JKCL-KABUM-09-TA-003

From Khyentse Lineage - A Tsadra Foundation Project
Revision as of 17:09, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-09-TA-003.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ta"., Text 3, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "TA" is not a number.

1 Texts in this Section (sde tshan or chos tshan)

"TA" is not a number.

[edit]
༄༅། །སྣང་བ་སེམས་སུ་སྒྲུབ་པའི་སྐབས་ལས་དྲི་བའི་ལན་བྱིས་པའི་མཚར་རྩེད་བཞུགས། ། ཨོཾ་སྭསྟི། རྨོངས་པའི་དྲྭ་བ་མ་ལུས་གཅོད་མཛད་ཅིང་། །ཡེ་ཤེས་སྣང་བ་རྒྱས་བའི་གཟི་བྱིན་གྱིས། །བདག་བློའི་པདྨོ་རྣམ་པར་རྒྱས་མཛད་པ། །ལྷ་མཆོག་འཇམ་པའི་དབྱངས་ལ་གུས་བཏུད་ནས། །བློ་ལྡན་རྣམ་པར་གསར་པའི་དྲི་ཚིགས་ལན། །ཉུང་ངུའི་ངག་གིས་ཅུང་ཟད་འབུལ་བར་སྤྲོ། །ངག་གི་དབང་པོས་སྣང་དང་སྣང་ཡུལ་ཕྱེ། །ས་སྐྱ་པ་དག་སོ་སོར་མི་དབྱེ་བར། །སྣང་བ་སེམས་སུ་འདོད་པ་གཉིས་པོ་ལ། །ལེགས་པར་བརྟགས་ན་དགོངས་པ་འགལ་མེད་གོ །གནས་དོན་ལུས་ཀྱི་བག་ཆགས་གསུམ་པོ་ལས། །ཁམས་གསུམ་སྣང་བ་འཆར་ལས་གཞན་མིན་དང་། །ཕྱི་དོན་ཡོད་པར་ཀློང་ཆེན་རབ་འབྱམས་ཀྱང་། །མི་བཞེད་ཆོས་ཀྱི་རྒྱལ་པོ་ས་སྐྱ་པས། །སྣ་ཚོགས་སྣང་བ་བག་ཆགས་ཀྱིས་བསླད་པའི། །སེམས་ཀྱི་ཆོ་འཕྲུལ་རྨི་ལམ་སྣང་བ་བཞིན། །སྣང་ཡང་སྣ་ཚོགས་དེ་དག་སེམས་དང་ནི། །ངོ་བོ་གཅིག་དང་རྫས་གཅིག་ཡིན་ནོ་ཞེས། །བཞེད་པ་གོང་མའི་གསུང་རབ་གང་ནའང་མེད། །དེ་སྐད་དུ་ཡང་རྗེ་བཙུན་རིན་པོ་ཆེས། །དང་པོ་དངོས་ཀུན་སེམས་སུ་སྒྲུབ་བྱ་སྟེ། །སེམས་དེ་ངོ་བོ་ཉིད་མིན་སྒྱུ་མ་སྟེ། །རྨི་ལམ་ཆུ་ཟླ་རྩུབ་པའི་མེ་བཞིན་དུ། །སྣ་ཚོགས་རྐྱེན་རྣམས་ཚོགས་ནས་སྣང་བ་ཙམ། །འདི་ཡི་སེམས་ཀྱི་རང་བཞིན་གང་ཡིན་སྨོས། །སྒྱུ་མ་ཞེས་བྱ་ངོ་བོ་ཉིད་ཀྱང་ནི། །འདི་ན་མེད་ཅིང་རྟེན་ཅིང་འབྲེལ་འབྱུང་ཉིད། །ཅེས་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས། །ཆོས་ཀྱི་ཕྱི་ནང་དངོས་ཀུན་རང་གི་སེམས། །རྐྱེན་གྱི་བག་ཆགས་བརྟས་པས་སྣང་བར་ལྟ། །སེམས་ནི་གང་དུའང་མ་གྲུབ་ཅིར་ཡང་སྣང་། །དེ་དེར་སྣང་ཡང་མི་བདེན་སྒྱུ་མ་འདྲ། །ཞེས་སོགས་མཁས་གྲུབ་རྣམས་ཀྱིས་མགྲིན་གཅིག་གསུང་། །དངོས་ཀུན་སེམས་སྣང་གཏན་འབེབ་སེམས་ཙམ་དང་། །མཐུན་ཞིང་དེ་ཉིད་སྒྱུ་དང་སྟོང་བརྗོད་བྲལ། །གཏན་ལ་དབབ་པས་ཆེས་ཆེར་ཁྱད་པར་འཕགས། །སྣང་བ་སེམས་སུ་སྒྲུབ་པའི་འཐད་པ་ཡང་། །དཔེ་ཡི་རྣམ་གྲངས་དང་བཅས་གཏན་ལ་དབབ། །ཇི་ལྟར་རྨི་ལམ་ནང་གི་སྣང་བ་དང་། །སྣང་ཡུལ་ཇི་བཞིན་ད་ལྟའི་འདིར་ཡང་ངེས། །སེམས་སྣང་དེ་དག་སྒྱུ་མར་གྲུབ་པས་ན། །མཐར་ཐུག་བརྗོད་བྲལ་ཉིད་དུ་གཏན་ལ་དབབ། །གནས་ལུགས་ཟུང་འཇུག་དབུ་མའི་ངང་དུ་བཞགས། །སེམས་དེ་དོན་དམ་ཁས་ལེན་གང་ལ་བཏུབ། །ཐ་སྙད་ཙམ་དུ་འཇོག་ཅིང་དེ་བཞག་པས། །སེམས་སྣང་ཐ་སྙད་སྒྱུ་མ་ལྟ་བུ་ནི། །དབང་སྐྱོན་ཅན་ལ་སྐྲ་ཤད་སྣང་བ་བཞིན། །རྨི་ལམ་དཔེ་ཡི་གདོན་མི་ཟ་བར་གྲུབ། །གཉིད་རྨི་སད་པར་མ་གྱུར་དེ་སྲིད་དུ། །བག་ཆགས་སྣ་ཚོགས་སྣང་ཞིང་སད་པ་ན། །མེད་ཕྱིར་སྐབས་དེའི་སེམས་སུ་སྣང་བ་ཡིན། །མིན་ན་དེ་ཡི་རྒྱུ་མཚན་སྨྲ་བར་རིགས། །བག་ཆགས་བསགས་པའི་སེམས་དང་རྟེན་གྱུར་འདི། །བརྟེན་པར་གྱུར་པ་རྣམ་ཤེས་མདོ་སྡེས་སྨྲ། །སེམས་ཙམ་སེམས་ནི་ཀུན་གཞིའི་རྣམ་ཤེས་དང་། །ངར་འཛིན་ཡིད་དང་ཡུལ་ལ་རྣམ་རིག་གང་། །འཇུག་པའི་རྣམ་པར་ཤེས་པ་ཞེས་སུ་གྲགས། །དེ་ཡང་སེམས་བྱུང་རྟེན་དམིགས་རྣམ་པར་བཅས། །མཚུངས་པར་ལྡན་པ་ལྔ་ཡི་བདག་ཉིད་བཞེད། །ཐ་སྙད་གསལ་དང་ལྷན་ཅིག་དམིགས་ངེས་ཀྱིས། །རྟགས་ཀྱིས་སྒྲུབས་ཀྱང་ཉེས་པ་མི་འགྱུར་ཏེ། །སྐད་ཅིག་ཕྱི་མའི་ཡུལ་ཤེས་སྐྱེ་ལུགས་ལ། །ལེགས་པར་སོམས་དང་འགལ་བ་མ་ཡིན་ནོ། །རྟེན་ཅིང་འབྲེལ་འབྱུང་དབང་གིས་སྣང་བ་ལགས། །ཐ་སྙད་བེམ་རིག་ངོ་བོ་གཅིག་དམིགས་འགལ། །བེམ་རིག་རྣམ་བཅས་སོ་སོར་མ་ངེས་ན། །གཟུགས་དང་ཤེས་པ་གང་ཡིན་མ་འབྱེད་པར། །རིལ་བོ་གཅིག་འཛིན་དེ་འདྲ་མི་སྲིད་དོ། །ཐ་སྙད་སེམས་རིག་དབྱེར་མེད་འདོད་གྱུར་ན། །སྣང་ཡུལ་སེམས་འགྱུར་སྐྱོན་དག་ངེས་འབྱུང་སྟེ། །སྣང་ཡུལ་སེམས་སོ་སོགས་དང་རིག་ཤེས་གཉིས། །ཐ་དད་དབྱེ་བ་མེད་པར་འདོད་པའི་ཕྱིར། །ངེས་པར་གཅིག་པ་ཉིད་དུ་ཐལ་བར་འགྱུར། །འདོད་ན་སེམས་ལ་གཟུགས་དབྱིབས་སྐྱོན་ཡང་འབབས། །རང་རྒྱུད་ཐལ་འགྱུར་གཏན་ཚིགས་ཡང་ཡིན་ལ། །རང་རྒྱུད་དུ་བཀོད་ལྷན་ཅིག་པ་ལ་ནི། །གཉིས་སུ་ངེས་པས་སྐྱོན་ཅན་མི་འགྱུར་ཏེ། །སེམས་དང་སེམས་སྣང་ཡུལ་དང་ཡུལ་ཅན་དུ། །ངེས་པར་འཛིན་པ་ཉིད་ཀྱིས་གྲུབ་པ་དང་། །རྨི་ལམ་སྐབས་ནའང་བདེ་སྡུག་སོགས་ཀྱི་ཡུལ། །དེ་མྱོང་པོ་དང་གཉིས་སུ་གྲུབ་པའི་ཕྱིར། །གྲུབ་ཀྱང་སྣང་དུས་ཉིད་ནས་གཏན་མེད་པའོ། །མདོ་དང་བསྟན་བཅོས་ཀུན་ལ་སྣང་སེམས་སུ། །གསུང་པ་ཀུན་འབྱུང་རྒྱུ་གཙོའི་ཕྱིར་མིན་ཏེ། །ཕྱི་དོན་རྫས་དང་བདེན་སྨྲ་འགོག་པའི་ཕྱིར། །སྣང་གྲགས་ཆོས་ཀུན་སེམས་ཀྱི་ཆོ་རོལ་དུ། །བསྒྲུབས་ནས་སེམས་དེ་ཉིད་ཀྱང་གཞི་རྩ་མེད། །སྐྱེ་འགགས་བྲལ་བ་ཉིད་དུ་གཏན་ལ་དབབ། །བདེ་གཤེགས་སྙིང་པོ་འཁོར་འདས་འཕྲོ་གཞི་རུ། །འཇོག་ན་དབང་ཕྱུག་ལྟ་བུར་མི་འགྱུར་ཏོ། །སེམས་ཉིད་རྟོགས་དང་མ་རྟོགས་བྱེ་བྲག་གིས། །འཁོར་འདས་གཉིས་སུ་འབྱུང་བས་ངེས་པར་འཐད། །དོན་དམ་རང་སེམས་གཅིག་དང་ཐ་དད་མེད། །ཀུན་རྫོབ་འགྲོ་རྒྱུད་སེམས་གཉིས་མི་ལྡན་ཤིང་། །གཅིག་པུ་ཞེས་པ་མིང་གི་བརྗོད་ཚུལ་ཙམ། །སེམས་དང་ཀུན་གཞི་ཇི་ལྟར་བཤད་ཀྱང་རུང་། །བག་ཆགས་སྣ་ཚོགས་བསྟར་མི་མངོན་པར་ལྡན། །དེ་ལ་བག་ཆགས་གཅིག་ཉིད་མ་ཡིན་པར། །སྣ་ཚོགས་བག་ཆགས་མཐུ་ལས་སྣ་ཚོགས་སྣང་། །ཀུན་གཞིའི་ཁམས་ལ་སྣ་ཚོགས་བག་ཆགས་ནི། །འཇོག་པའི་གནད་ནི་རང་བཞིན་སྟོང་ཉིད་ཕྱིར། །སྟོང་པ་ཉིད་ལས་ཅི་ཡང་འབྱུང་རུང་བ། །སྟོང་པ་རྟེན་འབྱུང་དབྱེར་མེད་ཡིན་ཕྱིར་རོ། །རང་བཞིན་རྟོགས་ན་སྣ་ཚོགས་དབྱིངས་གཅིག་གྲོལ། །དེ་ལས་གཞན་དཔྱད་སྙིང་པོ་འགའ་ཡང་མེད། །སྣང་ཡུལ་ཞེས་པའང་རང་སྣང་ལས་གཞན་པའི། །ཕྱི་དོན་ཡོད་པར་འདོད་ན་སྐྱོན་མང་འབབས། །ཕྱི་དོན་མེད་པར་སེམས་སྣང་ཙམ་ཞིག་ལས། །ཕུང་གསུམ་པ་ཞིག་ཤེས་བྱར་མི་སྲིད་དོ། །ཐ་སྙད་དུ་ནི་སེམས་སྣང་གཅིག་པུ་ལས། །གཞན་པའི་ཆོས་འགའ་སྣང་དུ་མི་རུང་བའི། །སྐྱོན་རྣམས་ཀྱང་ནི་འབབ་པར་མི་འགྱུར་རོ། །གཞན་དུ་སྣ་ཚོགས་སྣང་བ་དེ་རྣམས་ཀྱང་། །རང་སྣང་ཆོ་རོལ་ལས་གཞན་འགའ་ཡང་མེད། །རང་གི་སྣང་བ་ཡིན་པར་མ་གྱུར་ན། །དག་དང་མ་དག་སྣང་བ་སྣ་ཚོགས་རྣམས། །འབྱུང་བའི་འཐད་པ་ལེགས་པར་སྨྲོས་ཤིག་ཀྱེ། །གཅིག་ལས་རྣམ་པ་སྣ་ཚོགས་འབྱུང་བ་ལས། །གཞན་འགའ་སྣང་མི་རུང་བའི་སྐྱེན་འབབ་ན། །འཁོར་འདས་ཆོས་རྣམས་ཆོས་ཀྱི་དབྱིངས་ཆེན་པོར། །རོ་གཅིག་མཉམ་པ་ཆེན་པོའི་གནས་སྐབས་ན། །གཅིག་དང་ཐ་དད་དབྱེ་བ་ལས་གྲོལ་ཕྱིར། །དེར་ཡང་གཞན་འགའ་སྣང་མི་རུང་བར་ཐལ། །འདོད་ན་སངས་རྒྱས་ཀུན་མཁྱེན་མིན་པར་འགྱུར། །ཕྱི་རོལ་མ་བརྟགས་ཆོས་རྣམས་སྣང་འགྱུར་བས། །སྐྱོན་མེད་སྙམ་ན་འདི་ཡང་དེ་དང་མཚུངས། །དེས་ན་རྟོག་གེའི་རྩོད་པ་བྱར་མི་རིགས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ། །རང་སེམས་འཁྲུལ་པའི་རྒྱུ་ཡིས་བསྐྱེད་པའི་ཕྱིར། །སྤངས་གཉེན་ལམ་དག་ཚུལ་བཞིན་བརྟེན་པ་ན། །ཟག་པ་ཆ་དང་བཅས་པ་ལྡོག་པར་འགྱུར། །དེ་ཡང་རང་གི་སེམས་སྣང་ཡིན་པས་ན། །དག་ཅིང་གྲོལ་བར་འགྱུར་དུ་རུང་བ་ཡིན། །དེ་ལས་གཞན་དུ་ཕྱི་དོན་ཁས་བླང་ན། །འཁོར་བ་ཉིད་དུ་ཅི་སྟེ་འཁྱམས་པ་དང་། །མྱ་ངན་འདས་པ་ཇི་ལྟར་ཐོབ་པར་འགྱུར། །ཆུ་ཕོར་གང་ལ་འགྲོ་བ་རིགས་དྲུག་གིས། །མཐོང་སྣང་མི་འདྲར་འབྱུང་བ་ཅི་ཞིག་ཡིན། །དེས་ན་རྩོད་པ་ཆོས་ཀྱི་དབྱིངས་ཉིད་དུ། །ཤེས་བརྗོད་འཇུག་པའི་ཡུལ་དུ་འགྱུར་རོ་ཅོག །རང་སེམས་སྒྱུ་མའི་སྣང་བ་རྟོགས་བྱས་ནས། །རང་བཞིན་བརྗོད་བྲལ་གནས་ལུགས་རྟོགས་པར་ཤོག །དེ་སྐད་སྨྲ་བ་ཤར་ཕྱོགས་གནས་པ་ཡི། །མ་སྦྱང་མུ་ཅོལ་སྨྲ་བ་ཞིག་གིས་ཕུལ། །ནོང་པ་གང་མཆིས་བཟོད་པར་མཛད་ནས་ཀྱང་། །ས་རྙིང་དགོངས་པ་འགལ་མེད་གྲུབ་གྱུར་ཅིག །སརྦ་དཱ་ཤུདྡྷ་ནཱི་ཛ་ཡནྟུ།། །།
[edit]

@#/__/snang ba sems su sgrub pa'i skabs las dri ba'i lan byis pa'i mtshar rtsed bzhugs/__/ oM swasti/__rmongs pa'i drwa ba ma lus gcod mdzad cing /__/ye shes snang ba rgyas ba'i gzi byin gyis/__/bdag blo'i pad+mo rnam par rgyas mdzad pa/__/lha mchog 'jam pa'i dbyangs la gus btud nas/__/blo ldan rnam par gsar pa'i dri tshigs lan/__/nyung ngu'i ngag gis cung zad 'bul bar spro/__/ngag gi dbang pos snang dang snang yul phye/__/sa skya pa dag so sor mi dbye bar/__/snang ba sems su 'dod pa gnyis po la/__/legs par brtags na dgongs pa 'gal med go__/gnas don lus kyi bag chags gsum po las/__/khams gsum snang ba 'char las gzhan min dang /__/phyi don yod par klong chen rab 'byams kyang /__/mi bzhed chos kyi rgyal po sa skya pas/__/sna tshogs snang ba bag chags kyis bslad pa'i/__/sems kyi cho 'phrul rmi lam snang ba bzhin/__/snang yang sna tshogs de dag sems dang ni/__/ngo bo gcig dang rdzas gcig yin no zhes/__/bzhed pa gong ma'i gsung rab gang na'ang med/__/de skad du yang rje btsun rin po ches/__/dang po dngos kun sems su sgrub bya ste/__/sems de ngo bo nyid min sgyu ma ste/__/rmi lam chu zla rtsub pa'i me bzhin du/__/sna tshogs rkyen rnams tshogs nas snang ba tsam/__/'di yi sems kyi rang bzhin gang yin smos/__/sgyu ma zhes bya ngo bo nyid kyang ni/__/'di na med cing rten cing 'brel 'byung nyid/__/ces dang /__ngor chen dkon mchog lhun grub kyis/__/chos kyi phyi nang dngos kun rang gi sems/__/rkyen gyi bag chags brtas pas snang bar lta/__/sems ni gang du'ang ma grub cir yang snang /__/de der snang yang mi bden sgyu ma 'dra/__/zhes sogs mkhas grub rnams kyis mgrin gcig gsung /__/dngos kun sems snang gtan 'beb sems tsam dang /__/mthun zhing de nyid sgyu dang stong brjod bral/__/gtan la dbab pas ches cher khyad par 'phags/__/snang ba sems su sgrub pa'i 'thad pa yang /__/dpe yi rnam grangs dang bcas gtan la dbab/__/ji ltar rmi lam nang gi snang ba dang /__/snang yul ji bzhin da lta'i 'dir yang nges/__/sems snang de dag sgyu mar grub pas na/__/mthar thug brjod bral nyid du gtan la dbab/__/gnas lugs zung 'jug dbu ma'i ngang du bzhags/__/sems de don dam khas len gang la btub/__/tha snyad tsam du 'jog cing de bzhag pas/__/sems snang tha snyad sgyu ma lta bu ni/__/dbang skyon can la skra shad snang ba bzhin/__/rmi lam dpe yi gdon mi za bar grub/__/gnyid rmi sad par ma gyur de srid du/__/bag chags sna tshogs snang zhing sad pa na/__/med phyir skabs de'i sems su snang ba yin/__/min na de yi rgyu mtshan smra bar rigs/__/bag chags bsags pa'i sems dang rten gyur 'di/__/brten par gyur pa rnam shes mdo sdes smra/__/sems tsam sems ni kun gzhi'i rnam shes dang /__/ngar 'dzin yid dang yul la rnam rig gang /__/'jug pa'i rnam par shes pa zhes su grags/__/de yang sems byung rten dmigs rnam par bcas/__/mtshungs par ldan pa lnga yi bdag nyid bzhed/__/tha snyad gsal dang lhan cig dmigs nges kyis/__/rtags kyis sgrubs kyang nyes pa mi 'gyur te/__/skad cig phyi ma'i yul shes skye lugs la/__/legs par soms dang 'gal ba ma yin no/__/rten cing 'brel 'byung dbang gis snang ba lags/__/tha snyad bem rig ngo bo gcig dmigs 'gal/__/bem rig rnam bcas so sor ma nges na/__/gzugs dang shes pa gang yin ma 'byed par/__/ril bo gcig 'dzin de 'dra mi srid do/__/tha snyad sems rig dbyer med 'dod gyur na/__/snang yul sems 'gyur skyon dag nges 'byung ste/__/snang yul sems so sogs dang rig shes gnyis/__/tha dad dbye ba med par 'dod pa'i phyir/__/nges par gcig pa nyid du thal bar 'gyur/__/'dod na sems la gzugs dbyibs skyon yang 'babs/__/rang rgyud thal 'gyur gtan tshigs yang yin la/__/rang rgyud du bkod lhan cig pa la ni/__/gnyis su nges pas skyon can mi 'gyur te/__/sems dang sems snang yul dang yul can du/__/nges par 'dzin pa nyid kyis grub pa dang /__/rmi lam skabs na'ang bde sdug sogs kyi yul/__/de myong po dang gnyis su grub pa'i phyir/__/grub kyang snang dus nyid nas gtan med pa'o/__/mdo dang bstan bcos kun la snang sems su/__/gsung pa kun 'byung rgyu gtso'i phyir min te/__/phyi don rdzas dang bden smra 'gog pa'i phyir/__/snang grags chos kun sems kyi cho rol du/__/bsgrubs nas sems de nyid kyang gzhi rtsa med/__/skye 'gags bral ba nyid du gtan la dbab/__/bde gshegs snying po 'khor 'das 'phro gzhi ru/__/'jog na dbang phyug lta bur mi 'gyur to/__/sems nyid rtogs dang ma rtogs bye brag gis/__/'khor 'das gnyis su 'byung bas nges par 'thad/__/don dam rang sems gcig dang tha dad med/__/kun rdzob 'gro rgyud sems gnyis mi ldan shing /__/gcig pu zhes pa ming gi brjod tshul tsam/__/sems dang kun gzhi ji ltar bshad kyang rung /__/bag chags sna tshogs bstar mi mngon par ldan/__/de la bag chags gcig nyid ma yin par/__/sna tshogs bag chags mthu las sna tshogs snang /__/kun gzhi'i khams la sna tshogs bag chags ni/__/'jog pa'i gnad ni rang bzhin stong nyid phyir/__/stong pa nyid las ci yang 'byung rung ba/__/stong pa rten 'byung dbyer med yin phyir ro/__/rang bzhin rtogs na sna tshogs dbyings gcig grol/__/de las gzhan dpyad snying po 'ga' yang med/__/snang yul zhes pa'ang rang snang las gzhan pa'i/__/phyi don yod par 'dod na skyon mang 'babs/__/phyi don med par sems snang tsam zhig las/__/phung gsum pa zhig shes byar mi srid do/__/tha snyad du ni sems snang gcig pu las/__/gzhan pa'i chos 'ga' snang du mi rung ba'i/__/skyon rnams kyang ni 'bab par mi 'gyur ro/__/gzhan du sna tshogs snang ba de rnams kyang /__/rang snang cho rol las gzhan 'ga' yang med/__/rang gi snang ba yin par ma gyur na/__/dag dang ma dag snang ba sna tshogs rnams/__/'byung ba'i 'thad pa legs par smros shig kye/__/gcig las rnam pa sna tshogs 'byung ba las/__/gzhan 'ga' snang mi rung ba'i skyen 'bab na/__/'khor 'das chos rnams chos kyi dbyings chen por/__/ro gcig mnyam pa chen po'i gnas skabs na/__/gcig dang tha dad dbye ba las grol phyir/__/der yang gzhan 'ga' snang mi rung bar thal/__/'dod na sangs rgyas kun mkhyen min par 'gyur/__/phyi rol ma brtags chos rnams snang 'gyur bas/__/skyon med snyam na 'di yang de dang mtshungs/__/des na rtog ge'i rtsod pa byar mi rigs/__/phung po khams dang skye mched la sogs pa/__/rang sems 'khrul pa'i rgyu yis bskyed pa'i phyir/__/spangs gnyen lam dag tshul bzhin brten pa na/__/zag pa cha dang bcas pa ldog par 'gyur/__/de yang rang gi sems snang yin pas na/__/dag cing grol bar 'gyur du rung ba yin/__/de las gzhan du phyi don khas blang na/__/'khor ba nyid du ci ste 'khyams pa dang /__/mya ngan 'das pa ji ltar thob par 'gyur/__/chu phor gang la 'gro ba rigs drug gis/__/mthong snang mi 'drar 'byung ba ci zhig yin/__/des na rtsod pa chos kyi dbyings nyid du/__/shes brjod 'jug pa'i yul du 'gyur ro cog__/rang sems sgyu ma'i snang ba rtogs byas nas/__/rang bzhin brjod bral gnas lugs rtogs par shog__/de skad smra ba shar phyogs gnas pa yi/__/ma sbyang mu col smra ba zhig gis phul/__/nong pa gang mchis bzod par mdzad nas kyang /__/sa rnying dgongs pa 'gal med grub gyur cig__/sarba dA shud+d+ha nI dza yan+tu//__//

Footnotes

Other Information