DKR-KABUM-13-PA-017

From Khyentse Lineage - A Tsadra Foundation Project
Revision as of 14:27, 5 December 2022 by Mort (talk | contribs)

འོད་གསལ་རང་བཞིན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པའི་ས་བཅད་ཡེ་ཤེས་དགོངས་གསལ།
Wylie title 'od gsal rang bzhin rdzogs pa chen po mkha' 'gro snying thig lam gyi rim pa dang 'brel ba'i rdo rje'i thol glu ye shes grub pa'i sa bcad ye shes dgongs gsal DKR-KABUM-13-PA-017.pdf
Location dil mgo mkhyen brtse bka' 'bum
Volume 13, Text 17, Pages 199-204 (Folios 1a to 6a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön པདྨ་ལས་འབྲེལ་རྩལ་ (Pad+ma las 'brel rtsal)
Citation Khyentse, Dilgo. 'od gsal rang bzhin rdzogs pa chen po mkha' 'gro snying thig lam gyi rim pa dang 'brel ba'i rdo rje'i thol glu ye shes grub pa'i sa bcad ye shes dgongs gsal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 199-204. Delhi: Shechen Publications, 1994.
Genre Outlines - sa bcad  ·  Vajra Songs - rdo rje'i glu
Cycle རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་ (rdzogs pa chen po mkha' 'gro snying thig)
Colophon

ཅེས་པའང་ལས་དང་ཉོན་མོངས་བརྡོལ་བས་སྙིགས་མར་སྤྱོད་ཀྱང་ཆོས་དང་སྟོན་པ་འཇིག་རྟེན་གསུམ་ན་འགྲན་ཟླ་བྲལ་བས་རྗེས་སུ་བཟུང་བའི་སྐལ་ལྡན་རྡོ་རྗེའི་རིགས་སུ་སྙེམས་པའི་མངྒ་ལ་ཤྲཱི་བྷཱུ་ཏིས། རྒྱ་མཚོ་ཆེན་པོའི་གླིང་དུ་འཁོད་པའི་ཕ་རན་སེའི་སྨན་ལྗོངས་རྡོ་གདོང་དབེན་པའི་གནས་ཁྲོད་ཉམས་དགའ་བས་མཛེས་པའི་བསམ་གཏན་གྱི་སྐྱིལ་བུ་བཀྲ་ཤིས་དཔལ་འབར་གླིང་དུ་སྐྱིད་ཉལ་གྱི་ཐུན་གསེང་དུ་ཚུལ་འདིའི་བཤད་ཁྲིད་ལན་དུ་མར་བགྱིས་པའི་ཚེ་རང་གི་གོ་ཚོད་ཙམ་གྱི་ས་བཅད་བྲིས་པ་དད་བློ་རྣམ་གསལ་ཨོ་རྒྱན་གཞན་ཕན་གྱིས་ཡི་གེ་གཉིས་པར་བཀོད་པ། དུས་སྐབས་འདིའི་མ་ཧཱ་སནྡྷི་པ་རྣམས་ཀྱི་སྤྱན་གྱི་འབབ་སྟེགས་སུ་གྱུར་ནས་ནོངས་འཁྲུལ་གྱི་རྙོག་པ་བགྲུང་བ་དང༌། དགེ་བས་ཐེག་མཆོག་གི་བསྟན་པ་ལ་བྱ་བ་བྱེད་པར་གྱུར་ཅིག།

ces pa'ang las dang nyon mongs brdol bas snyigs mar spyod kyang chos dang ston pa 'jig rten gsum na 'gran zla bral bas rjes su bzung ba'i skal ldan rdo rje'i rigs su snyems pa'i mang+ga la shrI b+hU tis/_rgya mtsho chen po'i gling du 'khod pa'i pha ran se'i sman ljongs rdo gdong dben pa'i gnas khrod nyams dga' bas mdzes pa'i bsam gtan gyi skyil bu bkra shis dpal 'bar gling du skyid nyal gyi thun gseng du tshul 'di'i bshad khrid lan du mar bgyis pa'i tshe rang gi go tshod tsam gyi sa bcad bris pa dad blo rnam gsal o rgyan gzhan phan gyis yi ge gnyis par bkod pa/_dus skabs 'di'i ma hA san+d+hi pa rnams kyi spyan gyi 'bab stegs su gyur nas nongs 'khrul gyi rnyog pa bgrung ba dang*/_dge bas theg mchog gi bstan pa la bya ba byed par gyur cig/

[edit]
༄༅། །འོད་གསལ་རང་བཞིན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པའི་ས་བཅད་ཡེ་ཤེས་དགོངས་གསལ་ཞེས་བྱ་བ་བཞུགས་སོ།།


༄༅། །ན་མོ་གུ་རུ་དྷཱ་ཏུ་ཌཱ་ཀི་ཛྙཱ་ན་ས་ར་ཛ་ཡ་ཡེ། འོད་གསལ་རང་བཞིན་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་མ་བུའི་དགོངས་པའི་བཅུད་ཕུར་ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་རྡོ་རྗེའི་དོ་ཧའི་ས་བཅད་དུ་འགོད་པ་ལ། ཐོག་མར་དགེ་བ་བཤད་བྱའི་ལམ་གྱི་སྒོ་འབྱེད་པ། བར་དུ་དགེ་བ་ཉམས་སུ་བླང་བྱའི་ལམ་ཡོངས་རྫོགས་འཆད་པ། ཐ་མར་དགེ་བས་ལམ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་ལྔ། མཚན་སྨོས་པ། མགུར་གྱི་སྣ་འདྲེན་པ། མཆོད་པར་བརྗོད་པ། ལམ་གྱི་མཐར་ཐུག་ཡིན་ཚུལ་གདམས་པ། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། འོད་གསལ༴ གཉིས་པ་ནི། ཨ་ཧོ༴ གསུམ་པ་ནི། གཟོད་ནས༴ བཞི་པ་ནི། རྒྱལ་བས༴ ལྔ་པ་ནི། དེ་སླད༴ གཉིས་པ་བར་དུ་དགེ་བ་ལམ་ཡོངས་རྫོགས་འཆད་པ་ལ། སྦྱོར་བ་དབང་པོ་རབ་འབྲིང་ཐ་གསུམ་ཀའི་ཉམས་ལེན་ལམ་གྱི་སྔོན་འགྲོ། དངོས་གཞི་དབང་རབ་ཀྱི་ཉམས་སུ་བླང་བྱ་ཚེ་འདིར་གྲོལ་བའི་ལམ་དངོས། རྗེས་དབང་པོ་འབྲིང་རྟུལ་བར་དོ་དང་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་ཚུལ་ལོ། །དང་པོ་ལ་ཉམས་ལེན་གྱི་གཞི་བཅའ་བ། ཐུན་གྱི་སྔོན་འགྲོ། ལམ་གྱི་སྔོན་འགྲོ་ཐུན་མོང་བློ་ལྡོག་བཞི། ཐུན་མིན་བསགས་སྦྱང་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཐོག་མར་དབེན་ཞིང༴ གཉིས་པ་ནི། འབྱུང་བའི་རླུང༴ གསུམ་པ་ལམ་གྱི་སྔོན་འགྲོ་ལ་ནང་གསེས་སུ་ལྔ་ལས། དང་པོ་དལ་འབྱོར་རྙེད་དཀའ་བས་ཚེ་འདིར་ཞེན་པའི་བློ་ལྡོག །འདུས་བྱས་མི་རྟག་པས་སྙོམས་ལས་ལེ་ལོ་ལས་བློ་ལྡོག །ལས་འབྲས་བསླུ་མེད་ཀྱིས་རྒྱུ་འབྲས་རྟེན་འབྲེལ་ལ་ཡིད་ཆེས། འཁོར་བའི་ཉེས་དམིགས་ཀྱིས་བཅོས་མིན་ངེས་འབྱུང་བསྐྱེད། ཐར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱིས་ཡང་དག་པའི་ལམ་དུ་བཙུད་པའོ། །དང་པོ་ནི། དེ་ནས་དལ༴ གཉིས་པ་ནི། ཕྱི་ནང་སྣོད༴ གསུམ་པ་ནི། འཆི་ཚེ་དཀར༴ བཞི་པ་ནི༴ འཁོར་བ་གར༴ ལྔ་པ་ནི༴ དེ་ཕྱིར་དེ་ལས༴ གསུམ་པ་ཐུན་མིན་བསགས་སྦྱང་གི་སྔོན་འགྲོ་ལའང་དྲུག །ཐར་ལམ་གྱི་སྒོ་འབྱེད་སྐྱབས་འགྲོ། ཐེག་ཆེན་གྱི་ལམ་སྲོག་སེམས་བསྐྱེད། ལམ་གྱི་གེགས་སེལ་རྡོར་སེམས་བསྒོམ་བཟླས། ལམ་གྱི་བོགས་འབྱིན་མཎྜལ། ལམ་ཀུན་གྱི་གཞུང་ཤིང་བླ་མའི་རྣལ་འབྱོར། ཕན་ཡོན་དང་བཅས་པའོ། །དང་པོ་ནི། དེ་ལྟར་ཡང༴ གཉིས་པ་ནི། མཐའ་ཀླས༴ གསུམ་པ་ནི། འགལ་རྐྱེན༴ བཞི་པ་ནི། མཐུན་རྐྱེན༴ ལྔ་པ་ནི། ཁྱད་པར་རྡོ་རྗེའི༴ དྲུག་པ་ནི། དེ་ལམ་གཞན༴ སྦྱོར་བའི་ཚོམས་ཏེ་དང་པོའོ། །གཉིས་པ་དངོས་གཞི་དབང་པོ་རབ་ཀྱིས་ཚེ་འདིར་གྲོལ་བའི་ཉམས་ལེན་གདམས་ངག་ཁྲིད་ཀྱི་ལུགས་སུ་འདེབས་པ་ལ། རྫོགས་པ་ཆེན་པོའི་ཁྱད་པར་གྱི་སྔོན་འགྲོ་དང༌། དངོས་གཞི་ཉམས་ལེན་ནོ། །དང་པོ་ལའང༌། རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་དབྱེ་བ་དང༌། སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་སྦྱང་བའོ། །དང་པོ་ལའང༌། ཕྱི་སྒོ་གསུམ་ཆིག་དྲིལ་གྱིས་རུ་ཤན་དབྱེ་བ་དང༌། ནང་དམིགས་པའི་འཕྲོ་འདུས་རུ་ཤན་དབྱེ་བའོ། །དང་པོ་ནི། དེ་ནས་ཁྱད་པར༴ གཉིས་པ་ལ་སྒོ་གསུམ་སྦྱང་བ་དངོས་དང༌། རྣལ་དབབ་གཉིས་ལས། དང་པོ་ནི། གཉིས་པ་སེམས་ཀྱི༴ གཉིས་པ་ནི། དེ་བཞིན་འགུལ་སྐྱོད༴ གཉིས་པ་དངོས་གཞི་ཉམས་ལེན་དངོས་ལ། མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་ནི། དངོས་གཞི༴ གཉིས་པ་རྒྱས་བཤད་ལ། སྒོམ་དུ་ཡོད་པ་ཁྲེགས་ཆོད་ཀྱི་ཉམས་ལེན་དང༌། སྒོམ་མེད་འོད་གསལ་ཐོད་རྒལ་གྱི་ཉམས་ལེན་ནོ། །དང་པོ་ཁྲེགས་ཆོད་ལའང༌། སྨིན་པར་བྱེད་པ་དབང་གིས་གདམས་ངག་ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་དང༌། གྲོལ་བར་བྱེད་པ་ཁྲིད་ལ་ཅོག་བཞག་བཞིའི་ལྟ་སྒོམ་སྤྱོད་འབྲས་དང་གེགས་སེལ་བོགས་འདོན། ཕན་ཡོན་བསྟན་པའོ། །དང་པོ་ནི། དང་པོ་དབང་བསྐུར༴ གཉིས་པ་ལ་བཞི། ལྟ་བ་རི་བོ་ཅོག་བཞག །སྒོམ་པ་རྒྱ་མཚོ་ཅོག་བཞག །སྤྱོད་པ་མན་ངག་ཅོག་བཞག །འབྲས་བུ་མ་བཅོས་ཅོག་བཞག་གོ །དང་པོ་ནི། དེ་ལྟའི༴ གཉིས་པ་ནི། སྐྱིལ་ཀྲུང༴ གསུམ་པ་ནི། སྒོ་གསུམ༴ བཞི་པ་ནི། ཕྱི་རོལ་ཡུལ༴ གསུམ་པ་ལ་གཉིས། གེགས་སེལ་དང༌། བོགས་འདོན། དང་པོ་ནི། མདོར་ན༴ གཉིས་པ་ནི། ད་ལྟའི་ཤེས་པ༴ བཞི་པ་ཕན་ཡོན་ནི། འདི་ནི་གྲངས་མེད༴ གཉིས་པ་སྒོམ་མེད་འོད་གསལ་ཐོད་རྒལ་གྱི་ལམ་བཤད་པ་ལ། ལམ་གཞན་ལས་ཁྱད་པར་འཕགས་པའི་ཆེ་བ། ཉམས་སུ་བླང་བྱའི་ལམ་དངོས་སོ། །དང་པོ་ནི། གཉིས་པ་འོད་གསལ༴ གཉིས་པ་ལ་བདུན། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ། ཉམས་ལེན་གྱི་སྲང་དུ་གཞུག་པ། སྣང་བཞིའི་འཆར་སྒོ་ངོས་གཟུང་བ། མཐའ་རྟེན་བཞིའི་མན་ངག་གི་རྟགས་ཚད་ངོས་གཟུང་བ། མི་སློབ་པའི་མཐར་འབྲས་དངོས་བསྟན་པ་དང༌། ལམ་ཟབ་པར་གདམས་པས་མཇུག་བསྡུ་བའོ། །དང་པོ་སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་གཏང་བ་ནི། སྒོ་གསུམ་དགེ་དང༴ གཉིས་པ་ལ་གནད་བཞི་བསྟན་པ་དང༌། མངོན་སུམ་སྣང་ཐོག་ཏུ་ངོ་སྤྲད་པ་གཉིས་ལས། དང་པོ་ནི། ལུས་གནད༴ གཉིས་པ་མངོན་སུམ་སྣང་ཐོག་ཏུ་སྒྲོན་མ་བཞི་ངོ་སྤྲད་པ་ལ་བཞི། དབྱིངས་རྣམ་དག་གི་སྒྲོན་མ། ཐིག་ལེ་སྟོང་སྒྲོན། ཤེས་རབ་རང་བྱུང༌། རིག་པ་ཡེ་ཤེས་ཀྱི་སྒྲོན་མའོ། །དང་པོ་ནི། ཐོག་མར་འོད༴ གཉིས་པ་ནི། དེ་དབུས༴ གསུམ་པ་ནི། ནང་དུ༴ བཞི་པ་ནི། ཤར་ཚེ༴ གསུམ་པ་ཉམས་ལེན་སྲང་དུ་གཞུག་པ་ནི། དེ་ཡང་ཞེན་མེད༴ བཞི་པ་སྣང་བ་བཞིའི་འཆར་སྒོ་ངོས་གཟུང་བ་ལ། འཆར་བྱ་སྣང་བཞི་དང༌། སོ་སོའི་གྲོལ་ཚད་བསྟན་པ་གཉིས་རེའི་འཆད་པ་ལ། དང་པོ་ཆོས་ཉིད་མངོན་སུམ། གཉིས་པ་དེའི་གྲོལ་ཚད། གཉིས་པ་ཉམས་གོང་འཕེལ། གཉིས་པ་དེའི་གྲོལ་ཚད། གསུམ་པ་རིག་པ་ཚད་ཕེབས། གཉིས་པ་དེའི་གྲོལ་ཚད། བཞི་པ་ཆོས་ཉིད་ཟད་ས། གཉིས་པ་དེའི་གྲོལ་ཚད། དང་པོ་ནི། དང་པོ་ཆོས༴ གཉིས་པ་ནི། འདི་དུས༴ གཉིས་པ་ནི། གཉིས་པ་ཉམས༴ གཉིས་པ་གྲོལ་ཚད་ནི། འཆི་སྲིད་འོད༴ གསུམ་པ་ནི། གསུམ་པ་རིག༴ གཉིས་པ་ནི། ཡུལ་དུ་ཐོགས༴ བཞི་པ་ནི། བཞི་པ་ཆོས༴ གཉིས་པ་ནི། དེ་ཚེ་སྐྱེ༴ ལྔ་པ་མཐའ་རྟེན་བཞིའི་མན་ངག་ལ། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལྟར་དངོས༴ གཉིས་པ་རྒྱས་བཤད་ལ་བཞི། མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། དང་པོ་བཞུགས༴ གཉིས་པ་ལ། དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། གཉིས་པ་ལུས༴ གཉིས་པ་ཞར་བྱུང་ལ། རྟགས་སྒོ་གསུམ་ལ་འཆར་བ། ཚད་རྨི་ལམ་གྱིས་བཟུང་བ་གཉིས། དང་པོ་ནི། འདི་དུས་སྣང་བ༴ གཉིས་པ་ཚད་རྨི་ལམ་གྱིས་བཟུང་བ་ནི། གཞན་ཡང༴ གསུམ་པ་ཐོབ་པ་གསུམ་ནི། གསུམ་པ་ཕྱི༴ བཞི་པ་གདེང་བཞིས་གྲོལ་ཚད་ནི། བཞི་པ་འཁོར༴ དྲུག་པ་མི་སློབ་པའི་མཐར་འབྲས་དངོས་ནི། དེ་ཕྱིར་ཞི༴ བདུན་པ་ལམ་ཟབ་པར་གདམས་པས་མཇུག་བསྡུ་བ་ནི། མདོར་ན་སྲས་དང་བཅས༴ དངོས་གཞིའི་ཚོམས་ཏེ་གཉིས་པའོ། །གཉིས་པ་དབང་འབྲིང་བར་དོར་གྲོལ་བ་མགྲོན་པོ་ལ་བརྒལ་བ་ཚངས་སྤྲུགས་སུ་གདམས་པ་དང༌། དབང་རྟུལ་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བའི་གདམས་པ་གཉིས་བསྟན་པའོ། །དང་པོ་ལའང༌། གདམས་ངག་སྔ་ཕྱི་མཚམས་སྦྱར་བ་དང༌། དབང་པོ་འབྲིང་རྟུལ་གྱི་ལམ་དངོས་རྒྱས་པར་དགྲོལ་བའོ། །དང་པོ་ནི། དེ་ལྟར་དབང་པོ༴ གཉིས་པ་ལ་བཞི། རང་བཞིན་བར་དོ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ། འཆི་ཁའི་བར་དོ་མི་གསལ་བ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུ། ཆོས་ཉིད་བར་དོ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ། སྲིད་པ་བར་དོ་ལས་སྐྱེ་ཕྲེང་མཐུད་པ་ཡུར་བ་རྐང་ཆག་ལ་ཝ་འཇུག་པ་ལྟ་བུའོ། །དང་པོ་ནི། གང་ཞིག་རང་བཞིན༴ གཉིས་པ་ལ། འཆི་ཁ་བར་དོའི་གདམས་པ་དངོས་དང༌། ཞར་འབྱུང་འབྱུང་བའི་ཐིམ་རིམ་བཤད་པས་ཚང་སྤྲུགས་ཀྱི་མན་ངག་ལམ་ཕྱིར་བསྟན་པའོ། །དང་པོ་ལའང༌། སྐུ་དང་ཡེ་ཤེས་ལ་འཇུག་པ་འོད་གསལ་སྦུབས་འཇུག་དང༌། ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པའོ། །དང་པོ། དེ་ནས་ནམ༴ གཉིས་པ་ནི། ཡང་ན་གྲོང་འཕོ༴ གཉིས་པ་ཞར་བྱུང་ནི། གལ་ཏེ་ལས༴ གསུམ་པ་ཆོས་ཉིད་བར་དོ་དེ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་འཇུག་པ་ལ་ལྔ། རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་འོད་གསལ་ལ་ཐིམ། འོད་གསལ་ཟུང་འཇུག་ལ་ཐིམ། ཟུང་འཇུག་ཡེ་ཤེས་ལ་ཐིམ། ཡེ་ཤེས་ལྷུན་གྲུབ་ལ་ཐིམ་སྟེ་གྲོལ་ཚུལ་ལོ། །དང་པོ་ནི། དེ་ནས་ཀུན༴ གཉིས་པ་ནི། གལ་ཏེ༴ གསུམ་པ་ནི། དེ་ནས་འོད༴ བཞི་པ་ནི། སླར་ཡང་ཟུང༴ ལྔ་པ་ལ་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་དང༌། འཆར་ལུགས་བརྒྱད། རྗེས་དྲན་དྲུག །ཐིམ་ལུགས་བརྒྱད་ཆོས་ཉིད་བར་དོ་སྤྱིའི་ཆིངས་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་ཡེ་ཤེས༴ གཉིས་པ་ནི། ཐུགས་རྗེའི་འོད༴ གསུམ་པ་ནི། གཞན་ཡང༴ བཞི་པ་ནི། འཆར་ལུགས་བརྒྱད་ཀྱང༴ ལྔ་པ་ནི། མདོར་ན༴ བཞི་པ་སྲིད་པ་བར་དོ་ལ། བར་དོའི་སྣང་ཚུལ། ཞིང་ཁམས་ཡིད་ལ་བྱེད་པས་གྲོལ་བ་དང༌། སྐྱེ་གནས་འབྲེལ་བརྟགས་ཏེ་བཅད་ཚུལ་ལོ། །དང་པོ་ནི། གལ་ཏེ༴ གཉིས་པ་ནི། དེ་ཚེ་བར་དོའི༴ གསུམ་པ་ནི། གཞན་ཡང་མངལ༴ གསུམ་པ་དབང་རྟུལ་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་ཚུལ་ནི། དེ་ལྟར་དབང་པོ༴ འབྲེལ་དོན་ཚོམས་ཏེ་གསུམ་པས་རྫོགས་སོ། །གསུམ་པ་ཐ་མར་དགེ་བ་བརྩམ་པ་མཐའ་རྒྱས་སུ་བྱ་བ་ལ། བརྩམ་བྱའི་གནད་བསྡུས་ཏེ་བསྟན། རྩོམ་པ་པོའི་མཚན་སྨོས་པ། ནོངས་པ་བཤགས་ནས་ཁེངས་པ་བསྐྱུང་ཞིང་བསྔོ་བ། བརྩམ་བྱང་གི་གནས་དང་གསང་བར་གདམས་པའོ། །དང་པོ་ནི། དེ་ལྟར་སྟེ༴ གཉིས་པ་ནི། གཏད་མེད༴ གསུམ་པ་ནི། འདི་ལ་ནོངས༴ བཞི་པ་ནི། ཞེས་པའང་དུས་གསུམ་མཁྱེན་སོགས། ཅེས་པའང་ལས་དང་ཉོན་མོངས་བརྡོལ་བས་སྙིགས་མར་སྤྱོད་ཀྱང་ཆོས་དང་སྟོན་པ་འཇིག་རྟེན་གསུམ་ན་འགྲན་ཟླ་བྲལ་བས་རྗེས་སུ་བཟུང་བའི་སྐལ་ལྡན་རྡོ་རྗེའི་རིགས་སུ་སྙེམས་པའི་མངྒ་ལ་ཤྲཱི་བྷཱུ་ཏིས། རྒྱ་མཚོ་ཆེན་པོའི་གླིང་དུ་འཁོད་པའི་ཕ་རན་སེའི་སྨན་ལྗོངས་རྡོ་གདོང་དབེན་པའི་གནས་ཁྲོད་ཉམས་དགའ་བས་མཛེས་པའི་བསམ་གཏན་གྱི་སྐྱིལ་བུ་བཀྲ་ཤིས་དཔལ་འབར་གླིང་དུ་སྐྱིད་ཉལ་གྱི་ཐུན་གསེང་དུ་ཚུལ་འདིའི་བཤད་ཁྲིད་ལན་དུ་མར་བགྱིས་པའི་ཚེ་རང་གི་གོ་ཚོད་ཙམ་གྱི་ས་བཅད་བྲིས་པ་དད་བློ་རྣམ་གསལ་ཨོ་རྒྱན་གཞན་ཕན་གྱིས་ཡི་གེ་གཉིས་པར་བཀོད་པ། དུས་སྐབས་འདིའི་མ་ཧཱ་སནྡྷི་པ་རྣམས་ཀྱི་སྤྱན་གྱི་འབབ་སྟེགས་སུ་གྱུར་ནས་ནོངས་འཁྲུལ་གྱི་རྙོག་པ་བགྲུང་བ་དང༌། དགེ་བས་ཐེག་མཆོག་གི་བསྟན་པ་ལ་བྱ་བ་བྱེད་པར་གྱུར་ཅིག། །།
[edit]

@#/__/'od gsal rang bzhin rdzogs pa chen po mkha' 'gro snying thig lam gyi rim pa dang 'brel ba'i rdo rje'i thol glu ye shes grub pa'i sa bcad ye shes dgongs gsal zhes bya ba bzhugs so//


@#/__/na mo gu ru d+hA tu DA ki dz+nyA na sa ra dza ya ye/_'od gsal rang bzhin rdzogs pa chen po mkha' 'gro snying thig ma bu'i dgongs pa'i bcud phur kun gzigs 'jam pa'i dbyangs mkhyen brtse'i dbang po'i rdo rje'i do ha'i sa bcad du 'god pa la/_thog mar dge ba bshad bya'i lam gyi sgo 'byed pa/_bar du dge ba nyams su blang bya'i lam yongs rdzogs 'chad pa/_tha mar dge bas lam mtha' rgyas su bya ba'o/__/dang po la lnga/_mtshan smos pa/_mgur gyi sna 'dren pa/_mchod par brjod pa/_lam gyi mthar thug yin tshul gdams pa/_brtsam par dam bca' ba'o/__/dang po ni/_'od gsal=_gnyis pa ni/_a ho=_gsum pa ni/_gzod nas=_bzhi pa ni/_rgyal bas=_lnga pa ni/_de slad=_gnyis pa bar du dge ba lam yongs rdzogs 'chad pa la/_sbyor ba dbang po rab 'bring tha gsum ka'i nyams len lam gyi sngon 'gro/_dngos gzhi dbang rab kyi nyams su blang bya tshe 'dir grol ba'i lam dngos/_rjes dbang po 'bring rtul bar do dang rang bzhin sprul pa'i zhing du grol tshul lo/__/dang po la nyams len gyi gzhi bca' ba/_thun gyi sngon 'gro/_lam gyi sngon 'gro thun mong blo ldog bzhi/_thun min bsags sbyang phan yon dang bcas pa'o/__/dang po ni/_thog mar dben zhing=_gnyis pa ni/_'byung ba'i rlung=_gsum pa lam gyi sngon 'gro la nang gses su lnga las/_dang po dal 'byor rnyed dka' bas tshe 'dir zhen pa'i blo ldog_/'dus byas mi rtag pas snyoms las le lo las blo ldog_/las 'bras bslu med kyis rgyu 'bras rten 'brel la yid ches/_'khor ba'i nyes dmigs kyis bcos min nges 'byung bskyed/_thar lam gyi rtsa ba bshes gnyen bsten tshul gyis yang dag pa'i lam du btsud pa'o/__/dang po ni/_de nas dal=_gnyis pa ni/_phyi nang snod=_gsum pa ni/_'chi tshe dkar=_bzhi pa ni=_'khor ba gar=_lnga pa ni=_de phyir de las=_gsum pa thun min bsags sbyang gi sngon 'gro la'ang drug_/thar lam gyi sgo 'byed skyabs 'gro/_theg chen gyi lam srog sems bskyed/_lam gyi gegs sel rdor sems bsgom bzlas/_lam gyi bogs 'byin maN+Dal/_lam kun gyi gzhung shing bla ma'i rnal 'byor/_phan yon dang bcas pa'o/__/dang po ni/_de ltar yang=_gnyis pa ni/_mtha' klas=_gsum pa ni/_'gal rkyen=_bzhi pa ni/_mthun rkyen=_lnga pa ni/_khyad par rdo rje'i=_drug pa ni/_de lam gzhan=_sbyor ba'i tshoms te dang po'o/__/gnyis pa dngos gzhi dbang po rab kyis tshe 'dir grol ba'i nyams len gdams ngag khrid kyi lugs su 'debs pa la/_rdzogs pa chen po'i khyad par gyi sngon 'gro dang*/_dngos gzhi nyams len no/__/dang po la'ang*/_rig pa'i sna khrid pa 'khor 'das ru shan dbye ba dang*/_sems kyi sna khrid pa sgo gsum sbyang ba'o/__/dang po la'ang*/_phyi sgo gsum chig dril gyis ru shan dbye ba dang*/_nang dmigs pa'i 'phro 'dus ru shan dbye ba'o/__/dang po ni/_de nas khyad par=_gnyis pa la sgo gsum sbyang ba dngos dang*/_rnal dbab gnyis las/_dang po ni/_gnyis pa sems kyi=_gnyis pa ni/_de bzhin 'gul skyod=_gnyis pa dngos gzhi nyams len dngos la/_mdor bstan dang rgyas bshad gnyis/_dang po ni/_dngos gzhi=_gnyis pa rgyas bshad la/_sgom du yod pa khregs chod kyi nyams len dang*/_sgom med 'od gsal thod rgal gyi nyams len no/__/dang po khregs chod la'ang*/_smin par byed pa dbang gis gdams ngag ngo sprod kyi lugs su gdab pa dang*/_grol bar byed pa khrid la cog bzhag bzhi'i lta sgom spyod 'bras dang gegs sel bogs 'don/_phan yon bstan pa'o/__/dang po ni/_dang po dbang bskur=_gnyis pa la bzhi/_lta ba ri bo cog bzhag_/sgom pa rgya mtsho cog bzhag_/spyod pa man ngag cog bzhag_/'bras bu ma bcos cog bzhag go__/dang po ni/_de lta'i=_gnyis pa ni/_skyil krung=_gsum pa ni/_sgo gsum=_bzhi pa ni/_phyi rol yul=_gsum pa la gnyis/_gegs sel dang*/_bogs 'don/_dang po ni/_mdor na=_gnyis pa ni/_da lta'i shes pa=_bzhi pa phan yon ni/_'di ni grangs med=_gnyis pa sgom med 'od gsal thod rgal gyi lam bshad pa la/_lam gzhan las khyad par 'phags pa'i che ba/_nyams su blang bya'i lam dngos so/__/dang po ni/_gnyis pa 'od gsal=_gnyis pa la bdun/_sgo gsum gyi gnad gzir ba/_gnad bzhis mngon sum rang thog tu ngo sprod pa/_nyams len gyi srang du gzhug pa/_snang bzhi'i 'char sgo ngos gzung ba/_mtha' rten bzhi'i man ngag gi rtags tshad ngos gzung ba/_mi slob pa'i mthar 'bras dngos bstan pa dang*/_lam zab par gdams pas mjug bsdu ba'o/__/dang po sngon 'gro sgo gsum gyi bya ba gtang ba ni/_sgo gsum dge dang=_gnyis pa la gnad bzhi bstan pa dang*/_mngon sum snang thog tu ngo sprad pa gnyis las/_dang po ni/_lus gnad=_gnyis pa mngon sum snang thog tu sgron ma bzhi ngo sprad pa la bzhi/_dbyings rnam dag gi sgron ma/_thig le stong sgron/_shes rab rang byung*/_rig pa ye shes kyi sgron ma'o/__/dang po ni/_thog mar 'od=_gnyis pa ni/_de dbus=_gsum pa ni/_nang du=_bzhi pa ni/_shar tshe=_gsum pa nyams len srang du gzhug pa ni/_de yang zhen med=_bzhi pa snang ba bzhi'i 'char sgo ngos gzung ba la/_'char bya snang bzhi dang*/_so so'i grol tshad bstan pa gnyis re'i 'chad pa la/_dang po chos nyid mngon sum/_gnyis pa de'i grol tshad/_gnyis pa nyams gong 'phel/_gnyis pa de'i grol tshad/_gsum pa rig pa tshad phebs/_gnyis pa de'i grol tshad/_bzhi pa chos nyid zad sa/_gnyis pa de'i grol tshad/_dang po ni/_dang po chos=_gnyis pa ni/_'di dus=_gnyis pa ni/_gnyis pa nyams=_gnyis pa grol tshad ni/_'chi srid 'od=_gsum pa ni/_gsum pa rig=_gnyis pa ni/_yul du thogs=_bzhi pa ni/_bzhi pa chos=_gnyis pa ni/_de tshe skye=_lnga pa mtha' rten bzhi'i man ngag la/_mdor bstan/_rgyas bshad do/__/dang po ni/_de ltar dngos=_gnyis pa rgyas bshad la bzhi/_mi 'gul ba gsum gyis gzhi bca'/_sdod pa gsum gyis tshad bzung*/_thob pa gsum gyi gzer gdab/_gdeng bzhis grol tshad bstan pa'o/__/dang po ni/_dang po bzhugs=_gnyis pa la/_dngos dang zhar byung gnyis las/_dang po ni/_gnyis pa lus=_gnyis pa zhar byung la/_rtags sgo gsum la 'char ba/_tshad rmi lam gyis bzung ba gnyis/_dang po ni/_'di dus snang ba=_gnyis pa tshad rmi lam gyis bzung ba ni/_gzhan yang=_gsum pa thob pa gsum ni/_gsum pa phyi=_bzhi pa gdeng bzhis grol tshad ni/_bzhi pa 'khor=_drug pa mi slob pa'i mthar 'bras dngos ni/_de phyir zhi=_bdun pa lam zab par gdams pas mjug bsdu ba ni/_mdor na sras dang bcas=_dngos gzhi'i tshoms te gnyis pa'o/__/gnyis pa dbang 'bring bar dor grol ba mgron po la brgal ba tshangs sprugs su gdams pa dang*/_dbang rtul rang bzhin sprul pa'i zhing du grol ba'i gdams pa gnyis bstan pa'o/__/dang po la'ang*/_gdams ngag snga phyi mtshams sbyar ba dang*/_dbang po 'bring rtul gyi lam dngos rgyas par dgrol ba'o/__/dang po ni/_de ltar dbang po=_gnyis pa la bzhi/_rang bzhin bar do la sgro 'dogs chod pa thi bya tshang du 'jug pa lta bu/_'chi kha'i bar do mi gsal ba gsal gdab pa sgeg mos me long la blta ba lta bu/_chos nyid bar do rang snang la yid ches pa ma pang du bu 'jug pa lta bu/_srid pa bar do las skye phreng mthud pa yur ba rkang chag la wa 'jug pa lta bu'o/__/dang po ni/_gang zhig rang bzhin=_gnyis pa la/_'chi kha bar do'i gdams pa dngos dang*/_zhar 'byung 'byung ba'i thim rim bshad pas tshang sprugs kyi man ngag lam phyir bstan pa'o/__/dang po la'ang*/_sku dang ye shes la 'jug pa 'od gsal sbubs 'jug dang*/_yul dang gnas la 'jug pa 'pho ba'i gdams pa'o/__/dang po/_de nas nam=_gnyis pa ni/_yang na grong 'pho=_gnyis pa zhar byung ni/_gal te las=_gsum pa chos nyid bar do de rang snang la yid ches pa ma pang du 'jug pa la lnga/_rnam shes nam mkha' la thim/_nam mkha' 'od gsal la thim/_'od gsal zung 'jug la thim/_zung 'jug ye shes la thim/_ye shes lhun grub la thim ste grol tshul lo/_/dang po ni/_de nas kun=_gnyis pa ni/_gal te=_gsum pa ni/_de nas 'od=_bzhi pa ni/_slar yang zung=_lnga pa la ye shes lhun grub la thim pa dang*/_'char lugs brgyad/_rjes dran drug_/thim lugs brgyad chos nyid bar do spyi'i chings bstan pas mjug bsdu ba'o/__/dang po ni/_de nas ye shes=_gnyis pa ni/_thugs rje'i 'od=_gsum pa ni/_gzhan yang=_bzhi pa ni/_'char lugs brgyad kyang=_lnga pa ni/_mdor na=_bzhi pa srid pa bar do la/_bar do'i snang tshul/_zhing khams yid la byed pas grol ba dang*/_skye gnas 'brel brtags te bcad tshul lo/__/dang po ni/_gal te=_gnyis pa ni/_de tshe bar do'i=_gsum pa ni/_gzhan yang mngal=__gsum pa dbang rtul rang bzhin sprul pa'i zhing du grol tshul ni/_de ltar dbang po=_'brel don tshoms te gsum pas rdzogs so/__/gsum pa tha mar dge ba brtsam pa mtha' rgyas su bya ba la/_brtsam bya'i gnad bsdus te bstan/_rtsom pa po'i mtshan smos pa/_nongs pa bshags nas khengs pa bskyung zhing bsngo ba/_brtsam byang gi gnas dang gsang bar gdams pa'o/__/dang po ni/_de ltar ste=_gnyis pa ni/_gtad med=_gsum pa ni/_'di la nongs=_bzhi pa ni/_zhes pa'ang dus gsum mkhyen sogs/_ces pa'ang las dang nyon mongs brdol bas snyigs mar spyod kyang chos dang ston pa 'jig rten gsum na 'gran zla bral bas rjes su bzung ba'i skal ldan rdo rje'i rigs su snyems pa'i mang+ga la shrI b+hU tis/_rgya mtsho chen po'i gling du 'khod pa'i pha ran se'i sman ljongs rdo gdong dben pa'i gnas khrod nyams dga' bas mdzes pa'i bsam gtan gyi skyil bu bkra shis dpal 'bar gling du skyid nyal gyi thun gseng du tshul 'di'i bshad khrid lan du mar bgyis pa'i tshe rang gi go tshod tsam gyi sa bcad bris pa dad blo rnam gsal o rgyan gzhan phan gyis yi ge gnyis par bkod pa/_dus skabs 'di'i ma hA san+d+hi pa rnams kyi spyan gyi 'bab stegs su gyur nas nongs 'khrul gyi rnyog pa bgrung ba dang*/_dge bas theg mchog gi bstan pa la bya ba byed par gyur cig/__//

Footnotes

Other Information