DKR-KABUM-17-TSA-024

From Khyentse Lineage - A Tsadra Foundation Project
Revision as of 15:28, 7 December 2022 by Mort (talk | contribs)

Wylie title ' DKR-KABUM-17-TSA-024.pdf
Location dil mgo mkhyen brtse bka' 'bum
Volume 17, Text 24, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
[edit]
༄༅། གུ་རུ་པདྨ་རྒྱལ་པོའི་ཐུགས་སྒྲུབ་ཀྱི་ལྷན་ཐབས་མཛེས་རྒྱན་པདྨའི་ཕྲེང་བ་བཞུགས། ན་མོ། གདོད་ནས་དག་པ་ཆོས་སྐུའི་དབྱིངས། །བདེ་ཆེན་ལྷུན་གྲུབ་དཀྱིལ་འཁོར་བདག །གུ་རུ་པདྨ་རྒྱལ་པོ་ལ། །གཉིས་མེད་རྟོགས་པས་སྐྱབས་སུ་མཆི། ཀྱེ་ཧོ། གློ་བུར་རྟོག་པའི་གཟུང་འཛིན་གྱི། །ཞེན་སྣང་འཁྲུལ་པ་ལུ་གུ་རྒྱུད། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྱིར། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། ཧོ། རང་རིག་ཆོས་སྐུའི་བླ་མ་ལ། །མཚན་འཛིན་བྲལ་བས་ཕྱག་འཚལ་ཞིང༌། །གང་སྣང་བདེ་སྟོང་མཆོད་པ་འབུལ། །ཡིད་དཔྱོད་མཚན་མའི་རྟོག་པ་བཤགས། །འོད་གསལ་ཆེན་པོར་རྗེས་ཡི་རང༌། །ཟབ་རྒྱས་དོན་གྱི་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་ཚོགས་ཡེ་ཤེས་སྙིང་པོར་བསྔོ། །ཨོཾ་ཨཱཿཧཱུྃ། སྣང་སྲིད་བདེ་ཆེན་པདྨ་བཀོད། །ཡེ་ཤེས་སྒྱུ་འཕྲུལ་དྲ་བ་ཡི། །ཕྱི་ནང་གསང་བའི་མཆོད་པའི་རྫས། །ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་ཤར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། དངོས་གཞི་ལྷ་བསྐྱེད་བཟླས་པ་དང༌། །ཚོགས་ཀྱི་མཆོད་པ་དཀྱུས་ལྟར་བྱ། །མཆོད་བསྟོད་ནོངས་པ་བཤགས་པའི་རྗེས། །ཧཱུྃ། རང་གསལ་དོན་གྱི་བླ་མ་རྗེའི། །རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས། །སྐུ་གསུང་ཐུགས་ཀྱི་གསང་བ་ཆེ། །རྨད་བྱུང་བྱིན་རླབས་དབང་བསྐུར་སྩོལ། །སིདྡྷིའི་མཐར། ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཁྱབ་བདག་ཡེ་ཤེས་རོལ་པའི་ལྷ། །ཀ་དག་གདོད་མའི་དབྱིངས་སུ་ཐིམ། །ལྷུན་གྲུབ་སྐུ་གསུང་ཐུགས་རྡོ་རྗེའི། །དཀྱིལ་འཁོར་ཆེན་པོར་གདོད་ནས་དག ཧོ། དུས་གསུམ་ལེགས་བྱས་དགེ་བའི་མཐུས། །ཁྱབ་བདག་བླ་མའི་གོ་འཕང་ཆེར། །མངོན་སུམ་འཁོད་ནས་རང་གཞན་གྱི། །དོན་གཉིས་འབད་མེད་ལྷུན་གྲུབ་ཤོག །སྲིད་ཞི་ཀུན་ལ་རྟག་ཁྱབ་པའི། །བདེ་ཆེན་དཔལ་གྱི་སྣང་བ་ཡིས། །དགེ་ལེགས་དངོས་ཀུན་ཡོངས་འདུ་བས། །མཆོག་ཐུན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་འདི་ལྟར་བྲིས་ཞེས་གྲུ་གུ་ཆོས་རྒྱལ་སྤྲུལ་པའི་སྐུ་རིན་པོ་ཆེའི་ལྷ་རྫས་ཀྱི་རྟེན་དང་བཅས་བསྐུལ་ངོར་དུས་གསུམ་ཀུན་མཁྱེན་མཚོ་སྐྱེས་རྒྱལ་བ་དགྱེས་པའི་རིང་ལུགས་ལ་མི་ཕྱེད་པའི་དད་མོས་ཙམ་བརྟན་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་འབྲས་ལྗོངས་སྤྲུལ་པའི་སྦས་གནས་ཀྱི་ཆར་བྲིས་པ་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག ཤྲཱི་མངྒ་ལཾ།། །།
[edit]

@#/_gu ru pad+ma rgyal po'i thugs sgrub kyi lhan thabs mdzes rgyan pad+ma'i phreng ba bzhugs/_na mo/_gdod nas dag pa chos sku'i dbyings/_/bde chen lhun grub dkyil 'khor bdag_/gu ru pad+ma rgyal po la/_/gnyis med rtogs pas skyabs su mchi/__kye ho/_glo bur rtog pa'i gzung 'dzin gyi/_/zhen snang 'khrul pa lu gu rgyud/_/ye shes dbyings su sgrol ba'i phyir/_/bla med byang chub sems bskyed do/__ho/_rang rig chos sku'i bla ma la/_/mtshan 'dzin bral bas phyag 'tshal zhing*/_/gang snang bde stong mchod pa 'bul/_/yid dpyod mtshan ma'i rtog pa bshags/_/'od gsal chen por rjes yi rang*/_/zab rgyas don gyi chos 'khor bskor/_/mya ngan mi 'da' bzhugs gsol 'debs/_/dge tshogs ye shes snying por bsngo/_/oM AHhU~M/_snang srid bde chen pad+ma bkod/_/ye shes sgyu 'phrul dra ba yi/_/phyi nang gsang ba'i mchod pa'i rdzas/_/kun bzang rdo rje'i longs spyod shar/_/oM sarba pU dza me g+ha AHhU~M/_dngos gzhi lha bskyed bzlas pa dang*/_/tshogs kyi mchod pa dkyus ltar bya/_/mchod bstod nongs pa bshags pa'i rjes/_/hU~M/_rang gsal don gyi bla ma rje'i/_/rdo rje gsum gyi dkyil 'khor nas/_/sku gsung thugs kyi gsang ba che/_/rmad byung byin rlabs dbang bskur stsol/_/sid+d+hi'i mthar/_kA ya wAka tsit+ta sarba sid+d+hi pha la hU~M/_khyab bdag ye shes rol pa'i lha/_/ka dag gdod ma'i dbyings su thim/_/lhun grub sku gsung thugs rdo rje'i/_/dkyil 'khor chen por gdod nas dag__ho/_dus gsum legs byas dge ba'i mthus/_/khyab bdag bla ma'i go 'phang cher/_/mngon sum 'khod nas rang gzhan gyi/_/don gnyis 'bad med lhun grub shog_/srid zhi kun la rtag khyab pa'i/_/bde chen dpal gyi snang ba yis/_/dge legs dngos kun yongs 'du bas/_/mchog thun 'grub pa'i bkra shis shog_/ces 'di ltar bris zhes gru gu chos rgyal sprul pa'i sku rin po che'i lha rdzas kyi rten dang bcas bskul ngor dus gsum kun mkhyen mtsho skyes rgyal ba dgyes pa'i ring lugs la mi phyed pa'i dad mos tsam brtan pa 'gyur med theg mchog bstan pa'i rgyal mtshan gyis 'bras ljongs sprul pa'i sbas gnas kyi char bris pa sgrub brgyud snying po'i bstan pa mchog tu rgyas pa'i rgyur gyur cig__shrI mang+ga laM//_//

Footnotes

Other Information