགྱེས་པས། །ཐུན་མོང་མཆོག་གི་དངོས་གྲུབ་ཆར་དུ་བསྙིལ། །ཕུང་ཁམས་བདེ་སྟོང་དྭངས་མའི་དཔྱིད་སྨིན་པའི། །སྨན་གཏོར་རཀྟ་ཚོགས་ཀྱི་འཁོར་ལོའི་བཅུད། །རིགས་ལྔའི་དམ་ཚིག་རྫས་ཀྱི་མཆོད་པ་ཆེའི། །གདོད་ནས་གྲུབ་པའི་གནས་ཡུལ་དུར་ཁྲོད་ཀྱི། །ཞིང་སྔགས་ལྷན་སྐྱེས་དཔའ་བོ་རྣལ་འབྱོར་མ། །དབྱིངས་ཡུམ་ཀུན་ཏུ་བཟང་མོ་རིགས་ལྔའི་ཡུམ། །གསང་བ་ཡེ་ཤེས་ཕག་ཁྲོས་སེང་གསུམ་དང༌། །དབྱིངས་ཕྱུག་རྣམ་དགུ་རིགས་བྱེད་གདུགས་དཀར་མོ། །འོད་ཟེར་ཅན་དང་སྒྲོལ་མ་གྲུབ་པའི་རྒྱལ། །གུ་རུའི་ཐུགས་ཀྱི་དགྱེས་སྡེ་ལྔ་ལ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་མཁའ་འགྲོ་དང༌། །དམ་ཚིག་ཤ་ཟ་འབུམ་ཕྲག་ཡངས་པའི་མ། །རབ་འབྱམས་དཔའ་བོ་ཌཱ་ཀིའི་ཐུགས་དམ་བསྐང༌། །ལས་བཞི་གྲུབ་བརྒྱད་ཕན་བདེའི་ཕྲིན་ལས་ཀྱིས། །དོན་གཉིས་འདོད་དགུ་ལྷུན་གྱིས་གྲུབ་པར་མཛོད། །གསང་བ་རྡོ་རྗེའི་ཏན་གན་སྤྱོད་པའི་དཔལ། །མཆོད་བསྐང་རྟེན་སྒྲུབ་དམ་ཚིག་འོས་པའི་རྫས། །ནམ་མཁའ་བར་སྣང་ས་གཞིའི་ཁྱོན་བརྡལ་བས། །རྒྱལ་བའི་བསྟན་སྲུང་ལེགས་ལྡན་ལྗང་སྔོན་དྲག །སྟག་ཞོན་ཕྱག་དྲུག་གྲི་གུག་བིང་བེར་ནག །ཕོ་རྒྱུད་རྡོ་རྗེ་སྲིན་པོ་ཧེ་རུ་ཀ །ཨེ་ཀ་ཛ་ཊི་སྔགས་བདག་རང་བྱུང་རྒྱལ། །རེ་ཏི་མཆེད་བཞི་དུད་སོལ་དམག་ཟོར་སོགས། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་མོ་རྒྱུད་ཚོགས། །དཔལ་མགོན་མ་ནིང་སྡེ་དཔོན་སྔགས་བདག་སོགས། །གཉིས་སུ་མེད་པ་སྣང་སྲིད་དྲེགས་པའི་སྡེ། །ཐུགས་དང་མཐུན་པའི་བཞེད་དགུའི་བསྐང་རྫས་ཀྱིས། །གསང་གསུམ་ཁྱབ་འབུལ་ཅི་བཅོལ་ཕྲིན་ལས་མཛོད། །ཕུན་ཚོགས་སྲིད་ཞིའི་དཔལ་འབྱོར་ནམ་མཁའ་མཛོད། །འདོད་དགུ་ལྷུན་གྱིས་གྲུབ་པའི་ཡོ་བྱད་ཀྱིས། །རྣམ་སྲས་ཛཾ་ལྷ་ཡབ་ཡུམ་ཚོགས་ཀྱི་བདག །རྡོ་རྗེ་བདུད་འདུལ་ལྷ་ཀླུ་གཉན་ཆེན་རིགས། །རིན་ཆེན་གཏེར་འཆང་གནོད་སྦྱིན་ནོར་ལྷའི་ཚོགས། །ཐུགས་དམ་དགྱེས་བསྐང་ཚེ་བསོད་དཔལ་འབྱོར་སྤེལ། །གཙང་སྦྱར་དཀར་དམར་ཕུད་གཏོར་གསེར་སྐྱེམས་སྤེལ། །དཀར་ཕྱོགས་ལྷ་སྲུང་མཉེས་བྱེད་མཆོད་ཚོགས་ཀྱིས། །གཟའ་དང་རྒྱུ་སྐར་ཕྱོགས་སྐྱོངས་ཀླུ་ས་བདག །དཔལ་མགོན་བདུན་ཅུ་ལོ་ཟླ་ཞག་དུས་ལྷ། །བརྟན་སྐྱོང་ཡ་མ་མགུལ་ལྷ་དགེ་བསྙེན་ཆེ། །གཉན་ཆེན་སྡེ་བཞི་སིང་ཆེན་ཝེར་མའི་རྗེ། །དགྲ་བླ་དཔལ་ཐུལ་དྭངས་སྨན་འགོ་བའི་ལྷ། །གནས་ཆེན་སྲུང་མ་ཡུལ་འདིའི་ཟོ་དོར་སོགས། །དཀར་ཕྱོགས་གཏེར་སྲུང་གཞི་ཡི་བདག་པ་སོགས། །འཇིག་རྟེན་སྐྱོང་བ་འཁོར་བཅས་ཐུགས་དམ་བསྐང༌། །སྣོད་བཅུད་རྒུད་ཞི་ལས་ཀྱི་སྡོང་གྲོགས་མཛོད། །མཆོད་སྦྱིན་མགྲོན་ཀུན་དགྱེས་མཉེས་དཔལ་དམ་པས། །ཉམས་ཆགས་ཉེས་ལྟུང་འགལ་འཁྲུལ་ཐམས་ཅད་བཤགས། །ནོངས་པ་སོར་ཆུད་དག་ཅིང་ཚངས་པ་ཡིས། །དངོས་གྲུབ་རྣམ་གཉིས་འབད་མེད་ཐོབ་པར་མཛོད། །སངས་རྒྱས་བསྟན་དར་བསྟན་འཛིན་འཕེལ་ཞིང་རྒྱས། །དུས་ཀྱི་རྒུད་ཞི་མཐོ་རིས་ཡོན་ཏན་དར། །རྣམ་དཀར་བསམ་སྦྱོར་འཕེལ་རྒྱས་བརྟན་པ་ཡིས། །དགེ་ལེགས་བཀྲ་ཤིས་རྟག་ཏུ་འབར་གྱུར་ཅིག །མཆོད་གཏོར་འབུལ་བར་སྤྲོ་ན་སྨིན་ལུགས་དམ་ཅན་སྤྱི་གཏོར་ལྟར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་སོགས་གཏོར་འགུགས་ནས། གཏོར་མ་བྱིན་རླབས། སྔགས་འབུལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་སོགས་ནས། བྱང་ཆུབ་བར་དུ་སྲུང་ཞིང་སྐྱོབས་པར་མཛོད། གཏོར་མ་ཕུལ་མཐར། དམིགས་བསལ་དྲག་བསྐུལ་བཟློག་བསྒྱུར་དང་བཅས་དགོས་ན། ཧྲཱིཿ གདོད་ནས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང་སོགས་རྒྱལ་དབང་བཅོ་ལྔ་པའི་གསུང་གི་འདོད་གསོལ་མཐར་ཡེ་ཤེས་དབྱིངས་ལས་མཐུ་སྟོབས་རྩལ་སྤྲུགས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །འགལ་རྐྱེན་ནད་གདོན་བར་ཆད་བྱད་ཕུར་དང༌། །མི་མཐུན་གནོད་པའི་ཚོགས་རྣམས་ཐམས་ཅད་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ། །རྟག་ཏུ་མི་འབྲལ་སྲུང་ཞིང་སྐྱོབས་པ་དང༌། །དགྲ་བགེགས་དམ་སྲི་བསྒྲལ་བའི་ཕྲིན་ལས་མཛོད། །ཅེས་སྦྱར་མཐར། དངོས་འབྱོར་ཡིད་སྤྲུལ་མཆོད་པས་སྤྲིན་རྒྱ་མཚོའི། །རྩ་གསུམ་ལྷ་ཚོགས་དགྱེས་པའི་དཔལ་བསྐྱེད་ཅིང༌། །མགྲོན་རིགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན་སོགས་བསྟོད་པ་ནས་བརྩམས་རྗེས་རིམ་མཐར་དབྱུང་བས་གྲུབ་པའོ། །ཞེས་པའང་ཉེར་མཁོའི་ཆེད་མངྒ་ལས་སོ།། །།
[edit]

@#/_gtor bsngos rig 'dzin dga' ston rgyas par btang tshul rtsa gsum dgyes pa'i rol mo zhes bya ba bzhugs so// 'jam mgon bla ma gu Na sA ra'i rdo rje'i gsung gtor bsngos rig 'dzin dga' ston la bskang bshags mdor bsdus sbyar bar spro na/_mchod gtor byin rlabs nas brtsams spyan 'dren gtor 'bul/_rnal 'byor bsam pa 'grub pa'i sdong grogs mdzod/_ces pa'i bar gzhung mthar chags su btang rjes/_thog mar bskang rdzas byin rlabs ni/_ra~M ya~M kha~M/_skong ba'i gnas mchog 'og min gsang chen zhing*/_/rten gyi rdzas rnams dam tshig longs spyod che/_kun bzang sgyu 'phrul drwa ba'i mchod pa'i sprin/_/mgron rigs dgyes pa bskang ba'i nus ldan gyur/_/nam mkha' mdzod kyi sngags rgyas lan gsum gyis byin rlabs/_badz+ra s+pha ra Na kha~M/_gis mkha' khyab tu spel/_hU~M hrIH_'od gsal dbyings las ye shes sgyu ma'i 'phrul/_/snod bcud rnam dag 'og min stug po bkod/_/phun tshogs dpal kun yid bzhin 'char ba'i zhing*/_/rgya khyon chos kyi dbyings dang mnyam pa ru/_/ngo bo bde chen ye shes gcig gi 'phrul/_/rnam pa mchod bskang rten sgrub dgyes pa'i rdzas/_/sa gsum longs spyod dpal 'byor bsam mi khyab/_/gnyis med mnyam pa'i cho 'phrul rmad byung ba/_/yid bzhin lhun grub kun bzang mchod pa'i mchog_/mi zad nam mkha' mdzod kyi sprin chen po/_/rdo rje'i nyer spyod srid zhi'i dpal yon dang*/_/rnam dag dam tshig dad pa'i mchod sprin ches/_/rig 'dzin rtsa ba brgyud pa'i bla ma'i tshogs/_/rtsa gsum rgya mtsho'i khyab bdag pad+ma 'byung*/_/sku gsum thod phreng rigs lnga mtshan brgyad sogs/_/ye shes bkod pa'i rol mo bsam yas dang*/_/brgyud pa drug ldan snga 'gyur bka' gter chos/_/bka' gdams gsar rnying lam 'bras sa ngor tshar/_/bka' brgyud che bzhi chung brgyad shangs pa dang*/_/dus kyi 'khor lo sbyor ba yan lag drug_/rdo rje gsum gyi bsnyen sgrub khrid phran sogs/_/gangs can bshad bka' bcu dang sgrub brgyud brgyad/_/ris med mkhas grub rgya mtsho'i thugs dam bskang*/_/sku gsung thugs kyi gsang ba zab mo yis/_/mngon sum byin rlabs smin grol dbang bskur stsol/_/phyi nang gsang ba bla med de kho na'i/_/mchod pa'i sprin phung zag med bdud rtsi'i bcud/_/thugs dam bzhed dgu cir yang 'char ba 'dis/_/bya rgyud rigs drug spyod dang rnal 'byor rgyud/_/bla med bde gshegs sgyu 'phrul zhi dang khro/_/mnyam sbyor la sogs tan+t+ra sde bco brgyad/_/tshogs chen 'dus pa theg rim dgu yi lha/_/sgrub pa bka' brgyad bka' 'dus chos rgya mtsho/_/dkyil 'khor nyer gcig bla ma dgongs pa 'dus/_/gu ru drag po dmar mthing rigs lnga sogs/_/bde dgyes gsang gsum 'jigs byed dus 'khor lo/_/gdan bzhi sgrol ma rnal 'byor spyan ras gzigs/_/pha ma gnyis med rgyud sde rab 'byams tshogs/_/ye shes rol pa chen po'i thugs dam bskang*/_/zag med bde chen dbyings su rtag dgyes pas/_/thun mong mchog gi dngos grub char du bsnyil/_/phung khams bde stong dwangs ma'i dpyid smin pa'i/_/sman gtor rak+ta tshogs kyi 'khor lo'i bcud/_/rigs lnga'i dam tshig rdzas kyi mchod pa che'i/_/gdod nas grub pa'i gnas yul dur khrod kyi/_/zhing sngags lhan skyes dpa' bo rnal 'byor ma/_/dbyings yum kun tu bzang mo rigs lnga'i yum/_/gsang ba ye shes phag khros seng gsum dang*/_/dbyings phyug rnam dgu rigs byed gdugs dkar mo/_/'od zer can dang sgrol ma grub pa'i rgyal/_/gu ru'i thugs kyi dgyes sde lnga la sogs/_/ye shes las dang 'jig rten mkha' 'gro dang*/_/dam tshig sha za 'bum phrag yangs pa'i ma/_/rab 'byams dpa' bo DA ki'i thugs dam bskang*/_/las bzhi grub brgyad phan bde'i phrin las kyis/_/don gnyis 'dod dgu lhun gyis grub par mdzod/_/gsang ba rdo rje'i tan gan spyod pa'i dpal/_/mchod bskang rten sgrub dam tshig 'os pa'i rdzas/_/nam mkha' bar snang sa gzhi'i khyon brdal bas/_/rgyal ba'i bstan srung legs ldan ljang sngon drag_/stag zhon phyag drug gri gug bing ber nag_/pho rgyud rdo rje srin po he ru ka_/e ka dza Ti sngags bdag rang byung rgyal/_/re ti mched bzhi dud sol dmag zor sogs/_/shes rab dbyings kyi phyag rgya mo rgyud tshogs/_/dpal mgon ma ning sde dpon sngags bdag sogs/_/gnyis su med pa snang srid dregs pa'i sde/_/thugs dang mthun pa'i bzhed dgu'i bskang rdzas kyis/_/gsang gsum khyab 'bul ci bcol phrin las mdzod/_/phun tshogs srid zhi'i dpal 'byor nam mkha' mdzod/_/'dod dgu lhun gyis grub pa'i yo byad kyis/_/rnam sras dzaM lha yab yum tshogs kyi bdag_/rdo rje bdud 'dul lha klu gnyan chen rigs/_/rin chen gter 'chang gnod sbyin nor lha'i tshogs/_/thugs dam dgyes bskang tshe bsod dpal 'byor spel/_/gtsang sbyar dkar dmar phud gtor gser skyems spel/_/dkar phyogs lha srung mnyes byed mchod tshogs kyis/_/gza' dang rgyu skar phyogs skyongs klu sa bdag_/dpal mgon bdun cu lo zla zhag dus lha/_/brtan skyong ya ma mgul lha dge bsnyen che/_/gnyan chen sde bzhi sing chen wer ma'i rje/_/dgra bla dpal thul dwangs sman 'go ba'i lha/_/gnas chen srung ma yul 'di'i zo dor sogs/_/dkar phyogs gter srung gzhi yi bdag pa sogs/_/'jig rten skyong ba 'khor bcas thugs dam bskang*/_/snod bcud rgud zhi las kyi sdong grogs mdzod/_/mchod sbyin mgron kun dgyes mnyes dpal dam pas/_/nyams chags nyes ltung 'gal 'khrul thams cad bshags/_/nongs pa sor chud dag cing tshangs pa yis/_/dngos grub rnam gnyis 'bad med thob par mdzod/_/sangs rgyas bstan dar bstan 'dzin 'phel zhing rgyas/_/dus kyi rgud zhi mtho ris yon tan dar/_/rnam dkar bsam sbyor 'phel rgyas brtan pa yis/_/dge legs bkra shis rtag tu 'bar gyur cig_/mchod gtor 'bul bar spro na smin lugs dam can spyi gtor ltar/_na mo/_rig 'dzin rtsa brgyud kyi dpal ldan bla ma sogs gtor 'gugs nas/_gtor ma byin rlabs/_sngags 'bul/_hU~M/_chos kyi dbyings nas 'bar ba'i skur bzhengs sogs nas/_byang chub bar du srung zhing skyobs par mdzod/_gtor ma phul mthar/_dmigs bsal drag bskul bzlog bsgyur dang bcas dgos na/_hrIH_gdod nas chos nyid zhi las ma g.yos kyang sogs rgyal dbang bco lnga pa'i gsung gi 'dod gsol mthar ye shes dbyings las mthu stobs rtsal sprugs la/_bdag cag dpon slob yon mchod 'khor bcas la/_/'gal rkyen nad gdon bar chad byad phur dang*/_/mi mthun gnod pa'i tshogs rnams thams cad kun/_/bzlog cing bsgyur ba'i phrin las dus la bab/_/rtag tu mi 'bral srung zhing skyobs pa dang*/_/dgra bgegs dam sri bsgral ba'i phrin las mdzod/_/ces sbyar mthar/_dngos 'byor yid sprul mchod pas sprin rgya mtsho'i/_/rtsa gsum lha tshogs dgyes pa'i dpal bskyed cing*/_/mgron rigs kun gyi sku gsung thugs yon tan sogs bstod pa nas brtsams rjes rim mthar dbyung bas grub pa'o/__/zhes pa'ang nyer mkho'i ched mang+ga las so//_//

Footnotes

Other Information