DKR-KABUM-18-TSHA-006

From Khyentse Lineage - A Tsadra Foundation Project
Revision as of 10:55, 8 December 2022 by Mort (talk | contribs)

རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ གཅོད་ཡུལ་ངག་འདོན་ཡེ་ཤེས་རྒྱན་ཕྲེང་༔
Wylie title rdo rje snying po don gyi thol glu las: gcod yul ngag 'don ye shes rgyan phreng DKR-KABUM-18-TSHA-006.pdf
Location dil mgo mkhyen brtse bka' 'bum
Volume 18, Text 6, Pages 18-21 (Folios 1a to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation Khyentse, Dilgo. Rdo rje snying po don gyi thol glu las: gcod yul ngag 'don ye shes rgyan phreng. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 18-21. Delhi: Shechen Publications, 1994.
Genre Severance Texts - gcod gzhung
Cycle རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rig 'dzin da ki'i srog tig rdo rje snying po don gyi thol glu)
Colophon

ཞེས་པའང་དབྱིངས་རིག་བྱང་ཆུབ་དབང་པོས་གསུང་བསྐུལ་བཞིན་འོད་གསལ་ཐུགས་མཆོག་རྡོ་རྗེས་གཏན་ལ་ཕབ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་སྨིན་པའི་རྟེན་འབྱུང་དུ་གྱུར་ཅིག །

zhes pa'ang dbyings rig byang chub dbang pos gsung bskul bzhin 'od gsal thugs mchog rdo rjes gtan la phab pa byang chub kyi sems rin po ches rgyud smin pa'i rten 'byung du gyur cig_/

[edit]
རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ གཅོད་ཡུལ་ངག་འདོན་ཡེ་ཤེས་རྒྱན་ཕྲེང་བཞུགས༔

ཨཿ སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ སྣང་བརྟགས་འཁོར་འདས་སྤང་བླང་དབྱིངས་སུ་ཡལ༔ གདོད་ནས་དག་པའི་ཡེ་ཤེས་མཁའ་འགྲོ་མ༔ དམར་གསལ་གྲི་ཐོད་འཛིན་པས་གར་བསྒྱུར་ནས༔ འཁྲུལ་རྟོག་དུག་ལྔའི་དགྲ་གདོན་འདམ་ལྟར་བརྫིས༔ ཡེ་ཤེས་ཌཱ་ཀི་འབུམ་ཕྲག་ཡངས་པ་དང༔ རྩ་གསུམ་རྒྱལ་བ་རབ་འབྱམས་བྱིན་ཐིབས་སེ༔ སྐུ་ཡི་གར་བསྒྱུར་གསུང་གི་ཧཱུྃ་གླུ་སྒྲོགས༔ ཁྱབ་བརྡལ་ཐུགས་ནི་མཉམ་རྗེས་རེ་དོགས་བྲལ༔ སྣང་སྲིད་ཡེ་དག་དགོངས་པ་མཁའ་ཁྱབ་བརྡལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ྄ཿ རང་རིག་སྐུ་གསུམ་ལྷུན་རྫོགས་སྐྱབས་སུ་མཆི༔ མ་རྟོགས་མཁའ་མཉམ་འགྲོ་བ་ལྷ་འདྲེའི་ཚོགས༔ ཁྱབ་བརྡལ་སྙིང་རྗེའི་འདུ་འབྲལ་མེད་པའི་བློས༔ ཡེ་ཤེས་དབྱིངས་སུ་སྒྲོལ་བར་སེམས་བསྐྱེད་དོ༔ ཕཊ྄༔ བདེ་གསལ་མི་རྟོག་ཡེ་ཤེས་ཀྱིས་ཁྱབ་པའི༔ རྡོ་རྗེའི་ཕུང་ཁམས་སྐྱེ་མཆེད་རྣམ་དག་འདི༔ མཎྜལ་སྐུ་གསུམ་ཞིང་ཁམས་ལྷུན་རྫོགས་སྤྲིན༔ རང་རིག་རྩ་གསུམ་བླ་མ་ལྷ་ལ་འབུལ༔ རཏྣ་མཎྜལ་པཱུ་ཛ་ཧོཿ ཕཊ྄༔ སྣོད་བཅུད་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང༔ ལྷུན་རྫོགས་བཀོད་པའི་དབུས་སུ་བླ་མ་རྗེ༔ ཧེ་རུ་ཀ་དཔལ་ཅང་ཏེའུ་དྲིལ་བུ་འཁྲོལ༔ སྐྱབས་གནས་ཀུན་འདུས་གདོད་མའི་མགོན་པོ་ལ༔ ཁྱེད་ཤེས་མོས་གུས་གདུང་བས་གསོལ་འདེབས་ན༔ བྱིན་གྱིས་རློབས་ཤིག་བརྒྱུད་གསུམ་བླ་མའི་ཚོགས༔ དབང་ཆེན་བསྐུར་ཅིག་ཡི་དམ་ལྷའི་འཁོར་ལོ༔ ཉམས་རྟོགས་སྤོར་ཅིག་མ་སྲིང་མཁའ་འགྲོའི་ཚོགས༔ སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས༔ ཡུམ་ཆེན་དགོངས་པ་རྟོགས་པར་བྱིན་གྱིས་རློབས༔ འགལ་རྐྱེན་གྲོགས་སུ་འཆར་བར་བྱིན་གྱིས་རློབས༔ མི་མཐུན་ལམ་ཁྱེར་ནུས་པར་བྱིན་གྱིས་རློབས༔ བླ་མའི་གནས་གསུམ་སྐུ་གསུང་ཐུགས་འོད་སྤྲོས༔ རང་ལ་ཐིམ་པས་ལུས་ངག་ཡིད་སྒྲིབ་སྦྱང༔ དབང་བཞི་བསྐུར་ཞིང་སྒྲིབ་དག་ནུས་པ་བསྐྱེད༔ སྐུ་བཞིའི་ས་བོན་མངོན་དུ་གྱུར་པར་བསམ༔ ཕཊ྄༔ རང་སེམས་ཉིད་ཁྲོས་མ་དབྱིངས་སུ་ཐོན༔ གཡས་གྲི་གུག་གིས་བྲེགས་ཀ་པཱ་ལ༔ མདུན་མི་མགོའི་སྒྱེད་བུའི་དབུས་སུ་བཞག༔ སྣོད་ཐོད་པའི་ནང་དུ་བམ་ཆེན་ཞུ༔ རྫས་མ་དག་ཕྱིར་ཐོན་དྲི་རོ་ནུས༔ མཆོག་ལྡན་པའི་མྱོང་གྲོལ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཕཊ྄༔ ཚེ་ཐོག་མེད་དུས་ནས་ངར་འཛིན་ལུས༔ བདག་གཟུང་བས་བསླུས་པའི་སྡུག་བསྔལ་མཚངས༔ དབྱིངས་བདག་མེད་ཡུམ་གྱི་དགོངས་པའི་ཀློང༔ སེམས་སྐྱེ་མེད་གཉུག་མའི་རང་མདངས་ལས༔ ལུས་སྒྱུ་མ་འདོད་དགུའི་མཆོད་སྤྲིན་སྤྲུལ༔ མགྲོན་ཐམས་ཅད་གདུང་བས་སྤྱན་འདྲེན་ན༔ དུས་སྟོན་ཆེན་ཚོགས་བཞིན་གཤེགས་སུ་གསོལ༔ ཕཊ྄༔ བདག་སྒྱུ་ལུས་བདུད་རྩིའི་མཆོད་པའི་སྤྲིན༔ སྐྱབས་དཀོན་མཆོག་སྲི་ཞུའི་མགྲོན་ལ་འབུལ༔ ཐུགས་བྱང་ཆུབ་སེམས་ཀྱིས་བཞེས་ནས་ཀྱང༔ མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཕཊ྄༔ ལུས་ཐུགས་ལ་བཞེད་དགུའི་མཆོད་བསྐང་རྫས༔ དཔལ་མགོན་པོ་ཡོན་ཏན་མགྲོན་ལ་འབུལ༔ ལས་དམ་ཚིག་ཐུགས་རྗེས་བཞེས་ནས་ཀྱང༔ བདག་ཆོས་མཐུན་བསམ་སྦྱོར་འགྲུབ་པར་མཛོད༔ ཕཊ྄༔ ལུས་ཇི་འདོད་ནམ་མཁའི་མཛོད་ཆེན་པོ༔ མ་རིགས་དྲུག་སྙིང་རྗེའི་མགྲོན་ལ་འབུལ༔ ཁྱེད་ཕམ་རྒྱལ་མེད་པར་བཞེས་ནས་ཀྱང༔ སེམས་ཆགས་སྡང་འཁྲུལ་རྟོག་རང་གྲོལ་མཛོད༔ ཕཊ྄༔ ལུས་ཚིམ་བྱེད་བདུད་རྩི་སྨན་གྱི་ཆར༔ བགེགས་ལན་ཆགས་མགྲོན་གྱི་ཚོགས་ལ་འབུལ༔ བྱམས་སྙིང་རྗེའི་ཐབས་སྟོན་བཞེས་ནས་ཀྱང༔ ལན་ཆགས་དང་བུ་ལོན་འཁོར་བར་མཛོད༔ ཕཊ྄༔ ལུས་པགས་པའི་ས་གཞིར་ཤ་རུས་སྤུངས༔ ནང་དོན་ལྔ་སྣོད་དྲུག་སྤུངས་པ་འདི༔ སྡང་བྱེད་ལན་ཆགས་འཁོར་བའི་མགྲོན་ལ་སྦྱིན༔ རྒྱུད་བྱང་ཆུབ་སེམས་དང་ལྡན་པར་ཤོག༔ ཕཊ྄༔ ལུས་མྱོང་གྲོལ་ཟག་མེད་བདུད་རྩིའི་གཏེར༔ ཁས་ཞན་དང་དབང་ཆུང་ཚོགས་ལ་སྦྱིན༔ ཡིད་འཇིགས་སྐྲག་སྡུག་བསྔལ་ཞི་ནས་ཀྱང༔ ལམ་ཚངས་པར་སྤྱོད་པའི་གྲོགས་འགྱུར་ཤོག༔ ཕཊ྄༔ སྟེང་མཁའ་ལ་འཇའ་བཞིན་མཆོད་སྦྱིན་མགྲོན༔ རང་རིག་པའི་དབྱིངས་ལས་གུད་དུ་མེད༔ ལུས་བྱིན་ཟིན་སེམས་ཉིད་ཆོས་ཀྱི་སྐུ༔ དོན་གཏད་མེད་རྒྱ་ཡན་ཆེན་པོར་ཨ༔ ཕཊ྄༔ བདག་གཞན་འགྲོ་ཀུན་ཆོས་སྦྱིན་མགྲོན་གྱི་ཚོགས༔ གཉིས་མེད་དོན་གྱི་གནས་ལུགས་མངོན་དུ་གྱུར༔ འཁོར་འདས་སྤང་བླང་བཟང་ངན་གཙང་དམེ་བྲལ༔ གཉུག་མ་དོན་གྱི་མཁའ་འགྲོ་དབྱིངས་སུ་ཐིམ༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་ལུས་ངག་སེམས༔ སྟོང་ཉིད་སྙིང་རྗེའི་བརྟུལ་ཞུགས་ལ་གནས་པས༔ འགྲོ་ཀུན་དབྱིངས་སུ་གྲོལ་བའི་ཕྲིན་ལས་ཀྱིས༔ འཁོར་བ་དོང་སྤྲུགས་འབྲེལ་ཚད་དོན་ལྡན་ཤོག༔ ཕཊ྄༔ སྣང་ཆ་ལུས་ཀྱི་མཆོད་སྦྱིན་བསོད་ནམས་ཚོགས༔ སྟོང་ཉིད་དགོངས་པ་མི་གཡོ་ཡེ་ཤེས་ཀྱིས༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་རྟེན་འབྱུང་གིས༔ འབྲེལ་ཚད་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ འཁྲུལ་སྣང་བདག་འཛིན་དབྱིངས་ཆོད་ཕྱིར༔ ཆོས་ཉིད་ལྟ་བ་ངོ་འཕྲོད་ཅིང༔ རྗེས་ཐོབ་ལུས་ཀྱི་མཆོད་སྦྱིན་འདི༔ ཕན་ཡོན་དགོས་པ་དཔག་ཏུ་མེད༔ འགལ་རྐྱེན་གྲོགས་ཁྱེར་བཟང་རྐྱེན་ལ༔ སྙེམས་ཐག་གཅོད་བྱེད་ཤེས་རབ་ཀྱི༔ ཕར་ཕྱིན་བདུད་ཀྱི་གཅོད་ཡུལ་ཞེས༔ རྣལ་འབྱོར་ནང་གི་ཚོགས་བསགས་ཐབས༔ ཟབ་ལ་ཁྱེར་བདེ་རྨད་བྱུང་བའི༔ ལམ་འདི་རྨད་དུ་བྱུང་བའོ༔ དེ་ཕྱིར་རིག་རྩལ་ཐོལ་བྱུང་གི༔ ཚིག་འདིས་འགྲོ་ལ་ཕན་གྱུར་ཅིག༔ ས་མ་ཡ༔ བརྡ་ཐིམ༔ ཞེས་པའང་དབྱིངས་རིག་བྱང་ཆུབ་དབང་པོས་གསུང་བསྐུལ་བཞིན་འོད་གསལ་ཐུགས་མཆོག་རྡོ་རྗེས་གཏན་ལ་ཕབ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྒྱུད་སྨིན་པའི་རྟེན་འབྱུང་དུ་གྱུར་ཅིག །
[edit]

skya__rdo rje snying po don gyi thol glu las:_gcod yul ngag 'don ye shes rgyan phreng bzhugs:_aH_stong chen rdo rje btsun mo'i mkha' dbyings su:_snang brtags 'khor 'das spang blang dbyings su yal:_gdod nas dag pa'i ye shes mkha' 'gro ma:_dmar gsal gri thod 'dzin pas gar bsgyur nas:_'khrul rtog dug lnga'i dgra gdon 'dam ltar brdzis:_ye shes DA ki 'bum phrag yangs pa dang:_rtsa gsum rgyal ba rab 'byams byin thibs se:_sku yi gar bsgyur gsung gi hU~M glu sgrogs:_khyab brdal thugs ni mnyam rjes re dogs bral:_snang srid ye dag dgongs pa mkha' khyab brdal:_hU~M hU~M hU~M hU~M hU~M:_phaTa?H_rang rig sku gsum lhun rdzogs skyabs su mchi:_ma rtogs mkha' mnyam 'gro ba lha 'dre'i tshogs:_khyab brdal snying rje'i 'du 'bral med pa'i blos:_ye shes dbyings su sgrol bar sems bskyed do:_phaTa?:_bde gsal mi rtog ye shes kyis khyab pa'i:_rdo rje'i phung khams skye mched rnam dag 'di:_maN+Dal sku gsum zhing khams lhun rdzogs sprin:_rang rig rtsa gsum bla ma lha la 'bul:_rat+na maN+Dal pU dza hoH_phaTa?:_snod bcud 'og min rdo rje dbyings kyi zhing:_lhun rdzogs bkod pa'i dbus su bla ma rje:_he ru ka dpal cang te'u dril bu 'khrol:_skyabs gnas kun 'dus gdod ma'i mgon po la:_khyed shes mos gus gdung bas gsol 'debs na:_byin gyis rlobs shig brgyud gsum bla ma'i tshogs:_dbang chen bskur cig yi dam lha'i 'khor lo:_nyams rtogs spor cig ma sring mkha' 'gro'i tshogs:_snang srid chos skur 'char bar byin gyis rlobs:_yum chen dgongs pa rtogs par byin gyis rlobs:_'gal rkyen grogs su 'char bar byin gyis rlobs:_mi mthun lam khyer nus par byin gyis rlobs:_bla ma'i gnas gsum sku gsung thugs 'od spros:_rang la thim pas lus ngag yid sgrib sbyang:_dbang bzhi bskur zhing sgrib dag nus pa bskyed:_sku bzhi'i sa bon mngon du gyur par bsam:_phaTa?:_rang sems nyid khros ma dbyings su thon:_g.yas gri gug gis bregs ka pA la:_mdun mi mgo'i sgyed bu'i dbus su bzhag:_snod thod pa'i nang du bam chen zhu:_rdzas ma dag phyir thon dri ro nus:_mchog ldan pa'i myong grol bdud rtsir gyur:_oM AHhU~M:_phaTa?:_tshe thog med dus nas ngar 'dzin lus:_bdag gzung bas bslus pa'i sdug bsngal mtshangs:_dbyings bdag med yum gyi dgongs pa'i klong:_sems skye med gnyug ma'i rang mdangs las:_lus sgyu ma 'dod dgu'i mchod sprin sprul:_mgron thams cad gdung bas spyan 'dren na:_dus ston chen tshogs bzhin gshegs su gsol:_phaTa?:_bdag sgyu lus bdud rtsi'i mchod pa'i sprin:_skyabs dkon mchog sri zhu'i mgron la 'bul:_thugs byang chub sems kyis bzhes nas kyang:_mchog thun mong dngos grub bstsal du gsol:_phaTa?:_lus thugs la bzhed dgu'i mchod bskang rdzas:_dpal mgon po yon tan mgron la 'bul:_las dam tshig thugs rjes bzhes nas kyang:_bdag chos mthun bsam sbyor 'grub par mdzod:_phaTa?:_lus ji 'dod nam mkha'i mdzod chen po:_ma rigs drug snying rje'i mgron la 'bul:_khyed pham rgyal med par bzhes nas kyang:_sems chags sdang 'khrul rtog rang grol mdzod:_phaTa?:_lus tshim byed bdud rtsi sman gyi char:_bgegs lan chags mgron gyi tshogs la 'bul:_byams snying rje'i thabs ston bzhes nas kyang:_lan chags dang bu lon 'khor bar mdzod:_phaTa?:_lus pags pa'i sa gzhir sha rus spungs:_nang don lnga snod drug spungs pa 'di:_sdang byed lan chags 'khor ba'i mgron la sbyin:_rgyud byang chub sems dang ldan par shog:_phaTa?:_lus myong grol zag med bdud rtsi'i gter:_khas zhan dang dbang chung tshogs la sbyin:_yid 'jigs skrag sdug bsngal zhi nas kyang:_lam tshangs par spyod pa'i grogs 'gyur shog:_phaTa?:_steng mkha' la 'ja' bzhin mchod sbyin mgron:_rang rig pa'i dbyings las gud du med:_lus byin zin sems nyid chos kyi sku:_don gtad med rgya yan chen por a:_phaTa?:_bdag gzhan 'gro kun chos sbyin mgron gyi tshogs:_gnyis med don gyi gnas lugs mngon du gyur:_'khor 'das spang blang bzang ngan gtsang dme bral:_gnyug ma don gyi mkha' 'gro dbyings su thim:_kun rdzob sgyu ma lta bu'i lus ngag sems:_stong nyid snying rje'i brtul zhugs la gnas pas:_'gro kun dbyings su grol ba'i phrin las kyis:_'khor ba dong sprugs 'brel tshad don ldan shog:_phaTa?:_snang cha lus kyi mchod sbyin bsod nams tshogs:_stong nyid dgongs pa mi g.yo ye shes kyis:_tshogs gnyis yongs su rdzogs pa'i rten 'byung gis:_'brel tshad phyir mi ldog pa'i sa thob shog:_'khrul snang bdag 'dzin dbyings chod phyir:_chos nyid lta ba ngo 'phrod cing:_rjes thob lus kyi mchod sbyin 'di:_phan yon dgos pa dpag tu med:_'gal rkyen grogs khyer bzang rkyen la:_snyems thag gcod byed shes rab kyi:_phar phyin bdud kyi gcod yul zhes:_rnal 'byor nang gi tshogs bsags thabs:_zab la khyer bde rmad byung ba'i:_lam 'di rmad du byung ba'o:_de phyir rig rtsal thol byung gi:_tshig 'dis 'gro la phan gyur cig:_sa ma ya:_brda thim:_zhes pa'ang dbyings rig byang chub dbang pos gsung bskul bzhin 'od gsal thugs mchog rdo rjes gtan la phab pa byang chub kyi sems rin po ches rgyud smin pa'i rten 'byung du gyur cig_/

Footnotes

Other Information