JKW-KABUM-21-ZHA-001-023

From Khyentse Lineage - A Tsadra Foundation Project
Revision as of 08:59, 27 July 2021 by Mort (talk | contribs)

JKW-KABUM-21-ZHA-001-023

རྩ་གསུམ་གཏོར་བསྔོ་ཉེར་བསྡུས་ཕྲིན་ལས་མཆོག་སྦྱིན།
Wylie title rtsa gsum gtor bsngo nyer bsdus phrin las mchog sbyin JKW-KABUM-21-ZHA-001.pdf
Location mkhyen brtse'i bka' 'bum
Volume 21, sde tshan 1, Text 23, Pages 75-77 (Folios 38a5 to 39a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rtsa gsum gtor bsngo nyer bsdus phrin las mchog sbyin. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 75-77. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Torma-offering Rituals - gtor chog
Colophon

།ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བའོ། །ཤུ་བྷཾ།།

zhes pa'ang mtsho skyes bla ma dgyes pa'i 'bangs kyis sbyar ba'o/__/shu b+haM/

1 Texts in this Section (sde tshan or chos tshan)

[edit]
༄༅། །རྩ་གསུམ་གཏོར་བསྔོ་ཉེར་བསྡུས་ཕྲིན་ལས་མཆོག་སྦྱིན་བཞུགས། རང་ཉིད་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་འཆི་མེད་པདྨ་ཐོད་ཕྲེང་གི་སྐུར་གསལ་བར་གྱུར། རྃ་ཡྃ་ཁྃ། མཆོད་གཏོར་མི་དམིགས་སྟོང་པའི་ངང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །འབྲུ་གསུམ་འོད་དུ་ཞུ་བ་ལས། །འདོད་ཡོན་ནམ་མཁའི་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ་ཧྲཱིཿ རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་རྗེས་དབང་གིས་འདིར་གཤེགས་ལ། །དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་རྫས་སྐོང་རྫས་སྒྲུབ་རྫས་དང་། །རྟེན་རྫས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བ་སུ་དེ་ཝ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་མམ་བདུན་གྱིས་གཏོར་མ་འབུལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ་ཧྲཱིཿ བྱིན་རླབས་ཆར་འབེབས་བླ་མ་དང་། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །ལས་བཞི་ཕྲིན་ལས་ཐོགས་མེད་པའི། །མཁའ་འགྲོ་ཆོས་སྲུང་རྒྱ་མཚོར་བསྟོད། །རྩ་གསུམ་ཆོས་སྲུང་ནོར་ལྷའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནས་སྐབས་རྣམ་བཞིའི་ཕྲིན་ལས་དང་། །མཐར་ཐུག་མཆོག་གི་དངོས་གྲུབ་སྩོལ། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་ནོངས་པ་བཤགས། །རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། བཛྲ་མུཿས་གཤེགས་སུ་གསོལ། ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བའོ། །ཤུ་བྷཾ།། ། ༈ །

Footnotes

Other Information