DKR-KABUM-15-BA-003

From Khyentse Lineage - A Tsadra Foundation Project
Revision as of 15:04, 6 December 2022 by Mort (talk | contribs)

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་གཉིས་ཡོངས་རྫོགས་ཀྱི་ཁྲིད་ཡིག་འདུས་གསལ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་།
Wylie title bla ma'i thugs sgrub bar chad kun sel gyi rim gnyis yongs rdzogs kyi khrid yig 'dus gsal mtsho skyes bla ma dgyes pa'i zhal lung DKR-KABUM-15-BA-003.pdf
Location dil mgo mkhyen brtse bka' 'bum
Volume 15, Text 3, Pages 118-174 (Folios 1a to 57a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel gyi rim gnyis yongs rdzogs kyi khrid yig 'dus gsal mtsho skyes bla ma dgyes pa'i zhal lung. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 118-174. Delhi: Shechen Publications, 1994.
Genre Detailed Explanation - rnam bshad
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Colophon

།ཅེས་པའང་ཟབ་གསང་འདི་ཉིད་ཀྱི་མངའ་བདག་ཏུ་གདོད་ནས་གྲུབ་པ་ཀུན་མཁྱེན་མཚོ་སྐྱེས་བླ་མའི་ཡེ་ཤེས་སྒྱུ་མ་རོལ་པའི་ཟློས་གར་མཁས་བཙུན་གྲུབ་པའི་ཚོགས་རྗེ་རིགས་བརྒྱའི་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིག་སྨྲ་བའི་ཉི་མ་ནས་ཐུན་མོང་མ་ཡིན་པའི་དགྱེས་བརྩེའི་ཤིང་རྟ་ཆེན་པོ་དུས་ཀུན་སྐྱོང་བའི་རྟེན་འབྲེལ་གྱིས། གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་གྱི་ཕུག་པའི་འདབས་འབྱོར་ཤྲཱི་ན་ལནྡྲེ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་དངོས་བྱོན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡབ་སྲས་ལྷན་རྒྱས་པས་ཨོ་རྒྱན་ཌཱ་ཀིའི་གསང་མཛོད་འདི་ཉིད་ཐོག་མར་གཏན་ལ་ཕབ་པའི་གཟིམ་སྤྱིལ་དུ་མ་ཧཱ་གུ་རུའི་ཞལ་སྐྱིན་སྐུ་ཚབ་ཡིད་བཞིན་ནོར་བུ་དངོས་གྲུབ་དཔལ་འབར་དང་འཁོར་ལོའི་དབང་ཕྱུག་འཇམ་པའི་དབྱངས་ཐ་མི་དད་པས་ཟབ་ཆོས་འདི་ཉིད་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཚོགས་སྒྲུབ་མཆོག་གི་དགའ་སྟོན་དང་འབྲེལ་བའི་སྨིན་གྲོལ་ཆིག་རྫོགས་ཐོབ་པའི་སྐལ་བཟང་གི་ངལ་འཚོ་ཐོབ་ཅིང༌། དངུལ་གྱི་མཎྜལ་རིན་པོ་ཆེའི་ཚོམ་བུ་མཛེས་པའི་རྟེན་བཅས་ཏེ་ཁྲིད་ཡིག་འབྲི་བར་འོས་པའི་བཀས་བསྐུལ་བ་དང༌། མཚུངས་མེད་རྡོ་རྗེའི་མཆེད་པོ་མཁྱེན་རབ་དང་ཐུགས་རྗེའི་སྣང་བ་ཚད་མེད་པ་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་སྨྲ་བའི་ཟླ་བ་ནས་ཀྱང་བཀྲ་ཤིས་པའི་ལྷ་རྫས། རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་དང་བཅས་གྲུབ་པའི་ལམ་སྲོལ་སྤང་ཀློག་གིས་རྒྱ་ཆེར་སྤེལ་བའི་ཐུགས་བསྐྱེད་ཀྱི་གསོས་སུ་ཉེར་མཁོའི་རྐྱེན་གྱིས་མྱུར་དུ་གྲུབ་པར་གྱིས་ཞེས་གསུང་བསྐུལ་ལྟར་མཚོ་སྐྱེས་ཀུན་ཏུ་འཆང་དངོས་དཔལ་པདྨའི་སྙིང་པོའི་ཡབ་སྲས་ཀྱི་ཐུགས་རྗེའི་གདུགས་དཀར་པོའི་གྲིབ་བསིལ་གྱིས་དབུགས་དབྱུང་ཞིང༌། ཟབ་མོའི་གསང་བ་འདི་དག་ལ་ཡིད་ཆེས་ཀྱི་སྤོབས་པ་ཅུང་ཟད་དགེ་བས་མ་ཧཱ་གུ་རུ་རྡོ་རྗེ་འཆང་དང་རྣམ་འདྲེན་དབང་ཕྱུག་གཉིས་སུ་མེད་པས་རྡོ་རྗེའི་དཀྱིལ་འཁོར་འདིར་བཅུག་པའི་ཚེ་བསྩལ་བའི་མིང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་གི་སྒྲུབ་སྡེ་གྲུབ་དབང་སངས་རྒྱས་མཉན་པའི་གཟིམ་སྤྱིལ་བལྟ་ན་སྡུག་གི་སྨན་ལྗོངས་བདེ་ཆེན་ངེས་དོན་འོད་གསལ་གླིང་དུ་ཚུལ་འདིའི་ཉམས་ལེན་གྱི་གཡར་ཁྲལ་བགྱིས་པའི་ཐུན་གསེང་རྣམས་སུ་བྲིས་པ་འདིས་ཀྱང་མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་དང་ཕྲིན་ལས་འཇིག་རྟེན་གསུམ་ན་རྟག་ཅིང་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝ་ཏུ།།

/ces pa'ang zab gsang 'di nyid kyi mnga' bdag tu gdod nas grub pa kun mkhyen mtsho skyes bla ma'i ye shes sgyu ma rol pa'i zlos gar mkhas btsun grub pa'i tshogs rje rigs brgya'i khyab bdag 'jam dbyangs chos kyi blo gros gtsug lag lung rig smra ba'i nyi ma nas thun mong ma yin pa'i dgyes brtse'i shing rta chen po dus kun skyong ba'i rten 'brel gyis/_gangs ri'i khrod tsam na mngon par mtho ba'i sgrub gnas kyi rgyal po bde chen pad+ma shel gyi phug pa'i 'dabs 'byor shrI na lan+d+re gnyis pa rdzong gsar bkra shis lha rtse'i chos grwa bkra shis 'chi med grub pa'i dga' tshal zhes rdo rje'i bla ma pad+ma saM b+ha wa dngos byon gter chen chos kyi rgyal po 'gro 'dul mchog gyur bde chen gling pa dang*/_kun mkhyen chos kyi rgyal po 'jam dbyangs mkhyen brtse'i dbang po yab sras lhan rgyas pas o rgyan DA ki'i gsang mdzod 'di nyid thog mar gtan la phab pa'i gzim spyil du ma hA gu ru'i zhal skyin sku tshab yid bzhin nor bu dngos grub dpal 'bar dang 'khor lo'i dbang phyug 'jam pa'i dbyangs tha mi dad pas zab chos 'di nyid kyi bsnyen sgrub yan lag bzhi ldan tshogs sgrub mchog gi dga' ston dang 'brel ba'i smin grol chig rdzogs thob pa'i skal bzang gi ngal 'tsho thob cing*/_dngul gyi maN+Dal rin po che'i tshom bu mdzes pa'i rten bcas te khrid yig 'bri bar 'os pa'i bkas bskul ba dang*/_mtshungs med rdo rje'i mched po mkhyen rab dang thugs rje'i snang ba tshad med pa gter chen mchog gi sprul pa'i sku 'jam dbyangs smra ba'i zla ba nas kyang bkra shis pa'i lha rdzas/_rin chen gnyis pa'i 'khor lo bcu phrag lam lnga'i grangs ldan gyi rten dang bcas grub pa'i lam srol spang klog gis rgya cher spel ba'i thugs bskyed kyi gsos su nyer mkho'i rkyen gyis myur du grub par gyis zhes gsung bskul ltar mtsho skyes kun tu 'chang dngos dpal pad+ma'i snying po'i yab sras kyi thugs rje'i gdugs dkar po'i grib bsil gyis dbugs dbyung zhing*/_zab mo'i gsang ba 'di dag la yid ches kyi spobs pa cung zad dge bas ma hA gu ru rdo rje 'chang dang rnam 'dren dbang phyug gnyis su med pas rdo rje'i dkyil 'khor 'dir bcug pa'i tshe bstsal ba'i ming pad+ma gar dbang 'od gsal mdo sngags gling pa'am bkra shis dpal 'byor du 'bod pas ban chen phun tshogs dar rgyas gling gi sgrub sde grub dbang sangs rgyas mnyan pa'i gzim spyil blta na sdug gi sman ljongs bde chen nges don 'od gsal gling du tshul 'di'i nyams len gyi g.yar khral bgyis pa'i thun gseng rnams su bris pa 'dis kyang mnyam med shAkya seng ge'i ring lugs dang phrin las 'jig rten gsum na rtag cing khyab pa dang lhun gyis grub pa'i rgyur gyur cig__/sarba dA ka l+ya NaM b+ha wa tu//

[edit]
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིམ་གཉིས་ཡོངས་རྫོགས་ཀྱི་ཁྲིད་ཡིག་འདུས་གསལ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།


༄༅། །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་དཔལ་ཨོ་རྒྱན་གྱི་སློབ་དཔོན་སྣང་སྲིད་ཟིལ་གནོན་མ་ཧཱ་གུ་རུའི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྡོ་རྗེའི་ཡེ་ཤེས་ཆེན་པོའི་གསང་བ་གསུམ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འོད་གསལ་རང་བཞིན་རྡོ་རྗེ་སྙིང་པོར་ཆོས་སྐུ་འོད་མི་འགྱུར་བའི་དབྱིངས། །མི་གཡོ་བདེ་ཆེན་ངེས་པ་ལྔས་མཛེས་ཡེ་ཤེས་རྔ་སྒྲ་གངས་ཆེན་མཚོ། །མདོ་སྔགས་སྟོན་པའི་སྒྱུ་འཕྲུལ་རོལ་མོས་རྩ་གསུམ་རབ་འབྱམས་སྤྲོ་བསྡུའི་བདག །སངས་རྒྱས་ཀུན་དངོས་ཨོ་རྒྱན་ཡབ་ཡུམ་རྗེ་འབངས་ལོ་པཎ་ཚོགས་ཀུན་རྒྱལ། །མཆོྃག་ཏུ་མི་འགྱུར་དག་མཉམ་གཞི་དབྱིངས་ཟབ་གསལ་གནས་ལུགས་མངོན་དུ་གྱུརྃ། །བྃདེ་ཆེནྃ་ཐབས་གྲོལ་རྡོ་རྗེའི་རྣལ་འབྱོར་རིག་འཛིན་རྣམ་བཞི་མཐར་སོན་པས། །སྒྲིབ་གཉིས་གཟུང་འཛིན་འཁྲུལ་པའི་མདུད་ཞིག་པདྨའི་ཞལ་སྐྱིན་རིག་པ་འཛིན། །གཏེར་ཆེན་བླ་མ་འཛམ་གླིངྃ་རྒྱན་གཅིག་མི་ཕྱེད་དད་པའིྃ་ཕྱག་གིས་བཏུད། །ཐུབ་བསྟན་རྒྱ་མཚོའི་མངའ་བདག་གཟི་བརྗིད་རྩལ། །གངས་ཅན་མིག་གཅིག་ཀུན་གཟིགས་བློ་མཐའ་ཡས། །སྨྲ་བའི་ཉི་མ་འཇིགས་བྲལ་ཨ་ཛི་ཏ། །རྩོད་པའི་དུས་ཀྱི་སངས་རྒྱས་དངོས་ཀུན་དད། །ཐོག་མའི་མགོན་པོ་པདྨ་དགྱེས་པའི་སྡེ། །བཀའ་གཏེར་བདུད་རྩིའི་སྙིང་གི་བུམ་པ་བཟང༌། །འགེངས་མཛད་འཇམ་མགོན་ཆོས་ཀྱི་བློ་གྲོས་ཞབས། །ཡབ་སྲས་བརྒྱུད་པས་ཚེ་རབས་རྗེས་འཛིན་མཛོད། །རྒྱུད་ལུང་མན་ངག་རྒྱུ་སྐར་ཕྲེང་མཛེས་དབུས། །ཟབ་གསང་ག་བུར་དོག་པས་འཁྱུད་པའི་ཟླ། །རྩོད་དུས་མངོན་སུམ་སྣང་བའི་ངོ་མཚར་མཐུ། །རྒྱུ་མཚན་ཤེས་པའི་བློ་ཡིས་ཅུང་ཟད་བཤད། །དེ་ལ་འདིར་དུས་གསུམ་ཀུན་མཁྱེན་གྲུབ་པའི་སློབ་དཔོན་པདྨ་སཾ་བྷའི་ཐུགས་ཏིག །གུ་རུའི་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང༌། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །བླ་སྒྲུབ་ཟབ་མོ་སྐོར་བཞིའི་ཐོག་མ། ནང་རྒྱུད་ཡོ་ག་གསུམ་གྱི་ལྟ་སྒོམ་སྤྱོད་པའི་ཟབ་གནད་ཐམས་ཅད་རྫོགས་པ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞེས་ཨོ་རྒྱན་སངས་རྒྱས་གཉིས་པའི་དགོངས་ཀློང་ཡེ་ཤེས་ཆེན་པོའི་གསང་མཛོད་ནས་རང་བྱུང་རྡོ་རྗེའི་རང་སྒྲ་རྣམ་པ་ཐམས་ཅད་པའི་དབྱངས་སུ་ཇི་ལྟར་སྣང་བ་ལས། གང་ཟག་ཕལ་པའི་བློས་བརྡ་མ་བཅོས། ཚིག་མ་འཁྲུལ། དོན་མ་ནོར་བར་རིགས་གསུམ་སེམས་དཔའ་ཆེན་པོ་གསང་བ་རྒྱ་མཚོ་སྡུད་ཅིང་སྤེལ་བའི་བདག་པོར་བྱོན་པ་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི་བཀའ་དྲིན་ཁོ་ནས་གངས་ཅན་གདུལ་བྱའི་ཕན་བདེ་མི་ཟད་པའི་བཙས་སུ་གཏན་ལ་ཕབ་ཅིང་ཁྱབ་བརྡལ་དུ་སྣང་བར་མཛད་པའི་སྨར་ཆོས། གནས་སྐབས་དང་མཐར་ཐུག་གི་ཐུན་མོང་མཆོག་གི་དངོས་གྲུབ་རབ་འབྱམས་ཇི་ལྟར་འདོད་པ་འབད་མེད་དུ་སྟེར་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བང་མཛོད་ཁ་ཕྱེ་བ་ལྟ་བུའི་སྔོན་མེད་ཟབ་དོན་གྱི་ནོར་བུ་ཐང་མལ་བརྡལ་བ་འདི་ཉིད་ཀྱི་ཟབ་ཁྲིད་སྙིང་པོར་དྲིལ་ཏེ་འཆད་པ་ལ་གསུམ། ལམ་གྱི་གཞི་འདིང་བ་ཐུན་མོང་སྔོན་འགྲོའི་ཁྲིད། ལམ་གྱི་གཞུང་བསྲང་བ་ཐུན་མིན་བསྐྱེད་རྫོགས་དངོས་གཞིའི་ཁྲིད། ལམ་མཐར་དབྱུང་བ་གནད་ཀྱི་ཆིངས་དང་གྲོལ་ཚད་བསྟན་པ་རྗེས་ཀྱི་ཁྲིད་བཤད་པའོ། །དང་པོ་ལ་གཉིས། ཐུན་གྱི་སྔོན་འགྲོ་དང་ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། བག་མེད་རྣམ་གཡེང་གིས་དབེན་པའི་གནས་སུ་བསམ་གཏན་གྱི་ཁང་བུར་བདེ་བའི་སྟན་ལ་སྒོ་གསུམ་རྣལ་དུ་ཕབ་སྟེ་རླུང་རོ་བསལ་ཞིང༌། ངེས་འབྱུང་དང་གཞན་ཕན་གྱི་བསམ་པས། སྐད་ཅིག་གིས་སྣང་སྲིད་རྣམ་དག་འོག་མིན་གསང་ཆེན་རོལ་པའི་ཞིང་གི་ལྟེ་བར་མདུན་གྱི་ནམ་མཁར་ཀུན་བཟང་མཆོད་པའི་སྤྲིན་ཕུང་འབྱམས་ཀླས་པའི་དབུས་སུ། དྲིན་ཆེན་རྩ་བའི་བླ་མ་ཉིད་ཨོ་རྒྱན་སྣང་སྲིད་ཟིལ་གནོན་སྐུ་གསུམ་རྒྱལ་བ་རབ་འབྱམས་ཀྱི་སྤྱི་དཔལ་ཆེན་པོ་ཀུན་འདུས་ཡིད་བཞིན་ནོར་བུའི་ཚུལ་དུ་བཀྲ་ལམ་མེར་བཞུགས་པ་ལ། ཅི་མཛད་ཁྱེད་ཤེས་ཀྱི་དད་པས། དཔལ་ལྡན་རྩ་བའི་བླ་མ་སོགས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བློ་སེམས་གཅིག་དྲིལ་གྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པས་དགྱེས་ཤིང་བརྩེ་བ་ཆེན་པོའི་རང་ལ་ཐིམ་པས། གསང་བ་གསུམ་གྱི་བྱིན་རླབས་ཆིག་རྫོགས་སུ་ཐོབ་པར་བསམ་པ་སྟེ། དེ་དག་གིས་སྒོ་གསུམ་རྣལ་དུ་དབབ་པས། བསམ་གཏན་གྱི་སྣོད་དུ་རུང་ཞིང་འཁྲུལ་རྟོག་དང་ཉོན་མོངས་དག །དཀོན་མཆོག་ལ་གསོལ་བ་བཏབ་པས་བར་ཆད་མི་འབྱུང༌། བླ་མར་མོས་གུས་ཀྱིས་བྱིན་རླབས་འཇུག་པས་ཐུན་ཐམས་ཅད་ཀྱི་ཐོག་མར་ཉམས་སུ་ལེན་པ་གལ་ཆེའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལའང་གཉིས། ཐུན་མོང་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུའི་ལེའུ་བཞི་པ་ལས། དལ་འབྱོར་མཆོག་ཐོབ་མི་རྟག་སྐྱོ་ཤས་ཅན༔ ངེས་འབྱུང་དྲག་པོས་རྒྱུ་འབྲས་བླང་དོར་བརྩོན༔ དད་དང་སྙིང་རྗེར་ལྡན་པའི་སྐལ་བཟང་གིས༔ ཞེས་པ་སྟེ། དེ་ཡང་སྤྱིར་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དགེ་བཅུའི་སྤང་བླང་དང་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས་ཀྱི་ཁྲིད་དང༌། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་འཁོར་བ་ལ་ངེས་འབྱུང་བསྐྱེད་པ་རྣམས་སོ་སོར་ཞིབ་ཏུ་འཆད་ཅིང་ཉམས་སུ་ལེན་པ་ཤིན་ཏུ་གལ་ཆེ་ཡང་དེ་དག་གི་ཁྲིད་རིམ་རྒྱས་པ་གཞན་དུ་གསལ་བས་འདིར་དོན་གནད་ཆིག་དྲིལ་དུ་བསྡུས་ཏེ་བཤད་པ་ལ། གང་ཞིག་རྙེད་པ་དལ་བའི་རྟེན་གྱི་ངོ་བོ་མི་ཁོམ་པའི་གནས་བརྒྱད་ལས་ལྡོག་ཅིང༌། ཁྱད་པར་གྱི་ཆོས་འབྱོར་པ་བཅུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་དུ་གྱུར་པ་སྟེ། རྒྱུ་ཚུལ་ཁྲིམས་ལ་སོགས་པའི་དགེ་ལས་རྒྱ་ཆེན་པོ་ལས་ཐོབ་པའི་རང་རེས་བསོད་ནམས་བསོག་པ་དཀོན་པ་དང༌། དཔེ་ཨུ་དུམ་ཝ་ར་དང་ནོར་བུ་སོགས་ལས་ཀྱང་ཐར་པ་སྒྲུབ་པའི་རྟེན་འདི་རྙེད་དཀའ་བ་དང༌། གྲངས་ངན་སོང་གསུམ་དང་ལྷ་མིན་རྣམས་ས་ཡི་རྡུལ། ཁ་བ་བུ་ཡུག །ཆང་གི་སྦང་མ་ལྟ་བུ་ལ། ལྷ་མི་སེན་མོའི་སྟེང་གི་རྡུལ་ལྟ་བུར་མདོ་ལས་གསུངས་པས་མི་ལུས་ཐོབ་དཀའ་བ་སྟེ། དེས་ན་འདི་ལ་བརྟེན་ནས་བྱང་ཆུབ་བསྒྲུབས་ན་མྱུར་དུ་ཐོབ་པར་ངེས་པས་དུས་ཀྱི་རྒྱུན་དང༌། གནས་སྐབས་ཀྱི་བྱེ་བྲག་ཐམས་ཅད་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ཀྱི་ལམ་སྟོན་པ་པོ་དགེ་བའི་བཤེས་ལ་བསྟེན་ཅིང་སྡིག་པའི་གྲོགས་བསྟེན་པ་ལྟ་ཅི། དེའི་ལྟ་སྤྱོད་ཐམས་ཅད་དང་རྒྱང་བསྲིངས་ཏེ་མྱུར་དུ་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ལ་མ་བརྩོན་ན། སྤྱིར་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་འདུས་བྱས་པའི་ཆོས་སྣོད་བཅུད་དུ་སྣང་བ་འདི་དག་མི་རྟག་པའི་མཐའ་བཞི་ལས་མ་འདས་པས་རགས་པ་སྣོད་བཅུད་ཆགས་འཇིག་ལོ་ཟླ་དུས་བཞི། ཕྲ་བ་སྐད་ཅིག་རེ་རེ་བཞིན་རྙིང་ཞིང་འཕོ་ལ། བྱེ་བྲག་སྐྱེས་བུའི་ཚེ་སྲོག་གི་རྒྱུན་ལ་ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང༌། མྱུར་དུ་འཆི་ངེ་ས་པའི་རྒྱུ་མཚན་གསུམ་གྱིས་མི་རྟག །ཤི་བའི་ཚེ་ཚེ་འདིར་ལྟོས་ཀྱི་སྣང་བ་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་ཅིས་ཀྱང་མི་ཕན་པས་ཕྱི་མ་ཕན་ཆད་ཀྱི་གཏན་འདུན་བསྒྲུབ་པའི་ཕྱིར་འཇིག་རྟེན་ལྟར་སྣང་གི་ཆོས་མཆིལ་མའི་ཐལ་བ་བཞིན་རིང་དུ་བོར་ནས། སེམས་པ་ཡིད་དང་བྱས་པ་ལུས་ངག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བཅས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པས་དགེ་སྡིག་བླང་དོར་ཚུལ་བཞིན་བྱ་བ་གཅེས་ཤིང༌། དེ་ལའང་སོ་སྐྱེའི་བློ་ཡི་ཀུན་རྟོག་གི་གྲངས་དང་མཉམ་པའི་ལས་ཀྱི་དབྱེ་བ་ཡོད་པར་གསུངས་པས་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན། ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླང་བའི་ལས་མི་དགེ་བ་བཅུ་ཆ་དང་བཅས་པ་ཆེ་འབྲིང་ཆུང་གསུམ་དུ་བསགས་པས་ངན་སོང་གསུམ་དུ་འགྲོ་ཞིང་སྡུག་བསྔལ་གྱིས་མནར་ལ། བསོད་ནམས་ཆ་མཐུན་གྱི་ལས་དགེ་བཅུ་འཁོར་དང་བཅས་པས་མཐོ་རིས་ཀྱི་བདེ་འབྲས་མྱོང་ཞིང༌། དེ་དག་ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱིས་གྲོལ་བ་གསུམ་གང་རུང་ཐོབ་པ་ལ་མི་བསླུ་ཞིང༌། རྒྱུ་དང་འབྲས་བུ་མི་འཆོལ་བར་རང་བྱས་རང་ལ་སྨིན། ལས་རྣམས་བསམ་སྦྱོར་གྱིས་འཕེལ་བས་རྒྱུ་ཆུང་ཡང་འབྲས་བུ་ཆེ། འཕེན་རྫོགས་དང་བྱས་བསགས་ཀྱིས་རྣམ་དབྱེ་ཤེས་པས་སྡིག་པ་ཆ་དང་བཅས་པ་བཤགས་ཤིང་སྡོམ། དགེ་བ་ཆ་དང་བཅས་པ་དང་དུ་ལེན་པས་སྒོ་གསུམ་ཆོས་ཕྱོགས་སུ་ཅི་ནུས་བཀོལ། མདོར་ན་དགེ་སྡིག་གི་རྩ་བ་སེམས་ལ་རག་ལས་པས་དྲན་ཤེས་བག་ཡོད་དང་ལྡན་པས་ཚུལ་བཞིན་དུ་བསླབས་ནས། འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བསམ་པ་བསྐྱེད་དགོས་ཏེ། འཁོར་བའི་རང་བཞིན་ནི་སྲེད་ལེན་མ་རིག་པའི་གཞན་དབང་དུ་གྱུར་པས་ཐོག་མཐའ་མེད་པར་བརྒྱུད་མར་འཁོར་ཞིང༌། གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་མེ་མདག་ཀྱི་འོབས། སྤུ་གྲིའི་ཚལ། རལ་གྲིའི་ནགས་ཀླུང་རྣམས་སུ་གཅེར་བུར་འཛེགས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་དུ་སྟེ། དེ་ལ་སྐྱོ་ཤས་དང་ངེས་འབྱུང་གི་བློས་སྲིད་པའི་དཔལ་འབྱོར་ལེགས་ལེགས་ལྟར་སྣང་ཐམས་ཅད་ཀྱང་འདུས་བྱས། གཡོ་བའི་ཆོས། སྙིང་པོ་མེད་བཞིན་བསླུ་བ་སྒྱུ་མ། སྟོན་ཀའི་སྤྲིན། ཆུ་བུར་ལྟ་བུར་མཐོང་བས་ཚངས་དབང་འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ལའང་ཆགས་ཞེན་སྐད་ཅིག་ཀྱང་སྐྱེ་བའི་གནས་མེད་པར་ཤེས་རབ་དང་དད་པའི་མཐུས་ཤེས་པར་བྱས་ལ་ཉམས་ལེན་གྱི་རྐང་ཚུགས་པར་བྱ་དགོས་སོ། །དེ་དག་ཀྱང་མགྱོགས་ཁྲིད་ཀྱི་སྐབས་སྤྱིར་བློ་ལྡོག་བཞི་ཀའི་རྩ་བ་འཁོར་བའི་ཉེས་པ་བསམ་དགོས་ཤིང༌། དེ་ལས་ལྡོགས་ཕྱོགས་མི་ཁོམ་པའི་གནས་བརྒྱད་ལས་ཐར་འདོད་ན་སྐྱབས་ཁྱད་པར་ཅན་ཚོལ་དགོས་པའི་ཕྱིར་རྟེན་དལ་འབྱོར་རྙེད་པར་དཀའ་བའི་བློས་ལམ་གྱི་རྩ་བ་སྐྱབས་འགྲོ། མི་རྟག་པས་རྒྱུད་བསྐུལ་ཏེ་ལོང་མེད་དུ་ཤེས་པས་བདེ་ཞིང་མྱུར་བའི་ཐེག་ཆེན་ལམ་ཟབ་ཐབས་ཀྱི་མཐར་ཐུག་སེམས་བསྐྱེད། འཁོར་བའི་སྡུག་བསྔལ་གྱི་རྩ་བ་སྡིག་ལྟུང་ལས་འབྱུང་བར་ཤེས་པས་དེའི་གཉེན་པོར་རྡོར་སེམས། རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་པས་ཚོགས་བསགས་ཀྱི་སྙིང་པོ་མཎྜལ། ཐར་པའི་ཕན་ཡོན་དང་དེའི་རྩ་བ་བླ་མར་ཤེས་པས་བླ་མའི་རྣལ་འབྱོར་རྣམས་དང་སྤེལ་ཏེ་ཉམས་སུ་བླང་ཀྱང་རུང་བར་ལོ་ཆེན་ཡོན་ཏན་རྒྱ་མཚོའི་གསུང་བསྙེན་ཡིག་སཱ་ལ་ཆེན་པོའི་ས་བོན་དུ་གསུངས་སོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ། ལམ་གྱི་རྩ་བ་སྐྱབས་འགྲོ། ལམ་གྱི་སྙིང་པོ་སེམས་བསྐྱེད། ལམ་གྱི་གེགས་སེལ་རྡོར་སེམས། ལམ་གྱི་བོགས་འབྱིན་མཎྜལ། ལམ་གྱི་མཐར་ཐུག་བླ་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་ནི། ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ་དང༔ ཞེས་པ་སྟེ་ཁམས་གསུམ་གྱི་གནས་རིས་ལས་རང་སྟོབས་ཀྱིས་བརྒལ་མི་ནུས་པས། དཀོན་མཆོག་རྩ་བ་གསུམ་ནི་རང་ཉིད་ཉེས་པ་དང་སྲིད་པ་ལས་གྲོལ་ཞིང་ཚད་མེད་པའི་ཡོན་ཏན་གྱིས་གཞན་སྐྱོབ་ནུས་ལ། ནམ་ཡང་བསླུ་བ་མེད་པའི་སྐྱབས་སུ་ངེས་པས་རང་གི་མདུན་གྱི་ནམ་མཁར་སྐྱབས་ཡུལ་གཙོ་བོ་བླ་མ་སྣང་སྲིད་ཟིལ་གནོན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས་སྤྲུལ་སྐུ། རྒྱབ་ཏུ་ཆོས་གླེགས་བམ། གཡོན་དུ་དགེ་འདུན། མཐའ་བསྐོར་དུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྣམས་སྐུ་རྡོ་རྗེའི་མཚན་དཔེའི་གཟི་བྱིན་ལམ་མེ། གསུང་ཟབ་རྒྱས་ཆོས་སྒྲ་ལྷང་ངེ༌། ཐུགས་མཁྱེན་བརྩེའི་ཡེ་ཤེས་ས་ལེ་རུ་བཞུགས་པ་ལ། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་འཇིགས་པ་ལས་བསྒྲལ་བའི་ཕྱིར་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་འདི་ནས་བྱང་ཆུབ་བར་དུ་རེ་ལྟོས་མཐར་ཐུག་ཁྱོད་ཁོ་ན་ལ་བཅོལ་སྙམ་པའི་དད་མོས་ཀྱིས། ན་མོ༔ བདག་དང་མཁའ་མཉམ་སོགས་སྐྱབས་འགྲོ་གྲངས་བསགས། མཐར་སྐྱབས་ཡུལ་རྣམས་ཀྱི་འོད་ཟེར་གྱིས་རང་གཞན་རྣམས་ཀྱི་སྡིག་ལྟུང་སྦྱང་བར་བསམ། སྤྱོད་ལམ་རྣམ་པ་བཞིའི་སྐབས་སུ་དཀོན་མཆོག་གི་སྣང་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། ལམ་གྱི་སྙིང་པོ་བྱང་ཆུབ་སེམས་གཉིས་བསྐྱེད༔ ཞེས་པ་ལྟར་ཚོགས་ཞིང་དཔང་པོའི་ཚུལ་དུ་བྱས་ཏེ། རྒྱལ་བ་སྲས་དང་བཅས་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་དམ་བཅའ་ཇི་ལྟར་བཞེས་པ་བཞིན་བདག་གིས་ཀྱང་དེ་དག་གི་རྣམ་ཐར་གྱི་རྗེས་སུ་སློབ་པར་བགྱི་སྙམ་པས། ཧོ༔ སྔོན་གྱི་རྒྱལ་བ་སོགས་གཞན་ཕན་གྱི་གཡར་དམ་བླང་བའི་སྨོན་སེམས་དང༌། ཡན་ལག་བདུན་པའི་དམིགས་དོན་སྤྱི་ལྟར་གྱིས། ཨོཾ་ཨཱཿཧཱུྃ་ཧྲཱིཿ རིག་འཛིན་པདྨ་འབྱུང་གནས་སོགས་ཀྱིས་ཚོགས་བསགས། རང་ལ་རྗེས་སུ་དཔག་པས་ཕ་མར་གྱུར་པའི་འགྲོ་བ་རྣམས་ཀྱང་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ལ་མཚུངས་པས་ཚད་མེད་བཞིའི་བློ་ཕྱོགས་རིས་དང་བྲལ་བས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་དངོས་སུ་འཇུག་སྟེ་བདག་གཅེས་འཛིན་གྱི་བློ་རིས་སུ་བོར་བས་བསླབ་པའི་བསམ་སྦྱོར་ཡ་མ་བྲལ་བས། བསོད་ནམས་འདི་ཡིས་སོགས་འཇུག་སེམས་ལ་བློ་སྦྱོང་བ་རྣམས་རང་རྒྱུད་ལ་འདྲེས་ངེས་སུ་བྱའོ། །མཐར་ཚོགས་ཞིང་རང་ལ་བསྡུས་པས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པར་མོས་དགོས་སོ། །གསུམ་པ་ནི། ལམ་གྱི་མཐར་ཐུག་རྡོ་རྗེ་ཐེག་པ་ཡི༔ ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་ཀུན༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཟབ་མོས་སྦྱང༔ ཞེས་པ་སྟེ་འཁོར་བའི་རྩ་བ་ལས་ཉོན་གྱི་ཀུན་འབྱུང་ལ་ཐུག །དེས་སྡིག་ལྟུང་མི་ཟད་པ་དང་སྡུག་བསྔལ་བསྐྱེད་ཅིང་དངོས་གཞིའི་ཉམས་རྟོགས་དང་དངོས་གྲུབ་ལ་གེགས་སུ་ཆེ་བས་དེ་སྦྱོང་བ་ལ་གཉེན་པོ་སྟོབས་བཞི་ཚང་དགོས་པ་ལས། ཐོག་མར་རྟེན་གྱི་སྟོབས་ནི། ཨ༔ བདག་གི་སྤྱི་བོར་སོགས་ཀྱིས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་གསལ་བཏབ་སྟེ། སུན་འབྱིན་པའི་སྟོབས་སྡིག་ལྟུང་གི་ཉེས་པ་ལ་གནོང་འགྱོད་དྲག་པོ་དང་བཅས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཐུགས་ཀར་ཟླ་བའི་སོགས་ལྟར་འོད་ཟེར་སྤྲོ་བསྡུ་དང་བདུད་རྩི་འབེབས་སྦྱོང་གི་དམིགས་པ་ལྷན་ཅིག་པས་ཡིག་བརྒྱ་དང་ཡིག་དྲུག་ཅི་རིགས་བཟླ། མཐར་གནོང་ཚིག་བརྗོད་ཅིང་སྡོམ་སེམས་ཀྱིས་སོར་ཆུད་པའི་སྟོབས་བསྐྱེད་པས་སྡིག་སྒྲིབ་དག་པའི་གནང་བ་བསྩལ་བཞིན་རྡོར་སེམས་རང་ལ་ཐིམ་པར་བསམ་སྟེ་ཐུགས་ཡིད་བསྲེས་པས་ཉམས་ཆག་སོར་ཆུད་པར་བསམ་མོ། །བཞི་པ་ནི། མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་མཎྜལ་འབུལ༔ ཞེས་པ་ལྟར་གཞི་བདེན་གཉིས་དབྱེར་མེད་ཀྱི་ལྟ་བ་ལ་ངེས་པ་དྲངས་པས་ལམ་ཚོགས་གཉིས་ཁྱད་པར་ཅན་མ་བསགས་ན་དངོས་གཞིའི་ཡོན་ཏན་རང་རྒྱུད་ལ་སྐྱེ་བ་དང་འབྲས་བུ་སྐུ་གཉིས་ཐོབ་པའི་སྐབས་མེད་པས་ཚོགས་བསགས་ཀྱི་སྙིང་པོ་མཎྜལ་ལ་འབད་དགོས་པས་མཆོད་ཡུལ་སྒྲུབ་པའི་མཎྜལ་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ། འབུལ་རྒྱུའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་གི་ཆུས་བྱུགས་ཤིང་སྨན་འབྲུ་རིན་པོ་ཆེ་སོགས་ཚོམ་བུ་སྤྱི་ལྟར་འགོད་བཞིན་པས་མཎྜལ་རྒྱས་པ་སོ་བདུན་མ་དང༌། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སོགས་བརྗོད་དེ་ཕྱི་ནང་གསང་བའི་མཎྜལ་དུ་དམིགས་ལ་ཅི་ནུས་སུ་འབུལ། བསྡུ་ན་ཟབ་ཏིག་སྒྲོལ་མ་ལས་འབྱུང་བའི་ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་སོགས་ཀྱིས་ཀྱང་གྲངས་བཟུང༌། མཐར་ཚོགས་ཞིང་རང་ལ་བསྟིམ་པར་བྱའོ། །ལྔ་པ་ནི། ཁྱད་པར་ལམ་རྣམས་ཀུན་གྱི་སྙིང་པོ་ནི༔ མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ ཞེས་པས་ལེགས་པར་བསྟན་པ་ལྟར། སྤྱིར་ཐར་ལམ་གྱི་རྩ་བ་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་ཤིང༌། ཁྱད་པར་སྔགས་ཀྱི་སྐབས་སུ་བསགས་སྦྱང་དེ་དག་ཀུན་ལས་ཁྱད་པར་དུ་གལ་ཆེ་བ་རང་རྒྱུད་དུ་བྱིན་རླབས་འཇུག་པ་དང༌། དངོས་གྲུབ་ཀུན་གྱི་གཞི་རྟེན་བཀའ་དྲིན་སུམ་ལྡན་གྱི་བླ་མ་བསྟེན་ཅིང་མོས་གུས་ཀྱིས་གསོལ་འདེབས་ཁོ་ན་ཡིན་ལ། དེ་ཉིད་ཕྱོགས་དུས་ཀྱི་སྐྱབས་ཡུལ་ཐམས་ཅད་བླ་མའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་འཕྲུལ་དུ་ཐག་བཅད། ངེས་ཤེས་བསྐྱེད་མོས་གུས་གདུང་ཤུགས་དྲག་པོ་ཉིད་རྣལ་འབྱོར་གྱི་སྲོག་ཏུ་བཟུང་བ་དང་བཅས། རང་མདུན་ནམ་མཁར་སོགས་ཀྱིས་གསལ་བཏབ་ལ། ངོ་མཚར་གྱི་ཡོན་ཏན་དང་རྨད་དུ་བྱུང་བའི་བཀའ་དྲིན་ཁྱད་པར་དུ་འཕགས་པའི་ཐུགས་རྗེ་རྣམས་ཡང་ཡང་རྗེས་སུ་དྲན་བཞིན་པས། བློ་སྙིང་བྲང་གསུམ་ལིང་གིས་གཏད་ལ་གསོལ་འདེབས་བར་ཆད་ལམ་སེལ་དང༌། བསྡུས་པ་དུས་གསུམ་སངས་རྒྱས། བརྒྱུད་འདེབས་བཅས་བྱ་བ་ཕྱི་གསོལ་འདེབས། དབང་ལེན་གྱི་དམིགས་པ་དང་སྦྱར་བའི་སྙིང་པོ་བཛྲ་གུ་རུ་བཟླ་བ་ནང་བསྙེན་པ། བླ་མ་རང་ལ་བསྡུས་ཏེ་དོན་གྱི་དགོངས་པ་སྐྱོང་བ་གསང་སྒྲུབ་བཅས་བསྙེན་སྒྲུབ་ལས་སྦྱོར་གྱི་ཚུལ་དུ་གསུངས་པ་ལྟར་དང༌། ཉིན་མཚན་རྟག་ཏུ་བླ་མའི་སྣང་བ་དང་མི་འབྲལ་བར་བསྔོ་སྨོན་ཤིས་བརྗོད་དང་བཅས་ཏེ་སྤྱོད་ལམ་ལ་འཇུག །བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེ་ཞིང་ངོ་ལྐོག་མཚུངས་པའི་དད་དམ་གཙང་སིང་ངེ་བ་བྱུང་ན་ལམ་གྱི་གནད་མཐའ་དག་ཀྱང་འདུས་པས་དེ་ལྟར་ཉམས་སུ་ལེན་པར་བྱ། རྒྱས་པར་སྤྲོ་ན་ཚུལ་འདི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང་འབྲེལ་བའི་ཆོ་ག་བྱིན་རླབས་ཆར་འབེབས་ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོའི་གསུང་ལྟར་སྦྱར་ཀྱང་རུང་ཞིང༌། ཚུལ་དེ་ལྟ་བུའི་སྐྱབས་འགྲོ་དང་སེམས་བསྐྱེད་ཡན་ལག་བདུན་པ་དང་སྤྱི་ཕྱག །ཡིག་བརྒྱ། མཎྜལ། གསོལ་འདེབས་བསྡུས་པ་བཅས་འབུམ་ཕྲག །རྒྱས་པར་བར་ཆད་ལམ་སེལ་ཁྲི་གཅིག །བཛྲ་གུ་རུ་བྱེ་བ་བཅས་དང༌། དེ་ཙམ་མ་གྲུབ་ཀྱང་ཕྱག་དང་སྐྱབས་འགྲོ་སྦྲག་པ་འབུམ་དང༌། སྨོན་འཇུག་ཚོགས་བསགས་རྣམས་སོ་སོར་ཁྲི་ཕྲག་ལས་མི་ཉུང་བ་དང༌། གཞན་རྣམས་སྔར་ལྟར་ལ། བཛྲ་གུ་རུ་འབུམ་ཕྲག་བཅུ་གཉིས་ཙམ་དང༌། ཤིན་ཏུ་བསྡུ་ན་དེ་དག་ཁྲི་ཕྲག་ལྷག་ཙམ་དང༌། སྙིང་པོ་འབུམ་ཕྲག་བཅས་བྱ། དེ་རྣམས་གང་ལྟར་ཡང་སྐྱབས་འགྲོ་ནས་བླ་མའི་རྣལ་འབྱོར་བར་སྐབས་སུ་གང་བབ་ཀྱི་ཉམས་ལེན་ཐུན་གྱི་དངོས་གཞིར་བྱས་ནས་སྤྱིར་སྔོན་འགྲོ་ཐམས་ཅད་ཐུན་རེ་རེ་བཞིན་ཐོག་མཐའ་ཚང་བར་རེ་གཏོང་བ་སྟེ། དེ་དག་གི་ངག་འདོན་ནི་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་ཀྱི་གསུང་ལྟར་ཤེས་པར་བྱའོ། །རྩ་བའི་གཉིས་པ་ལམ་གྱི་གཞུང་བསྲང་བ་ཐུན་མིན་བསྐྱེད་རྫོགས་དངོས་གཞིའི་ཁྲིད་བཤད་པ་ལ། སྨིན་པར་བྱེད་པ་དབང༌། གྲོལ་བར་བྱེད་པ་ཁྲིད་ཀྱི་རྣམ་བཞག་གཉིས་ལས། དང་པོ་ནི། ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་འདོད་ན༔ དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས༔ ཞེས་པ་སྟེ་རྒྱུད་དང་སྒྲུབ་སྡེའི་རྣམ་བཞག་གིས་དབྱེ་བ་དུ་མ་ཞིག་ཡོད་ཀྱང་མདོར་བསྡུ་ན། དབང་བསྐུར་བྱེད་པ་པོ་སྔགས་ཀྱི་ཡན་ལག་ལྔ་ལ་རང་བྱན་ཆུད་པའི་རྡོ་རྗེ་སློབ་དཔོན་གྱིས། བྱ་བའི་ལས་ཅུང་ཟད་བཟང་པོ་བླུགས་པ་ལ་སྣོད་དག་པར་བྱ་བ་བཞིན་སྟ་གོན་གསུམ་དང༌། ཐིག་ཚོན་རྒྱན་བཀོད། དཀྱིལ་འཁོར་སྒྲུབ་མཆོད་བདག་ཉིད་འཇུག་ཅིང་གནང་བ་ནོད། ཕྱི་ནང་གི་རྒྱུད་སྦྱངས་བས་འཇུག་པའི་སློབ་མ་ལ། བྱེད་པ་རྫས་སྔགས་ཏིང་ངེ་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱི་དབང་བསྐུར་བས། བྱ་བ་སློབ་མའི་སྒོ་གསུམ་གདན་གསུམ་གྱི་ལྷར་དག་པ་ཉིད་ངོ་སྤྲད་པས་སྦྱང་བྱའི་དྲི་མ་དག་ཅིང༌། འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་དབང་ཐོབ་པ་སྟེ། གནད་དོན་དེ་དག་དང་ལྡན་པས་དབང་དངོས་ལ་ལུགས་འདིར་རྒྱས་པ་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་བཞི་རྗེས་འབྲང་དང་བཅས་པ། སྨད་ལས་དགྲ་བགེགས་བསྒྲལ་བའི་དབང་སྲུང་ཟློག་བསད་མནན་དང་བཅས་པ། འབྲིང་པོ་གསང་སྔགས་སྔ་འགྱུར་བ་ལ་ཁྱད་པར་དུ་གྲགས་པའི་རིག་འཛིན་བླ་མའི་ཟླུམ་པོ་བཞི་དབང༌། བསྡུས་པ་དོན་དབང་གཏོར་མ་ཁོ་ན་ལ་བརྟེན་པ་རྣམས་འབྱུང་བ་སྟེ་རྒྱས་པར་དབང་ཆོག་རྣམས་ལས་འབྱུང་བས་ཤེས་པར་བྱ་བ་ཁོ་ནའོ། །དེ་ལྟར་དབང་གིས་སྨིན་ཀྱང་དེའི་དོན་ཡེ་ཤེས་རྒྱུད་ལ་བརྟན་པའི་སྲོག་ནི་དམ་ཚིག་མ་ཉམས་པ་ལ་རག་ལས་པ་སྟེ། དབང་ཐོབ་ནས་སྔགས་ཀྱི་བརྟུལ་ཞུགས་མི་ཉམས་པར་སྲུང་བའི་ཆ་ནས་དམ་ཚིག །རང་རྒྱུད་སྡོམ་པའི་ཆ་ནས་སྡོམ་པ་ཞེས་ངོ་བོ་གཅིག་ལ་སྤྱི་ལྡོག་གི་དབྱེ་བ་ཐམས་ཅད་དོན་གྱིས་ཐོབ་ཟིན་པས་ངོ་བོ་བསྲུང་བྱའི་དོན་ལས་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། བསླབ་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་པས་ཁེ་ཉེན་དང་བཅས་པར་ཤེས་པར་བྱས་ལ། སྤྱི་ཡི་དམ་ཚིག་སྙིང༌། ཁྱད་པར་གྱི་དམ་ཚིག་སྙིང་ཁྲག །ལྷག་པའི་དམ་ཚིག་སྲོག་ལྟར་གཅེས་པར་བསྲུང་ཞིང༌། རྣམ་པར་དག་པས་ཚེ་འདིའམ། བར་དོ་གང་རུང་དུ་མཆོག་འགྲུབ་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དཔག་ཏུ་མེད་པས་ཅི་ནུས་སུ་བསྲུང་ཞིང་ཅུང་ཟད་ཉམས་ཀྱང་བཤགས་པས་སོར་ཆུད་པར་བྱ་དགོས་སོ། །གཉིས་པ་སྨིན་ཟིན་གྲོལ་བྱེད་ཁྲིད་ཀྱི་རིམ་པ་དངོས་ལ། སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་གསུམ་ལས། དང་པོ་ལའང༌། ཇི་ལྟར་སྒྲུབ་པའི་ཚུལ། དེ་ཉིད་སྒྲུབ་བྱེད་ཀྱི་ཐབས་བཤད་པ་གཉིས་ལས། དང་པོ་ལའང་བསྐྱེད་རིམ་གྱི་རྣམ་བཞག་སྤྱིར་བསྟན་པ་དང༌། མན་ངག་གི་རྣལ་འབྱོར་དངོས་བཤད་པ་གཉིས་ཀྱི་དང་པོ་ནི། ཁྱད་པར་སྐྱེ་བའི་རིམ་པ་སྦྱོང་བའི་སླད༔ ཐ་མལ་སྣང་ཞེན་འགོག་པ་བསྐྱེད་རིམ་སྟེ༔ རྫུས་སྐྱེས་སྦྱོང་བྱེད་སྐད་ཅིག་དྲན་རྫོགས་དང༔ དྲོད་སྐྱེས་སྦྱོང་ཕྱིར་ས་བོན་སྤྲོ་བསྡུས་བསྐྱེད༔ མངལ་སྐྱེས་སྦྱོང་ཕྱིར་ས་བོན་ཕྱག་མཚན་སྐུ༔ སྒོང་སྐྱེས་སྦྱོང་བྱེད་རྒྱུ་འབྲས་ཧེ་རུ་ཀ༔ ཀུན་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༔ ཞལ་ཕྱག་མཚན་ཉིད་ཡོངས་སུ་རྫོགས་པར་གསལ༔ ཞེས་པ་སྟེ། ཚོང་དོན་དུ་གཉེར་བ་ལ་ནོར་གྱི་རིན་ཐང་ཤེས་དགོས་པ་ལྟར་ཐོག་མར་གང་བསྒྲུབ་པར་བྱ་བའི་ལྷ་ངོས་ཟིན་དགོས་པས། གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་འོད་གསལ་བྱང་ཆུབ་ཀྱི་སེམས་འགྲོ་བ་ཀུན་ལ་ཁྱད་པར་མེད་པར་གདོད་ནས་བཞུགས་པའི་ལྷ་དམ་ཚིག་སེམས་དཔའ་གང་ད་ལྟ་སོ་སྐྱེའི་དུས་ནས་རང་ཆས་སུ་བཞུགས་ཀྱང༌། ནོར་བུ་ལ་འདམ་གྱིས་གོས་པ་དྲི་མ་ལས་མ་གྲོལ་བར་རང་གི་བྱ་བ་བྱེད་མི་ནུས་པ་ལྟར་དོན་གྱི་གནས་ལུགས་རང་ངོ་མ་ཤེས་པར་འཁྲུལ་པའི་སྐབས་འདིར་འབྲས་བུས་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་རྒྱལ་བ་ཀུན་གྱི་ཆོས་ཀྱི་སྐུ་ཆོས་དབྱིངས་དྲི་མ་མེད་པ་ཡེ་ཤེས་སེམས་དཔའ་གཉིས་མེད་ངོ་བོ་བདག་གཅིག་གིས་འབྲེལ་བས་དམ་ཡེ་གཉིས་མེད་གཞི་འབྲས་ཐ་མི་དད་པའི་གནད་ཀྱི་གསང་བ་ཁོང་དུ་ཆུད་པར་བྱས་ཏེ། དེ་དག་གི་རྩལ་ལམ་བྱིན་རླབས་ལས་ཤར་བའི་ལྷ་ངོ་བོ་རྩ་བ་གསུམ། རྣམ་པ་ཞི་ཁྲོ་ལོངས་སྤྲུལ་གཙོ་འཁོར་གྱི་ཚུལ་དུ་བསྟན་པའི་བྱེ་བྲག་བསམ་ལས་འདས་པར་སྣང་བ་མཚན་མའི་ལྷ་ཞེས་བསྒྲུབ་བྱ་དངོས་ཏེ། དོན་དུ་གཉེར་བྱ་བྱིན་རླབས་དང༌། དངོས་གྲུབ་རྣམ་པ་གཉིས་ཡིན་ལ། དེ་འབད་མེད་དུ་ཐོབ་བྱེད་ཟབ་ཅིང་ཆེ་བ་དུ་མས་འཕགས་པ་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་པདྨ་ཐོད་ཕྲེང་རྩལ་ཉིད་ཀུན་འདུས་ནོར་བུའི་ལུགས་སུ་སྒྲུབ་པ་སྟེ། དེ་ལ་སྐབས་འདིར་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཚུལ་གྱི་དབྱེ་བས་ཐུགས་སྒྲུབ་རྣམ་བཞི་ཡི་ཐོག་མ་བར་ཆད་ཀུན་སེལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱི་སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་རྩ་བ་དང་ཡན་ལག་གི་ཚུལ་དུ་བསྒྲུབས་པས་རིག་འཛིན་རྣམ་པ་བཞིའི་ས་ལམ་ཡོངས་སུ་རྫོགས་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་གོ་འཕང་མངོན་དུ་བྱེད་པ་རྣམ་པར་དག་པའི་ནོར་བུ་ལས་འདོད་དགུ་འཇོ་བས་རང་གཞན་གྱི་དབུལ་བ་སེལ་བ་ལྟ་བུ་སྟེ་ཕྲིན་ལས་རྒྱས་པ་བདེ་འདུས་ལས། འདི་ནི་རྒྱལ་སྲས་ཐོར་ཅོག་ཅན༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ སྣང་སྲིད་ཐམས་ཅད་ཟིལ་གནོན་པའི༔ བཅུ་གཉིས་མཛད་པའི་རྩལ་འཆང་བ༔ དཀྱིལ་འཁོར་ཕྱག་རྒྱ་ལ་སྦྱར་ནས༔ ཀུན་མཐུན་ཀུན་ལས་ཁྱད་འཕགས་ཤིང༔ གཞན་དུ་ནམ་ཡང་མ་བསྟན་པ༔ ཞེས་གསུངས་པ་ལྟར་གཞི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང༌། རྟེན་འབྲེལ་བཅུ་གཉིས། ལམ་འཕོ་བ་བཅུ་གཉིས་ཀྱི་རྩ་རླུང་ཐིག་ལེ་བསྐྱེད་རྫོགས་ཀྱི་བྱ་བས། འབྲས་བུ་སྐུ་གསུམ་བདེན་དོན་ཡན་ལག་བཅུ་གཉིས་ཀྱི་མཛད་པ་སྟོན་པའི་མཚན་དང་སྐུ་ལ་བརྟེན་ནས་གསུངས་པའོ། །གནད་དེ་ལྡན་གྱིས་ཉམས་སུ་བླང་བྱ་ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་ལམ་དུ་བྱེད་པ་བཅོས་ཤིང་བརྟགས་པ་རྗེས་སུ་དཔག་པ་ལྷའི་རྣལ་འབྱོར་འཁོར་དང་བཅས་པའི་བསྐྱེད་རིམ་སྟེ། སྒོམ་ཚུལ་གྱི་སྒོ་ནས་སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་བའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་ཀྱི་རྣམ་བཞག་བཞི་ལས། རྫུས་སྐྱེས་རྣམས་རྣམ་ཤེས་གསལ་རིག་ཙམ་ལ་བརྟེན་ནས་སྐད་ཅིག་གིས་ལུས་གྲུབ་པ་དང་མཐུན་པར་མན་ངག་ཨ་ཏི་ཡོ་གའི་བསྐྱེད་རིམ་ཤིན་ཏུ་སྤྲོས་མེད་སྐད་ཅིག་དྲན་རྫོགས་ཏེ་ཆོ་ག་དང་ཚིག་ལ་མ་ལྟོས་པར་ཡིད་ཆོས་གདོད་ནས་དག་པ་ལྷ་ཡི་འཁོར་ལོ་ཡེ་ཤེས་སྒྱུ་མའི་ཕྱག་རྒྱར་གནས་པ་ཉིད་དྲན་པས་གསལ་འདེབས་ཙམ་གྱིས་རྟེན་བརྟེན་པ་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམ་པ་ཡིན་ནོ། །སྲིན་བུ་སོགས་དྲོད་དང་གཤེར་ཙམ་ལ་གནས་ལུས་ཀྱི་སྲེད་ལེན་ཞུགས་ནས་ཕུང་པོར་གྲུབ་པ་ལྟར་ལུང་ཨ་ནུ་ཡོ་གའི་བསྐྱེད་རིམ་སྤྲོས་མེད་ཏེ་ཤེས་རབ་དབྱིངས་ཀྱི་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་ཀུན་རྫོབ་ཀྱི་སྣང་ཆ་ཐམས་ཅད་ལྷའི་ཕྱག་རྒྱར་རང་བཞིན་གྱིས་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ས་བོན་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས་ཤིང་ཕྱག་མཚན་དུ་གྱུར་པ་སྐད་ཅིག་གིས་ལྷ་ཡི་སྐུར་བཞེངས་པ་རིམ་གྱིས་འཇུག་པ་དང༌། ཚིག་གིས་མ་བསྐྱེད་ཀྱང་སྔགས་དྲན་པ་ཙམ་ལས་དཀྱིལ་འཁོར་གྱི་འཁོར་ལོར་གསལ་བར་གྲུབ་པ་གཅིག་ཆར་དུ་འཇུག་པ་གཉིས་སུ་དབྱེར་ཡོད་ཅིང༌། མངལ་ཞུགས་ཀྱི་སེམས་ཅན་བར་དོ་ནས་ལུས་ཚོལ། མངལ་དུ་ཉིང་མཚམས་སྦྱོར། ཟླ་བ་བཅུའི་དབང་པོ་རྫོགས་ནས་བཙས་པ་ལམ་ལྔའི་མངོན་རྟོགས་དང་མཚུངས་པ་སྟེ། ཉི་ཟླའི་དབུས་སུ་ས་བོན་ཞུགས་ཐིམ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་གནས་གྱུར་ལྷ་སྐུ་ཡོངས་སུ་རྫོགས་པའི་རྣམ་པར་བཞེངས་པ་སྤྲོས་བཅས་ཀྱི་བསྐྱེད་རིམ་སྟེ། འདི་ལའང་མ་རྒྱུད་ཀྱི་དགོངས་པ་མངོན་བྱང་ལྔ་དང་བཞི་བསྐྱེད་རྒྱས་འབྲིང༌། ཕ་རྒྱུད་ཀྱི་བསྡུས་པ་ཆོ་ག་གསུམ་བསྐྱེད་གསུམ་དུ་གསུངས་ལ། གང་ལྟར་ཡང་དོན་དུ་རྡོ་རྗེའི་ཆོ་ག་སུམ་བསྐྱེད་ལས་མི་འདའ་ཞིང་གཉིས་སྐྱེས་རྣམས་མངལ་དང་སྒོ་ང་ལས་ལན་གཉིས་སྐྱེ་བ་ལྟར་རྒྱུ་དང་འབྲས་བུའི་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་རྒྱས་པ་ཆེན་པོའི་བསྐྱེད་ཚུལ་ཏེ། མན་ངག་རྒྱུད་སྡེ་དང་སྒྲུབ་སྡེ་སྒྱུ་འཕྲུལ་གྱི་དགོངས་པས་བདག་སྲས་གཞན་སྲས་ཀྱི་བསྐྱེད་པའི་རྣམ་བཞག་གསུངས་ཤིང༌། མངལ་སྒོང་གཉིས་ཀྱི་སྐྱེ་བ་སྦྱང་ཚུལ་རྒྱུད་སྡེ་མ་ཧཱ་ཡོ་གའི་བསྐྱེད་པའི་རིམ་པ་སྟེ། སྤྱིར་དེ་དག་ཀྱང་ལས་དང་པོ་པ། ཅུང་ཟད་བརྟན་པ། བརྟན་པ་ཆེར་ཐོབ་པ། ཤིན་ཏུ་ཐོབ་པའི་དབང་པོ་དང་སྦྱར་ཏེ་བསྒོམ་པའང་གསུངས་སོ། །གཉིས་པ་མན་ངག་གི་རྣལ་འབྱོར་དངོས་བཤད་པ་ལ་བསྒོམ་བྱ་སྤྱིར་བསྟན་པ་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ་དང༌། འབྲས་བུ་རྟེན་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་གཉིས་ལས། དང་པོ་ལ། དེ་བཞིན་ཉིད། ཀུན་སྣང༌། རྒྱུ་ཡི་ཏིང་ངེ་འཛིན་ནོ། །དང་པོ་ནི། ཀུན་རྫོབ་དོན་དམ་ཆོས་རྣམས་ཐམས་ཅད་ཀུན༔ བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེ༔ དེ་བཞིན་ཉིད་དབྱིངས་སྟོང་ཆེན་རྣལ་འབྱོར་གྱིས༔ འཆི་བ་འོད་གསལ་གནས་ལུགས་མངོན་དུ་འགྱུར༔ ཞེས་པ་སྟེ། འཁྲུལ་ཆོས་ཀུན་འབྱུང་ལས་ཉོན་དང་སྡུག་བསྔལ་གྱི་བདེན་པ་ཤར་བའི་རིགས་རྒྱུན་གང་རང་རིག་བྱང་ཆུབ་ཀྱི་སེམས་གཉུག་མའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ལྷའི་དཀྱིལ་འཁོར་དུ་གདོད་ནས་རྣམ་པར་དག་པར་གནས་ཤིང་གྲུབ་པའི་གནད་ཀྱིས། ཀུན་རྫོབ་མ་དག་པའི་ངོར་ཇི་ལྟར་འཁྲུལ་ཞིང་སྣང་ཡང་མཚན་ཉིད་ཐེག་པའི་སྤང་འགེབས་སྦྱོང་བའི་ལམ་ལྟ་བུ་མ་ཡིན་པར་སྔགས་སུ་ད་ལྟའི་སྣང་བ་ཐམས་ཅད་སྤང་བླང་བསལ་བཞག་མེད་པར་སྐུ་དང་ཡེ་ཤེས་རྒྱ་མཚོར་རོལ་པར་ཡེ་ནས་གནས་པ་ཉིད་དག་སྣང་ལམ་དུ་བྱས་པས་སྡུག་ཀུན་གཉིས་བཙལ་ཡང་མི་རྙེད་པའི་རང་བཞིན་འགོག་ལམ་གྱི་བདེན་པར་སྣང་བས་དོན་གྱི་གནས་ཚུལ་འཁོར་འདས་སྤང་བླང་མེད་པར་མཉམ་པ་དང༌། ཀུན་རྫོབ་དག་པ་གདོད་ནས་འདུ་འབྲལ་མེད་པས་བདེན་པ་དབྱེར་མེད་ལྷག་པའི་ཆོས་ཆེན་པོ་ཞེས་རྒྱུད་མ་ཧཱ་ཡོ་གའི་ལམ་གྱི་ལྟ་བ་མཐར་ཐུག་པ་སྟེ། དངོས་གཞི་ཉམས་སུ་ལེན་པའི་སྐབས་འདིར་ལས་བྱང་རྒྱས་པར། རྣམ་དག་ཆོས་དབྱིངས་ཁྱབ་བརྡལ་སོགས་ཀྱིས་བསྟན་པ་ལྟར་འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ཁྱབ་བརྡལ་ནམ་མཁའ་ལྟར་རྣམ་པར་དག་པ་དང༌། གཞི་གདོད་མའི་གནས་ལུགས་འཁོར་འདས་ཀུན་གྱི་དེ་བཞིན་ཉིད་ཀྱི་དབྱིངས་རང་བཞིན་གྱིས་དག་པ་འོད་གསལ་སྐུ་དང་ཡེ་ཤེས་ཅིར་ཡང་འཆར་བ་གཉིས་ཡེ་ནས་གཉིས་མེད་མཉམ་པའི་ཆོས་ཉིད་དུ་འདུ་འབྲལ་མེད་པར་རང་གི་སེམས་སུ་རྫོགས་པ་ལ་དོན་གྱི་འོད་གསལ་འཁོར་འདས་ཀུན་གྱི་ཁྱབ་བདག་པདྨ་རྒྱལ་པོའོ་སྙམ་པས་ཉམས་མྱོང་གི་སྟེང་དུ་བཞག་པའམ། རྗེས་གཞིག་གིས་དཔྱད་པའི་སྦྱོང་བྱེད་སྟོང་ཆེན་གྱི་དེ་ཏིང་ལ་མཉམ་པར་བཞག །སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་ཞེས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་གསལ་སྟོང་གི་དབྱིངས་དེ་ཉིད་དེ། འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་ང་རྒྱལ་བཟུང་བས་འཆི་སྲིད་སྦྱོང༌། རྟག་ལྟ་དང་གཟུགས་མེད་ཁམས་དག །ཆོས་སྐུའི་ཡེ་ཤེས་མངོན་དུ་བྱེད་པའི་རིགས་ཀྱི་ས་བོན་གསོས་འདེབས། བར་དུ་དོན་གྱི་འོད་གསལ་སྐྱེ་བའི་གཞི་གདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའོ། །གཉིས་པ་ནི། དེ་ཉིད་མ་རྟོགས་མཁའ་ཁྱབ་འགྲོ་བ་ལ༔ དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུའི་ཚུལ༔ ཞེས་པ་སྟེ། ཨ། ཐམས་ཅད་སངས་རྒྱས་ཆོས་སྐུའི་རང་བཞིན་སོགས་ལྟར་འབྲས་བུ་སངས་རྒྱས་རྣམས་ཆོས་སྐུའི་དབྱིངས་སུ་ཟག་མེད་ཀྱི་ཡོན་ཏན་ཉི་མཁའ་ལྟར་ལྷུན་གྱིས་གྲུབ་པའི་རང་གཟུགས་རང་སྣང་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་སྤྲིན་འགག་མེད་དུ་སྣང་བ་དང༌། གཞི་སེམས་ཅན་གྱི་སྙིང་པོའི་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མི་ཤེས་པའི་ཆོས་སུ་འགག་མེད་དུ་བཞུགས་པ་དང་ཚུལ་མཐུན་པའི་ལམ་དེ་ཉིད་མ་རྟོགས་པའི་འགྲོ་བ་ལ། རྣམ་པ་གསལ་ལ་ངོ་བོ་འཛིན་པ་མེད་པའི་ཀུན་སྣང་སྙིང་རྗེའི་རང་རྩལ་མཁའ་ཁྱབ་ཏུ་བསྒོམས་ཏེ་བར་དོ་དག་པ་ལོངས་སྐུའི་ང་རྒྱལ་གྱིས་བར་སྲིད་སྦྱོང༌། ཆད་ལྟ་དང་གཟུགས་ཁམས་དག །ལོངས་སྐུའི་རིགས་ཀྱི་ས་བོན་གསོས་འདེབས། འོད་གསལ་ལས་ཡེ་ཤེས་ཀྱི་སྐུར་ལྡང་བའི་སྙིང་རྗེའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའོ། །གསུམ་པ་ནི། ལམ་རིམ་ཡེ་ཤེས་སྙིང་པོ་ལས། ཕྱག་རྒྱ་གཅིག་པ་ཕྲ་མོའི་ཡིག་འབྲུའི་ཚུལ༔ ཐམས་ཅད་བསྐྱེད་བྱེད་རྒྱུ་ཡི་ས་བོན་ནི༔ མི་འགྱུར་ཡེ་ཤེས་སྙིང་པོ་མཁའ་ལ་ཤར༔ ཞེས་དང༌། ཧཱུྃ༔ རྒྱུ་ལས་འབྲས་བུའི་ཆོས་རྣམས་སོགས་ལྟར་ལམ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ལས་གཞན་དུ་མི་འགྱུར་བའི་ཡེ་ཤེས་གདུལ་བྱའི་ཆེད་དུ་འབྲས་བུ་སངས་རྒྱས་སྤྲུལ་སྐུ་གང་འདུལ་དུ་རོལ་པ་དང༌། སེམས་ཅན་རྣམས་ཕྱི་མའི་སྲིད་པ་ལ་མངོན་དུ་ཕྱོགས་ཏེ་གང་དུ་སྐྱེ་འགྱུར་གྱི་གནས་ལ་སྲེད་པ་དང་རྣམ་པ་མཐུན་པའི་དཀྱིལ་འཁོར་ཐམས་ཅད་འཆར་བའི་གཞིའམ་རྒྱུ་ཡི་ཏིང་ངེ་འཛིན་ཡི་གེ་ཧྲཱིཿདཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་དང༌། གཞན་དུ་ལྷ་སྐུ་ཕྱག་རྒྱ་གཅིག་པ་སོགས་བསྒོམས་ནས་རྗེས་ཐོབ་ཏུ་སྐྱེ་བ་དག་པ་སྤྲུལ་སྐུའི་ང་རྒྱལ་བཟུང་བས་སྐྱེ་སྲིད་སྦྱོང༌། ཕུང་གསུམ་དུ་བལྟབ། འདོད་ཁམས་དག །སྤྲུལ་སྐུ་མངོན་དུ་བྱེད་རུང་གི་ས་བོན་གསོས་འདེབས། བདེ་བ་དང་རླུང་སེམས་ཀྱི་ལྷ་སྐུར་ལྡང་ནུས་ཀྱི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའོ། །གཉིས་པ་ལ། བསྙེན་པ་ཕྱག་རྒྱ་གཅིག་པ། ཉེ་བསྙེན་ཕྱག་རྒྱ་སྤྲོས་བཅས། སྒྲུབ་པ་ཚོམ་བུ་ཚོགས་སྒྲུབ། སྒྲུབ་ཆེན་ཉེ་རྒྱུའི་སྤྱོད་པས་བོགས་དབྱུང་སྟེ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་དང་བཞི་ལས། དང་པོ་ལའང༌། ལས་དང་པོ་པའི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་སྤྱིར་བཤད་པ། གནད་ཀྱི་ཆིངས་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེ་ལ་ཐོག་མར་རིམ་གྱིས་གོམས་པའི་ཕྱིར༔ བདག་ཉིད་ཕྱག་རྒྱ་གཅིག་པའི་སྐུར་བསྒོམ་ལ༔ རྣམ་པ་གསལ་བ་འཇའ་ཚོན་ལྟ་བུ་སྟེ༔ རབ་ཀྱིས་རང་བཞིན་ཡོངས་གྲུབ་ཆེན་པོར་བལྟ༔ འབྲིང་གིས་སྤྱི་དང་བྱེ་བྲག་མ་འདྲེས་གསལ༔ ཐ་མས་ཏིང་འཛིན་དགོངས་པ་མི་འགྱུར་གཟེར༔ ཞེས་པ་སྟེ་ཟབ་གསང་འདི་ཉིད་ཀྱི་མངའ་བདག་ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས། དངོས་གཞིའི་ལམ་གྱི་ཐོག་མར་བསྙེན་པ་ཕྱག་རྒྱ་གཅིག་པ་རྒྱུན་གྱི་བཀོལ་བྱང་ལྟར་ཉམས་སུ་ལེན་པར་གསུངས་པ་རྒྱུད་སྡེ་སྒྱུ་འཕྲུལ་དྲྭ་བའི་དགོངས་པ། གྲུབ་པའི་སློབ་དཔོན་ཆེན་པོ་དག་གི་མན་ངག་གནད་ཀྱི་གསང་བ་མ་ནོར་བ་སྐབས་འདིའི་གཏེར་གཞུང་རྡོ་རྗེའི་ཚིག་གིས་དངོས་བསྟན་དུ་འབྱུང་བ་སྟེ། བཤད་མ་ཐག་པའི་ཏིང་འཛིན་རྣམ་གསུམ་སྔོན་དུ་འགྲོ་བས་རང་ཉིད་གཙོ་མཆོག་སྣང་སྲིད་ཟིལ་གནོན། སྤྱི་བོར་སྤྱན་རས་གཟིགས། རིགས་བདག་ཚེ་དཔག་མེད་དང་བཅས་པ་དངོས་གཅིག་དུ་མར་འཆར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་སྟེ། དེ་ཡང་རབ་ཀྱིས་གདོད་ནས་རང་རིག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་བླ་མའི་དཀྱིལ་འཁོར་མ་བཅོས་ལྷུན་རྫོགས་ཁྱབ་བརྡལ་གྱི་གཤིས་སུ་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ཁྱབ་བདག་ཏུ་ཆོས་སྐུ་ཡོངས་གྲུབ་ཆེན་པོ་འདུ་འབྲལ་མེད་པའི་དབྱིངས་སུ་བཞུགས་པ་ལ། ཡིན་པ་གསལ་འདེབས་ཙམ་གྱིས་སྣང་ཆ་མ་འདྲེས་པའི་གཟུགས་སྐུ་ཞལ་ཕྱག་རྒྱན་ཆ་གཞིར་རྫོགས་སུ་གསལ་ཏེ་བདག་དང་ལྷ་དང་ཡེ་ཤེས་གཉིས་སུ་མེད་པ་དང༌། འབྲིང་གིས་གོ་དོན་དེ་ལྟར་ངེས་པས་རྣམ་པ་ལུས་ངག་ཡིད་གསུམ་ངོ་བོ་བླ་མའི་རྡོ་རྗེ་གསུམ་གྱི་འཁོར་ལོར་གསལ་འདེབས་པས་སྐུ་ཡི་རྣམ་པ་སྤྱི། ཞལ། ཕྱག །ན་བཟའ། ཕྱག་མཚན་སོགས་དང༌། གཙོ་བོ། འཁོར། རྟེན་བརྟེན་པར་བཅས་པ་གསལ་ལ་མ་འདྲེས་པར་སྣང་སྟོང་ཟུང་འཇུག་ཆེན་པོར་བསྒོམས་ཏེ། སྦྱང་བྱ་སྦྱོང་བྱེད་ཀྱི་ཚུལ་དུ་གསལ་འདེབས་པ་དང༌། ཐ་མས་གཙོ་བོ་ལྟ་བུའི་ལྷ་སྐུ་སྤྱིའི་རྣམ་པར་སེམས་འཛིན་པ་ལས་གཞན་དུ་མི་གཡོ་བར་ཡིད་རྩེ་གཅིག་པའི་ཞི་གནས་ཀྱི་ཏིང་འཛིན་བསྒྲུབས་ཏེ་རྩ་གསུམ་རྒྱལ་བའི་ཁྱབ་བདག་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱི་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ནི་ངའོ་སྙམ་པས་ལྷ་སྔགས་སེམས་གསུམ་གཅིག་ཏུ་མོས་ཏེ། བྱིང་རྒོད་སོགས་ཀྱིས་སྐྱོན་བསལ་ཏེ་དགོངས་པ་མི་འགྱུར་བའི་གཟེར་བཏབ་ལ་བསྒོམ་པར་བྱའོ། །གཉིས་པ་གནད་ཀྱི་ཆིངས་བྱེ་བྲག་ཏུ་བཤད་པ་ལ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ་གསུམ་ལས། དང་པོ་ལའང༌། བསྒོམ་བྱ་དངོས་དང༌། ཇི་ལྟར་བསྒོམ་ཚུལ་ལོ། །དང་པོ་ནི། མཚན་ཉིད་ཚང་བའི་བྲིས་སྐུ་མདུན་དུ་དགྲམ༔ དེ་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ གསལ་སྣང་ཤར་ནས་བྱིང་རྒོད་སྐྱོན་སྤངས་ལ༔ ལྷ་སྐུ་སྣང་སྟོང་ཟུང་འཇུག་ངང་དུ་བཞག༔ རྣམ་རྟོག་རྙོགས་མ་ཞི་བའི་ཉམས་མྱོང་སྐྱེ༔ ཞེས་པ་སྟེ། ལས་དང་པོ་པས་དཀྱིལ་འཁོར་ཡོངས་རྫོགས་ལ་གསལ་སྣང་ཐོན་དཀའ་བས་གང་སེམས་འཛིན་སླ་བ་ནས་བསྒོམ་དགོས་པས། སྦྱང་བྱ་ལུས་ཅན་རྣམས་དང་པོ་སྐྱེས་ནས་བྱིས་པར་གྱུར་པའི་གནས་སྐབས་གང༌། སྦྱོང་བྱེད་གཙོ་བོའི་གསལ་སྣང་ཐོག་མར་སྒྲུབ་པ་སྟེ་མཚན་ཉིད་དང་ལྡན་པའི་བྲིས་སྐུ་རབ་གནས་ལྡན་པ་རང་མདུན་ཁད་ཉེ་བར་བཀྲམ་སྟེ། བདེ་བའི་སྟན་ལ་ལུས་གནད་བསྲང༌། རླུང་རོ་ལན་གསུམ་དུ་བསལ་ནས། སྐུ་དེ་ལ་ཡིད་ཀྱི་འཛིན་སྟངས། མིག་གི་ལྟ་སྟངས། རླུང་གི་འགྲོ་ལྡོག་གསུམ་ཡུལ་སོ་སོར་ཡ་བྲལ་དུ་མ་སོང་བར་ཕྱོགས་མཉམ་པོར་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་དེ་ཡུན་ཐུང་ལ་གྲངས་མང་བར་བསྒོམ། མི་སུན་པའི་ཕྱིར་གོམས་རིམ་གྱིས་ཡུན་བསྲིངས་ཏེ་བསྒོམས་པས་དེའི་རྣལ་འབྱོར་གྱི་བག་ཆགས་བརྟས་ཏེ་མིག་བཙུམ་ཡང་ཡིད་ཡུལ་དུ་གསལ་ཞིང༌། དམིགས་རྟེན་ལ་གོམས་པ་ཇི་ལྟ་བར་རང་གི་བཞིན་ལག་ཀྱང་དེ་དང་དེའི་རྣམ་པར་གསལ་ནུས་པ་བྱུང་ན། སེམས་མི་གསལ་བའི་བྱིང་བ། འགྱུ་བ་སྤུན་པོར་གྱུར་པའི་རྒོད་པ། རྨུག་འཐིབས་འཐོར་ཡས་སོགས་ཀྱི་སྐྱོན་བྱུང་ན་ངོ་ཤེས་པས་བཏང་སྙོམས་སུ་མ་ཤོར་བར་སོ་སོའི་གཉེན་པོ་བསྟེན་ཏེ་བསྒོམ་ཤིང་སྣང་ཆ་ནས་སྤྱན་གྱི་དཀར་ནག །ན་བཟའི་རི་མོ་ཡན་ཆད་མ་འདྲེས་པར་བཀྲ་ཡང་སྟོང་ཆ་ནས་གདོས་བཅས་ཐོག་རེག་གི་མཚན་མ་ལས་འདས་པ་བདེ་གསལ་གྱི་རྣམ་འཕྲུལ། སྟོང་ཉིད་ཀྱི་རང་བཞིན་ཅན་དུ་རྫིང་བུར་གཟུགས་བརྙན་བཀྲ་བ་ལྟར་རྩེ་གཅིག་ཏུ་བསྒོམས་པས་ཕྱི་རོལ་གཟུགས་ཕུང་དུ་སྣང་བའི་མ་དག་པའི་ཞེན་པ་དག་པར་བྱེད་དོ། །གཉིས་པ་ཇི་ལྟར་སྒོམ་ཚུལ་ནི། སྐབས་སུ་ངལ་གསོ་ཤེས་པ་རྣལ་དུ་དབབ༔ སྐབས་སུ་ཏིང་འཛིན་རོལ་རྩལ་ཅིར་ཡང་བསྒྱུར༔ ཐུན་རེར་ལྷ་ཡི་གསལ་སྣང་ཚད་དུ་འདོན༔ ཐུན་རེར་སྙིང་པོ་སྔགས་ཀྱི་གཟེར་ཆེན་གདབ༔ ཐུན་རེར་ལྷ་དང་རང་སེམས་རོ་མཉམ་བཞག༔ ཐུན་རེར་འོད་ཟེར་སྤྲོ་བསྡུའི་ཆོ་འཕྲུལ་བསྒྲུབ༔ ཞེས་དང༌། ཐུན་མཚམས་ཚོགས་དང་གཏོར་མས་ཐུགས་དམ་བསྐང༔ སྣང་སྲིད་ཐམས་ཅད་སྒྱུ་མའི་ལྷ་སྔགས་དང༔ ཡེ་ཤེས་ཆེན་པོའི་ངོ་བོར་ལམ་དུ་ཁྱེར༔ ཞེས་པ་སྟེ། ཉང་གཏེར་མཚོ་རྒྱལ་ཞུས་ལན་དང༌། བླ་མ་དགོངས་འདུས་སོགས་ལས་བསྐྱེད་རིམ་རྩལ་སྦྱོང་དང་བོགས་འབྱིན་མང་དུ་གསུངས་ཀྱང༌། མདོར་བསྡུ་ན་མཉམ་བཞག་གི་སྐབས་སུ་སེམས་མི་བསྒྲིམ་པར་ངལ་གསོ་སྟེ་རྣམ་པར་མི་རྟོག་པ་གཉུག་མའི་ངང་དུ་རང་བབས་སུ་ལྷོད་ཀྱིས་ཀློད་ལ་རྣལ་དུ་དབབ་པས་ངལ་གསོ། ཡང་རེས་འགའ་ལྷ་སྐུ་དེ་ཆེ་བ་ཆུང་བ་མདོག་དབྱིབས་སྤྱོད་ལམ་ཉེ་རིང་བཞུགས་གནས་མ་ངེས་པ་ཅིར་ཡང་བསྒྱུར་པས་ཏིང་ངེ་འཛིན་རྩལ་སྦྱོང་ཞིང་ལམ་དུ་སློང༌། ཡང་ཐུན་རེ་རེ་ལ་སྔར་ལྟར་ལྷ་སྐུ་ཞལ་ཕྱག་ཡོངས་རྫོགས་ལ་སེམས་འཛིན་རྩེ་གཅིག་པས་གསལ་འདེབས། དེས་སྐྱོ་ན་ལྷ་སྔགས་གཉིས་སུ་མེད་པའི་ངེས་ཤེས་ཀྱིས་སྐབས་འདིར་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་བཛྲ་གུ་རུ་བཟླ། ཡང་ཐུན་རེ་ལ་ལྷའི་རྣམ་པ་དང་རང་སེམས་དབྱེར་མེད་དུ་བསྲེས་ཏེ་རང་རིག་སྐྱེ་མེད་ཀྱི་དབྱིངས་སྤྲོས་བྲལ་ཆེན་པོ་ལ་གཉིས་འཛིན་སྤངས་ཏེ་རང་ངོ་རིག་ཙམ་གྱི་ཀློང་དུ་མཉམ་པར་བཞག །ཐུན་རེ་ལ་བདག་དོན་བྱིན་རླབས་བསྡུ་བ། གཞན་དོན་རིགས་དྲུག་གནས་སྦྱོང༌། གཉིས་དོན་རིགས་འདུས་གཙོ་བོའི་བཟླས་པ་རྣམས་དམིགས་པ་རྩེ་གཅིག་པས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པ་རྣམས་རེས་མོས་སུ་བྱས་པས་གེགས་སེལ་ཞིང་བོགས་འབྱིན་པའི་ཐབས་ཀྱང་གསང་བའི་མན་ངག་མཐར་ཐུག་པའོ། །རྗེས་ཐོབ་ཀྱི་སྐབས་ཐམས་ཅད་དུ་མཚན་ཉིད་པས་འདུས་པ་དེར་ཐམས་ཅད་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་དང༌། རྗེས་མཐུན་པས་རིམ་གྱིས་ཐོབ་པ་དང་ཉམས་ཆག་སྐོང་བ་སོགས་ཕན་ཡོན་དང་དགོས་པ་ཆེ་བའི་ཚོགས་ཀྱི་འཁོར་ལོ་དང་རིན་པོ་ཆེ་དང་པདྨའི་སྣོད་དུ་ཁ་ཟས་བཟང་རྒུའམ་འདས་མ་འདས་ཀྱི་གཏོར་མ་བཟའ་བཏུང་དང་བཅས་པ་མགྲོན་རིགས་སོ་སོར་ཕུལ་ཏེ་བར་ཆད་མེད་ཅིང་དངོས་གྲུབ་མྱུར་དུ་ཐོབ་པའི་ཕྲིན་ལས་བཅོལ་བ་དང༌། སྣང་གྲགས་རྟོག་གསུམ་དུ་ཤར་བའི་སྣང་སྲིད་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ། བགོ་བ་ཞི་ཁྲོའི་ཆས། བཟའ་བཏུང་ཚོགས། འགྲོ་འདུག་རྡོ་རྗེའི་གར་སོགས་སྤྱོད་ཡུལ་ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པ་འབའ་ཞིག་ལམ་དུ་ཁྱེར་བས་མཉམ་བཞག་གི་ཏིང་འཛིན་ལ་དབུགས་འབྱིན་པར་བྱ་དགོས་པའང་ཞར་ལ་འཕྲོས་པའོ། །གཉིས་པ་ང་རྒྱལ་བརྟན་པ་ནི། དུས་ཀུན་ལྷ་དང་དབྱེར་མེད་ང་རྒྱལ་བཟུང༔ ཞེས་པ་སྟེ། བསྒོམ་བྱ་ལྷ་དེའི་ཞལ་ཕྱག་རང་མཚན་པ་ཡིན་པར་ཤེས་པ་ཙམ་གྱི་འདུ་ཤེས་ཉི་ཚེ་བ་མ་ཡིན་པར་དུས་གསུམ་རྒྱལ་བའི་ཡེ་ཤེས་ཀྱི་སྐུ་གཅིག་པུ། རྩ་གསུམ་རྒྱ་མཚོའི་ཁྱབ་བདག །རྣམ་ཐར་དང་ཕྲིན་ལས་བསམ་མི་ཁྱབ་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་བསྒྱུར་བའི་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་དེ་ཉིད་དངོས་སུ་རང་ཉིད་དོན་གྱི་དབྱིངས་སུ་རྣམ་དབྱེར་མེད་པའི་གནས་སྣང་མཐུན་པར་ངའོ་སྙམ་པའི་ང་རྒྱལ་བརྟན་པོ་དང༌། གསལ་སྣང་ཐོབ་ནས་ཡེ་ཤེས་ཀྱི་སྐུ་དངོས་དང་གདོད་ནས་འདུ་འབྲལ་མེད་པའི་ངེས་ཤེས་དྲག་པོས་རང་སེམས་དང་ཐ་མལ་གྱི་བདག་རྟོག་གིས་ངའོ་སྙམ་སྟེ་ཞེན་པའི་འཛིན་སེམས་མ་སྤངས་རང་དག་ཏུ་འགྱུར་བའོ། །གསུམ་པ་དག་པ་དྲན་པ་ལའང༌། དངོས་དང་འབྱོང་པའི་ཚད་དང་གཉིས་ལས། དང་པོ་ནི། གཞི་འབྲས་ཟུང་འཇུག་ལམ་གྱིས་མཚོན་པའི་ཕྱིར༔ ཐ་མལ་སྣང་ཞེན་འགོག་པའི་རྣམ་དག་བསྒོམ༔ ཞེས་པ་སྟེ། ལྷ་སྐུ་ཞལ་ཕྱག་གི་རྣམ་པ་གསལ་བའང་ལས་ཉོན་འཁྲུལ་པའི་རང་གཟུགས་ཟག་བཅས་ཀྱི་ཕུང་པོ་ལྟ་བུ་མ་ཡིན་པར་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་སྟེ་གཞི་ཆོས་ཉིད་གཅིག་གི་གནས་ལུགས་མཚོན་པའི་ཞལ་གཅིག །ལམ་ཐབས་ཤེས་ཀྱི་ཕྱག་གཉིས། སྲིད་ཞིར་མི་གནས་པའི་ཞབས་རོལ་སྟབས། ཆོས་སྐུ་གཟུང་འཛིན་བྲལ་བས་སྐུ་མདོག་དཀར། ལོངས་སྐུ་ཐུགས་རྗེ་ཆགས་པས་དམར་མདངས། སྤྲུལ་སྐུ་སྒྱུ་འཕྲུལ་གྱི་རོལ་མོ་ཅིར་ཡང་སྣང་བས་ཞི་མ་ཁྲོ། འཇིག་རྟེན་ཁྱིམ་པའི་འདོད་ཡོན་གྱི་ཆོས་ཀུན་མ་སྤངས་ཡོན་ཏན་གྱི་རྒྱན་དུ་རྫོགས་པས་གསང་གོས་དཀར་པོ། གསང་སྔགས་ཀྱི་མཛོད་འཆང་བས་ཟབ་བེར་སྔོ་ཁྲ། བསྟན་པའི་མངའ་བདག་ཏུ་གྱུར་པས་ཆོས་གོས་དམར་པོ། སྣང་སྲིད་བདེ་ཆེན་གྱི་རོལ་པས་དབང་སྡུད་ཟ་བེར་སྨུག་པོ། ཐེག་དགུའི་ཡོན་ཏན་རྫོགས་པས་དབུ་ལ་པདྨ་མཐོང་གྲོལ། བུམ་དབང་རྫོགས་པས་ཕྱག་གཡས་རྡོ་རྗེ། གསང་དབང་རྫོགས་པས་གཡོན་བྷནྡྷ། ཤེར་དབང་རྫོགས་པས་དེ་དབུས་ཚེ་བུམ། དབང་བཞི་པ་རྫོགས་པས་དེའི་སྟེང་ནོར་བུས་བརྒྱན་པ། སྦས་ཚུལ་གྱི་ཕྱག་རྒྱ་མཚོན་པའི་ཁ་ཊྭཱཾ། ཆེ་བཙན་འགྲན་བྲལ་གྱི་སེང་ཁྲི། མ་ཆགས་པདྨ། བདེ་སྟོང་ཉི་ཟླའི་གདན་ལ་བཞུགས་པ་སོགས་ལས་བྱང་རྒྱས་པའི་བསྟོད་པ་ལས་འབྱུང་བ་ལྟར་རྟེན་དང་བརྟེན་པར་བཅས་པ་གཙོ་མཆོག་སྣང་སྲིད་ཟིལ་གནོན་གྱི་ཡེ་ཤེས་དེ་ཉིད་ལ་ཟག་མེད་འབྲས་ཆོས་ཐམས་ཅད་མ་བཙལ་ལྷུན་རྫོགས་སུ་བཞུགས་པ་གང༌། དེ་དང་དེའི་རྣམ་པར་ཤར་བའི་བརྡ་དོན་རྟགས་གསུམ་རེ་རེ་ནས་དྲན་པར་བྱས་པས་སྣང་ཞེན་ཐམས་ཅད་གདོད་ནས་དག་པ་ཡེ་ཤེས་ལྷ་ཡི་འཁོར་ལོ་རུ་སྦྱོར་བར་བྱེད་པའི་གནད་དང་ལྡན་པའོ། །གཉིས་པ་ནི། དེ་ལྟར་རྩེ་གཅིག་ཉམས་སུ་བླངས་བ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ཉམས་སྐྱེ་ཞིང༔ གསལ་བ་གསུམ་ལྡན་ཕྱག་རྒྱ་དངོས་དང་མཇལ༔ ངག་གི་བདེན་གྲུབ་དགོངས་པ་འཕོ་འགྱུར་མེད༔ ཅེས་པ་སྟེ། དེ་ལྟར་རྩེ་གཅིག་ཉམས་སུ་བླངས་བས་དམིགས་པ་ལ་སེམས་མི་གནས་པར་འདུ་བྱེད་ཀྱི་རྟོག་པ་མང་པོ་འགྱུ་བ་གཡོ་བའི་ཉམས། རྣམ་རྟོག་ཅུང་ཟད་ཞི་ནས་སེམས་གནས་ཤིང་ཡིད་ཡུལ་དུ་ཝལ་གྱི་གསལ་བ་ཐོབ་པའི་ཉམས། རང་ཉིད་ལྷ་དངོས་སུ་གསལ་ནུས་ཤིང་བཞེངས་བཞུགས་ཞི་ཁྲོ་སོགས་ཅི་འདོད་དུ་བསྒྱུར་བཏུབ་པ་གོམས་པའི་ཉམས། གསལ་སྣང་ལ་སེམས་ཅི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་བརྟན་པའི་ཉམས། ཉིན་མཚན་རྟག་ཏུ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་ཚད་བརྒྱད་གྱད་དུ་གྱུར་པ་མཐར་ཕྱིན་གྱི་ཉམས་དང་ལྔ་རིམ་གྱིས་སྐྱེ་ཞིང༌། ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷ་སྐུར་རྫོགས་ཏེ་ཡིད་དབང་ལུས་ཀྱི་ཡུལ་དུ་གསལ་བའི་ཏིང་འཛིན་ཚད་དུ་འཁྱོལ་བའི་ཤིན་སྦྱངས་དང་ཏིང་འཛིན་གྱི་སྤྱོད་ཡུལ་བསམ་མི་ཁྱབ་པ་ལ་དབང་འབྱོར་ཏེ་ལྷ་ཡི་སྐུ་དངོས་སུ་མཇལ་བ་དང༌། ངག་གི་བདེན་པ་འགྲུབ། དགོངས་པ་འཕོ་མེད་ཀྱི་དྲོད་ཐོབ་པ་སོགས་དངོས་གྲུབ་ཅི་རིགས་པ་ལ་དབང་འབྱོར་བའོ། །གཉིས་པ་ཉེ་བསྙེན་ཕྱག་རྒྱ་སྤྲོས་བཅས་ནི། དེ་ནས་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ལ༔ སེམས་བཟུང་རིམ་གྱིས་གསལ་སྣང་འགྲུབ་པ་ན༔ རིགས་ཀྱི་ཚོམ་བུ་མཁའ་དང་མཉམ་པར་སྤྲོ༔ ཞེས་པ་སྟེ། དེ་ལྟར་ཕྱག་རྒྱ་གཅིག་པའི་ཏིང་འཛིན་བརྟན་པ་དང༌། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཡེ་ཤེས་ལས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གང་འདུལ་གྱི་རོལ་མོས་གདུལ་བྱ་ཐམས་ཅད་རྗེས་སུ་འཛིན་པ་ལ་ཕྱོགས་སུ་ལྷུང་བ་མེད་པས། སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་པའི་རང་གཟུགས་བླ་མ་སྐུ་གསུམ། ཕྱི་ལོ་ཟླ་ནང་འཕོ་བ་གཞན་དུ་རྟེན་འབྲེལ་བཅུ་གཉིས་དག་པའི་རྣམ་འཕྲུལ་བཅུ་གཉིས། ཕྲིན་ལས་རྣམ་བཞིའི་སྒོ་བ་བཞི་ཡི་དཀྱིལ་འཁོར་གྱི་འཁོར་ལོར་ཤར་བའི་ཚོམ་བུ་ཡོངས་རྫོགས་ཀྱི་གསལ་སྣང་སྒྲུབ་པའི་ཕྱིར་ཕྲིན་ལས་སྙིང་པོ་ལྟར་གསལ་ཏེ་སྔ་མ་བཞིན་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣལ་འབྱོར་དུ་བྱས་པས་རང་རིགས་ཀྱི་ཚོམ་བུ་མཁའ་ཁྱབ་ཏུ་སྤྲོས་ལ་བསྒྲུབས་པས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རབ་འབྱམས་ལ་ཅི་དགར་སྤྱོད་པའི་གཞི་བརྟན་པར་བྱེད་དོ། །གསུམ་པ་སྒྲུབ་པ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་ནི། སྣང་སྲིད་གཞིར་བཞེངས་རིག་འཛིན་རྩལ་འཆང་གི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཏིང་འཛིན་གྱིས༔ ཚོམ་བུ་དང་བཅས་ཚོགས་ཀྱི་སྤྱོད་པ་ལ༔ བརྟེན་ནས་དངོས་གྲུབ་བླ་མེད་བསྒྲུབ་པ་ནི༔ ཞེས་སོགས་ནས། རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བསྒྱུར༔ ཞེས་པའི་བར་གྱིས་བསྟན་པ་སྟེ། སྔ་མ་གཉིས་ཀྱི་དྲོད་རྟགས་མངོན་དུ་གྱུར་ནས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་པའི་སླད་སྐལ་ལྡན་མི་ཡི་གང་ཟག །དགྱེས་ལྡན་ལྷ་ཡི་རྟེན། འབྱོར་ལྡན་ཡོ་བྱད་ཀྱི་འབྱོར་ཚོགས་རྣམ་པ་གསུམ་ལྡན་གྱི་ཚོམ་བུ་ཆུང་ངུ་གཙོ་བོ་ཡབ་ཡུམ། འབྲིང་དཀྱིལ་འཁོར་གྱི་ལྷ་གྲངས། རྒྱས་པར་རབ་ཏུ་མང་པོའི་སྟང་དཔྱལ་གྱི་འདུས་པས་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། སྟ་གོན་རྒྱས་བསྡུས་ཀྱི་རིམ་པ་སྔོན་དུ་སོང་བས་སྒྲུབ་པ་ཇི་ཙམ་བྱེད་པའི་སུམ་ཆ་དང་པོར་བསྙེན་པའི་ཆོ་གས་སྣོད་གཞལ་ཡས་ཁང་པདྨ་དྲྭ་བའི་ཞིང་དུ་སྦྱངས་ཏེ་རྟོག་སྒྲིབ་བསལ། སུམ་ཆ་གཉིས་པར་ཉེ་བསྙེན་གྱིས་བཅུད་རིག་འཛིན་སྒྱུ་འཕྲུལ་དྲྭ་བར་བསྒྱུར་ཏེ་དངོས་གྲུབ་ཀྱི་དབྱིག་བསྡུ། ཆ་གསུམ་པར་སྒྲུབ་པའི་དགོངས་པས་སེམས་རྒྱུད་ཡེ་ཤེས་ཆེན་པོར་སྦྱངས་ཏེ་སྒྲུབ་པའི་གཞུང་བསྲང་བ་ལས་བྱང་རྒྱས་འབྲིང་ལ་བརྟེན་ནས་བྱ་བ་སྟེ། དེའི་ཚུལ་རྒྱས་པ་གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་སིདྡྷིའི་བུམ་སྒྲུབ་ཀྱི་དགོངས་པ་འཇམ་མགོན་ལོ་ཆེན་ཡོན་ཏན་རྒྱ་མཚོའི་གསུང་རབ་སྒྲུབ་ཁོག་ལྟར་ཤེས་པར་བྱ་དགོས་སོ། །བཞི་པ་སྒྲུབ་པ་ཆེན་པོའི་ལམ་མཐར་དབྱུང་བའི་ཚུལ་ལ། དངོས་དང༌། རྟགས་ཚད་བསྟན་པ་གཉིས་ལས། དང་པོ་ནི། སྒྲུབ་པ་ཆེན་པོས་རང་གི་རྒྱུད་སྦྱངས་ནས༔ ལྷ་སྐུའི་གསལ་སྣང་སྔགས་ཀྱི་གཟེར་ཁ་དང༔ བདེ་སྟོང་ཏིང་འཛིན་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱིས༔ ཟླ་དྲུག་བཅུ་གཉིས་བཅོ་བརྒྱད་མཐར་སོན་ཚེ༔ ཞེས་པ་སྟེ། སྟོང་ཆེན་སྙིང་རྗེ་ཕྱག་རྒྱ་གཅིག་སྤྲོས་ཏེ་ཟག་བཅས་ཚོགས་ལམ་གྱི་རྣལ་འབྱོར་དང༌། ཚོགས་སྒྲུབ་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཇི་སྐད་བཤད་པ་དེ་ལྟར་སྨིན་པར་བསླབ་སྟེ་ཕྱི་ལྷ་སྐུའི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན། ནང་རྫོགས་རིམ་གྱི་བདེ་སྟོང་ཏིང་འཛིན་གྱི་དྲོད་ཚད་བརྟན་པས་སེམས་ལ་རང་དབང་ཐོབ་སྟེ་རླུང་རིག་ལས་སུ་རུང༌། བར་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཏིང་འཛིན་དང་བཟླས་པ་ཚད་དུ་འཁྱོལ་ཏེ་དབང་པོ་རབ་ཟླ་བ་དྲུག །འབྲིང་བཅུ་གཉིས། ཐ་མ་བཅོ་བརྒྱད་ཀྱི་རྫོགས་པས་ལམ་མཐར་ཕྱིན། ཐུན་མོང་ཁྱད་པར་གྱི་རྟགས་ཚད་རྫོགས་པ་དང༌། སྲོད་ལ་བཀྲ་ཤིས་པའི་རྫས་ལ་བརྟེན་ནས་ལྷ་ལས་དངོས་གྲུབ། ནམ་གུང་དགྲ་ལས་སྒྲོལ་བ་ལམ་དུ་བྱས་ཏེ་དངོས་གྲུབ། ཐོ་རངས་གཟུངས་མ་ལ་བརྟེན་ནས་སྦྱོར་བ་ལམ་དུ་བྱས་པས་དངོས་གྲུབ་བླངས་ཏེ་རིག་འཛིན་རྣམ་པ་བཞིའི་ས་ལམ་རྫོགས་ནས་ཟག་མེད་མཐོང་སྒོམ་མཐར་ལམ་གསུམ་མཐར་ཕྱིན་འབྲས་བུའི་ས་ལ་སྦྱོར་བར་བྱེད་པའོ། །གཉིས་པ་ནི། ཕྱི་རྟགས་དངོས་སུ་ལྷ་ཞལ་མཐོང་བ་དང༔ དཀྱིལ་འཁོར་འོད་འཕྲོ་བུམ་པའི་བདུད་རྩི་ཁོལ༔ བྷནྡྷ་འཕར་ཞིང་མར་མེ་རང་འབར་འབྱུང༔ ནང་རྟགས་ལུས་ངག་སེམས་བདེ་རླུང་རིག་དྭངས༔ གཟུང་འཛིན་ཆོས་རྣམས་སྒྱུ་མ་ལྟ་བུར་མཐོང༔ གསང་བའི་རྟགས་སུ་ཏིང་འཛིན་རྩེ་གཅིག་ལ༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ ཞེས་པ་སྟེ། སྒྲུབ་པའི་རྟགས་དངོས་ཉམས་རྨི་ལམ་གང་རུང་དུ་ཕྱི་རྟགས་སུ་ལྷ་ཡི་ཞལ་མཐོང་བའམ་སྐུ་རྟེན་བཞད་འཛུམ་དང༌། དཀྱིལ་འཁོར་ལས་འོད་འཕྲོ་བུམ་པ་དང་བདུད་རྩི་ཁོལ། བྷནྡྷ་ནམ་མཁའ་ལ་འཕར་བ་དང་མར་མེ་རང་འབར་དུ་འབྱུང་བ་དང༌། ནང་རྟགས་སུ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང་འཁྲུལ་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་མཐོང་བ་དང༌། གསང་རྟགས་སུ་སྒོ་གསུམ་ལྷ་སྔགས་ཆོས་ཉིད་ལས་མི་འདའ་བས་དོན་དམ་འོད་གསལ་གྱི་ཡེ་ཤེས་ལྷ་ཡི་དགྱེས་ཞལ་མངོན་སུམ་དུ་མཐོང་ནས་ལྷ་བདག་གཉིས་མེད་སུ་མེད་པའི་གོ་འཕང་མངོན་དུ་བྱེད་པར་འགྱུར་རོ། །གཉིས་པ་དེ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་ལའང༌། ལས་བྱང་སྔོན་འགྲོའི་ཆོས་བདུན་ལས། ཚོགས་སྤེལ་བགེགས་བསལ་འགལ་རྐྱེན་སྦྱང༔ དམ་བཟུང་བྱིན་དབབ་མཆོད་རྫས་བརླབ༔ རང་རིག་ཡེ་ཤེས་ལྷར་རྫོགས་པས༔ ཟབ་མོའི་རྣལ་འབྱོར་ལམ་དུ་བྱ༔ ཞེས་པ་ལྟར་མཐུན་རྐྱེན་སྤེལ་བ། འགལ་རྐྱེན་སྦྱང་བ། གཉིས་ཀའི་དོན་དུ་ལས་རིམ་བྱ་བ་གསུམ་ལས། དང་པོ་ནི། དམ་ཚིག་གི་རྟེན་ནི་གཞུང་ལྟར་ཚོགས་པས་མོས་གུས་ཀྱིས་བརྒྱུད་འདེབས་སྔོན་དུ་འགྲོ་བས་བསྙེན་སྒྲུབ་ལ་སོགས་པ་དགོས་པའི་སྐབས་སུ་བབ་ན་ལས་བྱང་འབྲིང་པོ་ལྟར་བསང་ཆུ་བྱིན་བརླབ། རྡོར་དྲིལ་བྱིན་བརླབ་སོགས་ཀྱང་སྐབས་དང་བསྟུན། ཉིན་དང་པོར་དཀར་གཏོར་ཀྱང་བཏང༌། སྐྱབས་འགྲོའི་རྒྱུ་ངེས་འབྱུང་དང་གཞན་ཕན་གྱི་བསམ་པས། ལོག་པའི་ལམ་དང་དེའི་གང་ཟག་བཅས་སྤངས་ནས། དེ་ལས་ཁྱད་པར་དུ་མས་འཕགས་པའི་སྐྱབས་ཡུལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་སད་པར། རང་གིས་ཐོག་དྲངས་མཁའ་ཁྱབ་ཀྱི་འགྲོ་བས། དུས་བྱང་ཆུབ་མ་ཐོབ་བར། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པས་ཀུན་རྫོབ་རྒྱུའི་སྐྱབས་འགྲོ། སེམས་ཉིད་རང་བཞིན་རྣམ་དག་ཡེ་ཤེས་གསུམ་ལྡན་མཆོག་གསུམ་དུ་ལྷུན་གྱིས་གྲུབ་པ་དོན་དམ་འབྲས་བུའི་སྐྱབས་འགྲོ་དང༌། བསྡུ་ན་ཚོགས་ཞིང་དེ་དག་གི་སྤྱན་སྔར་རྟེན་སྙིང་རྗེ་དང་བརྟེན་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བས་ཀུན་རྫོབ་སྨོན་འཇུག་དང༌། དོན་དམ་སྤྲོས་བྲལ་འོད་གསལ་གྱི་དབྱིངས་སུ་མཉམ་པར་འཇོག་པ་དོན་དམ་གྱི་སེམས་བསྐྱེད་ཟུང་དུ་འཇུག་པས་དམ་འཆའ་བའམ། རྒྱས་པར་སྨོན་སེམས། ཚོགས་བསགས། འཇུག་པ་བཅས་བྱས་ལ་ཚོགས་ཞིང་རང་ལ་བསྡུའོ། །གཉིས་པ་ནི། གདོད་ནས་མ་གྲུབ་ཀྱང་ཉོན་མོངས་རྟོག་ཚོགས་ཕྱིར་ཤར་བའི་མཚན་མ་འཚེ་ཞིང་གླགས་བལྟ་བའི་བགེགས་ལ། རང་རྟ་མཆོག་རོལ་པའི་ང་རྒྱལ་གྱིས། གཏོར་མ་བརྔན་དུ་བྱིན། བཀའ་བསྒོས་ཏེ་མི་ཉན་པ་ལ་དྲགས་སྔགས་མེ་མཚོན་ཁྲོ་ཆུང་གིས་བསྡིག་བསྐྲད་གཟིར་ཏེ་བསྐྲད། ཕྱིན་ཆད་མི་འཇུག་པའི་སླད་དུ་བདག་གི་ཐུགས་ཀའི་འོད་ཟེར་གྱིས་རྡོ་རྗེ། མཚོན་ཆ་ལྔ། ཡེ་ཤེས་མེའི་སྲུང་གུར་དང༌། སྒོ་གསུམ་རང་བཞིན་ལྷུན་གྲུབ་ཀྱི་སྲུང་འཁོར་བཅས་གསལ་བཏབ། བསྙེན་མཚམས་ཀྱི་སྐབས་བགེགས་བསྐྲད་ཟིན་པ་དང་རྒྱལ་ཆེན་ཐོ་འཛུགས་བྱས་ལ་སྲུང་འཁོར་བསྒོམ། ལས་བྱང་རྒྱས་འབྲིང་གི་སྐབས་བརྡ་ཕྱག་བཤགས་པ། དམ་བཅའ་བའང་བྱ། གསུམ་པ་ནི། དབབ་བྱ་ཡེ་ཤེས་ལྷའི་འབྲས་ཆོས་ལྔའི་གཟི་བྱིན། དབབ་ཡུལ་བདག་གནས་ཡོ་བྱད་ལ། འབེབས་ཚུལ་སྔགས་ཏིང་འཛིན་སྤོས་རོལ་གྱིས་བསྐུལ་ཏེ་དབབ་པས་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབས་པ་དང༌། མཆོད་རྫས་བསངས་སྦྱངས་ཏེ་ཕྱི་ཉེར་སྤྱོད་དང་དྲག་པོའི་དམ་རྫས་དབང་ལྔའི་པུཥྤེ་སོགས་དང་འདོད་ཡོན་ལྔ། ནང་སྨན་རཀ་གཏོར་མ། གསང་བ་སྦྱོར་སྒྲོལ་ཡེ་ཤེས་ཀྱི་མཆོད་པ་རྣམས་དམ་རྒྱ་སྔགས་ཆོས་རྒྱ་བཅའ་བ་ལས་རྒྱ་ཏིང་འཛིན་ཡེ་རྒྱ་དོན་དམ་ཕྱག་རྒྱ་ཆེན་པོ་བཞིས་བདེ་བ་ཆེན་པོའི་ངོ་བོར་བྱིན་གྱིས་བརླབ་བོ། །གཉིས་པ་ལ་དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་བ། ཕྱག་མཆོད་བསྟོད་པའི་ལས་རིམ་པའོ། །དང་པོ་ནི། རྒྱུ་ཏིང་འཛིན་གསུམ་སོགས་སྔར་ལྟར་བསྒོམས་ཏེ་ནམ་མཁར་གནས་པའི་རྒྱུ་ཡི་ས་བོན་ཧྲཱིཿལས་འབར་བ་ཆེན་པོའི་འོད་ཟེར་མེ་རླུང་ཆུ་ཡི་རྣམ་པ་སྤྲོས་ཏེ་སྣོད་བཅུད་ཀྱི་མ་དག་པའི་དངོས་འཛིན་སྟོང་པར་སྦྱང༌། སྔར་དེ་ཏིང་གིས་འཛིན་རྟོག་དང༌། འདིར་གཟུང་ཡུལ་སྦྱོང་བའི་དགོས་པས་ལྡབ་སྐྱོན་མེད་ལ། སླར་ཡང་ས་བོན་ལས་ཡི་གེ་རིམ་པར་ཆད་པའི་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པའི་སྟེང་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང་འོག་གཞི་ཁོར་ཡུག །ལོགས། ཐོག་ཕུབ། སྒོ། རྟ་བབ། རྒྱན་གྱི་ཁྱད་པར་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞི་བའི་དཀྱིལ་འཁོར་སྤྱི་ལྟར་དང༌། ཕྱི་རོལ་རྡོ་རྗེའི་སྲུང་འཁོར། འོག་གཞིར་པད་ཉི་སྣ་ཚོགས་རྡོ་རྗེ་དང་བཅས་པ། ལྟེ་བར་པདྨ་འདབ་བཞི། རིན་ཆེན་ཟུར་བརྒྱད་ཀྱི་དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་ཧྲཱིཿཡིག་བབ་པ་ཡོངས་སུ་གྱུར་པ་ལས་རིགས་ཀྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་རས་ཞི་ཞིང་འཛུམ་ལ་སྤྱན་ཧུར་བག་ཏུ་གཟིགས་པ་སོགས་ཁྲོས་པའི་ཉམས། དབུ་ཞྭ་པདྨ་མཐོང་གྲོལ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ། ཕོད་ཆེན་མཐིང་ཁྲ། ཆོས་གོས་རྣམ་གསུམ་དམར་པོ། བེར་ཕྱམ་སྨུག་པོ་རྣམས་བརྩེགས་མར་གསོལ་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་སྡིག་མཛུབ་ཀྱིས་འཕྱར་ཞིང༌། གཡོན་པས་མཉམ་བཞག་གིས་ཐོད་པ་ཚེ་བུམ་དང་བཅས་པ་བསྣམས་པ། གྲུ་མོ་གཡོན་དུ་ཁ་ཊྭཱཾ་རྩེ་གསུམ་པ་འཁྱུད་པའི་ཚུལ་གྱིས་འཛིན་པ། ཞབས་གཉིས་ཅུང་ཟད་བརྐྱང་བསྐུམས་དུ་བྱས་པ་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་ཟེར་འོད་ལྔའི་ཀློང་ན་རོལ་པའི་སྤྱི་བོར་བདེ་བ་ཆེན་པོ་ལོངས་སྐུ་སྤྱན་རས་གཟིགས་དཀར་པོ། དེའི་རིགས་བདག་ཆོས་སྐུ་སྟོང་ཉིད་སྣང་མཐའ་ཚེ་དཔག་མེད་དམར་པོ་གཉིས་བརྩེགས་པའི་ཚུལ་དུ་བཞུགས་པ། ཕྱི་རོལ་ཕྱོགས་བཞི་ལ་དབང་དྲག་བརྟུལ་ཞུགས་སྤྱོད་པ་པདྨ་རྒྱལ་པོ་རྒྱལ་བའི་གདུང་འཛིན། མཁྱེན་གཉིས་མཐར་སོན་སྨྲ་བའི་སེང་གེ་བློ་ལྡན་མཆོག་སྲེད་འཇམ་དཔལ་སྐུ། འདོད་དགུ་མཆོག་སྩོལ་སྐྱེས་མཆོག་ཚུལ་བཟང་པདྨ་སཾ་བྷ་ཝ། བདུད་ཚོགས་འདུལ་མཛད་བདུད་ཀྱི་གཤེད་ཆེན་སེང་གེ་སྒྲ་སྒྲོགས་ཕྲིན་ལས་ཕུར་པ་དང༌། དེའི་ཕྱི་རིམ་རིན་ཆེན་ཟུར་བརྒྱད་ལ་ཤར་ཕྱོགས་སོགས་ཕྱོགས་བཞིར་ཡི་དམ་ལྷག་པའི་ལྷ་དང་གཉིས་མེད་འཛམ་གླིང་རྒྱན་མཆོག་ཤཱཀྱ་སེང་གེ་ཡང་དག་ཐུགས། འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས། ཕན་བདེའི་འབྱུང་གནས་ཁྱད་འཕགས་རིག་འཛིན་ཉི་མ་འོད་ཟེར། དྲེགས་པ་ཚར་གཅོད་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་ལོད། མཚམས་བཞིར་ཤར་ལྷོ་ནས་འཁོར་འདས་ཟིལ་གནོན་བླ་མ་རྡོ་རྗེ་དྲག་རྩལ་པདྨ་གསུང༌། ཆེ་མཆོག་ཧེ་རུ་ཀ་དཔལ་སྐལ་ལྡན་འདྲེན་མཛད་བདུད་རྩི་ཡོན་ཏན། རྡོ་རྗེ་འཆང་དངོས་རཀྴ་ཐོད་ཕྲེང༌། བདེ་བ་ཆེན་པོ་བླ་མ་ཧེ་རུ་ཀ་ཁྱབ་བདག་པདྨ་བཛྲ་རྩལ་དང༌། སྒོ་བཞིར་རིགས་བཞིའི་གིང་ཆེན་ཡབ་ཡུམ་བཅས་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ཡོངས་རྫོགས་སུ་ལམ་གྱིས་གསལ་བཏབ་པ་དམ་ཚིག་སེམས་དཔའ་སྟེ། དེ་ཐམས་ཅད་ཀྱི་གནས་གསུམ་འབྲུ་གསུམ་གསལ་བས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དུ་དབྱེར་མེད་བྱིན་བརླབ། དབུ་ཡི་གནས་ལྔར་རིགས་བདག་གཙོ་བོར་གྱུར་པའི་རིག་ལྔ་ཡུམ་དང་སྦྱོར་བའི་སེམས་སྤྲིན་གྱིས་དབང་བསྐུར་སྐུ་གང་དྲི་མ་བག་ཆགས་དང་བཅས་པ་སྦྱང༌། ཆུ་ལྷག་གྱེན་དུ་ལུད་པ་ལས་སྣང་བ་མཐའ་ཡས་གཙོ་བོར་གྱུར་པས་རྒྱས་བཏབ་བཅས་བྱའོ། །གཉིས་པ་ནི། དམ་ཚིག་པའི་ཐུགས་སྲོག་ལས་བྱུང་བའི་འོད་ཀྱིས་དབྱིངས་ན་བཞུགས་པའི་ཡེ་ཤེས་པའི་ཐུགས་རྒྱུད་བསྐུལ་ཏེ་ཆོས་སྐུ་ལས་གཟུགས་སྐུ་བསྒོམས་པ་ལྟ་བུར་བཞེངས་ཏེ་སྐད་ཅིག་གིས་སྤྱན་དྲངས་ནས་དམ་ཚིག་གི་འཁོར་ལོ་དང་རོ་མཉམ་དུ་འདྲེས། གདོད་ནས་ལུས་དམ་ཚིག །སེམས་ཡེ་ཤེས་པར་ལྷུན་གྱིས་གྲུབ་པར་བལྟས་ཏེ་དམ་ཡེ་མཆོག་དམན་དུ་འཛིན་པའི་རྟོག་པ་སྤང་བའོ། །གསུམ་པ་ནི། དབྱིངས་ཡེ་གཉིས་སུ་མེད་པའི་ལྷར་རྟོགས་པ་འདྲེས་པ་ནན་ཏན་གྱི་ཕྱག་དང༌། འཇིག་རྟེན་སྲི་ཞུའི་ཚུལ་དུ་གུས་པས་ཕྱག་འཚལ་བ་དང༌། རང་གིས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་ཡུལ་ཡན་ལག་བརྒྱད་ལྡན་གྱི་མཆོད་ཡོན་སོགས་དབང་ཤེས་ཀྱི་ཉེར་སྤྱོད་བདུན་གྱི་ཕྱི་མཆོད། སྨན་རཀ་གཏོར་མའི་ནང་མཆོད། དོན་དབྱིངས་ཡེ་རྟགས་ཡབ་ཡུམ་སྦྱོར་བས་ཞུ་བའི་བདེ་བ་དང༌། ཤེས་རབ་ཀྱིས་གཉིས་འཛིན་དང་སྙིང་རྗེས་གདུལ་དཀའ་བསྒྲལ་བའི་གསང་མཆོད་རྣམས་ཡུལ་ཅན་ལྷ་ཚོགས་ཀྱི་ཕྱི་ནང་གསང་བའི་དབང་པོ་ལ་དགྱེས་དགུར་བསྐྱེད་པ་དང༌། བྱ་བྱེད་ལས་གསུམ་དག་པའི་སྣང་ཤེས་སྐུ་དང་ཡེ་ཤེས་ཟུང་འཇུག་ཏུ་ཤེས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པས་བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ་བ་དང༌། སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་བསྔགས་བརྗོད་ཟབ་རྒྱས་རྡོ་རྗེའི་གླུ་སྙན་པར་སྒྲོག་པས་བསྟོད་དེ་སྐུ་དང་ཡེ་ཤེས་ཕྲིན་ལས་གཟི་བྱིན་ལྷག་པར་འཕེལ་བའི་ང་རྒྱལ་བསྐྱེད་པས་ཚོགས་གཉིས་རྒྱ་མཚོ་ཐབས་ཀྱི་ཡན་ལག་ཟབ་མོ་རྫོགས་པར་བྱེད་པའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། རྩ་བའི་ཕྲིན་ལས་སུ་མི་འབྱུང་ཡང༌། ཡན་ལག་གི་སྒྲུབ་ཐབས་འགའ་ཞིག་ཏུ་འབྱུང་བའི་ཐུན་མཚམས་གཏོར་འབུལ་ལ། དགོས་པ་བར་ཆད་བསལ་ཞིང་དངོས་གྲུབ་ཀྱི་སྟོབས་སྤེལ་བའི་ཕྱིར། དུས་ཐུན་མཚམས་དང་བླ་མེད་ནང་གི་གཏོར་མ་སྲོད་ལ། ངོ་བོ་དབྱིངས་ཡེ་གཉིས་མེད། ངེས་ཚིག་བ་ལ་ཞེས་ཕུང་པོ་དང་འབྱུང་བའི་སྟོབས་སྐྱེད་པར་བྱེད་པ་ཕྱི་རྫས། ནང་ཕུང་པོ། གསང་བ་བྱང་སེམས། ཡང་གསང་དེ་ཁོ་ན་ཉིད་ཀྱི་གཏོར་མ་བཞི། ཕྱིའི་གཏོར་མ་ཁོ་ན་ལའང་རྟེན་རྟག་འཛིན་རྒྱུན་འཕྲལ་གྱི་གཏོར་མ་སོགས་སུ་དབྱེ་བ་ཡོད་པ་ལས། ཐུན་མཚམས་སུ་བཏང་བ་ནི་འཕྲལ་གཏོར་ཏེ་ཡུལ་འཇིག་རྟེན་ལས་འདས་མ་འདས་ཀྱི་མགྲོན་རྣམས་ལ་འབུལ་བའོ། །ཚོགས་འཁོར་གྱི་ངོ་བོ་ཐབས་ཤེས་དབྱེར་མེད་པའི་ཀུན་སྤྱོད་ཁྱད་པར་ཅན་ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས་བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པ། དབྱེ་བ་སྐལ་ལྡན་མི། དགྱེས་ལྡན་ཡོ་བྱད། དངོས་གྲུབ་ལྷ། བསོད་ནམས་ཡེ་ཤེས་ཀྱི་ཚོགས། ཇི་ལྟར་བྱ་ཚུལ་མཚན་ཉིད་པ་དཀོན་ཀྱང་ཕྲིན་ལས་ཀྱི་ཁ་སྐོང་ཙམ་གྱི་ཉི་ཚེ་བ་ལ་ཐབས་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་འདོད་ཡོན། བར་པ་བདུད་རྩི། ཐ་མ་ཉམས་པ་བསྒྲལ་བའི་ཤ་ཁྲག་དཀྱིལ་འཁོར་གྱི་ལྷར་སྟོབ་པ་དང༌། ཕྱི་ནང་གསང་བའི་མཆོད་པས་བསྒྲུབ་བྱའི་ལྷ་མཉེས་ཤིང་སྒྲུབ་པ་པོའི་ཉམས་ཆགས་སྐོང་བ་ཕྱི། ཨ་ཧཾ་བསྲེས་བཞུས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་མཆོད་པ་ནང༌། ཏན་གན་གྱི་གསང་སྤྱོད་ཀྱིས་དྭངས་མའི་རྩ་ཁམས་ཀྱི་ལྷ་མཆོད་པ་གསང་བ། འཁོར་གསུམ་མི་དམིགས་པ་ཡང་གསང་གི་ཚོགས་འཁོར་བཅས་ཚུལ་བཞིན་བྱ་བ་དང༌། སློབ་དཔོན་གྱིས་གནང་བ་ཐོབ་ན་རྡོ་རྗེའི་གླུ་གར་ཀྱང་བྱ། ལྷག་མ་དམེ་གཏོར་ཕུད་ཆ་གསུམ་པ་དང་བཅས་བྱིན་གྱིས་བརླབས་ཏེ་མར་གྱི་གནས་བདུན་སོགས་ལ་བསྔོས་ཏེ་སྲིན་མོའི་ཟ་ལམ་དུ་བསྐྱལ། ཐམས་ཅད་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་སྨོན་ལམ་གདབ་པས། ཕན་ཡོན་དངོས་གྲུབ་ཆེན་པོ་དུས་དེ་ཉིད་དམ་རིམ་གྱིས་ཐོབ་པའི་སྐལ་པ་ཅན་དུ་འགྱུར་བའོ། །བརྟན་གཡོ་ཀུན་ཁྱབ་ཡེ་ཤེས་ཀྱི་ལྷ་ལ་ཉེ་རིང་མི་མངའ་ཡང་འགྲོ་བའི་དོན་ཕྱིར་སྔོན་གྱི་ཐ་ཚིག་གདུང་ཤུགས་དང་གསང་བའི་རྔེའུ་ཆུང་གིས་ཐུགས་དམ་བསྐུལ་བ་དང༌། ཕོ་མོ་མ་ནིང་གི་རྒྱུད་གསུམ་གྱི་སྲུང་མ་རང་རྒྱུད་པའི་ཚུལ་ཅན་རྣམས་ལ་གཏོར་མ་བསྔོས་ཏེ་བརྒྱུད་གསུམ་བླ་མའི་ཐ་ཚིག་བསྒྲགས་ནས་ལས་ཀྱི་གཉེར་བྱང་གཏད་པའི་ཆད་ཐོ་དང༌། བོད་ཁམས་ཀླ་ཀློའི་སོ་ཁ་སྲུང་ཕྱིར་སློབ་དཔོན་ཆེན་པོས་བཀའ་བསྒོས་པའི་བདུད་གནོད་སྦྱིན་སྨན་མོའི་རིགས་ཅན་བརྟན་མ་བཅུ་གཉིས་ལ་བཤལ་ཆུའི་བརྔན་པ་སྦྱིན། སྣང་སྲིད་ལས་མཐུན་གྱི་ཧེ་རུ་ཀར་གསལ་བས་ལས་ཀྱི་མཐའ་སྡུད་རྡོ་རྗེའི་རྟ་སྐད་ཀྱི་དགོངས་པ་དང་ལྡན་པའི་ལས་བཞིའི་བྲོ་བརྡུང༌། བསྒྲུབ་བྱའི་ཡེ་ཤེས་ལྷ་ཡི་འཁོར་ལོ་ལ་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་ཐུན་མིན་གྱི་དངོས་གྲུབ་སྒྲུབ་པའི་སྐབས་སུ་ལྟས་བཟང་ནམ་བྱུང་ལ་དངོས་གྲུབ་ལེན་པ་རྒྱུན་དང༌། སྒྲུབ་པ་མཐར་ཕྱིན་པའི་ལྷག་པར་གྱི་དུས་སུ་དངོས་གྲུབ་བླང༌། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་འདོད་པའི་དོན་འགྲུབ་པའི་གཏང་རག་ཏུ་མཆོད་བསྟོད། ཉེས་པའི་རྒྱུ་བཞིས་ནོངས་པ་གནོང་འགྱོད་དང་སྨྲེ་སྔགས་ཡི་གེ་བརྒྱ་པས་བཤགས་ཏེ་སོར་ཆུད་པར་བྱ། སྣོད་བཅུད་ཀྱི་སྣང་ཆ་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་ས་བོན་ནཱ་ད་སྟོང་པའི་བར་བསྡུས་ཏེ་སྤྲོས་བྲལ་གྱི་དབྱིངས་སུ་མཉམ་པར་བཞག །སླར་ཡང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ལ་གནས་གསུམ་རྒྱས་བཏབ། སྣང་སྤྱོད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཤེས་པས་སྤྱོད་ལམ་ལ་འཇུག །ཁྱད་པར་དུ་མས་འཕགས་པའི་རིམ་གཉིས་ཀྱི་དགེ་ཚོགས་མི་ཟད་ཅིང་གོང་འཕེལ་གྱིས་འབྲས་བུ་རྒྱ་ཆེར་སྨིན་པའི་ཐར་པ་མཆོག་ཏུ་གྱུར་པ། འཁོར་གསུམ་ཡོངས་དག་གི་བསྔོ་བ་དངོས་སམ་རྗེས་མཐུན་པའི་ཐེག་ཆེན་གྱི་བསྔོ་སྨོན་ཟབ་རྒྱས་ཀྱིས་བྱས་པ་དོན་ལྡན་དང༌། ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པས་བདེན་ཚིག་རྡོ་རྗེའི་གླུ་མེ་ཏོག་གི་ཆར་དབབ་པར་རང་ཡང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་སྤེལ་བ་སྟེ་དེ་དག་ཀྱང་ཏིང་འཛིན་ཕྱག་རྒྱ་སྟེ་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཤིང༌། བསྐྱེད་རིམ་གྱི་མདོ་འགག་དག་རྫོགས་སྨིན་གསུམ་ཀྱང་སྦྱར་དུ་ཡོད་མེད་ཧ་ཅང་རྒྱས་ཐལ་བས་མ་སྤྲོས་པས་གཞན་དུ་ཤེས་པར་བྱ་དགོས་སོ། །རྩ་བའི་གཉིས་པ་གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་གྱི་ཁྲིད་ལ། ཕྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་བཟླས་པ། ནང་ཟབ་མོ་ཧཱུྃ་བཟླས། གསང་བ་བདེ་ཆེན་རླུང་གི་བཟླས་པ་དང་གསུམ་ལས། དང་པོ་ལ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་ཛཔ་དགོངས་དང༌། དེ་ཉིད་ཇི་ལྟར་སྦྱར་ཚུལ་གཉིས་ལས། དང་པོ་ལའང༌། བསྙེན་པ་ཟླ་བ་སྐར་ཕྲེང༌། ཉེ་བསྙེན་མགལ་མེའི་འཁོར་ལོ། སྒྲུབ་པ་རྒྱལ་པོའི་ཕོ་ཉ། སྒྲུབ་པ་ཆེན་པོ་བུང་བ་ཚང་ཞིག་གི་ཛཔ་དགོངས་བཞི་ལས། དང་པོ་ནི། བསྐྱེད་རིམ་ཡན་ལག་བཞི་པའི་ཛཔ་དགོངས་ལ༔ བསྙེན་དང་སྒྲུབ་པའི་དམིགས་པ་རྣམ་པ་བཞི༔ ཐོག་མར་རང་གི་ཐུགས་ཀར་ཟླ་བའི་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཟླ་བ་ལ་གནས་མར་མེ་ལྟར་འབར་བའི༔ ཧྲཱིཿཡིག་ཐ་མར་སྔགས་ཀྱི་ཕྲེང་བ་ནི༔ རང་སྒྲ་དང་བཅས་བར་མེད་འཁོར་བ་ལས༔ སེམས་བཟུང་ཟླ་བ་སྐར་ཕྲེང་ལྟ་བུ་ཞེས༔ ལྷ་ཡི་རྒྱུད་བསྐུལ་བསྙེན་པའི་དགོངས་པའོ༔ ཞེས་པ་སྟེ། དེ་ལྟར་བསྐྱེད་རིམ་གོམས་པའི་ཚེ་ཏིང་ངེ་འཛིན་གྱིས་སྐྱེ་བའི་གེགས་སེལ་བ་དང༌། ཐུགས་དམ་བསྐུལ་བས་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་བོགས་འབྱིན་པའི་སླད་དུ་ཡན་ལག་སྔགས་ཀྱི་བཟླས་པ་ལ། ཛཔ་ཀྱི་བཀོལ་བྱང་ལས། བདག་ཉིད་པདྨ་ཐོད་ཕྲེང་ནི༔ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཏེ༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀྱང༔ དབྱིངས་ལས་བྱུང་ཞིང་དབྱིངས་སུ་འདུ༔ དེ་བཞིན་སྔགས་དང་ཕྱག་རྒྱ་དང༔ བསམ་ཡས་ལས་ཀྱི་བྱེ་བྲག་ཀུན༔ གང་འདུལ་དེར་སྣང་ཅིར་ཡང་སྟོན༔ དད་ལྡན་དངོས་གྲུབ་སྒྲུབ་པ་ལ༔ བསླུ་བ་མེད་ཅིང་བྱིན་རླབས་མྱུར༔ ཞེས་པའི་དོན་སྤྱིར་སྔགས་ཀྱི་ངོ་བོ་ནི། བརྗོད་པའི་སྒྲ་ཚིག་རང་མཚན་པ་ཞིག་ཏུ་མི་བལྟ་བར་ལྷ་སྔགས་ཏིང་འཛིན་ཐམས་ཅད་ཆོས་ཉིད་གཅིག་གི་རང་བཞིན་ལས་ནམ་ཡང་འདའ་བ་མེད་པས་ལྷ་རྣམས་ཀྱི་རིག་པ་མི་འགྱུར་བའི་རང་བཞིན་ཐུགས་སྲོག་ས་བོན་གྱི་རྣམ་པ་དང༌། ཐབས་བདེ་བ་ཆེན་པོའི་གསལ་བྱེད། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་དབྱངས་ཡིག་སོགས་སུ་བསྟན་པ་དང༌། དེ་དག་ལས་ཨ་ལྟ་བུའི་ཡིག་འབྲུ་རེ་རེས་ཀྱང་གཟུངས་སོགས་དངོས་གྲུབ་ཀྱི་སྒོ་དུ་མ་སྒྲུབ་པའི་ཚུལ་སོགས་ཡི་གེ་སྤྲིན་གྱི་རྣམ་བཞག་རྒྱ་ཆེར་གསུངས་ཤིང༌། དབྱེ་ན་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་དང་གསུམ་ལས་འདིར་གཙོ་བོ་བཟླས་པ་ལས་ཀྱི་སྔགས་སུ་གསུངས་ཀྱང་དོན་གྱིས་སྔགས་ཀྱི་དབྱེ་བ་གསུམ་ཀ་འདིར་འདུས་ཤིང༌། བཟླས་སྔགས་ལའང་བྱེ་བྲག་གི་ཁྱད་པར་རྒྱལ་བའི་གདུང་འཛིན། སྨྲ་སེང༌། པདྨ་སཾ་བྷ། པད་འབྱུང༌། ཁྱད་འཕགས་རིག་འཛིན། རྫུ་འཕྲུལ་མཐུ་ཆེན། བདེ་རྒྱལ་རྣམས་རིག་འཛིན་ལྟར་སྒྲུབ་པའི་སྔགས། བདུད་གཤེད་བླ་ཕུར་དབྱེར་མེད། ཛམ་གླིང་རྒྱན་མཆོག །སྐལ་ལྡན་འདྲེན་མཛད། རཀྴ་ཐོད་ཕྲེང་རྣམས་ཡི་དམ་ལྟར་སྒྲུབ་པའི་སྙིང་པོ་ཡིན་ལ། ལྷ་དང་སྦྱར་ན་རྒྱུན་གྱི་བཀོལ་བྱང་ལས འབྲུ་གསུམ་སྐུ་གསུམ་དབྱེར་མེད་ལ༔ བཛྲ་གུ་རུ་རིགས་ཀྱི་གཙོ༔ ཞེས་སོགས་དང༌། བསྙེན་སྒྲུབ་ལས་གསུམ་དང་སྦྱར་ན་ལྷ་སྔགས་དབྱེར་མེད་ཀྱི་གསང་བ་ཟབ་མོ། ངེས་ཚིག་གུ་ཧྱ་མནྟྲའི་སྒྲ་ལས་དྲངས་ན་མ་ན་ཡིད། ཏྲ་ཡ་སྐྱོབ་པ་སྟེ་གང་ཞིག་བཟླས་པས་གཟུང་འཛིན་གྱི་ཡིད་ཉེས་པའི་གཡུལ་ལས་སྐྱོབ་པའི་དངོས་གྲུབ་སྟེར་བ་ལ་ཐོགས་པ་མེད་ཅིང༌། དེའི་རང་བཞིན་མུ་སྟེགས་སོགས་གང་གིས་ཀྱང་མི་རྟོགས་པས་གསང་བ་ཞེས་བྱ་ལ། ཁྱད་པར་དུའང་སྐབས་སུ་བབ་པའི་བསྙེན་སྒྲུབ་ཀྱི་སྔགས་རྣམས་ནི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་པ་གསུང་གསང་སྔགས་ཀྱི་རྣམ་པར་བསྟན་ནས་གདུལ་བྱ་འདུལ་བ་སྟེ། བྱེད་ལས་གང་གིས་བཟླས་པས་གནས་སྐབས་ལས་རླུང་དག་སྟེ་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ལས་བཞི་ལ་རང་དབང་བརྙེས། མཐར་ཐུག་སངས་རྒྱས་ཀྱི་གསུང་གསང་བ་བསམ་མི་ཁྱབ་པའི་བྱེད་ལས་ཀྱིས་ཡོན་ཏན་དང་ཕྲིན་ལས་ལ་དབང་འབྱོར་བས་ལྷ་དང་དྲང་སྲོང་གིས་བྱས་བའི་སྔགས་ཕལ་པ་ལས་ཀྱང་ཁྱད་པར་དུ་མས་འཕགས་པ་ཡིན་ལ། དེ་ལྟ་བུའི་སྔགས་བཟླ་བའི་སྐབས་སུ་སྔགས་དང་ཏིང་འཛིན་ཟུང་དུ་འཇུག་པས་དངོས་གྲུབ་མྱུར་ཞིང་སྟོབས་ནུས་ཆེ་བས་སྐབས་འདིར་བསྟན་བྱའི་གཙོ་བོ་ཛཔ་ཀྱི་དགོངས་པ་སྟེ། ཛཔ་བཀོལ་ལས། བདག་ཉིད་དམ་ཚིག་དཀྱིལ་འཁོར་དང༔ མདུན་གྱི་ཡེ་ཤེས་དཀྱིལ་འཁོར་པ༔ གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་བཀོད༔ བདག་ལས་འོད་འཕྲོས་མདུན་བསྐྱེད་བསྐུལ༔ དེ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ ཇི་སྐད་བཤད་པའི་དངོས་གྲུབ་བསྒྲུབ༔ མཐར་ནི་བདག་ཉིད་ཐུགས་ཀར་བསྡུ༔ ཞེས་པ་ལྟར། ལུགས་འདིར་ལས་བྱང་རྒྱས་འབྲིང་ལ་བརྟེན་ཕྱིན་ཆད་ཐོག་མར་ཛབ་ཁང་དབྱེ་དགོས་པས་བསྟོད་པའི་མཇུག་ཏུ། བདག་ཉིད་བསྒོམས་པ་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་མདུན་ཐད་ཅུང་ཟད་མཐོ་བར་མེ་རི་འདབས་འབྱོར་དུ་བསྐྱེད་ལ། དབྱངས་རོལ་དང་བཅས་ཏེ་ཛཔ་ལ་བསྐུལ་བས། གང་བསྐུལ་བྱའི་ལྷ་རྣམས་ཀྱིས་སྒྲུབ་པ་པོ་ལ་ཐུགས་ལྷག་པར་དགོངས་པས་སྐུ་ལས་སྐུ་སྤྲོས་པ་ནམ་མཁའ་གང་བ་ཐམས་ཅད་ཀྱིས་བདེ་གར་བསྒྱུར། གསུང་སྔགས་སྒྲ་བུང་བ་ལྟར་སྒྲོགས། ཐུགས་སྔོན་གྱི་ཞལ་བཞེས་རྗེས་སུ་དགོངས་པས་ནུས་རྩལ་སྤྲུགས་ཏེ་དངོས་གྲུབ་དབང་མེད་དུ་ཐོབ་པར་བསམ་ལ་བཟླས་པ་རྣམས་བྱ་བ་ཡིན་ལ། དམིགས་པའི་གཙོ་བོ་རང་ཉིད་དམ་ཚིག་སེམས་དཔའ་མ་ཧཱ་གུ་རུ་དང་མདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང༌། ཡེ་ཤེས་སེམས་དཔའ་ཐུགས་གཉིས་སུ་མེད་པ་མཚོན་པའི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་འགྲེང་གི་ལྟེ་བར་ཟླ་བ་སྲན་འབྲུ་བཀས་པ་ཙམ་ལེབ་ཆགས་ཀྱི་དབུས་སུ་ཏིང་འཛིན་སེམས་དཔའ་ཐུགས་སྲོག་དྭངས་མའི་ས་བོན་ཧྲཱིཿཡིག་སྟན་ལ་ཁབ་བཙུགས་པ་ལྟར་གནས་པའི་མཐར་རྡོ་རྗེའི་སྲོག་སྔགས་ཡིག་འབྲུ་བཅུ་གཉིས་པ་ཐོག་མར་བཀོད་ལ་སེམས་བཟུང༌། དམིགས་པ་ཟིན་པ་དང་གཡས་སུ་ཀྱི་ལི་ལི་འཁོར་བར་བསྒོམ་པ་བསྙེན་པའི་ཡན་ལག་ཟླ་བ་སྐར་ཕྲེང་ལྟ་བུ་ཞེས་ཐོག་མར་ལྷ་ཡི་ཐུགས་རྒྱུད་བསྐུལ་ཏེ་རང་དང་ཉེ་བར་བྱེད་པས་སོ། །ཚུལ་འདི་ལ་བརྟེན་ནས་སྔགས་ཀྱི་ཞི་གནས་སྒྲུབ་པ་དང་ཐུགས་སྲོག་ལ་སེམས་འཛིན་པས་གཟུངས་དང་ཏིང་འཛིན་གྱི་སྒོ་སྒྲུབ་པ་སོགས་དུ་མ་གསུངས་སོ། གཉིས་པ་ནི། དེ་ཉིད་ལས་འཕྲོས་སྔགས་ཕྲེང་ཞལ་ནས་ཐོན༔ མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་ལྟེ་བའི་པདྨོ་ནས༔ རང་གི་ལྟེ་བར་ཞུགས་ཤིང་སྔར་ལྟར་འཁོར༔ འོད་ཟེར་དྭངས་མ་ཐུགས་ཀྱི་ཐིག་ལེར་འཁྱིལ༔ བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པ་དང༔ དངོས་གྲུབ་མཐའ་དག་དབང་དུ་གྱུར་པར་བསྒོམ༔ མགལ་མེའི་འཁོར་ལོ་ལྟ་བུའི་ཏིང་འཛིན་ཏེ༔ ལྷ་དང་ཉེ་བར་བསྙེན་པའི་དགོངས་པའོ༔ འདི་ནི་རང་འོད་རིག་མའི་ཕྱག་རྒྱ་དང༔ འཁོར་གྱི་ལྷ་ཚོགས་བསྐུལ་ཕྱིར་སྤྲོ་བ་ཡི༔ དམིགས་པའི་བྱེ་བྲག་ཅིར་ཡང་བསྒྱུར་དུ་རུང༔ ཞེས་པ་སྟེ། ཐུགས་སྲོག་ལས་རྣམ་པ་སྔགས་ཕྲེང་བྱེད་ལས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་ནུས་པ་ཅན་བྱུང་རང་གི་ཞལ་ནས་ཐོན། མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས། སྐུ་ཡི་དབྱིབས་བརྒྱུད་ལྟེ་བའི་པདྨོ་ནས་ཐོན། རང་གི་ལྟེ་བར་ཞུགས། སྙིང་གའི་ས་བོན་ལ་ཐིམ་སྟེ་བར་མེད་དུ་མགལ་མེ་ལྟར་འཁོར་བས་དངོས་གྲུབ་ཀྱི་དྭངས་མ་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པས་དབང་དང་བྱིན་རླབས་ཐམས་ཅད་ཐོབ། སེམས་ལ་བདེ་སྟོང་གི་ཏིང་འཛིན་ཁྱད་པར་ཅན་བསྐྱེད་ཅིང་བརྟན་པར་བསམ་པ་ལྷ་དང་ཉེ་བར་བསྙེན་པ་མགལ་མེ་ཀླད་བསྐོར་གྱི་དགོངས་པ་སྟེ། དེ་ཡང་ཛཔ་ཀྱི་བཀོལ་བྱང་ལས་འབྱུང་བའི་དཀྱིལ་འཁོར་ཡོངས་རྫོགས་ལ་བདེ་ཆེན་བཟླས་པ་དངོས་བསྟན་རང་འོད་ཀྱི་ཡུམ་གྱི་ཞལ་དང་སྦྱོར་མཚམས་ལས་བརྒྱུད་པ་དང་བདག་མདུན་དབྱེ་བའི་སྐབས་སྐུ་གསུམ་སོ་སོ་དང༌། གཙོ་བོ་གུ་རུ་རིན་པོ་ཆེའི་ཞལ་གྱི་འོད་ཟེར་གཅིག་ལས་དུ་མ་འཕྲོས་ཏེ་རྣམ་འཕྲུལ་སོ་སོའི་ཞལ་དང་ཐུགས་ཀ་ནས་བརྒྱུད་ལྟེ་བ་ནས་བྱུང་རང་ལ་བསྡུ་བ་དང༌། དེའི་རྐྱེན་གྱིས་ཐམས་ཅད་རང་འོད་ཀྱི་ཡུམ་དང་སྦྱོར་བས་སྔགས་ཕྲེང་འཁོར་བ་བཅས་དམིགས་དགོས་ཏེ་ཛཔ་ཀྱི་བཀོལ་བྱང་ལས། བདག་ལས་འོད་འཕྲོས་མདུན་བསྐྱེད་བསྐུལ༔ དེ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ ཇི་སྐད་བཤད་པའི་དངོས་གྲུབ་སྒྲུབ༔ ཅེས་གསུངས། རྒྱུན་གྱི་བཀོལ་བྱང་ལྟ་བུ་བདག་མདུན་ཐ་དད་མེད་པ་ལའང་རང་འོད་ཀྱི་རིག་མ་དང་སྦྱོར་བའི་ཞལ་དང་མཁའ་གསང་བརྒྱུད་དེ་བསྒོམས་པས་ཞུ་བདེས་དྲངས་པའི་ལྷའི་གསལ་སྣང་སྒྲུབ་པ་དང༌། གཙོ་འཁོར་གྱི་སྐུ་ཡི་དབྱིབས་བརྒྱུད་དེ་བསྒོམས་པ་སོགས་དམིགས་པའི་བྱེ་བྲག་དུ་མ་གསུངས་ཤིང༌། དོན་དུ་དངོས་གྲུབ་དབང་དུ་བྱ་བ་དང་བདེ་སྟོང་གི་རྩལ་འབྱོང་བའོ། །གསུམ་པ་ནི། སྔགས་ལས་འཕྲོས་པའི་འོད་ཟེར་མཆོད་སྤྲིན་གྱིས༔ འཕགས་པ་མཆོད་ཅིང་བྱིན་རླབས་རང་ལ་ཐིམ༔ སྒྲིབ་དག་ཚོགས་རྫོགས་དབང་དང་དངོས་གྲུབ་ཐོབ༔ སླར་འཕྲོས་ཁམས་གསུམ་འགྲོ་བའི་ལས་ཉོན་སྦྱང༔ རྒྱལ་པོའི་ཕོ་ཉ་ལྟ་བུའི་སྤྲོ་བསྡུ་ཡིས༔ དངོས་གྲུབ་སྒྲུབ་ལ་དབང་བའི་དགོངས་པའོ༔ ཞེས་པ་སྟེ། བསྙེན་དམིགས་སྔ་མ་གཉིས་གང་རུང་ལ་འོད་ཟེར་སྤྲོ་བསྡུས་འཕགས་པ་མཆོད། འགྲོ་བའི་སྒྲིབ་གཉིས་སྦྱངས་ཏེ་སངས་རྒྱས་ཀྱི་ས་ལ་བཀོད། སླར་ཡང་འོད་ཟེར་ལས་མཐུན་གྱི་སྤྲོ་བསྡུས་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པར་མོས་པས་དོན་གཉིས་སྒྲུབ་པའི་ཡན་ལག་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུ་སྟེ། ཚུལ་འདི་ལྟ་བུའི་རྣལ་འབྱོར་ཁོ་ནས་ཀྱང་ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་ནུས་པའི་མན་ངག་གོ །བཞི་པ་ནི། དེ་ཚེ་ཕྱི་སྣོད་འོག་མིན་རྡོ་རྗེའི་ཞིང༔ ཅིར་སྣང་ལྷ་དང་བརྟན་གཡོའི་སྒྲ་ཀུན་སྔགས༔ དྲན་རྟོགས་གཉིས་མེད་ཡེ་ཤེས་རོལ་པའི་ངང༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བཟླས་པ་ནི༔ བུང་བ་ཚང་ཞིག་ལྟ་བུའི་རྣལ་འབྱོར་ཏེ༔ དངོས་གྲུབ་སྒྲུབ་པ་ཆེན་པོའི་དགོངས་པའོ༔ ཞེས་པ་སྟེ། དེ་ལྟར་སྒྲུབ་པའི་གྲུབ་མཐའ་སྣོད་བཅུད་ཀྱི་སྣང་གཟུགས་ལྷ། སྒྲ་གྲགས་སྔགས། དྲན་རྟོག་ཡེ་ཤེས་ཀྱི་རོལ་མོར་སད་དེ་ཐམས་ཅད་སྐུ་ཡི་གར་བསྒྱུར་བས་སྣང་བའི་བདེན་ཞེན་ཞིག་ཅིང་སྣང་སྲིད་གཡོས། འཇམ་བརྗིད་ཆགས་རྔམས་ཀྱི་ཚུལ་དུ་སྔགས་ཀྱི་སྒྲ་བསྒྲགས། ཐུགས་ཞི་རྒྱས་དབང་དྲག་གི་ཏིང་འཛིན་གྱི་དགོངས་པ་ལ་བཞུགས་པར་བསམ་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་ལྟ་བུ་སྟེ་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་ལ་རང་དབང་བརྙེས་པར་བྱེད་པའི་བཟླས་པའོ། །གཉིས་པ་ནི། །དེ་ལྟར་རྡོ་རྗེའི་ཛཔ་དགོངས་རྣམ་པ་བཞི༔ ཕྱག་རྒྱ་གཅིག་དང་ཕྱག་རྒྱ་སྤྲོས་བཅས་དང༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པར་གཙོ་བོར་བྱ༔ སྔ་མའི་གསལ་སྣང་རྫོགས་ནས་ཕྱི་མར་འཇུག༔ འོན་ཀྱང་བདག་ཉིད་རང་བྱུང་པདྨ་ཡི༔ མན་ངག་དགོངས་པ་སྟན་ཐོག་གཅིག་ཉིད་དུ༔ བསྙེན་སྒྲུབ་ཛཔ་དགོངས་ཆིག་དྲིལ་བྱ་བའི་ཚུལ༔ བྱིན་རླབས་རྟགས་མཚན་མྱུར་དུ་འབྱུང་ཕྱིར་བསྟན༔ ཞེས་པ་སྟེ། སྤྱིར་བསྙེན་སྒྲུབ་ཡན་ལག་བཞི། ཛཔ་བཀོལ་ལས། བསྙེན་པས་ཐུགས་དམ་རྒྱུད་བསྐུལ་ཞིང༔ སྒྲུབ་པས་དངོས་གྲུབ་གང་འདོད་པ༔ འགྲུབ་པའི་སྐལ་བ་དང་ལྡན་ཚེ༔ ལས་སྦྱོར་ལས་བཞིའི་རིམ་པས་བསྒྲུབ༔ ཅེས་པ་ལྟར་དཀྱིལ་འཁོར་གྱི་བཟླས་པ་སྐུ་གསུམ་ལ་བརྟེན་ནས་བསྙེན་པ། ལྷ་ཚོགས་སྤྱི་དྲིལ་ལ་བརྟེན་ནས་སྒྲུབ་པ། དེ་ལ་ནང་གསེས་སུ་གཙོ་འཁོར་སྤྱི་དང་བྱེ་བྲག་གི་བཟླས་པ། དཔའ་བོ་རིགས་བཞིའི་ལས་སྦྱོར་ཏེ་གསུམ། སྔ་མ་བསྙེན་པ་ལ་བསྙེན་པ་ཉེ་བསྙེན་གཉིས། སྒྲུབ་པ་ལ་གཉིས་སུ་དབྱེ་བས་གཞིར་གསུངས་ལ། གང་ལྟར་ཡང་གོ་དོན་གཅིག་སྟེ་ཡུལ་གཉན་པོ་ལ་འདྲིས་གདགས་པ་ལྟ་བུ་བསྙེན་པ། ལྷ་བདག་གཉིས་མེད་དུ་འདྲེས་པ་ཉེ་བསྙེན། ཡེ་ཤེས་རང་དབང་དུ་བྱེད་པ་སྒྲུབ་པ། གཞན་དོན་ཕྲིན་ལས་རབ་འབྱམས་ལ་དབང་བསྒྱུར་བ་སྒྲུབ་པ་ཆེན་པོའི་ཚུལ་དུ་ཡིན་པས་ཛཔ་དགོངས་བཞི་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་བཅས་ལ་གཙོ་བོར་སྦྱར་བར་རྒྱུད་སྡེ་ལས་གསུངས་ཀྱང་ལྷ་སྔགས་ཀྱི་རྣམ་འབྱོར་གཅིག་དྲིལ་ལས་བྱང་རྒྱས་བསྡུས་གང་ལྟར་ཡང་བསྙེན་སྒྲུབ་ཀྱི་ཛཔ་དགོངས་བཞི་ཀ་ཆུབ་དྲིལ་ཏེ་སྦྱར་བས་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཆིག་ཆོད་དུ་འགྱུར་ཞིང་བྱིན་རླབས་ཀྱི་རྟགས་མཚན་མྱུར་དུ་འབྱུང་བ་ཐུན་མིན་གསང་བའི་མན་ངག་ཏུ་གསུངས་སོ། །གཉིས་པ་ནང་ཟབ་མོ་ཧཱུྃ་བཟླས་ནི། ནང་ལྟར་ཟབ་མོ་ཧཱུྃ་གི་བཟླས་པ་ཡིས༔ བསྐྱེད་རིམ་སྣང་ཞེན་སྦྱོང་ཞིང་རིག་རྩལ་འཕེལ༔ ཞེས་པ་སྟེ། སྤྱིར་བླ་མའི་ཐུགས་སྒྲུབ་ཅེས་པའི་གོ་དོན། ཕྲིན་ལས་རྒྱས་པ་བདེ་འདུས་ལས། ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་ཅད་འགྲུབ༔ ཅེས་གསུངས་པ་ལྟར་རྒྱུད་ལུང་མན་ངག་གི་ཟབ་དགུའི་ཉིང་ཁུ་ཐམས་ཅད་བླ་མའི་ཐུགས་ཀྱི་ཡེ་ཤེས་ལས་བྱུང་ཞིང༌། དེའི་ས་བོན་ནས་བཟླས་ན་དངོས་གྲུབ་ལྷག་པར་མྱུར་བ་སྲོག་ནས་ཟིན་པ་ལྟ་བུ་སྟེ་དེའི་ཕྱིར་ཐུགས་སྒྲུབ་ཅེས་པ་སྟེ། འདུས་པ་རྩ་རྒྱུད་ལས། ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དེ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་པ་ལྟར་སྤྱིར་རང་བྱུང་འོད་གསལ་གཉུག་མ་མི་ཤིགས་པའི་དབྱིངས་སུ་ཤིན་ཏུ་ཕྲ་བའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་སྒྲུབ་གཞི་འདུ་འབྲལ་མེད་པར་གནས་པ་གཞི་སྟེ། དེ་ཉིད་ལ་རགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྒྲིབས་ཏེ་གནས་པ་ལ། སངས་རྒྱས་ཀྱི་རྡོ་རྗེའི་སྐུ་ལ་དྭངས་མ་འཕོ་མེད་ཀྱི་ཡི་གེ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བའི་རང་གདངས་རྣམ་པ་ཐམས་ཅད་པའི་ཡི་གེའི་གཟུགས་སུ་ཤར་བ་ལ་བརྡ་སྤྲོད་པ་དང༌། དངོས་གྲུབ་སྒྲུབ་པ་ལ་སོགས་པའི་ཐབས་དུ་མ་ལམ་དུ་བྱས་པས། འབྲས་བུ་གཞིར་གནས་ཀྱི་ཡེ་ཤེས་གནས་ལུགས་མངོན་གྱུར་དུ་སད་དེ་རྡོ་རྗེ་གསུམ་དབྱེར་མེད་པའི་ཡེ་ཤེས་ཀྱི་དགོངས་པ་རྟོགས་པའི་རྣམ་བཞག་མཛད་ཀྱང༌། དོན་ལ་ཆོས་ཉིད་གཅིག་གི་གནས་ལུགས་ལས་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་ངོ་བོ་གཞན་དུ་མ་གྱུར་པ་བཞིན། ཨ་ཨཱུ་ཧ་གསུམ་འདུས་པ་ལས་ཧཱུྃ་གི་ཡི་གེ་བྱུང་བ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྙིང་པོ་སྲོག་གི་ས་བོན་དུ་བྱིན་གྱིས་བརླབས་པ་གང༌། གཞིར་གནས་ཀྱི་སྙིང་གར་བསྒོམ་པ་དང་བཟླས་པའི་ཚེ་སྐྱེས་བུའི་སྲོག་ནས་ཟིན་པས་དབང་མེད་དུ་ལས་བྱེད་པ་ལྟར་བསྙེན་སྒྲུབ་ཀྱི་སྔགས་གཞན་ལས་ཀྱང་འདི་ཉིད་བཟླས་པ་ཟབ་སྟེ། སྐུ་གསུང་ཐུགས་གསུམ་གྱི་ཟླས་ཕྱེ་བའི་གསང་བ་ཐུགས་སྲོག་གི་ས་བོན་དུ་གསུངས་པས་ཡེ་ཤེས་སྲོག་གི་སྙིང་པོ་དང༌། ཡེ་ཤེས་པ་རྣམས་གང་ཟག་རང་རྒྱུད་པ་ལྟར་སྒོ་གསུམ་ཐ་དད་དུ་མི་གནས་པ་གསང་བ་ཐམས་ཅད་ཡེ་ཤེས་གཅིག་གི་བདག་ཉིད་ལས་མ་འདས་པས་རྡོ་རྗེ་གསུམ་ཀུན་གྱི་ཁྱབ་བྱེད་ཀྱི་ས་བོན་ཡང་ཡིན་པས་བཟླས་སྒོམ་གང་བྱས་ཀྱང་སྟོབས་ཆེ་བས་ན། རྫོགས་ཆེན་གྱི་གཞུང་རྣམས་ལས་ཀྱང་ཧཱུྃ་བཟླས་སྒོམ་ཀྱིས་དངོས་འཛིན་བཤིག་པ་དང༌། ཡེ་ཤེས་འཆར་བའི་ཐབས་སྣ་ཚོགས་སུ་གསུངས་པའང་གནད་དོན་དེ་ཀས་ཏེ། དེས་ན་གུ་རུའི་ཐུགས་སྒྲུབ་ཕལ་མོ་ཆེར་ཡང་གསང་ཧཱུྃ་གི་སྒྲུབ་པ་ཉིད་གཙོ་བོར་བསྔགས་ཤིང༌། སྐབས་འདིར་ཡང་རིག་རྩལ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་ཐམས་ཅད་ཀྱང་མི་ཤིགས་གསང་བའི་ཐུགས་ཀྱི་དབྱིངས་ལས་མ་འདས་པས་ཆོས་ཉིད་སྟོང་པར་གཅིག་ཀྱང་རྣམ་པ་གཙོ་འཁོར་ཞི་ཁྲོ་ཇི་ལྟར་སྣང་ཡང་སྣང་ཆ་མ་འགགས་པ་ཙམ་ལས་དངོས་མཚན་དུ་མ་གྲུབ་པ་ཨ་ཨཱུ་ཧ་གསུམ་གྱིས་མཚོན་ཡི་གེའི་ཚོགས་དུ་མ་འདུས་པ་ལས་ཧཱུྃ་ཞེས་སྣང་ཡང་དཔྱད་ན་ཐམས་ཅད་ཨ་སྐྱེ་མེད་ལས་མ་འདས་པས་མཚོན་བྱེད་བྱས་ཏེ། སྒོམ་པའི་ལྷ་རྣམས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ལས་མ་འདས་པས་དངོས་མཚན་རང་རྒྱུད་དུ་མི་ཞེན་པར་ལྷ་སྔགས་ཏིང་འཛིན་གྱི་སྤྲོ་བསྡུ་ཐམས་ཅད་ཀྱང་ཆོས་ཉིད་གཉུག་མའི་ཡེ་ཤེས་གཅིག་ལས་མི་འདའ་ཞིང༌། སངས་རྒྱས་ཀྱི་ཡེ་ཤེས་ཐུགས་སྲོག་སྙིང་པོ་ཡི་གེ་ཧཱུྃ་གི་གཟུགས་སུ་ཤར་བ་ཆིག་དྲིལ་དུ་བཟླས་ཏེ་རིག་པ་ངར་བསྐྱེད་ནས། བསྐྱེད་རིམ་གྱི་སྣང་ཆ་ཆོས་ཉིད་སྟོང་པ་དང་གཉིས་སུ་མེད་པར་བསྲེས་ལ་རླུང་རིག་སེམས་གསུམ་དབྱེར་མེད་ཀྱི་ངེས་པས་ཧཱུྃ་ཞེས་བཟླས་པས་ལྷར་སྣང་དངོས་པོར་ཞེན་པའི་གེགས་སྦྱོང་ཞིང་འོད་གསལ་ཡེ་ཤེས་ཀྱི་དགོངས་པ་གཟིངས་བསྟོད་པ་ཆེས་ཟབ་པའི་ཐུགས་ཀྱི་སྒྲུབ་པའི་ཡང་སྙིང་སྲོག་གི་བཟླས་པ་བླ་ན་མེད་པའོ། །གསུམ་པ་གསང་བ་བདེ་ཆེན་རླུང་བཟླས་ནི། གསང་བ་ཡང་ཟབ་བདེ་ཆེན་རླུང་བཟླས་ཀྱིས༔ ཏིང་འཛིན་བརྟན་ཞིང་ལས་སུ་རུང་བ་ཐོབ༔ ཞེས་པ་སྟེ། ཐོག་མར་རླུང་རོ་བསལ། བདེ་ཆེན་བསྐྱེད་པར་འདོད་ན་མགལ་མེའི་འཁོར་ལོ་ལྟ་བུའི་དམིགས་བཟླས་དང་སྦྱར་བའི་ཧཱུྃ་བཟླས་སམ། ཏིང་འཛིན་བརྟན་པར་འདོད་ན་ངག་གི་རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་དང་སྦྱར་བ་དང༌། དེ་ལ་གོམས་ནས་རླུང་རོ་བསལ་ཞིང་ལྟེ་བར་བསྐྱིལ་ཏེ་བུམ་ཆེན་དང་སྦྲག་པའི་རྡོ་རྗེའི་བཟླས་པ་ལ་རྩེ་གཅིག་ཏུ་སེམས་གཏད་དེ་སྦྱངས་བས་བྱིང་རྒོད་དང་བྲལ་བའི་ཏིང་འཛིན་བརྟན་པ། བདེ་གསལ་མི་རྟོག་པའི་ཉམས་སྐྱེ་ཞིང་རླུང་སེམས་ལས་སུ་རུང་བའི་རྟགས་རྣམས་འཆར་བ་དང་མཐར་ཐུག་ལས་རླུང་གི་བྱེད་པ་དབུ་མར་དག་པའི་ཐབས་རྨད་དུ་བྱུང་བའོ། །བཟླས་དམིགས་འདི་གཉིས་དངོས་བསྟན་ལས་བྱང་རྒྱས་བསྡུས་སྐབས་དཀྱིལ་འཁོར་ཡོངས་རྫོགས་ལ་གསུངས་ཀྱང་རྒྱུན་གྱི་བཀོལ་བྱང་ལྟ་བུ་ལའང་སྦྱར་ཆོག་པར་ཤེས་པར་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ། ཉེར་བསྡུའི་རྣལ་འབྱོར་སྤྱིར་བཤད་པ་དང༌། རྫོགས་རིམ་གྱི་མན་ངག་སྤྲོས་ཏེ་བཤད་པའོ། །དང་པོ་ལ། ལྷར་སྣང་འོད་གསལ་དུ་བསྡུ་བ་དང༌། ཐུན་མཚམས་ཀྱི་ལྷར་ལྡང་བས་སྤྱོད་ལམ་ལ་འཇུག་ཅིང་ཚོགས་གཉིས་སྤེལ་བའོ། །དང་པོ་ནི། མཐར་ཐུག་འོད་གསལ་ཉེར་བསྡུའི་རྣལ་འབྱོར་ནི༔ ཧཱུྃ་ཧཱུྃ་ཧཱུྃ་གིས་སྣོད་བཅུད་རང་ལུས་བཅས༔ རིམ་གྱིས་ཐུགས་སྲོག་ཧྲཱིཿཡིག་བར་དུ་ཐིམ༔ དེ་ཡང་མི་དམིགས་འོད་གསལ་གཉུག་མའི་ངང༔ འདས་པ་འགགས་ཤིང་མ་འོངས་མ་སྐྱེས་པ༔ ད་ལྟའི་ཤེས་པ་ཟང་ཐལ་ངང་ཉིད་དུ༔ སེམས་ལ་སེམས་ཀྱིས་བལྟ་བའི་ཚུལ་དུ་བཞག༔ དེ་ཚེ་རྣམ་པར་རྟོག་པ་ཅི་ཤར་ཡང༔ ཐམས་ཅད་སེམས་ཉིད་གཅིག་གི་རོལ་པ་སྟེ༔ ནམ་མཁའི་རང་བཞིན་འཕོ་འགྱུར་མེད་པ་ལྟར༔ སེམས་ཉིད་ཀུན་ཁྱབ་འཕོ་འགྱུར་མེད་པར་རྟོགས༔ འདི་ནི་ཐེག་པའི་མཐར་ཐུག་རྫོགས་པ་ཆེ༔ རང་བྱུང་སེམས་སྡེའི་དགོངས་པ་བླ་ན་མེད༔ དོན་གྱི་རྣལ་འབྱོར་འདི་ལ་སུས་སྤྱོད་པ༔ གསང་བའི་རྟགས་དང་ཡོན་ཏན་མཐའ་ཡས་འབྱུང༔ ཉམས་དང་རྟོགས་པའི་རྩལ་ཆེན་རིམ་གྱིས་རྫོགས༔ ཀུན་བཟང་པདྨའི་ཡེ་ཤེས་ཐོབ་པར་འགྱུར༔ ཞེས་པ་སྟེ། དགོས་པ་སེམས་ཅན་གྱི་རྒྱུད་ལ་འཁྲུལ་སྣང་རྟག་པར་ལྟ་བའི་ཞེན་པ་སྦྱོང་བའི་ཕྱིར་སྔར་གསལ་བཏབ་པའི་ལྷ་དང་གཞལ་ཡས་སུ་སྣང་བ་ཐམས་ཅད་ཧཱུྃ་གསུམ་རིམ་གྱིས་བརྗོད་པའི་རྐྱེན་གྱིས་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་ཕྱི་སྣོད་གཞལ་ཡས་ཁང་འཁོར་རྣམས་ལ་བསྡུ། འཁོར་རྣམས་གཙོ་བོ། །གཙོ་བོའི་སྐུ་ཡང་རིམ་གྱིས་བསྡུས་ནས་ནཱ་ད་ཤིན་ཏུ་ཕྲ་བའི་བར་དུ་ཐིམ། དེ་ཡང་འོད་གསལ་གྱི་ངང་དུ་བསྡུས་ཏེ་འདས་པའི་རྗེས་སུ་མི་འབྲང༌། མ་འོངས་པས་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མ་ཤོར་བའི་དུས་གསུམ་རྟོག་པ་ཀུན་བྲལ་ཟང་ཐལ་དུ་བསྐྱངས་སྟེ་གཉུག་མའི་སེམས་ལ་སེམས་ཀྱིས་མ་ཡེངས་པ་ཙམ་དུ་བལྟ་ཞིང་སྐྱོང༌། དེའི་ཚེ་བཟང་ངན་གྱི་རྟོག་པ་གང་ཤར་ཡང་སྤང་བླང་མེད་པ་སེམས་ཉིད་གཅིག་གི་ཆོ་འཕྲུལ་དུ་ངེས་པས་བསྒྱུར་བཀོད་སྤུ་ཙམ་ཡང་མི་བྱ་བར་རང་བབ་སོ་མ་བསྐྱངས་བས་རང་ཤར་རང་གྲོལ་དུ་འགྱུར་ལ། དེར་མ་ཟད་ལྷ་དང་སྤྲོ་བསྡུས་ཏིང་འཛིན་ཐམས་ཅད་ཀྱང་སེམས་ལས་ལོགས་སུ་མེད་ཅིང༌། སེམས་ནི་འཁོར་འདས་ཀུན་ཁྱབ་རྒྱ་ཆད་ཕྱོགས་ལྷུང་མེད་པ་འདི་ཀ་སྟེ། དེས་ན་བསྒྲུབ་བྱ་ཡེ་ཤེས་ཀྱི་ལྷ། སྒྲུབ་བྱེད་ཐབས་ཀྱི་རྣལ་འབྱོར། སྒྲུབ་གཞིར་རང་སེམས་ཐམས་ཅད་ཐ་དད་མེད་པར་རང་རིག་གཅིག་གི་ཡེ་ཤེས་ལས་མི་འདའ་བས་གཉིས་མེད་མཉམ་ཉིད་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྱིས་རྫོགས་པ་སྟེ། དཔེར་ན་སྣོད་བཅུད་དུ་མར་སྣང་ཡང་ནམ་མཁའ་གཅིག་ལས་མ་འདས་པ་ལྟར་ཤེས་པ་ནི་དགོངས་པ་མི་འགྱུར་བའི་གཟེར་ཞེས་སྲིད་ཞིའི་སྟོང་སྲོག་གཅིག་ཆར་དུ་འཕྲོག་པའི་གནད། བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་ཐུན་མིན། མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་བྱེད་པའོ། །ཚུལ་འདི་ལྟ་བུའི་རྣལ་འབྱོར་ནི་བསྐྱེད་རིམ་བསྡུ་བའི་སྐབས་ཁོ་ན་མིན་ཀྱང་ལམ་ཐམས་ཅད་ཀྱི་སྲོག་ཏུ་མེད་དུ་མི་རུང་བའི་མན་ངག་བསྐྱེད་རྫོགས་ཀྱི་མདོ་ཆིངས་ཐུན་མིན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་སྡེའི་དགོངས་པ་ཉམས་སུ་ལེན་བདེ་ཞིང་གེགས་དང་གོལ་ས་ཆུང་བ། ངེས་པ་དོན་གྱི་མཆོག་གི་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཐར་ཐུག་པ་སྟེ། འདི་ཁོ་ན་ལ་ཆིག་དྲིལ་དུ་བརྩོན་པས་ལམ་གཞན་ལ་མི་ལྟོས་པར་ཡེ་ཤེས་ཀྱི་ལྷ་ཡི་ཞལ་མཐོང༌། རླུང་སེམས་དབང་དུ་འདུས། ཕྲིན་ལས་བཞི་ལ་རང་དབང་འབྱོར། ཉམས་རྟོགས་ཀྱི་རྩལ་ཤུགས་རང་བཞིན་གྱིས་རྫོགས་ནས་མཐར་ཐུག་ཀུན་བཟང་པདྨ་རྒྱལ་པོའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་གདོན་མི་ཟ་བའི་ཐབས་ཀྱི་གསེང་ལམ་མཐར་ཐུག་པ་ཡིན་པས་འདིར་ཞར་བྱུང་དུ་སྤྲོས་པ་ཙམ་མོ། །གཉིས་པ་ནི། དེ་ལས་ཕཊ་ཕཊ་ཕཊ་ཅེས་བརྗོད་པ་ཡིས༔ རང་དང་སྣོད་བཅུད་དཀྱིལ་འཁོར་འཁོར་ལོར་བལྟ༔ བསྐྱེད་དང་རྫོགས་པ་ཟུང་འཇུག་ངང་ཉིད་ནས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་གོང་དུ་སྤེལ༔ ཞེས་པ་སྟེ། སྟོང་རྐྱང་ཁོ་ནར་སྙོམས་པར་འཇུག་པ་ནི་ཆད་མཐའ་ཡིན་པས་སེམས་ཅན་རྣམས་ཆད་པའི་ལྟ་བའི་ཞེན་པ་བསལ་བའི་སླད་དུ་ཕཊ་གསུམ་བརྗོད་པས་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་སྙིང་རྗེའི་རང་རྩལ་སྣང་སྟོང་གཉིས་སུ་མེད་པའི་ངང་ལས་འགགས་མེད་ཀྱི་ལྷ་ཡི་གཟུགས་སྐུ་རང་བྱུང་གཉུག་མའི་གཟུགས་ཅན་དུ་ལམ་གྱིས་གསལ། དཀྱིལ་འཁོར་གྱི་གཙོ་བོ་ཞལ་ཕྱག་མང་པོ་ཅན་ཡིན་ཀྱང་སྐབས་འདིར་ཞལ་གཅིག་ཕྱག་གཉིས་པར་གསལ་ལ་གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་གདབ། གཟུགས་སྒྲ་སེམས་ཀྱི་དྲན་རྟོག་ཐམས་ཅད་ཡི་དམ་གྱི་ལྷ་དེ་ཡི་སྐུ་སྔགས་ཆོས་སྐུར་ཤེས་པའི་སྤྱོད་ལམ་ལ་འཇུག །མཉམ་བཞག་གི་མྱོང་བའི་རྩི་དང་མ་བྲལ་བས། གཏོར་མ། ཚོགས་མཆོད། སྦྱིན་སྲེག །གཅོད་ཡུལ། བསང་གསུར་ཆུ་སྦྱིན་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པའི་ཐབས་ཁྱད་པར་ཅན་དུ་མ་ཚུལ་འདིའི་ལས་སྦྱོར་རྣམས་ཀྱི་སྐབས་སུ་གསུངས་པ་རྣམས་དང༌། ཕྱི་ནང་གསང་བའི་དྲོད་རྟགས་ཐོབ་པས་རབ་གནས། བཅུད་ལེན། དབང༌། གནས་ལུང་རྗེས་བཟུང༌། ཚར་གཅོད། བམ་དང༌། བདུད་རྩི་སྒྲུབ་པ་ལ་སོགས་པ་ལས་རབ་འབྱམས་ཇི་ལྟར་འདོད་པ་དབང་བསྒྱུར་བས་དོན་གཉིས་སྒྲུབ་དགོས་ཤིང༌། དེ་ཡང་སྤྱིར་འདིར་སྣང་ལ་ཞེན་འདྲིས་གཅོད་པའི་རྣལ་འབྱོར་པས་བསྒྲུབ་བྱའི་གཙོ་བོ་མཆོག་གི་དངོས་གྲུབ་ལས། ཐུན་མོང་གི་ལོངས་སྤྱོད་དབང་དུ་སྡུད་སོགས་ཆེད་དུ་གཉེར་བྱ་མ་ཡིན་ཀྱང་ཚུལ་འདིའི་གྲོལ་བ་དྲུག་དང་བཅུ་གཅིག་ལ་སོགས་པ་རྣམས་བསྒྲུབས་ན་རང་གཞན་ཐམས་ཅད་འབྲེལ་ཚད་བྱང་ཆུབ་ཏུ་དཀྲི་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་ཚེགས་ཆུང་ངུས་འགྲུབ་པའི་གསེང་ལམ་མ་ནོར་བ་ཡིན་པས་སྐལ་བཟང་དག་གིས་ཅི་ནུས་ཉམས་སུ་བླང་བྱར་ལས་སྤང་དུ་མི་རུང་བས་ཞར་ལས་འཕྲོས་པའོ། །དེ་ལྟར་ལམ་ངེས་རྫོགས་ཀྱིས་སྨིན་སློབ་ཏུ་སྒོམ་པར་དཀའ་ཡང་མོས་སྒོམ་གཙོར་བཏོན་སྔོན་འགྲོ་བསགས་སྦྱང་གནད་དུ་ཁེལ་བར་བྱས་ཏེ་དེ་དང་འབྲེལ་བའི་རྒྱུན་ཁྱེར་ཕྱག་རྒྱ་གཅིག་པའི་དམིགས་སྒོམ་གྱིས་བཛྲ་གུ་རུ་འབུམ་ཕྲག་བཅུ་གཉིས་ཙམ་བཟླ། དེ་ནས་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། སྨན་རཀ་གཏོར་མ་སོགས་གཞུང་ལྟར་བསགས་ལ་ལས་བྱང་འབྲིང་བསྡུས་ལ་བརྟེན་པའི་ཛཔ་ཁང་དབྱེ་ཞིང་བླ་མ་སྐུ་གསུམ་ནས་བཟུང་ལས་སྦྱོར་བར་རིམ་གྱིས་བཟླ་སྟེ། ཆོས་སྐུ་ཚེ་དཔག་མེད་ཀྱི་བསྙེན་པ་འབུམ་ཕྲག་བཅུ་གཅིག །ལོངས་སྐུ་སྤྱན་རས་གཟིགས་འབུམ་བཅུའམ་བདུན། སྤྲུལ་སྐུ་ལ་རབ་འབུམ་ཕྲག་བཞི་བཅུ་ཞེ་བརྒྱད་མི་འགྲུབ་ན་བཅུ་གཉིས། སྤྱི་དྲིལ་ཐོད་ཕྲེང་རྩལ་འབུམ་བཞི། ལས་སྦྱོར་ཁྲི་ལྷག་བཅས་སོ་སོའི་ཁ་སྐོང་དང་བཅས་པ་བཟླ་བ་ནི་རྩ་བའི་བསྙེན་ཚད་རྒྱས་པ་ཡིན་ལ། འབྲེལ་འཇོག་ཟླ་གཅིག་ཙམ་ལ་ནི། སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་པ། རྡོར་སེམས། མཎྜལ། གསོལ་འདེབས། ནང་སྒྲུབ་བཛྲ་གུ་རུ་རྣམས་ཉིན་རེ་རེ་དང༌། ཕྲིན་ལས་རྒྱས་བསྡུས་ལ་བརྟེན་ནས་ཨ་མཱ་ར་ཞག་བདུན། ཡིག་བདུན་ཞག་བདུན། བཛྲ་གུ་རུ་འབུམ་བཞི། ཐོད་ཕྲེང་རྩལ་ཞག་གསུམ། ལས་སྦྱོར་ཉིན་གཅིག་ཙམ་བཟླས་པས་ཀྱང་ལས་རུང་དུ་འགྱུར་ལ། གང་ལྟར་ཡང་བསྙེན་སྒྲུབ་ཀྱི་ཐོག་མཐའ་དང་ཡར་མར་གྱིས་ཚེས་བཅུ་རྣམས་ལ་ཚོགས་མཆོད་ཆད་མེད། བཀའ་སྲུང་ཚེ་རིང་མ་དང་ཁྱུང་བཙུན་གྱི་གསོལ་ཁ་མ་ཆག་པ་དང༌། ཐུན་མཇུག་ཏུ་གསོལ་འདེབས་བར་ཆད་ལམ་སེལ། ངག་བྱིན་བརླབ་ཀྱི་བཟླས་པ་སྤྱི་དང་ཨོཾ་རུ་ཙི་ར་མ་ཎི་པྲ་ཝཱརྡྷ་ན་ཡེ་སྭཱ་ཧཱ༔ཧྲཱིཿབཛྲ་ཛི་ཧྭཱ་མནྟྲ་དྷཱ་ར་བརྡཱ་ནི་ཨོཾ༔ དབྱངས་གསལ་རྟེན་སྙིང་ཤམ་དུ་གདགས་ལ་ཐོ་རངས་མ་ཆག་པར་བཟླས་པས་ནུས་པ་འབུམ་དུ་བསྐྱེད་པ་དང༌། ཕྲེང་བ་དང་ཁ་ཟས་ལའང་སྔགས་འདི་བཏབ་པས་ནུས་པ་བསྐྱེད་པར་སྙིང་བྱང་ལས་གསུངས་པས་ཐུན་རེ་རེ་བཞིན་བསྙེན་པའི་དབུར་བཟླ་ཞིང༌། རིགས་འདུས་གཙོ་བོའི་བཟླས་པ་ལ་ཛཔ་དགོངས་ཟླ་བ་སྐར་ཕྲེང་སོགས་བཞི་ཀ་སྦྱར་དགོས་པ་དང་བཟླས་གྲངས་ཐེམས་ནས་ཐུན་མཐའ་རྣམས་སུ་ཡིག་བརྒྱ་མང་དུ་བཟླ། གྲོལ་ཁར་ཚོགས་དང་མཆོད་པ་གསར་དུ་བཤམ། སྐྱ་རེངས་ཤར་བ་དང་ལས་བྱང་རྒྱས་པའི་ཚིག་གིས་དངོས་གྲུབ་བསྐུལ་ཏེ་གཏོར་མ་ལྷར་གསལ་བས་དབང་ལེན། བདུད་རྩི་སོགས་ལ་རོལ། གཏང་རག་ཏུ་ཚོགས་སྐོང་བརྒྱ་རྩ་སོགས་བྱ་ཞིང༌། བཀའ་སྲུང་དང་ཆད་བརྟན་གྱི་གཏོར་མའང་ཕྱི་རོལ་ཏུ་ཕུལ་ལ་ལས་བྱང་མཐར་དབྱུང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་རྒྱལ་མཆོག་ཀརྨ་པ་བཅོ་ལྔ་པའི་གསུང་ལྟར་བསྙེན་པའི་བཅུ་ཆ་བྱ་བ་བཅས་བསྙེན་པ་རྒྱས་བསྡུས་ཐམས་ཅད་ལ་ཁྱད་མེད་ལ། དེ་དང་རྗེས་འབྲེལ་ཚོགས་སྒྲུབ་སྤྲོ་ན་གོ་སྟོད་འོད་འབར་བྲག་གི་གཏེར་བྱོན་སིདྡྷི་བུམ་སྒྲུབ་དང་འབྲེལ་དགོས་པར་གསུངས་པས་གྲུབ་ན་ཤིན་ཏུ་ལེགས་ཤིང༌། མ་ལྕོགས་ཀྱང་བསྙེན་པ་ལས་བྱང་འབྲིང་བསྡུས་དང༌། སྒྲུབ་པ་ལས་བྱང་རྒྱས་པ་ལ་བརྟེན་ཞིང་བསྙེན་བཟླས་ཀྱི་ཏིང་འཛིན་བཞི་ཀ་སྦྱར་བས་སྤྲོས་མེད་ཏིང་ངེ་འཛིན་གྱི་བསྙེན་སྒྲུབ་ལས་སྦྱོར་བཅས་ཆིག་དྲིལ་དུ་འགྱུར་བས་འགལ་བ་མེད་དོ། །གཉིས་པ་རྫོགས་རིམ་གྱི་མན་ངག་སྤྲོས་ཏེ་བཤད་པ་ལ། གསང་དབང་དང་འབྲེལ་བའི་བདག་བྱིན་བརླབ་པའི་རིམ་པ་དང༌། ཤེར་དབང་གི་ཉམས་ལེན་གཞན་ལུས། དབང་བཞི་པའི་རྗེས་འབྲེལ་རིག་སྟོང་ཟུང་འཇུག་གི་རྣལ་འབྱོར་དང་གསུམ་ལས། དང་པོ་ལའང་རླུང་དང༌། ཐིག་ལེའི་རྣལ་འབྱོར། ཞར་བྱུང་འཕོ་བའི་གསེང་ལམ་བསྟན་པ་དང་གསུམ་ལས། དང་པོ་ནི་སྙིང་བྱང་ལེའུ་བཅུ་དྲུག་པ་ལས། དེ་ནས་བསྐྱེད་རིམ་ལྷ་རྣམས་ཀུན༔ བདེ་བ་ཆེན་པོར་ཤར་བའི་ཕྱིར༔ རིམ་པ་གཉིས་ཀྱི་རྣལ་འབྱོར་ལ༔ མཚན་བཅས་ཐབས་ཀྱི་རྫོགས་རིམ་ནི༔ ཞེས་པ་སོགས་ཀྱིས་བསྟན་པ་ལྟར་བུམ་དབང་ལམ་ཁྱེར་གཙོ་བོར་གྱུར་པའི་བསྐྱེད་རིམ་ཡན་ལག་དང་བཅས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང་འབྲེལ་བའི་ལམ་གོང་མའི་སྟེགས་སུ་བསྙེན་པ་ལ་རྒྱས་པར་བསྙེན་སྒྲུབ་གོང་ལྟར་བྱ་བའམ། རྫོགས་རིམ་གཙོ་བོར་འདོན་ན་རྒྱུན་གྱི་བཀོལ་བྱང་ལ་བརྟེན་པའི་བཛྲ་གུ་རུ་བསྙེན་ཚད་ཐེམ་པས་གཞི་བཟུང་སྟེ། ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་གསང་དབང་ཐོབ་པའི་ཡེ་ཤེས་ལམ་བྱེད་ཤེར་ཡེ་ལ་ཉེ་བར་བསྙེན་པའི་ལམ་བསྒོམ་པ་ལ། རྟེན་རྡོ་རྗེའི་ལུས་དང་བརྟེན་པ་རྩ་རླུང་གི་ཐིག་ལེའི་གནད་འཆིང་བ་རྫོགས་པ་ཨ་ནུ་ཡོ་གའི་ལུང་དང་འབྲེལ་བ་སྟེ། སྦྱང་གཞི་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་ནས་མི་ཤིགས་པ་རྡོ་རྗེ་གསུམ་གྱི་ལྷར་རྣམ་པར་དག་པ་ལ། དེའི་རང་མདངས་ཁུ་རྡུལ་རླུང་གསུམ་དང་སེམས་ཀྱི་རྟེན་རྩ་རྐྱང་མ་རོ་མ་དབུ་མ་གསུམ་ཡིན་ལ། དེ་ལས་འཁྲུལ་པ་རགས་པའི་སྒོ་གསུམ་ནི་སྦྱང་བྱ་སྟེ། སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ཁྱད་པར་ཅན་གྱི་བྱེད་བཅིང་གིས་འོད་གསལ་དུ་སྦྱངས་ཏེ་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོའི་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་མངོན་དུ་གྱུར་པ་སྟེ། གནད་དོན་དེ་ལྡན་གྱི་ལམ་ཇི་ལྟར་ཉམས་སུ་ལེན་པ་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ཆུན་བཙལ། རླུང་དུག་བསལ་ཕྱིར་སྣ་སྒོ་ནས་དགུ་ཕྲུགས་སམ་སུམ་ཕྲུགས་སུ་བསལ། སེམས་གནད་རྩ་རླུང་ཐིག་ལེའི་ཁམས་གྲུབ་པ་ཙམ་ནས་རང་བྱུང་གི་སྣོད་འཁོར་དང༌། བཅུད་དཀྱིལ་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས། རྟོག་པས་སྒྲོ་བཏགས་ཀྱི་བཅོས་མ་མིན་པ་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་གསལ་གདབ་པ་སྔ་མ་ལས་ཟབ་པའི་བསྐྱེད་རིམ་སྟེ། རང་ལུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་མི་རྟོག་པའི་ངང་ལས་ངོ་བོ་བདེ་སྟོང་གི་རང་བཞིན་རྣམ་པ་གཙོ་མཆོག་སྣང་སྲིད་ཟིལ་གནོན་དྭངས་གསལ་རྙོག་མེད་ཆུ་ཟླའི་རོལ་གར་ལྟ་བུ་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བར་གསལ་བའམ། བླ་མ་སྤྲུལ་སྐུའི་དབང་ཕལ་ཆེར་གྱི་སྐབས་ཟབ་དབང་ནས་བླ་མ་ཧེ་རུ་ཀར་གནས་བསྒྱུར་དགོས་པ་བཞིན་དཔལ་ཡང་དག་ཧེ་རུ་ཀ་ཞལ་གཅིག་པ་སྐུ་མདོག་སྔོན་པོ་ཐུགས་ཀར་རྡོར་དྲིལ་བསྣོལ་ཞིང་རང་འོད་ཀྱི་ཡུམ་དང་སྦྱོར་བའམ། ཡང་ན་ཞལ་གསུམ་ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང༌། དྲིལ་བུ་བྷན་དམར་རྒྱུ་ཞགས་གཡས་གཡོན་དུ་བསྣམས་པ་གང་བསྒོམས་ཀྱང་རུང་སྙམ་ལ། དེའི་སྐུ་དབུས་ཨ་ཝ་དྷཱུ་ཏི་རྩ་གསུམ་འཁོར་ལོ་བཞི་སྤྱི་ལྟར་གསལ། ཐུགས་ཀར་ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུྃ་ངམ་ཧྲཱིཿམར་མེ་ལྟར་འབར་བའི་ནཱ་ད་ལས་སྙིང་པོ་འཕྲོ་བ་ལ་སེམས་བཟུང༌། སྣ་བུག་གཉིས་ནས་མཉམ་པར་རྒྱུ་བའི་ཡེ་ཤེས་ཀྱི་རླུང་ཡིན་པས་དུས་གནད་མཁས་པས་འབྱུང་ལྔ་དྭངས་མའི་རླུང་སྣ་སྒོ་ནས་རྔུབས་པ་སྟེང་རླུང༌། ཐུར་སེར་བསྐུམ་པ་འོག་རླུང་གཉིས་ལྟེ་བར་ནར་གྱིས་དྲངས་ལ་དབུ་མར་ཁ་སྦྱོར་དུ་སྐྱིལ་བ་བུམ་པ་ལྟར་དགང༌། མི་ནོན་པའི་ཚེ་གཡས་གཡོན་འཐེན་དང་ཕྱི་ནང་གཞིལ། མི་ཐུབ་ཙ་ན་མདའ་ལྟར་འཕང་སྟེ་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ལ་རྩོལ་བ་རིམ་གྱིས་ཇེ་དྲག་ཏུ་བསྐྱོད། ལུས་སེམས་དུབ་ཀྱང་རྒྱུན་མི་ཆད་པར་བསྒོམས་པས་བུམ་ཅན་རབ་འབྲིང་ཐ་མ་གང་རུང་འབྱོངས་ཀྱི་བར་སྦྱངས། ཡང་སྐབས་སུ་བོགས་འབྱིན་དང་སེམས་གནས་སྒྲུབ་ཕྱིར་ཧེ་རུ་ཀ་བསྒོམས་ན་འཇུག་པ་ཨོཾ། གནས་པ་རུ་ལུ་རུ་ལུ། ལྡང་བ་ཧཱུྃ་བྷྱོ་ཧཱུྃ་ཞེས་སམ་སྤྱི་ལྟར། འབྲུ་གསུམ་ངག་ཏུ་བཟླས་བརྗོད་བཅས། ཡི་གེ་གསུམ་གྱི་དབྱིབས་དང་ཁ་དོག་བསྒོམ་པ་དམིགས་པ། རླུང་འབྱུང་འཇུག་གནས་གསུམ་རླུང་སྔགས་རྡོ་རྗེ་གསུམ་དབྱེར་མེད་དུ་ཤེས་པ་བརྡར་གྱུར། རླུང་དང་སྟོང་གཟུགས་ཕྱག་རྒྱ་ཆེན་པོར་དབྱེར་མེད་དུ་ཤེས་པ་དོན་དམ་རྡོ་རྗེའི་བཟླས་པ་དང་བཞི་རིམ་པར་སྦྱང༌། ཐུན་མཚམས་སུ་ཡན་ལག་ལྔ་སྦྱོང་སོགས་སྐྱོན་སྦྱངས་བ་དང༌། ལུས་ཆུན་བཙལ་ཞིང་གནད་ལ་བརྡེག་པ། འདྲེན་ལྡོག་བཀྲམ་པ། གེགས་སེལ་བོགས་འབྱིན་གྱི་འཁྲུལ་འཁོར་རྣམས་ཅི་ནུས་སུ་བྱ། མཐར་སྒོ་གསུམ་ལྷོད་པ་སྟེ་སྔར་གསལ་བཏབ་པའི་ལྷར་སྣང་ཐམས་ཅད་ལྷན་སྐྱེས་མི་ཤིགས་ནཱ་དའི་སྟོང་བཞིའི་དབྱིངས་སུ་བསྡུས་ལ་རླུང་སེམས་བསྲེས་ཏེ་མཉམ་པར་བཞག །དེའི་ངང་ལས་གཟུགས་སྒྲ་དྲན་རྟོག་བདེ་སྟོང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་གྱི་རོལ་རྩེད་དུ་ལྷུན་གྱིས་གྲུབ་པར་བལྟ་ཞིང་བསྔོ་བ་སྨོན་ལམ་ཤིས་པ་བརྗོད་པས་རྩ་རླུང་འཁྲུགས་པ་རང་བཞིན་གྱིས་དྭངས་བར་ངལ་གསོ་སྟེ་བསྒོམ་པར་བྱའོ། །གཉིས་པ་ནི། ལམ་རིམ་ཡེ་ཤེས་སྙིང་པོ་ལས། དེ་ལ་གོམས་ནས་སྤྲུལ་པའི་འཁོར་ལོའི་འོག༔ ཤེས་རབ་སྦས་པའི་རང་གཟུགས་ཙཎྜ་ལི༔ ཨ་ཤད་གསལ་བ་རླུང་གིས་བསྐུལ་ལ་སྦར༔ དབུ་མའི་ལམ་ཞུགས་འཁོར་ལོའི་ལྷ་ཚོགས་བསྐུལ༔ སྤྱི་བོའི་ཧཾ་ལས་བདེ་བའི་བདུད་རྩི་ཡིས༔ དེ་ཉིད་གསོས་བཏབ་སླར་ཡང་ཆེས་ཆེར་འབར༔ རྩ་ཁམས་དྲོད་བདེས་གང་ནས་མི་རྟོག་པའི༔ ཡེ་ཤེས་མངོན་གྱུར་ཆོས་ཉིད་དབྱིངས་སུ་བསྐྱལ༔ ཞེས་པ་སྟེ། ལུས་རླུང་སེམས་ཀྱི་གནད་སྔར་ལྟར་ལ་དབུ་མའི་མས་སྣ་རྩ་གསུམ་འདུས་མདོར། གཏུམ་མོ་ཡེ་ཤེས་ཀྱི་མེ། དབྱིབས་ཨ་ཤད། ཁ་དོག་དམར་ལ་རེག་བྱ་ཚ་བ། ངོ་བོ་སྟོང་པ། ཉམས་བདེ་བ་འབར་ལ་ཁད་པ། དབུ་མའི་ཡར་སྣར་ཧཾ་ཡིག་གསལ་འཚེར་སྣུམ་འདྲིལ་མགོ་བོ་ཐུར་བསྟན་གསལ། བུམ་ཅན་གྱི་སྦྱོར་བ་དང་བསྟུན་བླ་མ་ཞི་བར་མོས་ན་གྲུ་མོ་གཡོན་གྱི་ཁ་ཊྭཱཾ་ཡུམ་གྱི་ངོ་བོ་ལས་འོད་དམར་སེར་བདེ་བའི་རྣམ་པ་ཅན་བྱུང་སྣ་བུག་གཡོན་ནས་བརྒྱུད། ལྟེ་བའི་ཨ་ཤད་ལ་རེག་པས་གཏུམ་མོའི་མེ་འབར་བ་དང༌། གཞན་དུ་རླུང་ནང་དུ་རྔུབ་པའི་རྐྱེན་གྱིས་མེ་འབར། འཁོར་ལོ་བཞིར་ཞུགས། རྩ་ཐིག་རླུང་གི་ལྷ་ཚོགས་བསྐུལ། སྤྱི་བོའི་ཧཾ་ལ་རེག་པས་བདེ་བའི་རྒྱུན་གྱིས་ཐིག་ལེའི་ཆར་ཟིམ་ལྟར་བབ་སྟེ་མེ་གསོས་བཏབ། ཆེར་འབར་བྱང་སེམས་བསྐུལ་བའི་བདེ་བ་དང་འདྲེས་པས་རྩ་ཕྲ་མོའི་ཁམས་ཐམས་ཅད་ལ་ཁྱབ། སྙིགས་མ་རྣམས་བསྲེག །དྲོད་དང་བདེ་བས་གང་བ་རང་རིག་གི་ངོ་བོར་རོ་མཉམ་དུ་ཤེས་པས་མི་རྟོག་པའི་ཡེ་ཤེས་མངོན་དུ་བསྐྱངས། མཐར་དྭངས་མ་ཐམས་ཅད་སྙིང་གའི་ཧཱུྃ་ལ་འདུས་པས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྐྱེས་པར་བསམས་ལ་གསལ་རིག་འཛིན་མེད་ཀྱི་ངང་བསྐྱངས། ཐུན་མཚམས་སུ་ཉིན་པར་རྗེས་ཐོབ་ལམ་ཁྱེར་སྒྱུ་ལུས། མཚན་མོར་གཉིད་མཐུག་སྦྱང་བ་འོད་གསལ། དེའི་རྗེས་ཐོབ་རྨི་ལམ་ལམ་ཁྱེར། ལམ་གྱི་ཆད་མཐུད་བར་དོ་བཅས་ཉམས་སུ་ལེན་པར་གཅེས་པས། གཏེར་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་དང་དཔལ་ཧེ་རུ་ཀ་དངོས་ནམ་མཁའི་སྙིང་པོའི་ཡེ་ཤེས་ཀྱི་ཐིག་ལེ་ཀུན་གཟིགས་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་ཡང་དག་ཧེ་རུ་ཀའི་རྒྱུན་གྱི་རྣལ་འབྱོར་རྣམས་གུང་སྤྲོས་ཏེ་ཤེས་པར་བྱའོ། །གསུམ་པ་ནི། ལམ་རིམ་ཡེ་ཤེས་སྙིང་པོ་ལས། ཚེ་འདིར་གོམས་པ་མངོན་དུ་མ་གྱུར་བ༔ རླུང་སེམས་བསྡུ་ཞིང་འཕོས་ཏེ་ངང་ལ་བཞག༔ ཅེས་གསུངས་པ་ལྟར་མོས་གུས་དང་སྐལ་པ་དགེ་བས་གདམས་ངག་ཐོབ་ཀྱང་ལེ་ལོའི་ཉམས་སུ་མ་ལོན་ཏེ་ཚེ་འདིར་གྲོལ་བའི་གདེང་གི་གོམས་པ་མངོན་དུ་མ་གྱུར་ཏེ་ལམ་འཕྲོ་ཅན་དུ་སོང་ན་ཆད་མཐུད་འཆི་ཁ་ཡེ་ཤེས་གོང་འཕེལ་དང༌། བར་དོ་སྐུ་གསུམ་དུ་བསྲེ་བའི་གདམས་ངག་གཉིས་དགོས་པས། སྔ་མ་ཉིད་ཞར་བྱུང་དུ་འཆད་པ་ལ། ནང་གསེས་སུ་དབང་པོའི་རིམ་པས་རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང༌། འབྲིང་བར་དོ་ཡང་དག་པའི་ཀུན་རྫོབ་ཀྱི་སྒྱུ་ལུས་ལྷ་སྐུར་འཕོ་བ་དང༌། ཐ་མ་བསྐྱེད་རིམ་དུ་འཕོ་བ་བཅས་གསུམ་གྱི་སྐབས་འདིར་བཤད་བྱ་ཕྱི་མ་སྟེ། རང་ཉིད་ཐ་མལ་གྱི་ལུས་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བར་གསལ་བའི་སྙིང་གའི་ཧཱུྃ་ལས་ཧཱུྃ་མང་དུ་སྤྲོས་ཏེ་དབང་པོའི་སྒོ་དགུ་དང་བ་སྤུའི་བུ་ག་ཚུན་ཆད་ཧཱུྃ་ཡིག་གིས་བར་མཚམས་མེད་པར་དགག །ལུས་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་ཐར་པའི་སྒོ་ཚངས་བུག་ཏུ་ཟང་ཐལ་ལེར་ཟུག་ཅིང༌། མར་སྣེ་ལྟེ་འོག་སོར་བཞིར་ཕུག་རྡུག་གི་རྣམ་པར་གྱུར་པ། ལྟེ་བ་དང་སྙིང་ག་གང་རུང་དུ་རླུང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་འོང་ཟེར་ལྔ་ལྡན་དུ་འཕྲོ་བ་ལ་སེམས་བཟུང་སྟེ་རླུང་ཁ་སྦྱོར་དུ་འཆིང་བས་རླུང་རིག་སེམས་གསུམ་གཅིག་ཏུ་བསྡུ། ཟིན་པ་དང་རང་གི་སྟེང་ཕྱོགས་མདུན་གྱི་ནམ་མཁར་འོག་མིན་ཡེ་ཤེས་རང་སྣང་གི་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞིང་གི་བཀོད་པ་འབྱམས་སུ་ཀླས་པའི་དབུས་སུ་བླ་མ་འཁོར་ལོའི་དབང་ཕྱུག་གདོད་མའི་མགོན་པོ་ཧེ་རུ་ཀ་འོད་སྣང་མཐའ་ཡས་སམ། རྡོ་རྗེ་སེམས་དཔའ། གཞོན་ནུ་དཔའ་བོ་སྟོབས་ལྡན། གུ་རུ་རིན་པོ་ཆེ་སོགས་གང་མོས་གསལ་བ་རྟེན་བཅས་དང༌། དེའི་ཐུགས་ཀར་འཕོ་བའི་འདུན་པ་དྲག་པོས་གསོལ་འདེབས་སྔོན་དུ་འགྲོ་བས་རླུང་བཟུང་སྟེ་ཕྱིར་བཏང་བ་དང་ཆབས་ཅིག་ཧིཀ་ཅེས་དྲག་ཏུ་བརྗོད་པས་རང་གི་སྙིང་གའི་ཧཱུྃ་གློག་འཁྱུགས་པ་ལྟར་གྱུར་ཅིང་ཤུགས་དྲག་པོས་མདུན་གྱི་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞུགས་ཐུགས་ཀར་འཕོས་པར་བསམ་པ་རྟེན་བཅས་དང་རླུང་ནང་དུ་འཇུག་པ་ན་ཀ་ཞེས་བརྗོད་ཅིང་མར་ཕབ། ཡང་ན་སྙིང་གའི་ཧཱུྃ་སྐར་མདའ་ཡར་བ་ལྟར་སྟེང་གི་ནམ་མཁར་སངས་ཀྱིས་ཡར་ཏེ་འོད་གསལ་གྱི་དབྱིངས་སུ་ཐིམ་པར་མོས་ལ་དབྱིངས་རིག་བསྲེ་བ་རྟེན་མེད་དུ་གསུངས་པ་གང་མོས་བྱ། ཐུན་བསྡུ་བའི་ཚེ་མདུན་གྱི་ཞིང་ཁམས་རྟེན་བརྟེན་པར་བཅས་པ་མི་དམིགས་པར་བཞག་ཅིང༌། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་བསམ་ནས་རྡོར་བཟླས་ཅི་ནུས་བྱ། དེ་ལྟར་གསོན་དུས་སྦྱངས་ཏེ་འབྱོང་རྟགས་མ་བྱུང་གི་བར་དུ་བསྒོམ། ནམ་ཞིག་འཆི་བའི་རྟགས་ཚང་ཞིང་བསླུ་ཐབས་ཀྱིས་མ་བཟློག་པའི་ཚེ་འདིར་སྣང་ལ་ཞེན་འཁྲིས་རྩད་ནས་སྤང༌། ཞིང་ཁམས་ཀྱི་ཡོན་ཏན་བསམ་པས་སྤྲོ་བ་སྐྱེད། གདམས་པའི་གསེང་ལམ་ལ་ཡིད་ཆེས་ཀྱི་ངེས་པའི་འདུན་པ་རྩེ་གཅིག་པས་སྔར་ལྟར་གསལ་བཏབ། རྣམ་ཤེས་བླ་མའི་ཐུགས་ཀར་འཕོས་པ་རང་སེམས་དང་དབྱེར་མེད་དུ་འདྲེས་པའི་དབྱིངས་སུ་འཕོས་ཏེ་མར་མི་ཕབ་པར་མཉམ་པར་བཞག་པས། རབ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བགྲོད་དེ་ལམ་ལྷག་མ་རྫོགས་ནས་མཆོག་ཐོབ་པ་དང༌། འབྲིང་སྔགས་སྤྱོད་ཀྱི་རྟེན་བཟུང་ནས་སྐྱེ་བ་དག་པར་བརྒྱུད་དེ་དངོས་གྲུབ་ཐོབ། ཐ་མ་མཐོ་རིས་སུ་སྐྱེས་ནས་ལམ་སྣ་ཟིན་ཏེ་རིམ་པས་ཐར་པ་ལ་སྦྱོར་བར་བཤད་པས་གང་ཟག་མཆོག་ཕལ་ཀུན་ལ་སྨན་པའི་གདམས་ཟབ་རྒྱལ་བའི་ཐུགས་རྗེའི་སྒོ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་ཤེར་དབང་གི་ཉམས་ལེན་གཞན་ལུས་ལ། གཞན་ལུས་དང༌། སྤྱོད་པས་བོགས་འབྱིན་པ་གཉིས་ལས། དང་པོ་ནི། སྙིང་བྱང་རིམ་པ་བཅུ་དྲུག་པ་ལས། མཚན་བཅས་ཐབས་ཀྱི་རྫོགས་རིམ་ནི༔ རྩ་རླུང་སྦྱང་པ་སྔོན་འགྲོ་བས༔ འཛིན་འགྲེམ་འཁྲུལ་འཁོར་དབང་ཐོབ་ནས༔ ཞེས་པ་སོགས་ཀྱིས་བསྟན་སྟེ། རང་བྱིན་རླབས་ཀྱི་ཉམས་ལེན་དེ་དག་གི་རྩ་བ་སྲོག་རྩོལ་སྒྲ་ཇི་བཞིན་དུ་འགྲུབ་ཅིང་འཕོ་མེད་ལ་གདེང་དུ་གྱུར་པ་སོགས་མཉམ་རྗེས་ཀྱི་རྩལ་ཁ་གང་ལའང་རྟོགས་གོམས་ཀྱི་ཉམས་རྟོགས་མཆེད་ཅིང་རྒྱས་པ་ན་ཤེར་དབང་གི་ཉམས་ལེན་གཞན་ལུས་ལ་འཇུག་པའི་དུས་ཏེ། དངོས་བསྟན་ལས་རྒྱ་ལ་བརྟེན་པ་ཡིན་ཀྱང་ཡེ་རྒྱ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྒྲུབ་པའི་ལམ་གཙོ་བོར་བཏོན་ཏེ་བཤད་པ་ལ་རང་ཉིད་སྣང་སྲིད་ཟིལ་གནོན་གྱི་གྲུ་མོའི་ཁ་ཊྭཱཾ་ག་གནས་འགྱུར་ཏེ་རང་འོད་ལྷན་སྐྱེས་ཀྱི་ཕྱག་རྒྱ་གཞོན་མཛེས་ལང་ཚོ་རྒྱས་པ་འཆི་མེད་ཌཱ་ཀི་མནྡྷ་རར་གསལ། ཡང་ན་བདེ་བ་ཆེན་པོ་པདྨ་རྣམ་པར་དགྱེས་པ་དམར་གསལ། ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་བསྣོལ་བས་ཡུམ་ཌཱ་རུ་དུང་དམར་ཅན་དང་སྦྱོར་ཞིང་ཁྲོ་འཛུམ་ཆགས་ཉམས་ཅན་བཞེངས་སྟབས་ཀྱིས་པད་ཉི་ལ་རོལ་པར་གསལ་ན་ཟབ་དོན་དང་འབྲེལ་ཆེ་ཞིང༌། གང་ལྟར་ཡང་ཡབ་ཡུམ་གྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གསུམ་དང་མཁའ་གསང་རྡོ་རྗེ་དང་པདྨ་སྦྱོར་བའི་ཐབས་ཀྱིས་གཞན་དོན་དུ་རྡོ་རྗེ་སེམས་དཔའ་སྒྲུབ་པའི་འདོད་པ་སྟེ། འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བའི་ཐབས་རྣམ་པ་གསུམ་གྱིས་བདེ་བ་སྤྱི་བོ་ནས་ཐིག་ལེ་འཁོར་ལོ་བཞིར་དབབ། སྤྱི་བོར་སོན་པ་དང་དགའ་བའི་ཡེ་ཤེས་སྐྱེས་པའི་རང་ངོ་བལྟ། རྩ་འཁོར་དེའི་རྡོ་རྗེའི་ལུས་ལ་རང་བཞིན་གྱིས་གྲུབ་པའི་དྭངས་མའི་དཀར་དམར་གྱི་ཆ་འཛིན་པའི་དཔའ་བོ་ཌཱ་ཀིའི་ལྷ་བདེ་སྟོང་གི་རོལ་རྩེད་ཀྱིས་མཆོད་པར་མོས་པས་མཚོན་མཆོག་དགའ། དགའ་བྲལ། ཁྱད་པར་གྱི་དགའ་བ་སྐྱེད་པ་སོགས་སྔ་མ་ལྟ་བུའི་སྙོམ་འཇུག་ཇེ་དྲག་ཏུ་བཏང་བའི་ཤུགས་ཀྱིས་སྤྱི་བོ་ནས་ཐིག་ལེ་དྲངས་བ་དང་བུམ་ཆེན་རིལ་བ་ཞབས་ཚགས་ཅན་གྱི་རླུང་སྦྱོར་ཏེ་སྐྱིལ་ཐབས་གསུམ་གྱིས་དབབ་ལ་མཁས་པ་རུ་སྦལ་གྱི་འགྲོས་ལྟ་བུའི་བདེ་བ་སྦར་ཞིང་རྒྱུན་བརྟན་པར་བྱས། རྡོ་རྗེའི་བུ་ག་དང་རྩ་ཁ་ཁ་མཱུ་ཁ། སྣ་རྩེར་ཁམས་དཀར་དམར། གཉིས་ཀའི་རླུང་སེམས་ཏེ་ཁ་སྦྱོར་གསུམ་གྱིས་བཟུང་བ་ལ་མཁས་པ་རྫ་སྣོད་ཐེམ་བུས་བཀག་པ་ལྟ་བུའི་ལྷན་སྐྱེས་ཀྱི་བདེ་བ་མྱང་བ་དང་དབྱིངས་རིག་བསྲེ། རྒྱ་མཚོ་བྲག་གཏད་གླིང་བཞི་སྡུད་པ། ཉི་ཟླ་གྱེན་ལྡོག་སོགས་ལུས། ཧཱུྃ་གི་སྟོང་འདྲེན་རིང་ཐུང་སྤེལ་མ་ངག །དམིགས་བཅས་དམིགས་མེད་ཀྱི་ཏིང་ངེ་འཛིན་གང་རུང་ལྡན་པ་ཡིད་ཀྱི་གནད་དང་གསུམ་གྱིས་དྭངས་མ་མི་འཆོར་བར་བཟུང༌། སྟག་མོའི་སྤྲུགས་སྟངས་སོགས་དུད་འགྲོའི་འགྱུར་བ་བཞི་དང༌། ཐུར་སེལ་སྲོག་རླུང་ལ་སྦུབས་པའི་རླུང་གྱེན་དུ་དྲངས། དམིགས་པ་སྤྱི་བོའི་ཧཾ་ལ་གཏོད་པའི་སྦྱོར་བ་གསུམ་གྱིས་ཐིག་ལེ་རང་གནས་སུ་ལྡོག་པ་ལ་མཁས་པ་སྐྱེན་པོའི་མདའ་ལྟར་འཕེན། སེང་གེ་རྣམ་རོལ་སོག་བྲབ། གཡང་མོའི་སྤྲུགས་སྟངས་སོགས་གཞིལ་བས་འདྲེན་ལྡོག་བྱས་པའི་ཐིག་ལེའི་བདེ་བ་རྩ་གནས་ཐམས་ཅད་ལ་ཁྱབ་པར་བཀྲམ་པ་ལ་མཁས་པ་ཡུར་བར་ཆུ་དྲངས་པ་བཞིན་འགྲེམས་ཏེ་ངལ་གསོས་པས། བདེ་བ་ངོས་བཟུང༌། འཛིན་མེད་དུ་སྐྱོང༌། སེམས་རྒྱ་ཡན་དུ་ཀློད་པའི་རྒྱས་འདེབས་གསུམ་གྱིས་གྲོལ་བ་ལ་མཁས་པ་ན་བུན་ནམ་མཁར་ཡལ་བ་ལྟ་བུའི་བདེ་སྟོང་ཟུང་དུ་ཆུད་པར་བསྐྱངས་བའི་དྭངས་མའི་ཐིག་ལེ་སྙིང་དབུས་མི་ཤིགས་པའི་གསང་མཛོད་དུ་ཟག་བཅས་ཟག་མེད་ཀྱི་ཐིག་ལེ། ཐིག་ལེ་ལྷུན་གྲུབ་འོད་གསལ། འོད་གསལ་ཀ་དག་གི་ངང་དུ་སྦས་པ་ནི་གནད་ཀྱི་གསང་བ་དམ་པའོ། །མཚོན་བྱེད་ཐབས་ཟབ་མོ་དེས་རྣམ་པ་བདེ་བ། ངོ་བོ་སྟོང་པ། དབྱེར་མེད་དཔེའི་ཚུལ་དུ་ཤར་བས་དོན་འཁོར་འདས་བརྟན་གཡོ་ཀུན་དྭངས་མའི་སྲོག་སྨྲ་བརྗོད་རྟོག་བསམ་བྲལ་བ་འདུས་མ་བྱས་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་ཅན་གྱི་ཡེ་ཤེས་མངོན་དུ་བྱེད་པ་ལ་མྱུར་ཞིང་བདེ་བའི་ཐབས་མཁས་རྨད་དུ་བྱུང་བའོ། །དེ་ལྟར་རང་ལུས་ཐབས་ལྡན་གྱི་ནུས་པའི་དྲོད་རྙེད་པས་གཞན་ལུས་ལས་རྒྱ་དངོས་ལ་བསྟེན་པ་རྣལ་འབྱོར་ཐུན་མིན་གྱི་ལམ་སྟེ་དགོས་པ་ཆུང་བས་མ་སྨོས་ལ། ཚུལ་དེ་ལ་བརྩོན་པས་ཕྱི་ནང་གཞན་གསུམ་གྱི་བྱེད་པ་གཅིག་པས་རླུང་སེམས་དབང་དུ་འདུས་ཏེ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང༌། སེམས་བདེ་གསལ་མི་རྟོག་པའི་ཏིང་འཛིན་ཁྱད་པར་ཅན་སྐྱེ་བ་དང་སྣོད་བཅུད་ཀྱི་དཔལ་ཡོན་འཕེལ་བ་དང༌། ཚེ་དང་ལང་ཚོའི་བཅུད་ལེན་གྲུབ། ངག་བདེན་ཚིག་བཙན། གཟི་བརྗིད་འཕེལ། སྣང་བ་ཟིལ་གྱིས་གནོན། བདེ་སྟོང་གི་ཏིང་ངེ་འཛིན་འཆར། གསང་སྤྱོད་ཀྱི་འདུ་བར་འབྲེལ་ཚད་གནས་ཡུལ་ལྷན་སྐྱེས་ཀྱི་དཔའ་བོ་ཌཱ་ཀི་དང་སྐལ་པ་མཉམ་པ་སོགས་ཕན་ཡོན་ཚད་མེད་དོ། །གཉིས་པ་བོགས་འབྱིན་གསང་སྤྱོད་ཀྱི་རྣལ་འབྱོར་ལ་མཉམ་བཞག་མཚན་མེད་རྫོགས་རིམ་དང༌། རྗེས་ཐོབ་མཆོད་སྦྱིན་གྱི་ཉམས་ལེན་གཉིས་ལས དང་པོ་ནི། སྙིང་བྱང་ལེའུ་བཅུ་དྲུག་པ་ལས། མཚན་མེད་འོད་གསལ་རྫོགས་རིམ་ནི༔ འཁོར་འདས་ཀུན་ཁྱབ་ཕྱག་རྒྱ་ཆེ༔ ཞེས་སོགས་ཀྱིས་གསུངས་པ་ལྟར་སྤྱིར་འདིར་རྒྱུད་ལུང་གི་རིམ་ཅན་དུ་བཤད་པ་ལས། གང་ཟག་གི་དབང་པོའི་ཁྱད་པར་གྱིས་བསྐྱེད་རིམ་ཁོ་ནར་གཙོར་འདོན་པའམ། རེ་ཞིག་རྫོགས་རིམ་ལ་འཇུག་མི་ནུས་པས་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་སྔར་བཤད་པ་ལྟར་ཉམས་སུ་ལེན་དགོས་ཤིང༌། རྫོགས་རིམ་ལ་གཙོ་བོར་ཉམས་ལེན་གྱི་མཐིལ་བྱེད་ན་སྔོན་འགྲོ་བསགས་སྦྱང་རྒྱས་པ་དང༌། བསྐྱེད་རིམ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་གཅིག་པའམ་ཕྲིན་ལས་སྙིང་པོ་ཀུན་མཁྱེན་བླ་མ་མདོ་སྔགས་གླིང་པའི་ཆོག་བསྒྲིགས་ཅན་ལྟ་བུའི་སྒོ་ནས་དུས་གྲངས་ཀྱི་བསྙེན་པ་འབྲིང་བསྡུས་ཙམ་བཏང་ལ། མཚན་བཅས་མཚན་མེད་དབང་པོའི་གང་འཁྱོལ་གྱི་རྫོགས་རིམ་གཙོ་བོར་བསྒོམ་པར་བྱ་དགོས་ཤིང༌། བསྐྱེད་རྫོགས་ཀྱི་སེམས་གནས་གྲུབ་ན་མི་དགོས་ཀྱང༌། དེ་ལྟར་མ་གྱུར་པའི་རིགས་ཀྱིས་རང་སེམས་གཉུག་མ་ལྷན་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་སྲིད་ཞི་གཉིས་མེད་ཐིག་ལེ་གཅིག་གི་ཕྱག་རྒྱས་བཏབ་སྟེ་གཉིས་སུ་བྱར་མེད་ཀྱང༌། དེ་ཉིད་མ་རྟོགས་པ་འཁྲུལ་པ་མེད་སྣང་གིས་སྒྲིབ་སྟེ་སྲིད་རྩའི་གཟུང་འཛིན་གྱི་བག་ཆགས་སུ་ཞེན་པ་ཐབས་ཀྱིས་བཅད་དེ་རང་ངོ་རང་གིས་ཤེས་པའི་གནས་ལུགས་ལ་གདེང་འཆའ་བའི་ཕྱིར་ཞི་ལྷག་གི་རྣལ་འབྱོར་གྱིས་ཉམས་མྱོང་གི་སྟེང་དུ་བཀྲི་བར་འདོད་ན། དབེན་པའི་གནས་སུ་སྒོ་གསུམ་དལ་ཞིང་ལྷོད་པས་ཐོད་སྐུ་དང༌། ཐུགས་སྲོག་ས་བོན་བྲིས་པ་དང་ཡང་ན་བར་སྣང་དུ་སྒོམ་པ་གང་ཡང་རུང་བའི་དམིགས་རྟེན་ལ་ཡིད་མིག་རླུང་གསུམ་བསྒྲིམས་ཏེ་གཏད། སེམས་གནས་པ་དང་རང་ངོ་རང་བབས་སུ་མ་ཡེངས་ཙམ་དུ་སྐྱོང༌། རྟོག་པ་བཟང་ངན་ཇི་ལྟར་ཤར་ཡང་སྤྲོ་བསྡུ་བྲལ་བར་རང་སོར་བསྐྱངས་བས་འགྱུ་བ་མ་འགགས་ཀྱང་མི་རྟོག་པའི་ངང་མ་ཤོར། རྣམ་རྟོག་སྐྱེས་ཙམ་ཉིད་ནས་རང་བཞིན་མ་གྲུབ་པའི་སྣང་སྟོང་གཉིས་མེད། རང་བྱུང་རང་ཤར་གྱི་ཉམས་མྱོང་གི་སྣེ་ཟིན་པར་འགྱུར་ལ། ཡང་འཕྲོ་རྒོད་བྱུང་བ་དང་དམིགས་རྟེན་ལ་སེམས་འཛིན་པ་རྣམས་སྤེལ་ཏེ་བྱས་པས། འཁྲུལ་པའི་རྣམ་རྟོག་གི་རྙོག་པ་དགྲ་རུ་ལྡང་སྟེ་ཉམས་མྱོང་རྗེན་པར་འཆར་དུ་མེད་པར་གཡོ་སྙམ། འདུ་བྱེད་སེམས་ཀྱི་མཚང་ཤེས་ཏེ་འགྱུ་འགྱུ་འདྲ་ཡང་ངོ་བོ་ལ་མི་རྙོག་པ་རྣམ་རྟོག་ཁོང་ཤེད་ཆག་པའི་ཐོབ་ཉམས། འགྱུ་འཕྲོ་ཤར་ཡང་ཕན་གནོད་མེད་པ་ངོ་བོའི་རྒྱན་དུ་གྱུར་ནས་རྣམ་རྟོག་གཉེན་དུ་ཤར་བ་གོམས་པ། སྣང་སྤྱོད་ཉམས་མྱོང་གི་རྩི་དང་མ་བྲལ་བར་རྟག་ཏུ་ཏིང་འཛིན་ལས་མི་འདའ་བར་བརྟན་པ། ཉིན་མཚན་མཉམ་རྗེས་ཡུལ་རྐྱེན་བཟང་ངན་གང་ཤར་ཡང་ཉམས་མྱོང་ལ་བྱིང་རྒོད་དུ་མི་ནུས་པ་སྟེ་མཐར་ཕྱིན་གྱི་ཉམས་ལྔར་རིམ་གྱིས་སྐྱེ་ཞིང༌། གཞན་ཡང་དེ་དག་གི་སྐབས་སུ་ཞི་གནས་ཀྱི་མྱོང་བ་ཅུང་ཟད་སྐྱེས་པ་དང་སེམས་ཀྱི་མཚང་བཙལ་བའི་ཕྱིར་རྟོག་པ་ཐོལ་གྱིས་སྐྱེས་པ་དང༌། ཕྱི་ནང་སྣོད་བཅུད་རང་ལུས་སྟོད་སྨད་སྣང་སྟོང་གང་ལས་བྱུང༌། འཚོལ་བྱ་འཚོལ་བྱེད་གཅིག་ཐ་དད། བྱུང་ས་བྱུང་མཁན་ལ་ཡང་ཡང་དཔྱད། ཚུལ་དེས་གནས་པ། འགྲོ་བ་ཐམས་ཅད་ལ་དཔྱད་པས་གཞི་མེད་རྩ་བྲལ་དུ་ཤེས། དབྱིབས་ཁ་དོག་གཅིག་དུ་མ་བྱུང་གནས་འགྲོ་གསུམ་ལས་མ་འདས་པར་གཏན་ལ་མ་ཕེབས་བར་འབད་པས་གཞིག་འབྲེལ་བཏང༌། གཏན་ལ་ཕེབས་པ་དང་རང་ངོ་མ་བཅོས་པར་བསྐྱངས་པས་དངོས་མཚན་གཞི་རྩ་མེད་པ། ཚིག་དང་དཔེ་བློ་ཡི་ཡུལ་མིན་པའི་སྟོང་པ། གསལ་མདངས་འགགས་མེད་ཀྱི་ཡེ་ཤེས། ཟུང་འཇུག་མཉམ་བཞག་གིས་སོ་སོ་རང་རིག་པས་རང་ངོར་ཉམས་སུ་མྱོང་ཡང་སྨྲ་བསམ་བརྗོད་བྲལ་དུ་རྟོགས་པའི་ཚེ་དེ་ཁོ་ན་རྩེ་གཅིག་ཏུ་ཉམས་ལེན་གྱི་ཞུར་ལ་དྲངས། བར་སྐབས་ཇི་ལྟར་རིགས་པར་རང་སེམས་བླ་མ་ཐ་དད་མེད་པར་ཤེས་པས་བཅོས་མ་དང་བཅོས་མིན་གྱི་མོས་གུས་རྩལ་དུ་འདོན། མཁའ་ཁྱབ་ཀྱི་ཡིད་ཅན་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་ཤུགས་དྲག་ཏུ་བསྐྱེད་པ་དང་བཅས་ཏེ་སྟོང་པ་ཕྱོགས་གཅིག་གི་གོལ་ས་ཆོད་པར་བྱ། དེའི་ཚེ་བཟང་ངན་གྱི་ཉམས་གང་ཤར་ཡང་དགག་སྒྲུབ་ཀྱིས་མི་ཞེན་པར་ཉམས་མྱོང་སོ་མ་ལམ་དུ་ཁྱེར་བས་འཁྲུལ་སྣང་ཉམས་ཀྱི་འཆིང་ཞེན་རང་གྲོལ་དུ་ཞིག་སྟེ་ཆོས་ཉིད་ཁྱབ་བརྡལ་གྱི་དགོངས་པའི་རྩལ་རྫོགས་ནས་རེ་དོགས་དང་བྲལ་བའི་ངེས་ཤེས་ཀྱིས་གདེང་རྙེད་པར་འགྱུར་བས་ཕན་གནོད་ལྷ་འདྲེའི་སྣང་བ་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཙམ་མེད་པར་ཐག་ཆོད། སེམས་ཉིད་སྐྱེ་འགག་གནས་བྲལ་ནམ་མཁའ་ལྟ་བུའི་རང་བཞིན་དུ་གཏན་ལ་ཕབ་སྟེ་རྟོགས་པ་ནི་སྐྱེ་མེད་ཡུམ་གྱི་དགོངས་པ་ཉག་གཅིག་རྩད་ནས་ཆོད་པ་གཅོད་ཡུལ་གྱི་ཟབ་དོན་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བདུད་བཞི་བཙན་ཐབས་སུ་གཅོད་པའི་མན་ངག་གོ །གཉིས་པ་ནི། རེ་དོགས་བྲལ་བའི་གདེང་རྙེད་ན༔ བརྟན་དང་མི་བརྟན་བརྟགས་པའི་ཕྱིར༔ ཞེས་པ་ལ་སོགས་པ་སྟེ། ཆོས་ཉིད་ལྟ་བའི་ཉམས་མྱོང་གི་དྲོད་ཚད་གདེང་དུ་ཁེལ་མ་ཁེལ་བརྟགས་ཤིང་བོགས་འབྱིན་པ་དང༌། བཟང་ངན་གྱི་རྐྱེན་ཐམས་ཅད་ལམ་དུ་ཁྱེར་བའི་ཕྱིར་དུར་ཁྲོད། བྲག་ནག་ཤིང་གཅིག་གི་དྲུང༌། མཚོ་གླིང་ལ་སོགས་པར་ལྷ་འདྲེ་གདུག་པ་ཅན་གྱིས་བཟུང་བ་སོགས་འཇིགས་ཤིང་ཡ་ང་བའི་གནས་སུ་སོང་སྟེ་ས་གནད་ནོན་པར་བཟུང་ལ་ཉམས་ལེན་གྱི་སྟངས་མ་ཤོར་བས་ལུས་ཀྱི་ཉྭ་བཞི་གློད་ལ་ཉལ་ཏེ་རང་ལུས་ཆེ་ཞིང་བརྗིད་པས་མགོ་དང་རྐང་པས་ལུང་པའི་ཕུ་མདའ་དང༌། རྩིབ་ལོག་གིས་གཡས་གཡོན་ཁེབས་ཏེ་ལྷ་འདྲེ་ཐམས་ཅད་དེའི་འོག་ཏུ་གཡོ་འགུལ་མི་ནུས་པར་ནོན་པར་བསམ་ལ་འཁོར་བ་མ་སྟོང་བར་མི་གཡོ་སྙམ་སྟེ་མཉམ་པར་བཞག་སྟེ་དབྱིངས་རིག་བསྲེ། དེའི་ཚེ་ཕྱི་ནང་གསང་བའི་ལྷོངས། གཟུང་འཛིན་གྱི་རྟོག་པ་གང་ཤར་ཡང་ཕཊ་ཅེས་བརྗོད་པས་གཞི་མེད་རྩ་བྲལ་ནམ་མཁའ་ལྟ་བུའི་ངང་སྦྱངས་ཏེ་ཨར་ལ་གཏད། རྗེས་ཐོབ་ཀྱི་སྐབས་སུ་ཐོག་མར་དཀར་འགྱེད་ཀྱིས་ཕུང་པོ་གཟན་བསྒྱུར་གཙོ་བོར་བྱ། བྱམས་སྙིང་རྗེའི་རྣལ་འབྱོར་ལ་གཙོ་བོར་འདོན་པས་ཐ་མལ་གྱི་རྟོག་པའི་རྐུན་བུ་མ་ཤོར་བར་གཅེས་ཤིང༌། ཚུལ་དེས་དང་པོ་གཉན་ཁྲོད་ཤིས་པ་ཁ་ཤས་འགྲིམས་ནས་མཉམ་རྗེས་ཀྱི་ཉམས་ལེན་སྤེལ། དེ་ནས་གཉན་ཁྲོད་བར་མ་དང༌། རྩུབ་པ་འགའ་ཞིག་ལ་སྔར་ལྟར་བསྒོམས་པས་གཏན་ལ་འབེབས་པ་ན་ཞི་དྲག་སྤེལ་མ་དང༌། མཐར་དྲག་གཅོད་འབའ་ཞིག་གིས་བསྒོམས་པས་རང་རྒྱུད་ཀྱི་ཉམས་ལེན་གྱི་གདེང་དང་བསྟུན་པར་ལམ་དུ་ལོངས་པར་འགྱུར་ལ། དེ་ལ་སྒྱུ་མ་ལྟ་བུའི་ཏིང་འཛིན་དང་པོ་དཀར་འགྱེད་ནི། རང་ལུས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་རྣམ་ཤེས་རྣལ་འབྱོར་མ་ཁྲོས་མ་ནག་མོ་གྲི་ཐོད་ཁ་ཊྭཱཾ་ཅན་ཕཊ་ཅེས་བརྗོད་པས་ཚངས་བུག་ནས་རི་རྩེ་ནས་ན་བུན་གྱེན་དུ་འགྲོ་བ་ལྟར་ཐོན་བར་སྣང་ལ་འཁོད། གྲི་གུག་གིས་བེམ་པོའི་སྨིན་མཚམས་ནས་འབྲེག །མདུན་ངོས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་བཞག་པའི་ནང་དུ་གྲི་གུག་གིས་ཤ་ཁྲག་རུས་པ་དུམ་བུར་གཏུབས། ཨོཾ་ཨཱཿཧཱུྃ་བརྗོད་པས་མ་དག་པ་སྦྱངས་ཏེ་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ལྡན་པའི་རྒྱ་མཚོར་འཁྱིལ་བའི་རླངས་པ་འདོད་ཡོན་ལྔ་ལྡན་གྱི་ཀུན་བཟང་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་ཟག་མེད་བདེ་ཆེན་གྱི་བདག་ཉིད་དུ་འཆར་བར་བསམ་ལ། རྣལ་འབྱོར་མ་གྲངས་མེད་པས་ཕྱག་གི་ཐོད་པས་བཅུས་ཏེ་མཆོད་སྦྱིན་གྱི་མགྲོན་ཐམས་ཅད་ལ་མཆོད་རྫས་སུ་ཕུལ་བས་དགྱེས་ཞིང་ཚིམས། སྦྱིན་ཡུལ་ཐམས་ཅད་གནས་སྐབས་མཐར་ཐུག་གི་བདེ་བས་ཚིམས་པར་བསམ། གཉིས་པ་ཁྲ་འགྱེད་ནི། རང་ལུས་ཀྱི་བདུད་རྩི་མཆོད་ཡུལ་རྣམས་ལ་བཀྲ་ཤིས་རྫས་རྟགས། རིན་ཆེན་བདུན། མཐུན་རྫས། བསྐང་རྫས་སོགས་སྲིད་ཞིའི་དཔལ་འབྱོར་ཟག་མེད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དང་སྦྱིན་ཡུལ་ལ་ཟས་གོས་གནས་མལ་ལོངས་སྤྱོད་སོགས་རང་རང་གི་སྡུག་བསྔལ་སེལ་བ་ལ་ཇི་ལྟར་འདོད་པའི་ཡོ་བྱད་གཅེས་འཛིན་དང་ཕངས་སེམས་མེད་པར་ཤར་བ་མགྲོན་སོ་སོར་ཕུལ་བས། ཐུགས་མཉེས་ཏེ་བྱིན་རླབས་དངོས་གྲུབ་ཐོབ། ཕྲིན་ལས་བསྒྲུབས། སྦྱིན་ཡུལ་རྣམས་ཚིམས་བུ་ལོན་བྱང༌། ཤ་འཁོན་ཞི། ལན་ཆགས་དག་ནས་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དབུགས་དབྱུང་བར་བསྒོམ། །གསུམ་པ་དམར་འགྱེད་ནི། རང་ལུས་ཚོ་སྣུམ་ཆེ་བརྗིད་སྟོང་གསུམ་ཁྱབ་པ་ལ་རྣལ་འབྱོར་མས་གྲི་གུག་ལྤགས་པ་ཤལ་གྱིས་བཤུས་ནས་དམར་ཆམ་གྱིས་བཏང༌། དེའི་སྟེང་དུ་ནང་ཁྲོལ་མགོ་ཡན་ལག་རྣམས་སྤུངས་ཏེ་ཤ་རི་ཁྲག་མཚོ་འཇིག་རྟེན་གང་བ་ལ། ཁམས་གསུམ་ན་རྒྱུ་བའི་ལྷ་མ་སྲིན་སྡེ་དཔུང་དང་ཁྱད་པར་རང་ལ་གནོད་བྱེད་ཀྱི་ཚོགས་བོས་ཏེ། ཐོག་མེད་ནས་གཅེས་འཛིན་འགོང་པོས་རྒྱུད་དཀྲུགས་པས་ནད་གདོན་སྡུག་བསྔལ་གྱི་གཞི་རྟེན་དུ་གྱུར་པའི་ལུས་འདི་ལྷ་འདྲེ་རྣམས་ལ་ཅི་འདོད་དུ་སྟེར་བས། ཤ་འདོད་ན་ཤ། ཁྲག་འདོད་ན་ཁྲག་སོགས་གང་དགའ་བ་དང་དགོས་ཚད་ཟོ། ཁྱག་ཚད་ཁུར་ཏེ་སྤྱོད་པས་གནས་སྐབས་སུ་དགའ་མགུ་ཡི་རང༌། ཤ་འཁོན་བུ་ལོན་ལན་ཆགས་ཐམས་ཅད་བྱང་ཞིང་དག །མཐར་ཐུག་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ། བཞི་པ་ནག་འགྱེད་ནི། ཡང་སྔར་ལྟར་རང་ལུས་ཤ་ཁྲག་གི་ཕུང་པོ་ལ་ནད་གདོན་སྡིག་སྒྲིབ་བྱད་ཕུར་རྦོད་གཏོང་ཐམས་ཅད་དེ་ལ་འདུས་པས་ནག་ཕུང་གིས་སོལ་བ་ལྟར་སོང་བ་ལ་ལྷ་འདྲེ་ཐམས་ཅད་རྔམས་སེམས་སྐྱེས་ཏེ་བཀྲེས་པར་ཁ་ཟས་སྤྲད་པ་བཞིན་ལྷག་མེད་དུ་ཟོས་པས་ངོམས་ཤིང་འགྲངས་ཏེ་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་མྱོས་ཤིང་བརྒྱལ་ཏེ་གནས་པར་བསམ། འགྱེད་ཞི་དྲག་གཉིས་གང་ལའང་མཐར་དབྱིངས་རིག་བསྲེས་ལ་མཉམ་བཞག་སྐྱོང༌། འཇིགས་སྐྲག་ཉམ་ང་སོགས་རྐྱེན་ངན་གྱི་རྟོག་པ་ལྷོངས་ན་སེམས་ནི་ལྷ་འདྲེ་ལས་རང་གིས་མི་མཐོང༌། ལུས་ཁྱེད་ཅག་ལ་བྱིན་ཚར་བས་ཆགས་ཞེན་གྱིས་ཅི་བྱ། ཁྱེད་ཅག་གང་དགའ་གྱིས་བསམ་ལ་གཅེས་འཛིན་ལིང་གིས་བཏང་སྟེ་སྟོང་ཉིད་ལ་བློ་བཞག །རྗེས་ཐོབ་ཏུ་བདེ་སྡུག་གཏོང་ལེན་གྱི་དམིགས་པ་བྱ། དེ་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བརྩོན་པས་ལྷོང་གཅོད་ཚར་གསུམ་མཐར་དབྱུང་བ་ལ། ལྷ་འདྲེའི་ཆོ་འཕྲུལ་དང་འཇིགས་སྐྲག་དངོས་ཉམས་རྨི་ལམ་དུ་བྱུང་བ་ལྷོང་ཚད། དེ་དག་ཅི་བྱུང་ཡང་སེམས་སྣང་ཙམ་ལས་སྐྱེ་འགག་གནས་བྲལ་དུ་ཤེས་པ་གཅོད་བྱེད། ཟས་ནོར་འདུ་བ་སོགས་དངོས་གྲུབ། ལུས་ལས་སྲོག་ཆགས་ཐོན་པ། རྣག་ཁྲག་ཟག་པ་སོགས་གདོན་དང་ནད་ལས་ཐར་བའི་རྟགས་ཐུན་མོང་དང༌། ཉི་ཟླ་ཤར་བ། ཕྱག་བསྐོར་བྱེད་པ། ཆོས་ཞུ་སྲོག་སྙིང་འབུལ་བ་སོགས་ཁྱད་པར་གྱི་རྟགས་དང༌། ནད་གདོན་ཆོ་འཕྲུལ་རང་སེམས། སེམས་སྐྱེ་མེད་དུ་ཤེས་པ་ཉམས་མྱོང་གི་གདེང་ཚད་ཐོན་པ་མཆོག་གི་ཚར་ཚད་གསུམ་གང་རུང་འབྱུང་ལ། དེ་དག་མཆོག་དམན་གྱི་རྟགས་ཚད་གང་ལའང་རེ་དོགས་དགའ་བྲོད་རློམས་སེམས་མི་བྱ་བར་གནས་ལུགས་བཅོས་བསྒྱུར་དང་བྲལ་བའི་དོན་གྱི་དགོངས་པ་བསྐྱངས། ལྷ་འདྲེ་ལ་བྱམས་སྙིང་རྗེའི་བསྔོ་སྨོན་བཅས་བྱའོ། །གང་ལྟར་ཡང་དེ་ལྟར་ཉམས་སུ་བླངས་བས་དགྲ་གཉེན་ལ་ཆགས་སྡང་སོགས་ཐོགས་བཅས། ཡིད་ཡུལ་གྱི་མྱོང་ཚོར་ལ་རེ་དོགས་ཐོགས་མེད། དགེ་སྦྱོར་གནས་ལོངས་སྤྱོད་ལ་བཟང་འཛིན་སྐྱེ་བ་དགའ་བྲོད། བདག་འཛིན་གྱི་རྟོག་པ་ལ་ཞེན་པ་སྙེམས་བྱེད་ཀྱི་བདུད་བཅས་ལ་གང་ཤར་འཛིན་མེད་ཀྱི་དབྱིངས་སུ་ཕཊ་ཅེས་བརྗོད་པས་བཅད་དེ་ཉམས་བསྐྱངས་བས་དབྱིངས་རིག་གི་དགོངས་པའི་རྩལ་རྫོགས། ཆོས་བརྒྱད་དབྱིངས་སུ་རོ་སྙོམས་འོད་གསལ་གཉུག་མའི་གཏན་སྲིད་ཟིན་པར་འགྱུར་བས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་གསུངས་པའོ། །མདོར་ན་དོན་དམ་སྟོང་ཉིད་ཀྱི་རྣལ་འབྱོར་དང་ཀུན་རྫོབ་སྙིང་རྗེའི་ལྷ་འདྲེ་རྗེས་སུ་འཛིན་པའི་ཐབས་མཁས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་བླངས་པས་འགལ་རྐྱེན་གྲོགས་སུ་ཤར། རྟོགས་པར་བོགས་དབྱུང་བའི་ཐབས་ཟབ་མོའོ། །གསུམ་པ་དབང་བཞི་པའི་རྗེས་འབྲེལ་རིག་སྟོང་ཟུང་འཇུག་གི་རྣལ་འབྱོར་ལ། ཉམས་ལེན་གྱི་ལམ་དངོས་དང༌། མཐའ་རྟེན་དེ་ལྟར་བསྒོམས་པའི་ལམ་འབྲས་ཀྱི་རྣམ་བཞག་གཉིས་ལས། དང་པོ་ནི། སྙིང་བྱང་ལེའུ་བཅུ་དྲུག་པ་ལས། མཐར་ཐུག་མཆོག་གི་རྫོགས་རིམ་ནི༔ གཞི་དབྱིངས་ཀ་དག་འདུས་མ་བྱས༔ གཞི་སྣང་ལྷུན་གྲུབ་ལམ་དུ་ཤར༔ དབྱེར་མེད་མངོན་གྱུར་འབྲས་བུར་སྨིན༔ འོད་གསལ་རྫོགས་ཆེན་དགོངས་པའོ༔ ཞེས་སོགས་གསུངས་པ་ལྟར་གསང་ཤེར་གྱིས་བདེ་སྟོང་གི་ཉམས་མྱོང་བརྟན་པ་ན་ཐེག་རིམ་མཐའ་དག་གི་སྐྱེལ་སོ། བཞི་པའི་དབང་དང་འབྲེལ་བའི་ཡེ་ཤེས་ལམ་བྱེད་རྣལ་འབྱོར་ཀུན་གྱི་རྩེ་མོ། །བྱ་བྲལ་འབྲས་བུའི་ཐེག་པ་ཤིན་ཏུ་རྣལ་འབྱོར་སྒྲུབ་པ་ཆེན་པོ་ཨ་ཏི་ཡོ་ག །སློབ་ལམ་བར་ཆད་མེད་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་འཛིན། འོག་མའི་ལམ་དང་འབྲས་བུ་ཐམས་ཅད་ལ་བཟླ་བའི་ཐབས་ཀྱི་གསང་བ་མཐར་ཐུག་པ་ངོ་བོ་ཀ་དག་གི་ཡེ་ཤེས་དང༌། རང་བཞིན་ལྷུན་གྲུབ་ཀྱི་རྣལ་འབྱོར་རྣམས་ཉམས་སུ་ལེན་པའི་ཚུལ་ནི་གོང་གི་བསྡུ་རིམ་གྱི་སྐབས་སུ་མདོ་ཙམ་སྨྲས་ཞིང་རྒྱས་པ་ལོ་ཆེན་འཇམ་པའི་དབྱངས་ཡོན་ཏན་རྒྱ་མཚོའི་གསུངས་པ་ལྟར་ཤེས་པར་བྱ་བ་ཁོ་ནའོ། །གཉིས་པ་ནི། དེ་ཚེ་མཆོག་གི་དངོས་གྲུབ་མངོན་གྱུར་ཕྱིར༔ སྣང་སེམས་རོ་གཅིག་རྫུ་འཕྲུལ་སྣ་ཚོགས་སྟོན༔ ལུས་མ་འགྱུར་ཀྱང་སེམས་ཉིད་ལྷ་ཡི་སྐུར༔ རྣམ་པར་སྨིན་པའི་རིག་འཛིན་དང་པོ་གྲུབ༔ རྡོ་རྗེའི་ལུས་གྱུར་ཚེ་ལ་དབང་བ་ཐོབ༔ རིགས་ལྔ་ཕྱག་རྒྱ་ཆེན་པོའི་རིགས་མཆོག་ལ༔ བརྟེན་ནས་ས་བཅུའི་མཐར་སོན་རྒྱལ་ཚབ་ཆེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་མངོན་དུ་འགྱུར༔ ཞེས་པ་སྟེ། དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར་ལ་གོམས་པས་མཆོག་གི་དངོས་གྲུབ་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་པ་དང་ཉེ་རྒྱུའི་སྤྱོད་པ་སྟོབས་ཆུང་བས་ངོ་བོ་གདོས་བཅས་ཀྱི་ཕུང་པོ་གནས་མ་འགྱུར་ཡང་སེམས་ཉིད་ལྷ་ཡི་སྐུར་སྨིན་ཏེ་ལུས་ཕྱག་ཆེན་ལ་སྦྱོར་བ་འཕགས་ལམ་ས་དང་པོ་དང་སྐལ་པ་མཉམ་པ་རྣམ་སྨིན་རིག་འཛིན་དང༌། ཤེས་རབ་དང་ཏིང་ངེ་འཛིན་གྱི་རྟོགས་གོམས་ཁྱད་པར་ཅན་དུ་གྱུར་ནས་བློ་ནུས་དང་སྤྱོད་པ་ཆེ་བས་ངོ་བོ་ལུས་ཁམས་སེམས་ཀྱི་ཟག་པ་གསུམ་ཟད་ནས་མཐོང་བའི་ལམ་དུ་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ནས་ཚེ་ལ་དབང་བའི་རིག་འཛིན་ས་བརྒྱད་པའི་འཕགས་པ་དང་སྐལ་པ་མཉམ། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་གོམས་པས་རྒྱུན་དང་ཀུན་འགྲོའི་སྒྲིབ་པ་དག་ནས་ངོ་བོ་མི་གཡོ་བའི་ཏིང་འཛིན་གྱིས་ལྷན་ཅིག་གནས་པའི་དྲི་མ་སྦྱང༌། ཡེ་ཤེས་སྒྱུ་མའི་སྐུས་སྤྲུལ་པ་ཅིར་ཡང་སྟོན་པ་ས་དགུ་པ་དང་སྐལ་མཉམ་ཕྱག་ཆེན་ཏེ། ནང་གསེས་སུ་གཉིས་པ་ནས་ལྔ་པའི་བར་རྡོ་རྗེ། དྲུག་པ་ནས་བདུན་པར་འཁོར་ལོ། བརྒྱད་པ་རིན་པོ་ཆེ། དགུ་པ་པདྨ། བཅུ་པ་རལ་གྲིའི་རིག་འཛིན་ཏེ་རིགས་ལྔའི་གདུང་འཛིན་པའི་ཚུལ་གྱིས་མཐར་ལམ་ལ་སྦྱོར་བར་བྱེད་ལ། སློབ་ལམ་བཞིས་ཤེས་རབ་གསུམ་མཐར་ཐུག་ལྷག་གནས་ཀྱི་དྲི་མ་དག་པས། ངོ་བོ་འཕགས་ལམ་གྱི་སྤང་རྟོགས་མཐར་ཕྱིན་མི་སློབ་པའི་སངས་རྒྱས་རྒྱལ་ཚབ་ཆེན་པོའི་ས་ལ་སྐུ་ལྔ་ལྷུན་གྲུབ་ཀྱི་ཆ་ལུགས་འཛིན་པ། མདོ་ལམ་གྱི་ས་བཅུ་གཅིག་དང་སྐལ་མཉམ་གྱིས་སྐུ་གསུམ་ཡེ་ཤེས་ལྔ་ལྡན་གྱི་དཔལ་ལ་སྤྱོད་པ་སྟེ། དབྱིངས་ཐོག་ཏུ་རིག་པ་གྲོལ་ཏེ་སྤྲོས་པ་ཐམས་ཅད་ཞི་བ་ཆོས་སྐུ། དག་པའི་གདུལ་བྱ་ལ་རྒྱུ་འབྲས་ཀྱི་མཚན་དཔེ་སྣང་སྟོང་ཟུང་འཇུག་ལོངས་སྐུ། མ་དག་པའི་འགྲོ་བ་ལ་བཟོ་སྐྱེ་མཆོག་སོགས་སྤྲུལ་སྐུ། ཟག་མེད་ཀྱི་ཡོན་ཏན་བསམ་མི་ཁྱབ་པས་མངོན་པར་བྱང་ཆུབ། སྐུ་གསུམ་དབྱེར་མེད་རོ་གཅིག་པ་མི་འགྱུར་རྡོ་རྗེའི་སྐུ་སྟེ་ལྔ། ཆོས་ཉིད་བསམ་བརྗོད་ལས་འདས་པའི་ཡེ་ཤེས་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཆོས་སྐུ་དོན་གྱི་གསུང༌། འཁོར་གྱི་བློ་ལ་དོན་གྱི་བརྡ་འཕྲོད་པ་ལོངས་སྐུ་བརྡའི་གསུང༌། ཚངས་དབྱངས་ཡན་ལག་དྲུག་ཅུས་གང་ལ་གང་འདུལ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པ་སྤྲུལ་སྐུ་ཚིག་གི་གསུང༌། རིགས་དྲུག་སོ་སོའི་སྒྲ་སྐད་དང་མོས་པ་ཇི་ལྟར། དེ་ལྟར་སྣང་ཞིང་དེ་ཐམས་ཅད་ཀྱང་ཅིར་ཡང་མི་འགགས་པའི་ཡེ་ཤེས་མངོན་བྱང་རིག་པའི་གསུང༌། གྲགས་སྟོང་གཉིས་སུ་མེད་པས་མཐའ་གཉིས་གྲོལ་བར་བརྡ་འཕྲོད་པ་ནི་ཡེ་ཤེས་རྡོ་རྗེའི་གསུང༌། དག་པ་གཉིས་ལྡན་ཆོས་དབྱིངས། གསལ་ལ་མི་རྟོག་པ་མེ་ལོང༌། འགྲོ་དོན་ཐོགས་མེད་བྱ་གྲུབ། མ་འདྲེས་མཁྱེན་པ་སོར་རྟོག །ཆོས་ཐམས་ཅད་མཉམ་པར་ཟླུམ་པ་མཉམ་ཉིད་སྟེ་ཡེ་ཤེས་ལྔ་དང༌། ཞིང་ཁམས་གཞལ་ཡས་ཁང༌། འོད་ཟེར་གདན་ཁྲི་རྒྱན་ལ་སོགས་པའི་ཡོན་ཏན། ཕྲིན་ལས་བཞི་དང་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་ཚད་མེད་པའི་རོལ་བས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་མཛད་པའི་གོ་འཕང་བླ་ན་མེད་པ་མངོན་དུ་གྱུར་པའོ། །གསུམ་པ་ནི། །དེ་ལྟར་གཞི་དབང་གིས་སྨིན། སྲོག་དམ་ཚིག་གིས་བཟུང༌། དེ་ཁོ་ན་ཉིད་ལྟ་བས་རྒྱུད་སྦྱང༌། ལམ་རིམ་གཉིས་ཀྱི་ཏིང་འཛིན་དང་དཀྱིལ་འཁོར་སྒྲུབ་རྫས་སོགས་ཚུལ་བཞིན་ཚོགས་པས་སྔགས་ཕྱག་རྒྱ་མཆོད་བསྟོད་སྤྱོད་པ་དང་བཅས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་སྦྱོར་བའི་ལམ་གྱི་བསྒྲུབ་བྱ་རྩ་བ་གསུམ་གྱི་གསང་གསུམ་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པ། བྱིན་རླབས་དངོས་གྲུབ་སྩོལ་བ་ལ་གཞན་ལས་ཁྱད་པར་དུ་འཕགས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་གྱི་རྣལ་འབྱོར་ལམ་དུ་བྱེད་པ་སྟེ། དེ་ལའང་ཕྱི་གསོལ་འདེབས། ནང་བླ་མ་ཞི་བ་སྐུ་གསུམ། གསང་བ་དྲག་པོ་དམར་མཐིང་གི་ཚུལ་དུ་སྒྲུབ་པ་ཐམས་ཅད་ཚང་ཞིང་དོན་འདྲིལ་བ་རྒྱལ་བ་སྐུ་གསུམ། རིག་འཛིན་རྩལ་འཆང་བཅུ་གཉིས་ཀྱི་འཁོར་ལོ་སྤྱི་དང་བྱེ་བྲག་གི་སྒྲུབ་པའི་ཚུལ་གྱིས་མཆོག་ཐུན་དངོས་གྲུབ་རབ་འབྱམས་སྒྲུབ་པའི་ཐབས་རྩ་བ་དང་ཡན་ལག་གི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སྒྲུབ་པའི་འཕྲལ་ཡུན་དུ་ཕྱི་ནང་གསང་བའི་བར་ཆད་སེལ་བའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི་ཚུལ་བཞིས་གསང་བ་ངོ་མཚར་རྨད་དུ་བྱུང་བའི་དགོངས་པ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ། སྤྲུལ་པའི་གཏེར་འབྱིན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ། རིག་འཛིན་གྲུབ་པའི་སྤྱི་རྗེ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཐུགས་སྒྲུབ་ཀུན་གྱི་ཡ་གྱལ། ཟབ་ལ་ཁྱེར་བདེ། ཁ་ཚང་དོན་དྲིལ་དུས་བབས། ཐུན་མིན་གྱི་སྨར་ཆོས། རྒྱུད་ལུང་མན་ངག་གི་ངེས་པའི་གསང་བ་མཐར་ཐུག་ཁྱད་པར་ཅན་ཏེ་གཞུང་རྩ་བ་ལས། དེ་ལྟར་རྒྱུད་ལུང་མན་ངག་རྒྱ་མཚོའི་བཅུད༔ ཁ་ཚང་དོན་འདྲིལ་བྱིན་རླབས་བབ་ཆེན་པོ༔ ཉམས་སུ་བླང་བདེ་ཚེ་གཅིག་སངས་རྒྱས་ལམ༔ འདི་ནི་རིག་འཛིན་སྒྱུ་འཕྲུལ་དྲ་བ་དང༔ ཀུན་བཟང་སེམས་ཉིད་གཅེར་མཐོང་དགོངས་པའི་གནད༔ སྙིང་གི་ཟུངས་ཁྲག་ལྟ་བུར་བསྡུས་བྱས་ཏེ༔ ད་ལྟའི་མངའ་བདག་ཡབ་སྲས་རྗེ་འབངས་དང༔ མ་འོངས་སྣོད་ལྡན་འགྲོ་བའི་དོན་ཆེད་ཕྱིར༔ རང་བྱུང་ཆེན་པོ་པདྨ་བདག་གིས་བསྟན༔ བདུད་རྩི་ཡལ་བར་མ་དོར་བཅུད་ལོངས་ལ༔ མཆོག་ཐུན་དངོས་གྲུབ་སྒྲུབས་ཤིག་ཕྱི་རབས་རྣམས༔ རྟག་ཏུ་གསོལ་བ་ཐོབ་ཅིག་ང་ཡི་བུ༔ བསྐྱེད་བཟླས་འབྲལ་མེད་གྱིས་ཤིག་རིགས་སྔགས་འཆང༔ དགོངས་པ་དབྱིངས་སུ་སྐྱོལ་ཅིག་རྣལ་འབྱོར་རྣམས༔ ཞེས་དང་སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན་ཞིང༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བ་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུའི་གླིང་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་སླད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཙམ་དུ་བསྟན་པ་ཡིན༔ དེ་བས་ན་ཁོ་བོ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད༔ རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པ་ཡིན་ནོ༔ ཞེས་དང༌། དམ་པའི་ཆོས་ཚུལ་བཞིན་བྱེད་པ་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང༔ དེ་སེལ་བའི་ཐབས་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གསུངས་མི་གསུང་གསུང་པར་མི་འགྱུར་བའོ༔ བར་ཆད་སེལ་ན་དངོས་གྲུབ་ཀྱང་དེས་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ས་ལམ་ཐམས་ཅད་བགྲོད་པ་ཡིན་པས་ཐོག་མར་ཕྱི་ནང་གསང་བའི་བར་ཆད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་རྡོ་རྗེའི་གསུང་གི་གསང་བ་ལྷུག་པར་བསྩལ་བ་ལྟར་ལ། དེར་མ་ཟད་སྒྲུབ་ཐབས་རྩ་བའི་སྨིན་ཁྲིད་ཀྱི་རིམ་པ་འདིས་མཚོན་ནས་ཡན་ལག་གི་སྒྲུབ་སྡེ་གཞན་ལའང་ཉམས་སུ་ལེན་དུ་རུང་ཞིང༌། ཕྲིན་ལས་བཞི་སོགས་དངོས་གྲུབ་ཁྱད་པར་ཅན་སྩོལ་བ་ལ་གཙོ་མཆོག་གུ་རུ་རིན་པོ་ཆེ་ཉིད་ལྷ་སྔགས་དེ་དང་དེའི་ཕྱག་རྒྱར་བཞེངས་ན་བྱིན་རླབས་མྱུར་ཞིང༌། སྐབས་སུ་གང་བབ་འབྲེལ་ཆགས་པའི་བསྐྱེད་རྫོགས་རྫོགས་ཆེན་གྱི་མན་ངག་རྣམས་ལེའུ་སོ་སོར་གསུངས་པ་ཙམ་ལས། དོན་ལ་དཀྱིལ་འཁོར་ཐམས་ཅད་གཙོ་བོ་གཅིག་གི་ཆོ་འཕྲུལ་ལས་མཆོག་ཕལ་མེད་པར་རྒྱུད་ལུང་མན་ངག་ཐམས་ཅད་དུ་གསུངས་པ་དང༌། ཁྱད་པར་འདིར་ནི་ངོ་བོ་དང་རྣམ་པ་གཉིས་ཀ་གུ་རུ་རིན་པོ་ཆེ་གཅིག་གི་མཚན་དང་སྐུ་ཡི་བཀོད་པའི་ལྷ་སྔགས་ཐམས་ཅད་གཅིག་ཅིང་དེར་མ་ཟད་སྐུ་གསུམ། རྣམ་འཕྲུལ་བཅུ་གཉིས་རང་གང་ལ་མོས་ཆེ་བ་དེ་ལ་གཙོ་བོར་བཟུང་སྟེ་ལམ་གྱི་རིམ་པ་འདི་ལྟར་ཉམས་སུ་བླང་པས་དངོས་གྲུབ་མྱུར་བ་སོགས་དགོས་པ་དུ་མ་དང་ལྡན་པའི་ཕྱིར་རྩ་བ་ཡན་ལག་གི་སྒྲུབ་ཚུལ་སྤྱི་ཡི་བསྐྱེད་རྫོགས་ཀྱི་ཆིངས་ཆེན་པོར་ཤེས་པར་བྱ་དགོས་ལ། སྤྱིར་གཞུང་འདི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ཟབ་གནད་ཚང་ལ་ཁྱེར་བདེ་ཐུན་མོང་མ་ཡིན་པའི་ཟབ་ཁྱད་དུ་མ་དང་བཅས་པས་འདིར་ཡང་རྩ་བའི་མདོ་འགག་ཙམ་ལས་རྒྱ་ཆེར་ཡི་གེ་མང་གིས་དོགས་ཏེ་མ་སྤྲོས་པས། ཞིབ་ཏུ་ཤེས་པར་འདོད་ན་རྗེ་བླ་མ་རྣམ་གཉིས་ཀྱི་ཟབ་གཏེར་བླ་སྒྲུབ་སྐོར་བཞིའི་ཐུན་མོང་གི་རྒྱབ་ཆོས། མན་ངག་རྒྱུད་ཀྱི་གསང་བ་རྡོ་རྗེའི་ཚིག་རྐང་ལམ་རིམ་ཡེ་ཤེས་སྙིང་པོ་རྩ་འགྲེལ་གཙོ་བོར་གྱུར་པའི་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་ལུང་མན་ངག་གི་གསང་བ་ཟབ་མོ་དག་ལ་ཐོས་བསམ་སྒོམ་གསུམ་གྱིས་གཏན་ལ་ཕབ་སྟེ་ཉམས་སུ་བླང་ན་ཟབ་གསང་གི་གནད་ཁྲོལ། ཆོས་ལ་རྒྱུ་མཚན་ཤེས་པས་ཡིད་ཆེས་སྐྱེ། མན་ངག་གི་དགོངས་པ་གནད་དུ་བསྡེབས་ནུས་པ་སོགས་དགོས་པ་ཁྱད་པར་ཅན་དང་བཅས་པས་བློ་ལྡན་དག་ལ་གདམས་པའོ། །རྒྱ་ཆེའི་གསང་བ་རྒྱུད་དང་གཉིས་མེད་མཁས་རྣམས་ཀུན་དགའི་བློ་གྲོས་བསྐྱེད། །ཟབ་མོའི་མན་ངག་གྲུབ་བརྒྱའི་དགོངས་ཉམས་རིག་འཛིན་རྒྱ་མཚོའི་ཐུགས་ཀྱི་ཐིག །ལྔ་བརྒྱའི་མུན་སེལ་ཕན་བདེའི་དཔལ་སྤེལ་གངས་ཅན་སྐྱོབ་པའི་གཉེན་གཅིག་པུ། །ཚུལ་འདི་མཐོང་ཚེ་རྒྱ་ཆེར་གྲགས་ཀུན་ཉི་མའི་མདུན་སར་མེ་ཁྱེར་བཞིན། །སྔོན་མེད་ཆོས་ཀྱི་སྒོ་བརྒྱ་འགྱེད་ལ་མཆོག་གྱུར་གླིང་པ་གུ་རུ་དངོས། །ཡོངས་རྫོགས་ཐུབ་བསྟན་ཤིང་རྟ་འདྲེན་མཛད་མཁྱེན་བརྩེའི་དབང་པོ་སངས་རྒྱས་གཉིས། ངོ་མཚར་འཆད་རྩོད་རྩོམ་པའི་མཐུ་ཐོབ་བློ་གྲོས་མཐའ་ཡས་རྒྱན་དྲུག་མཆེད། །མཚུངས་མེད་འཇམ་མགོན་བརྒྱུད་པའི་རིང་ལུགས་འཛམ་གླིང་མཛེས་རྒྱན་ཨུ་དུམ་ཝར། །གང་གི་རིང་ལུགས་སྐལ་ལྡན་ཤིང་རྟ་ཕྲིན་ལས་དྲང་སྲོང་དམོད་པ་ཡིས། །སྔོན་སྨོན་ཚལ་དུ་ཅི་དགར་འདྲེན་མཛད་མཚུངས་མེད་འཇམ་དབྱངས་བླ་མ་རྗེའི། །ཐུན་མིན་བརྩེ་བས་ཐུགས་ཀྱི་དགོངས་གཏད་དོན་བརྒྱུད་ངེས་པའི་འབབ་སྟེགས་ཀྱིས། །བྱིན་རླབས་ཡིད་ཆེས་གསོས་སུ་ཐོབ་པས་འབད་པ་འདི་ཡང་དོན་ལྡན་སྙམ། །རྨད་བྱུང་མཁྱེན་བཟང་འདབ་སྟོང་བརྩེ་ཆེན་གྱི། །འཛུམ་ལས་སྨིན་གྲོལ་ལེགས་བྲིས་བཏུང་བ་ཡིས། །བློ་གྲོས་བུང་བ་སིམ་པའི་གླིང་བུ་འདི། །སླར་ཡང་དགྱེས་པའི་མཆོད་སྤྲིན་གུས་པས་བསྟར། །རྣམ་དཔྱོད་ནོར་བུའི་འདྲེན་བྱེད་རབ་དྭངས་ཤིང༌། །རྟེན་བཟང་སྤུ་སྡུག་སྒེག་པའི་རྩེ་གར་བཅས། །དོན་མཐུན་མཆེད་ཀུན་དགྱེས་པའི་ཀུན་དགའི་ཚལ། །འདི་གྱུར་སྤང་ཀློག་དགེ་མཚན་དར་བའི་གསོས། །གང་ལས་བྱུང་བའི་རབ་དགེ་དཔལ་གྱི་དུམ། །ཡོངས་བསྔོའི་ཀུན་གསལ་མཛེས་པའི་རྒྱན་གྱུར་ཏེ། །ལུང་རྟོགས་སྤྲིན་གྱི་མེ་ཏོག་མི་ཟད་པས། །ཐུབ་བསྟན་ཆུ་གཏེར་ཉིན་བཞིན་འཕེལ་གྱུར་ཅིག །མཚོ་སྐྱེས་བླ་མའི་ཐུགས་བསྐྱེད་འབྲུག་སྒྲ་ཆེའི། །གངས་ཅན་གཉིས་སྐྱེས་སིམ་པའི་རྟེན་འབྱུང་གིས། །སྙིགས་མའི་གདུང་བ་བསྙིལ་བས་དེ་མ་ཐག །རྫོགས་ལྡན་ཟློས་གར་རྟག་པར་བསྒྱུར་བར་སྨོན། །བདག་ཀྱང་སྐྱེ་ཀུན་མོས་གུས་གཞལ་མེད་ཁང༌། །བླ་མ་སྨྲ་བའི་སེང་གེ་དགྱེས་རྩེན་པས། །ལེགས་བཤད་ཏམ་བུ་ར་ཡི་རབ་འབྱམས་ཞིང༌། །རྟག་སྙན་སྤོབས་པའི་གཏེར་མཛོད་གྲོལ་གྱུར་ཅིག །ཉམས་དགའི་སྨན་ལྗོངས་རྣམ་གཡེང་འདུ་འཛི་ལས། །རབ་སྤང་ཟག་མེད་ཏིང་འཛིན་རོལ་མོ་ཡིས། །རྡོ་རྗེའི་ས་ལམ་གཅིག་ཆར་བགྲོད་པའི་མཐུས། །གྲུབ་གཉིས་དཔལ་གྱི་མགྲིན་རྔ་འཁྲོལ་ནུས་ཤོག །སྔོན་མེད་ཤིང་རྟ་འདི་ཀོས་མཁའ་ཁྱབ་འགྲོ། །ངོ་མཚར་ལམ་གྱི་བརྟན་པ་རྫོགས་པ་ལས། །འཕུར་འགྲོའི་གྲགས་པ་ལྗོངས་འདིར་འཕོས་པའི་གཉེར། །སྨན་བཙུན་ཌཱ་ཀིའི་དབང་མོར་གཏད་དེས་སྐྱོངས། །བཀྲ་ཤིས་རྩ་གསུམ་དགྱེས་པའི་ཉིན་བྱེད་ཀུན་དགའི་ཡིད་ཀྱི་གསོས་སུ་འཆར། །བཀྲ་ཤིས་བརྟན་གཡོའི་ཕུན་ཚོགས་རོལ་སྟོན་སྲིད་ཞིའི་འཁོར་ཡུག་ཉམས་པ་མེད། །བཀྲ་ཤིས་དོན་གཉིས་གྲུབ་པའི་པདྨོའི་འཁྲི་ཤིང་གཞོན་ནུ་དར་བ་ལས། །བཀྲ་ཤིས་མཆོག་གིས་རྟག་ཏུ་མཛེས་པའི་དཔལ་གྱི་འོད་ཟེར་འབར་བར་ཤོག །ཅེས་པའང་ཟབ་གསང་འདི་ཉིད་ཀྱི་མངའ་བདག་ཏུ་གདོད་ནས་གྲུབ་པ་ཀུན་མཁྱེན་མཚོ་སྐྱེས་བླ་མའི་ཡེ་ཤེས་སྒྱུ་མ་རོལ་པའི་ཟློས་གར་མཁས་བཙུན་གྲུབ་པའི་ཚོགས་རྗེ་རིགས་བརྒྱའི་ཁྱབ་བདག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གཙུག་ལག་ལུང་རིག་སྨྲ་བའི་ཉི་མ་ནས་ཐུན་མོང་མ་ཡིན་པའི་དགྱེས་བརྩེའི་ཤིང་རྟ་ཆེན་པོ་དུས་ཀུན་སྐྱོང་བའི་རྟེན་འབྲེལ་གྱིས། གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་སྒྲུབ་གནས་ཀྱི་རྒྱལ་པོ་བདེ་ཆེན་པདྨ་ཤེལ་གྱི་ཕུག་པའི་འདབས་འབྱོར་ཤྲཱི་ན་ལནྡྲེ་གཉིས་པ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་དངོས་བྱོན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཡབ་སྲས་ལྷན་རྒྱས་པས་ཨོ་རྒྱན་ཌཱ་ཀིའི་གསང་མཛོད་འདི་ཉིད་ཐོག་མར་གཏན་ལ་ཕབ་པའི་གཟིམ་སྤྱིལ་དུ་མ་ཧཱ་གུ་རུའི་ཞལ་སྐྱིན་སྐུ་ཚབ་ཡིད་བཞིན་ནོར་བུ་དངོས་གྲུབ་དཔལ་འབར་དང་འཁོར་ལོའི་དབང་ཕྱུག་འཇམ་པའི་དབྱངས་ཐ་མི་དད་པས་ཟབ་ཆོས་འདི་ཉིད་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཚོགས་སྒྲུབ་མཆོག་གི་དགའ་སྟོན་དང་འབྲེལ་བའི་སྨིན་གྲོལ་ཆིག་རྫོགས་ཐོབ་པའི་སྐལ་བཟང་གི་ངལ་འཚོ་ཐོབ་ཅིང༌། དངུལ་གྱི་མཎྜལ་རིན་པོ་ཆེའི་ཚོམ་བུ་མཛེས་པའི་རྟེན་བཅས་ཏེ་ཁྲིད་ཡིག་འབྲི་བར་འོས་པའི་བཀས་བསྐུལ་བ་དང༌། མཚུངས་མེད་རྡོ་རྗེའི་མཆེད་པོ་མཁྱེན་རབ་དང་ཐུགས་རྗེའི་སྣང་བ་ཚད་མེད་པ་གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་འཇམ་དབྱངས་སྨྲ་བའི་ཟླ་བ་ནས་ཀྱང་བཀྲ་ཤིས་པའི་ལྷ་རྫས། རིན་ཆེན་གཉིས་པའི་འཁོར་ལོ་བཅུ་ཕྲག་ལམ་ལྔའི་གྲངས་ལྡན་གྱི་རྟེན་དང་བཅས་གྲུབ་པའི་ལམ་སྲོལ་སྤང་ཀློག་གིས་རྒྱ་ཆེར་སྤེལ་བའི་ཐུགས་བསྐྱེད་ཀྱི་གསོས་སུ་ཉེར་མཁོའི་རྐྱེན་གྱིས་མྱུར་དུ་གྲུབ་པར་གྱིས་ཞེས་གསུང་བསྐུལ་ལྟར་མཚོ་སྐྱེས་ཀུན་ཏུ་འཆང་དངོས་དཔལ་པདྨའི་སྙིང་པོའི་ཡབ་སྲས་ཀྱི་ཐུགས་རྗེའི་གདུགས་དཀར་པོའི་གྲིབ་བསིལ་གྱིས་དབུགས་དབྱུང་ཞིང༌། ཟབ་མོའི་གསང་བ་འདི་དག་ལ་ཡིད་ཆེས་ཀྱི་སྤོབས་པ་ཅུང་ཟད་དགེ་བས་མ་ཧཱ་གུ་རུ་རྡོ་རྗེ་འཆང་དང་རྣམ་འདྲེན་དབང་ཕྱུག་གཉིས་སུ་མེད་པས་རྡོ་རྗེའི་དཀྱིལ་འཁོར་འདིར་བཅུག་པའི་ཚེ་བསྩལ་བའི་མིང་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་གི་སྒྲུབ་སྡེ་གྲུབ་དབང་སངས་རྒྱས་མཉན་པའི་གཟིམ་སྤྱིལ་བལྟ་ན་སྡུག་གི་སྨན་ལྗོངས་བདེ་ཆེན་ངེས་དོན་འོད་གསལ་གླིང་དུ་ཚུལ་འདིའི་ཉམས་ལེན་གྱི་གཡར་ཁྲལ་བགྱིས་པའི་ཐུན་གསེང་རྣམས་སུ་བྲིས་པ་འདིས་ཀྱང་མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་དང་ཕྲིན་ལས་འཇིག་རྟེན་གསུམ་ན་རྟག་ཅིང་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝ་ཏུ།། །།
[edit]

@#/_/bla ma'i thugs sgrub bar chad kun sel gyi rim gnyis yongs rdzogs kyi khrid yig 'dus gsal mtsho skyes bla ma dgyes pa'i zhal lung zhes bya ba bzhugs so/


@#/__/rtsa gsum rgya mtsho'i khyab bdag dpal o rgyan gyi slob dpon snang srid zil gnon ma hA gu ru'i zhabs la sgo gsum gus pas phyag 'tshal zhing skyabs su mchi'o/__/rdo rje'i ye shes chen po'i gsang ba gsum dang gnyis su med par byin gyis brlab par mdzad du gsol/_'od gsal rang bzhin rdo rje snying por chos sku 'od mi 'gyur ba'i dbyings/_/mi g.yo bde chen nges pa lngas mdzes ye shes rnga sgra gangs chen mtsho/_/mdo sngags ston pa'i sgyu 'phrul rol mos rtsa gsum rab 'byams spro bsdu'i bdag_/sangs rgyas kun dngos o rgyan yab yum rje 'bangs lo paN tshogs kun rgyal/_/mcho~Mg tu mi 'gyur dag mnyam gzhi dbyings zab gsal gnas lugs mngon du gyura~M/_/ba~Mde chena~M thabs grol rdo rje'i rnal 'byor rig 'dzin rnam bzhi mthar son pas/_/sgrib gnyis gzung 'dzin 'khrul pa'i mdud zhig pad+ma'i zhal skyin rig pa 'dzin/_/gter chen bla ma 'dzam glinga~M rgyan gcig mi phyed dad pa'i~M phyag gis btud/_/thub bstan rgya mtsho'i mnga' bdag gzi brjid rtsal/_/gangs can mig gcig kun gzigs blo mtha' yas/_/smra ba'i nyi ma 'jigs bral a dzi ta/_/rtsod pa'i dus kyi sangs rgyas dngos kun dad/_/thog ma'i mgon po pad+ma dgyes pa'i sde/_/bka' gter bdud rtsi'i snying gi bum pa bzang*/_/'gengs mdzad 'jam mgon chos kyi blo gros zhabs/_/yab sras brgyud pas tshe rabs rjes 'dzin mdzod/_/rgyud lung man ngag rgyu skar phreng mdzes dbus/_/zab gsang ga bur dog pas 'khyud pa'i zla/_/rtsod dus mngon sum snang ba'i ngo mtshar mthu/_/rgyu mtshan shes pa'i blo yis cung zad bshad/_/de la 'dir dus gsum kun mkhyen grub pa'i slob dpon pad+ma saM b+ha'i thugs tig_/gu ru'i thugs sgrub bye ba phrag brgya'i yang snying*/_bod yul sa 'og kun gyi gter gcig_/bla sgrub zab mo skor bzhi'i thog ma/_nang rgyud yo ga gsum gyi lta sgom spyod pa'i zab gnad thams cad rdzogs pa bla ma'i thugs sgrub bar chad kun sel zhes o rgyan sangs rgyas gnyis pa'i dgongs klong ye shes chen po'i gsang mdzod nas rang byung rdo rje'i rang sgra rnam pa thams cad pa'i dbyangs su ji ltar snang ba las/_gang zag phal pa'i blos brda ma bcos/_tshig ma 'khrul/_don ma nor bar rigs gsum sems dpa' chen po gsang ba rgya mtsho sdud cing spel ba'i bdag por byon pa rig 'dzin rtsal 'chang rnam gsum gyi bka' drin kho nas gangs can gdul bya'i phan bde mi zad pa'i btsas su gtan la phab cing khyab brdal du snang bar mdzad pa'i smar chos/_gnas skabs dang mthar thug gi thun mong mchog gi dngos grub rab 'byams ji ltar 'dod pa 'bad med du ster bar 'khor los bsgyur ba'i rgyal po'i bang mdzod kha phye ba lta bu'i sngon med zab don gyi nor bu thang mal brdal ba 'di nyid kyi zab khrid snying por dril te 'chad pa la gsum/_lam gyi gzhi 'ding ba thun mong sngon 'gro'i khrid/_lam gyi gzhung bsrang ba thun min bskyed rdzogs dngos gzhi'i khrid/_lam mthar dbyung ba gnad kyi chings dang grol tshad bstan pa rjes kyi khrid bshad pa'o/__/dang po la gnyis/_thun gyi sngon 'gro dang khrid kyi sngon 'gro'o/__/dang po ni/_bag med rnam g.yeng gis dben pa'i gnas su bsam gtan gyi khang bur bde ba'i stan la sgo gsum rnal du phab ste rlung ro bsal zhing*/_nges 'byung dang gzhan phan gyi bsam pas/_skad cig gis snang srid rnam dag 'og min gsang chen rol pa'i zhing gi lte bar mdun gyi nam mkhar kun bzang mchod pa'i sprin phung 'byams klas pa'i dbus su/_drin chen rtsa ba'i bla ma nyid o rgyan snang srid zil gnon sku gsum rgyal ba rab 'byams kyi spyi dpal chen po kun 'dus yid bzhin nor bu'i tshul du bkra lam mer bzhugs pa la/_ci mdzad khyed shes kyi dad pas/_dpal ldan rtsa ba'i bla ma sogs dang*/_dus gsum sangs rgyas thams cad kyi ngo bo bla ma rin po che mkhyen no/__/bdag gi rgyud smin cing grol bar mdzad du gsol/_zab lam gyi rtogs pa khyad par can rgyud la skye bar byin gyis brlab tu gsol/_tshe 'di nyid la phyag rgya chen po mchog gi dngos grub thob par byin gyis brlab tu gsol/_zhes blo sems gcig dril gyis gsol ba phur tshugs su btab pas dgyes shing brtse ba chen po'i rang la thim pas/_gsang ba gsum gyi byin rlabs chig rdzogs su thob par bsam pa ste/_de dag gis sgo gsum rnal du dbab pas/_bsam gtan gyi snod du rung zhing 'khrul rtog dang nyon mongs dag_/dkon mchog la gsol ba btab pas bar chad mi 'byung*/_bla mar mos gus kyis byin rlabs 'jug pas thun thams cad kyi thog mar nyams su len pa gal che'o/__/gnyis pa khrid kyi sngon 'gro la'ang gnyis/_thun mong dang*/_khyad par gyi sngon 'gro'o/__/dang po ni/_zhal gdams snying byang yid bzhin nor bu'i le'u bzhi pa las/_dal 'byor mchog thob mi rtag skyo shas can:_nges 'byung drag pos rgyu 'bras blang dor brtson:_dad dang snying rjer ldan pa'i skal bzang gis:_zhes pa ste/_de yang spyir skyes bu chung ngu dang thun mong ba'i lam dge bcu'i spang blang dang dal 'byor rnyed dka'/_'chi ba mi rtag_/las rgyu 'bras kyi khrid dang*/_skyes bu 'bring dang thun mong ba'i lam 'khor ba la nges 'byung bskyed pa rnams so sor zhib tu 'chad cing nyams su len pa shin tu gal che yang de dag gi khrid rim rgyas pa gzhan du gsal bas 'dir don gnad chig dril du bsdus te bshad pa la/_gang zhig rnyed pa dal ba'i rten gyi ngo bo mi khom pa'i gnas brgyad las ldog cing*/_khyad par gyi chos 'byor pa bcus brgyan pa'i mi lus rin po che 'di ni byang chub sgrub pa la med du mi rung ba'i rten du gyur pa ste/_rgyu tshul khrims la sogs pa'i dge las rgya chen po las thob pa'i rang res bsod nams bsog pa dkon pa dang*/_dpe u dum wa ra dang nor bu sogs las kyang thar pa sgrub pa'i rten 'di rnyed dka' ba dang*/_grangs ngan song gsum dang lha min rnams sa yi rdul/_kha ba bu yug_/chang gi sbang ma lta bu la/_lha mi sen mo'i steng gi rdul lta bur mdo las gsungs pas mi lus thob dka' ba ste/_des na 'di la brten nas byang chub bsgrubs na myur du thob par nges pas dus kyi rgyun dang*/_gnas skabs kyi bye brag thams cad dal 'byor snying po len pa'i thabs kyi lam ston pa po dge ba'i bshes la bsten cing sdig pa'i grogs bsten pa lta ci/_de'i lta spyod thams cad dang rgyang bsrings te myur du dal 'byor snying po len pa'i thabs la ma brtson na/_spyir rgyu rkyen rten 'brel tshogs te 'dus byas pa'i chos snod bcud du snang ba 'di dag mi rtag pa'i mtha' bzhi las ma 'das pas rags pa snod bcud chags 'jig lo zla dus bzhi/_phra ba skad cig re re bzhin rnying zhing 'pho la/_bye brag skyes bu'i tshe srog gi rgyun la nam 'chi cha med/_'chi ba'i rkyen mang*/_myur du 'chi nge sa pa'i rgyu mtshan gsum gyis mi rtag_/shi ba'i tshe tshe 'dir ltos kyi snang ba blo stobs gnyen 'khor longs spyod cis kyang mi phan pas phyi ma phan chad kyi gtan 'dun bsgrub pa'i phyir 'jig rten ltar snang gi chos mchil ma'i thal ba bzhin ring du bor nas/_sems pa yid dang byas pa lus ngag gi las kyi 'bras bu rnam par smin pa bcas sangs rgyas kyi bstan pa la yid ches pas dge sdig blang dor tshul bzhin bya ba gces shing*/_de la'ang so skye'i blo yi kun rtog gi grangs dang mnyam pa'i las kyi dbye ba yod par gsungs pas bsam gyis mi khyab kyang bsdu na/_nyon mongs chags sdang rmongs gsum gyis kun nas bslang ba'i las mi dge ba bcu cha dang bcas pa che 'bring chung gsum du bsags pas ngan song gsum du 'gro zhing sdug bsngal gyis mnar la/_bsod nams cha mthun gyi las dge bcu 'khor dang bcas pas mtho ris kyi bde 'bras myong zhing*/_de dag nges 'byung dang byang sems kyis zin pa'i thar pa cha mthun gyis grol ba gsum gang rung thob pa la mi bslu zhing*/_rgyu dang 'bras bu mi 'chol bar rang byas rang la smin/_las rnams bsam sbyor gyis 'phel bas rgyu chung yang 'bras bu che/_'phen rdzogs dang byas bsags kyis rnam dbye shes pas sdig pa cha dang bcas pa bshags shing sdom/_dge ba cha dang bcas pa dang du len pas sgo gsum chos phyogs su ci nus bkol/_mdor na dge sdig gi rtsa ba sems la rag las pas dran shes bag yod dang ldan pas tshul bzhin du bslabs nas/_'khor ba mtha' dag la nges par 'byung ba'i bsam pa bskyed dgos te/_'khor ba'i rang bzhin ni sred len ma rig pa'i gzhan dbang du gyur pas thog mtha' med par brgyud mar 'khor zhing*/_gnas ris mtho dman gang du skyes kyang me mdag kyi 'obs/_spu gri'i tshal/_ral gri'i nags klung rnams su gcer bur 'dzegs pa ltar sdug bsngal kho na'i rang bzhin can du ste/_de la skyo shas dang nges 'byung gi blos srid pa'i dpal 'byor legs legs ltar snang thams cad kyang 'dus byas/_g.yo ba'i chos/_snying po med bzhin bslu ba sgyu ma/_ston ka'i sprin/_chu bur lta bur mthong bas tshangs dbang 'khor los bsgyur ba'i dpal 'byor la'ang chags zhen skad cig kyang skye ba'i gnas med par shes rab dang dad pa'i mthus shes par byas la nyams len gyi rkang tshugs par bya dgos so/__/de dag kyang mgyogs khrid kyi skabs spyir blo ldog bzhi ka'i rtsa ba 'khor ba'i nyes pa bsam dgos shing*/_de las ldogs phyogs mi khom pa'i gnas brgyad las thar 'dod na skyabs khyad par can tshol dgos pa'i phyir rten dal 'byor rnyed par dka' ba'i blos lam gyi rtsa ba skyabs 'gro/_mi rtag pas rgyud bskul te long med du shes pas bde zhing myur ba'i theg chen lam zab thabs kyi mthar thug sems bskyed/_'khor ba'i sdug bsngal gyi rtsa ba sdig ltung las 'byung bar shes pas de'i gnyen por rdor sems/_rgyu 'bras la yid ches bskyed pas tshogs bsags kyi snying po maN+Dal/_thar pa'i phan yon dang de'i rtsa ba bla mar shes pas bla ma'i rnal 'byor rnams dang spel te nyams su blang kyang rung bar lo chen yon tan rgya mtsho'i gsung bsnyen yig sA la chen po'i sa bon du gsungs so/__/gnyis pa khyad par gyi sngon 'gro la/_lam gyi rtsa ba skyabs 'gro/_lam gyi snying po sems bskyed/_lam gyi gegs sel rdor sems/_lam gyi bogs 'byin maN+Dal/_lam gyi mthar thug bla ma'i rnal 'byor dang lnga las/_dang po ni/_lam gyi rtsa ba skyabs su 'gro ba dang:_zhes pa ste khams gsum gyi gnas ris las rang stobs kyis brgal mi nus pas/_dkon mchog rtsa ba gsum ni rang nyid nyes pa dang srid pa las grol zhing tshad med pa'i yon tan gyis gzhan skyob nus la/_nam yang bslu ba med pa'i skyabs su nges pas rang gi mdun gyi nam mkhar skyabs yul gtso bo bla ma snang srid zil gnon la brgyud pa'i bla mas bskor ba/_mdun du yi dam/_g.yas su sangs rgyas sprul sku/_rgyab tu chos glegs bam/_g.yon du dge 'dun/_mtha' bskor du mkha' 'gro chos skyong nor lha rnams sku rdo rje'i mtshan dpe'i gzi byin lam me/_gsung zab rgyas chos sgra lhang nge*/_thugs mkhyen brtse'i ye shes sa le ru bzhugs pa la/_mkha' khyab kyi sems can srid zhi'i 'jigs pa las bsgral ba'i phyir sgo gsum 'jug pa gcig dril gyis 'di nas byang chub bar du re ltos mthar thug khyod kho na la bcol snyam pa'i dad mos kyis/_na mo:_bdag dang mkha' mnyam sogs skyabs 'gro grangs bsags/_mthar skyabs yul rnams kyi 'od zer gyis rang gzhan rnams kyi sdig ltung sbyang bar bsam/_spyod lam rnam pa bzhi'i skabs su dkon mchog gi snang ba dang ma bral bar bya'o/__/gnyis pa ni/_lam gyi snying po byang chub sems gnyis bskyed:_zhes pa ltar tshogs zhing dpang po'i tshul du byas te/_rgyal ba sras dang bcas pas byang chub tu thugs bskyed pa'i dam bca' ji ltar bzhes pa bzhin bdag gis kyang de dag gi rnam thar gyi rjes su slob par bgyi snyam pas/_ho:_sngon gyi rgyal ba sogs gzhan phan gyi g.yar dam blang ba'i smon sems dang*/_yan lag bdun pa'i dmigs don spyi ltar gyis/_oM AHhU~M hrIH_rig 'dzin pad+ma 'byung gnas sogs kyis tshogs bsags/_rang la rjes su dpag pas pha mar gyur pa'i 'gro ba rnams kyang sdug bsngal mi 'dod cing bde ba 'dod pa la mtshungs pas tshad med bzhi'i blo phyogs ris dang bral bas rgyal sras kyi spyod pa rlabs po che dngos su 'jug ste bdag gces 'dzin gyi blo ris su bor bas bslab pa'i bsam sbyor ya ma bral bas/_bsod nams 'di yis sogs 'jug sems la blo sbyong ba rnams rang rgyud la 'dres nges su bya'o/__/mthar tshogs zhing rang la bsdus pas rgyud la byang chub kyi sems skyes par mos dgos so/__/gsum pa ni/_lam gyi mthar thug rdo rje theg pa yi:_nyams rtogs skye ba'i 'gal rkyen sdig sgrib kun:_rdo rje sems dpa'i rnal 'byor zab mos sbyang:_zhes pa ste 'khor ba'i rtsa ba las nyon gyi kun 'byung la thug_/des sdig ltung mi zad pa dang sdug bsngal bskyed cing dngos gzhi'i nyams rtogs dang dngos grub la gegs su che bas de sbyong ba la gnyen po stobs bzhi tshang dgos pa las/_thog mar rten gyi stobs ni/_a:_bdag gi spyi bor sogs kyis rang gi spyi bor bla ma rdo rje sems dpa' gsal btab ste/_sun 'byin pa'i stobs sdig ltung gi nyes pa la gnong 'gyod drag po dang bcas/_gnyen po kun tu spyod pa'i stobs/_thugs kar zla ba'i sogs ltar 'od zer spro bsdu dang bdud rtsi 'bebs sbyong gi dmigs pa lhan cig pas yig brgya dang yig drug ci rigs bzla/_mthar gnong tshig brjod cing sdom sems kyis sor chud pa'i stobs bskyed pas sdig sgrib dag pa'i gnang ba bstsal bzhin rdor sems rang la thim par bsam ste thugs yid bsres pas nyams chag sor chud par bsam mo/__/bzhi pa ni/_mthun rkyen bsod nams ye shes tshogs rdzogs phyir:_sku gsum zhing khams rgya mtsho'i maN+Dal 'bul:_zhes pa ltar gzhi bden gnyis dbyer med kyi lta ba la nges pa drangs pas lam tshogs gnyis khyad par can ma bsags na dngos gzhi'i yon tan rang rgyud la skye ba dang 'bras bu sku gnyis thob pa'i skabs med pas tshogs bsags kyi snying po maN+Dal la 'bad dgos pas mchod yul sgrub pa'i maN+Dal tshogs zhing skyabs yul ltar gsal/_'bul rgyu'i rin po che'i maN+Dal la dri bzang gi chus byugs shing sman 'bru rin po che sogs tshom bu spyi ltar 'god bzhin pas maN+Dal rgyas pa so bdun ma dang*/_oM AHhU~M:_bdag dang mtha' yas sogs brjod de phyi nang gsang ba'i maN+Dal du dmigs la ci nus su 'bul/_bsdu na zab tig sgrol ma las 'byung ba'i oM AHhU~M:_khams gsum snod bcud sogs kyis kyang grangs bzung*/_mthar tshogs zhing rang la bstim par bya'o/__/lnga pa ni/_khyad par lam rnams kun gyi snying po ni:_mos gus bla ma'i rnal 'byor gnad du bsnun:_zhes pas legs par bstan pa ltar/_spyir thar lam gyi rtsa ba bla ma'i byin rlabs kho na la rag las shing*/_khyad par sngags kyi skabs su bsags sbyang de dag kun las khyad par du gal che ba rang rgyud du byin rlabs 'jug pa dang*/_dngos grub kun gyi gzhi rten bka' drin sum ldan gyi bla ma bsten cing mos gus kyis gsol 'debs kho na yin la/_de nyid phyogs dus kyi skyabs yul thams cad bla ma'i gsang ba mi zad rgyan gyi 'khor lo'i rnam 'phrul du thag bcad/_nges shes bskyed mos gus gdung shugs drag po nyid rnal 'byor gyi srog tu bzung ba dang bcas/_rang mdun nam mkhar sogs kyis gsal btab la/_ngo mtshar gyi yon tan dang rmad du byung ba'i bka' drin khyad par du 'phags pa'i thugs rje rnams yang yang rjes su dran bzhin pas/_blo snying brang gsum ling gis gtad la gsol 'debs bar chad lam sel dang*/_bsdus pa dus gsum sangs rgyas/_brgyud 'debs bcas bya ba phyi gsol 'debs/_dbang len gyi dmigs pa dang sbyar ba'i snying po badz+ra gu ru bzla ba nang bsnyen pa/_bla ma rang la bsdus te don gyi dgongs pa skyong ba gsang sgrub bcas bsnyen sgrub las sbyor gyi tshul du gsungs pa ltar dang*/_nyin mtshan rtag tu bla ma'i snang ba dang mi 'bral bar bsngo smon shis brjod dang bcas te spyod lam la 'jug_/bla ma dang rang sems dbyer med du bsre zhing ngo lkog mtshungs pa'i dad dam gtsang sing nge ba byung na lam gyi gnad mtha' dag kyang 'dus pas de ltar nyams su len par bya/_rgyas par spro na tshul 'di phyi gsol 'debs kyi tshul du sgrub pa dang 'brel ba'i cho ga byin rlabs char 'bebs kun mkhyen bla ma mkhyen brtse'i dbang po'i gsung ltar sbyar kyang rung zhing*/_tshul de lta bu'i skyabs 'gro dang sems bskyed yan lag bdun pa dang spyi phyag_/yig brgya/_maN+Dal/_gsol 'debs bsdus pa bcas 'bum phrag_/rgyas par bar chad lam sel khri gcig_/badz+ra gu ru bye ba bcas dang*/_de tsam ma grub kyang phyag dang skyabs 'gro sbrag pa 'bum dang*/_smon 'jug tshogs bsags rnams so sor khri phrag las mi nyung ba dang*/_gzhan rnams sngar ltar la/_badz+ra gu ru 'bum phrag bcu gnyis tsam dang*/_shin tu bsdu na de dag khri phrag lhag tsam dang*/_snying po 'bum phrag bcas bya/_de rnams gang ltar yang skyabs 'gro nas bla ma'i rnal 'byor bar skabs su gang bab kyi nyams len thun gyi dngos gzhir byas nas spyir sngon 'gro thams cad thun re re bzhin thog mtha' tshang bar re gtong ba ste/_de dag gi ngag 'don ni kun mkhyen bla ma 'jam pa'i dbyangs kyi gsung ltar shes par bya'o/__/rtsa ba'i gnyis pa lam gyi gzhung bsrang ba thun min bskyed rdzogs dngos gzhi'i khrid bshad pa la/_smin par byed pa dbang*/_grol bar byed pa khrid kyi rnam bzhag gnyis las/_dang po ni/_tshe 'dir mchog thun dngos grub thob 'dod na:_dbang gis rgyud smin dam tshig rnam dag pas:_zhes pa ste rgyud dang sgrub sde'i rnam bzhag gis dbye ba du ma zhig yod kyang mdor bsdu na/_dbang bskur byed pa po sngags kyi yan lag lnga la rang byan chud pa'i rdo rje slob dpon gyis/_bya ba'i las cung zad bzang po blugs pa la snod dag par bya ba bzhin sta gon gsum dang*/_thig tshon rgyan bkod/_dkyil 'khor sgrub mchod bdag nyid 'jug cing gnang ba nod/_phyi nang gi rgyud sbyangs bas 'jug pa'i slob ma la/_byed pa rdzas sngags ting nge 'dzin gsum tshogs pa'i cho ga khyad par can gyi dbang bskur bas/_bya ba slob ma'i sgo gsum gdan gsum gyi lhar dag pa nyid ngo sprad pas sbyang bya'i dri ma dag cing*/_'thob bya rang gnas kyi ye shes mngon du skyes pa'am/_skye nges kyi nus rung du smin par byas pas dbang thob pa ste/_gnad don de dag dang ldan pas dbang dngos la lugs 'dir rgyas pa stod las byang chub sgrub pa'i dbang bzhi rjes 'brang dang bcas pa/_smad las dgra bgegs bsgral ba'i dbang srung zlog bsad mnan dang bcas pa/_'bring po gsang sngags snga 'gyur ba la khyad par du grags pa'i rig 'dzin bla ma'i zlum po bzhi dbang*/_bsdus pa don dbang gtor ma kho na la brten pa rnams 'byung ba ste rgyas par dbang chog rnams las 'byung bas shes par bya ba kho na'o/__/de ltar dbang gis smin kyang de'i don ye shes rgyud la brtan pa'i srog ni dam tshig ma nyams pa la rag las pa ste/_dbang thob nas sngags kyi brtul zhugs mi nyams par srung ba'i cha nas dam tshig_/rang rgyud sdom pa'i cha nas sdom pa zhes ngo bo gcig la spyi ldog gi dbye ba thams cad don gyis thob zin pas ngo bo bsrung bya'i don las mi 'da' ba'i sems pa sa bon dang bcas pa ste/_bslab pa thams cad kyi gzhi rten du gyur pas khe nyen dang bcas par shes par byas la/_spyi yi dam tshig snying*/_khyad par gyi dam tshig snying khrag_/lhag pa'i dam tshig srog ltar gces par bsrung zhing*/_rnam par dag pas tshe 'di'am/_bar do gang rung du mchog 'grub pa sogs gnas skabs dang mthar thug gi phan yon dpag tu med pas ci nus su bsrung zhing cung zad nyams kyang bshags pas sor chud par bya dgos so/__/gnyis pa smin zin grol byed khrid kyi rim pa dngos la/_sku bskyed pa phyag rgya'i rnal 'byor/_gsung bzlas pa sngags kyi rnal 'byor/_thugs 'od gsal de kho na nyid kyi rnal 'byor dang gsum las/_dang po la'ang*/_ji ltar sgrub pa'i tshul/_de nyid sgrub byed kyi thabs bshad pa gnyis las/_dang po la'ang bskyed rim gyi rnam bzhag spyir bstan pa dang*/_man ngag gi rnal 'byor dngos bshad pa gnyis kyi dang po ni/_khyad par skye ba'i rim pa sbyong ba'i slad:_tha mal snang zhen 'gog pa bskyed rim ste:_rdzus skyes sbyong byed skad cig dran rdzogs dang:_drod skyes sbyong phyir sa bon spro bsdus bskyed:_mngal skyes sbyong phyir sa bon phyag mtshan sku:_sgong skyes sbyong byed rgyu 'bras he ru ka:_kun kyang rten dang brten pa'i dkyil 'khor dang:_zhal phyag mtshan nyid yongs su rdzogs par gsal:_zhes pa ste/_tshong don du gnyer ba la nor gyi rin thang shes dgos pa ltar thog mar gang bsgrub par bya ba'i lha ngos zin dgos pas/_gzhi ngo bo rang bzhin thugs rje gsum ldan 'od gsal byang chub kyi sems 'gro ba kun la khyad par med par gdod nas bzhugs pa'i lha dam tshig sems dpa' gang da lta so skye'i dus nas rang chas su bzhugs kyang*/_nor bu la 'dam gyis gos pa dri ma las ma grol bar rang gi bya ba byed mi nus pa ltar don gyi gnas lugs rang ngo ma shes par 'khrul pa'i skabs 'dir 'bras bus 'khor 'das thams cad la khyab pa'i rgyal ba kun gyi chos kyi sku chos dbyings dri ma med pa ye shes sems dpa' gnyis med ngo bo bdag gcig gis 'brel bas dam ye gnyis med gzhi 'bras tha mi dad pa'i gnad kyi gsang ba khong du chud par byas te/_de dag gi rtsal lam byin rlabs las shar ba'i lha ngo bo rtsa ba gsum/_rnam pa zhi khro longs sprul gtso 'khor gyi tshul du bstan pa'i bye brag bsam las 'das par snang ba mtshan ma'i lha zhes bsgrub bya dngos te/_don du gnyer bya byin rlabs dang*/_dngos grub rnam pa gnyis yin la/_de 'bad med du thob byed zab cing che ba du mas 'phags pa rtsa gsum rgya mtsho'i spyi dpal pad+ma thod phreng rtsal nyid kun 'dus nor bu'i lugs su sgrub pa ste/_de la skabs 'dir phyi nang gsang ba yang gsang dang bcas pa'i sgrub tshul gyi dbye bas thugs sgrub rnam bzhi yi thog ma bar chad kun sel snang srid zil gnon pad+ma 'byung gnas kyi sku gsum rnam 'phrul bcu gnyis rtsa ba dang yan lag gi tshul du bsgrubs pas rig 'dzin rnam pa bzhi'i sa lam yongs su rdzogs nas sku dang ye shes rgya mtsho'i go 'phang mngon du byed pa rnam par dag pa'i nor bu las 'dod dgu 'jo bas rang gzhan gyi dbul ba sel ba lta bu ste phrin las rgyas pa bde 'dus las/_'di ni rgyal sras thor cog can:_sku gsum dbyer med he ru ka:_snang srid thams cad zil gnon pa'i:_bcu gnyis mdzad pa'i rtsal 'chang ba:_dkyil 'khor phyag rgya la sbyar nas:_kun mthun kun las khyad 'phags shing:_gzhan du nam yang ma bstan pa:_zhes gsungs pa ltar gzhi ngo bo rang bzhin thugs rje gsum dang*/_rten 'brel bcu gnyis/_lam 'pho ba bcu gnyis kyi rtsa rlung thig le bskyed rdzogs kyi bya bas/_'bras bu sku gsum bden don yan lag bcu gnyis kyi mdzad pa ston pa'i mtshan dang sku la brten nas gsungs pa'o/__/gnad de ldan gyis nyams su blang bya kun rdzob 'jig rten skye ba'i rim pa lam du byed pa bcos shing brtags pa rjes su dpag pa lha'i rnal 'byor 'khor dang bcas pa'i bskyed rim ste/_sgom tshul gyi sgo nas skye gnas bzhi yi bag chags sbyong ba'i spros bcas spros med shin tu spros med rab tu spros med kyi rnam bzhag bzhi las/_rdzus skyes rnams rnam shes gsal rig tsam la brten nas skad cig gis lus grub pa dang mthun par man ngag a ti yo ga'i bskyed rim shin tu spros med skad cig dran rdzogs te cho ga dang tshig la ma ltos par yid chos gdod nas dag pa lha yi 'khor lo ye shes sgyu ma'i phyag rgyar gnas pa nyid dran pas gsal 'debs tsam gyis rten brten pa yongs rdzogs me long nang gi gzugs brnyan btsan thabs su shar ba ltar bskyed rdzogs dbyer med du bsgom pa yin no/__/srin bu sogs drod dang gsher tsam la gnas lus kyi sred len zhugs nas phung por grub pa ltar lung a nu yo ga'i bskyed rim spros med te shes rab dbyings kyi stong chen kun tu bzang mo'i klong du kun rdzob kyi snang cha thams cad lha'i phyag rgyar rang bzhin gyis shar ba gnyis med zung 'jug sgyu ma lta bu'i ting 'dzin gyis sa bon las 'od zer spro bsdus don gnyis byas shing phyag mtshan du gyur pa skad cig gis lha yi skur bzhengs pa rim gyis 'jug pa dang*/_tshig gis ma bskyed kyang sngags dran pa tsam las dkyil 'khor gyi 'khor lor gsal bar grub pa gcig char du 'jug pa gnyis su dbyer yod cing*/_mngal zhugs kyi sems can bar do nas lus tshol/_mngal du nying mtshams sbyor/_zla ba bcu'i dbang po rdzogs nas btsas pa lam lnga'i mngon rtogs dang mtshungs pa ste/_nyi zla'i dbus su sa bon zhugs thim yongs su gyur pa las phyag mtshan gnas gyur lha sku yongs su rdzogs pa'i rnam par bzhengs pa spros bcas kyi bskyed rim ste/_'di la'ang ma rgyud kyi dgongs pa mngon byang lnga dang bzhi bskyed rgyas 'bring*/_pha rgyud kyi bsdus pa cho ga gsum bskyed gsum du gsungs la/_gang ltar yang don du rdo rje'i cho ga sum bskyed las mi 'da' zhing gnyis skyes rnams mngal dang sgo nga las lan gnyis skye ba ltar rgyu dang 'bras bu'i rdo rje 'dzin pa'i skur bzhengs pa rgyas pa chen po'i bskyed tshul te/_man ngag rgyud sde dang sgrub sde sgyu 'phrul gyi dgongs pas bdag sras gzhan sras kyi bskyed pa'i rnam bzhag gsungs shing*/_mngal sgong gnyis kyi skye ba sbyang tshul rgyud sde ma hA yo ga'i bskyed pa'i rim pa ste/_spyir de dag kyang las dang po pa/_cung zad brtan pa/_brtan pa cher thob pa/_shin tu thob pa'i dbang po dang sbyar te bsgom pa'ang gsungs so/__/gnyis pa man ngag gi rnal 'byor dngos bshad pa la bsgom bya spyir bstan pa rgyu ting 'dzin gsum gyis khog phub pa dang*/_'bras bu rten brten pa'i dkyil 'khor bsgom pa gnyis las/_dang po la/_de bzhin nyid/_kun snang*/_rgyu yi ting nge 'dzin no/__/dang po ni/_kun rdzob don dam chos rnams thams cad kun:_bden gnyis dbyer med lhag pa'i chos sku che:_de bzhin nyid dbyings stong chen rnal 'byor gyis:_'chi ba 'od gsal gnas lugs mngon du 'gyur:_zhes pa ste/_'khrul chos kun 'byung las nyon dang sdug bsngal gyi bden pa shar ba'i rigs rgyun gang rang rig byang chub kyi sems gnyug ma'i phung khams skye mched gdan gsum tshang ba'i lha'i dkyil 'khor du gdod nas rnam par dag par gnas shing grub pa'i gnad kyis/_kun rdzob ma dag pa'i ngor ji ltar 'khrul zhing snang yang mtshan nyid theg pa'i spang 'gebs sbyong ba'i lam lta bu ma yin par sngags su da lta'i snang ba thams cad spang blang bsal bzhag med par sku dang ye shes rgya mtshor rol par ye nas gnas pa nyid dag snang lam du byas pas sdug kun gnyis btsal yang mi rnyed pa'i rang bzhin 'gog lam gyi bden par snang bas don gyi gnas tshul 'khor 'das spang blang med par mnyam pa dang*/_kun rdzob dag pa gdod nas 'du 'bral med pas bden pa dbyer med lhag pa'i chos chen po zhes rgyud ma hA yo ga'i lam gyi lta ba mthar thug pa ste/_dngos gzhi nyams su len pa'i skabs 'dir las byang rgyas par/_rnam dag chos dbyings khyab brdal sogs kyis bstan pa ltar 'bras bu sangs rgyas thams cad kyi chos sku khyab brdal nam mkha' ltar rnam par dag pa dang*/_gzhi gdod ma'i gnas lugs 'khor 'das kun gyi de bzhin nyid kyi dbyings rang bzhin gyis dag pa 'od gsal sku dang ye shes cir yang 'char ba gnyis ye nas gnyis med mnyam pa'i chos nyid du 'du 'bral med par rang gi sems su rdzogs pa la don gyi 'od gsal 'khor 'das kun gyi khyab bdag pad+ma rgyal po'o snyam pas nyams myong gi steng du bzhag pa'am/_rjes gzhig gis dpyad pa'i sbyong byed stong chen gyi de ting la mnyam par bzhag_/sbyang bya 'chi srid chos sku'i 'od gsal zhes ngo ma shes na ldog pa can gyi gsal stong gi dbyings de nyid de/_'chi ba dag pa chos sku'o snyam pa'i nga rgyal bzung bas 'chi srid sbyong*/_rtag lta dang gzugs med khams dag_/chos sku'i ye shes mngon du byed pa'i rigs kyi sa bon gsos 'debs/_bar du don gyi 'od gsal skye ba'i gzhi gding bas rdzogs rim gyi smin byed du 'gro ba'o/_/gnyis pa ni/_de nyid ma rtogs mkha' khyab 'gro ba la:_dmigs med snying rje sgyu ma lta bu'i tshul:_zhes pa ste/_a/_thams cad sangs rgyas chos sku'i rang bzhin sogs ltar 'bras bu sangs rgyas rnams chos sku'i dbyings su zag med kyi yon tan nyi mkha' ltar lhun gyis grub pa'i rang gzugs rang snang longs sku nges pa lnga ldan gyi sprin 'gag med du snang ba dang*/_gzhi sems can gyi snying po'i khams su sku dang ye shes 'du 'bral mi shes pa'i chos su 'gag med du bzhugs pa dang tshul mthun pa'i lam de nyid ma rtogs pa'i 'gro ba la/_rnam pa gsal la ngo bo 'dzin pa med pa'i kun snang snying rje'i rang rtsal mkha' khyab tu bsgoms te bar do dag pa longs sku'i nga rgyal gyis bar srid sbyong*/_chad lta dang gzugs khams dag_/longs sku'i rigs kyi sa bon gsos 'debs/_'od gsal las ye shes kyi skur ldang ba'i snying rje'i gzhi 'ding bas rdzogs rim gyi smin byed du 'gyur ba'o/__/gsum pa ni/_lam rim ye shes snying po las/_phyag rgya gcig pa phra mo'i yig 'bru'i tshul:_thams cad bskyed byed rgyu yi sa bon ni:_mi 'gyur ye shes snying po mkha' la shar:_zhes dang*/_hU~M:_rgyu las 'bras bu'i chos rnams sogs ltar lam stong nyid snying rje zung du 'jug pa'i rang rig las gzhan du mi 'gyur ba'i ye shes gdul bya'i ched du 'bras bu sangs rgyas sprul sku gang 'dul du rol pa dang*/_sems can rnams phyi ma'i srid pa la mngon du phyogs te gang du skye 'gyur gyi gnas la sred pa dang rnam pa mthun pa'i dkyil 'khor thams cad 'char ba'i gzhi'am rgyu yi ting nge 'dzin yi ge hrIHdkar po bde gsal stong pa nyid kyi rang bzhin can dang*/_gzhan du lha sku phyag rgya gcig pa sogs bsgoms nas rjes thob tu skye ba dag pa sprul sku'i nga rgyal bzung bas skye srid sbyong*/_phung gsum du bltab/_'dod khams dag_/sprul sku mngon du byed rung gi sa bon gsos 'debs/_bde ba dang rlung sems kyi lha skur ldang nus kyi gzhi 'ding bas rdzogs rim gyi smin byed du 'gyur ba'o/__/gnyis pa la/_bsnyen pa phyag rgya gcig pa/_nye bsnyen phyag rgya spros bcas/_sgrub pa tshom bu tshogs sgrub/_sgrub chen nye rgyu'i spyod pas bogs dbyung ste mchog gi dngos grub la sbyor ba dang bzhi las/_dang po la'ang*/_las dang po pa'i rnal 'byor phyag rgya gcig pa spyir bshad pa/_gnad kyi chings bye brag tu bshad pa gnyis las/_dang po ni/_de la thog mar rim gyis goms pa'i phyir:_bdag nyid phyag rgya gcig pa'i skur bsgom la:_rnam pa gsal ba 'ja' tshon lta bu ste:_rab kyis rang bzhin yongs grub chen por blta:_'bring gis spyi dang bye brag ma 'dres gsal:_tha mas ting 'dzin dgongs pa mi 'gyur gzer:_zhes pa ste zab gsang 'di nyid kyi mnga' bdag kun mkhyen bla ma pad+ma 'od gsal mdo sngags gling pas/_dngos gzhi'i lam gyi thog mar bsnyen pa phyag rgya gcig pa rgyun gyi bkol byang ltar nyams su len par gsungs pa rgyud sde sgyu 'phrul drwa ba'i dgongs pa/_grub pa'i slob dpon chen po dag gi man ngag gnad kyi gsang ba ma nor ba skabs 'di'i gter gzhung rdo rje'i tshig gis dngos bstan du 'byung ba ste/_bshad ma thag pa'i ting 'dzin rnam gsum sngon du 'gro bas rang nyid gtso mchog snang srid zil gnon/_spyi bor spyan ras gzigs/_rigs bdag tshe dpag med dang bcas pa dngos gcig du mar 'char ba'i ye shes kyi phyag rgya bsgom pa ste/_de yang rab kyis gdod nas rang rig ngo bo rang bzhin thugs rje gsum ldan bla ma'i dkyil 'khor ma bcos lhun rdzogs khyab brdal gyi gshis su rig 'dzin sgyu 'phrul drwa ba'i khyab bdag tu chos sku yongs grub chen po 'du 'bral med pa'i dbyings su bzhugs pa la/_yin pa gsal 'debs tsam gyis snang cha ma 'dres pa'i gzugs sku zhal phyag rgyan cha gzhir rdzogs su gsal te bdag dang lha dang ye shes gnyis su med pa dang*/_'bring gis go don de ltar nges pas rnam pa lus ngag yid gsum ngo bo bla ma'i rdo rje gsum gyi 'khor lor gsal 'debs pas sku yi rnam pa spyi/_zhal/_phyag_/na bza'/_phyag mtshan sogs dang*/_gtso bo/_'khor/_rten brten par bcas pa gsal la ma 'dres par snang stong zung 'jug chen por bsgoms te/_sbyang bya sbyong byed kyi tshul du gsal 'debs pa dang*/_tha mas gtso bo lta bu'i lha sku spyi'i rnam par sems 'dzin pa las gzhan du mi g.yo bar yid rtse gcig pa'i zhi gnas kyi ting 'dzin bsgrubs te rtsa gsum rgyal ba'i khyab bdag snang srid zil gnon pad+ma 'byung gnas kyi 'chi med ye shes rdo rje'i sku ni nga'o snyam pas lha sngags sems gsum gcig tu mos te/_bying rgod sogs kyis skyon bsal te dgongs pa mi 'gyur ba'i gzer btab la bsgom par bya'o/__/gnyis pa gnad kyi chings bye brag tu bshad pa la/_rnam pa gsal ba/_nga rgyal brtan pa/_dag pa dran pa gsum las/_dang po la'ang*/_bsgom bya dngos dang*/_ji ltar bsgom tshul lo/__/dang po ni/_mtshan nyid tshang ba'i bris sku mdun du dgram:_de la yid mig rlung gsum rtse gcig gtad:_gsal snang shar nas bying rgod skyon spangs la:_lha sku snang stong zung 'jug ngang du bzhag:_rnam rtog rnyogs ma zhi ba'i nyams myong skye:_zhes pa ste/_las dang po pas dkyil 'khor yongs rdzogs la gsal snang thon dka' bas gang sems 'dzin sla ba nas bsgom dgos pas/_sbyang bya lus can rnams dang po skyes nas byis par gyur pa'i gnas skabs gang*/_sbyong byed gtso bo'i gsal snang thog mar sgrub pa ste mtshan nyid dang ldan pa'i bris sku rab gnas ldan pa rang mdun khad nye bar bkram ste/_bde ba'i stan la lus gnad bsrang*/_rlung ro lan gsum du bsal nas/_sku de la yid kyi 'dzin stangs/_mig gi lta stangs/_rlung gi 'gro ldog gsum yul so sor ya bral du ma song bar phyogs mnyam por dmigs rten la rtse gcig tu gtad de yun thung la grangs mang bar bsgom/_mi sun pa'i phyir goms rim gyis yun bsrings te bsgoms pas de'i rnal 'byor gyi bag chags brtas te mig btsum yang yid yul du gsal zhing*/_dmigs rten la goms pa ji lta bar rang gi bzhin lag kyang de dang de'i rnam par gsal nus pa byung na/_sems mi gsal ba'i bying ba/_'gyu ba spun por gyur pa'i rgod pa/_rmug 'thibs 'thor yas sogs kyi skyon byung na ngo shes pas btang snyoms su ma shor bar so so'i gnyen po bsten te bsgom shing snang cha nas spyan gyi dkar nag_/na bza'i ri mo yan chad ma 'dres par bkra yang stong cha nas gdos bcas thog reg gi mtshan ma las 'das pa bde gsal gyi rnam 'phrul/_stong nyid kyi rang bzhin can du rdzing bur gzugs brnyan bkra ba ltar rtse gcig tu bsgoms pas phyi rol gzugs phung du snang ba'i ma dag pa'i zhen pa dag par byed do/__/gnyis pa ji ltar sgom tshul ni/_skabs su ngal gso shes pa rnal du dbab:_skabs su ting 'dzin rol rtsal cir yang bsgyur:_thun rer lha yi gsal snang tshad du 'don:_thun rer snying po sngags kyi gzer chen gdab:_thun rer lha dang rang sems ro mnyam bzhag:_thun rer 'od zer spro bsdu'i cho 'phrul bsgrub:_zhes dang*/_thun mtshams tshogs dang gtor mas thugs dam bskang:_snang srid thams cad sgyu ma'i lha sngags dang:_ye shes chen po'i ngo bor lam du khyer:_zhes pa ste/_nyang gter mtsho rgyal zhus lan dang*/_bla ma dgongs 'dus sogs las bskyed rim rtsal sbyong dang bogs 'byin mang du gsungs kyang*/_mdor bsdu na mnyam bzhag gi skabs su sems mi bsgrim par ngal gso ste rnam par mi rtog pa gnyug ma'i ngang du rang babs su lhod kyis klod la rnal du dbab pas ngal gso/_yang res 'ga' lha sku de che ba chung ba mdog dbyibs spyod lam nye ring bzhugs gnas ma nges pa cir yang bsgyur pas ting nge 'dzin rtsal sbyong zhing lam du slong*/_yang thun re re la sngar ltar lha sku zhal phyag yongs rdzogs la sems 'dzin rtse gcig pas gsal 'debs/_des skyo na lha sngags gnyis su med pa'i nges shes kyis skabs 'dir bsnyen sgrub las gsum chig dril badz+ra gu ru bzla/_yang thun re la lha'i rnam pa dang rang sems dbyer med du bsres te rang rig skye med kyi dbyings spros bral chen po la gnyis 'dzin spangs te rang ngo rig tsam gyi klong du mnyam par bzhag_/thun re la bdag don byin rlabs bsdu ba/_gzhan don rigs drug gnas sbyong*/_gnyis don rigs 'dus gtso bo'i bzlas pa rnams dmigs pa rtse gcig pas 'od zer spro bsdus don gnyis sgrub pa rnams res mos su byas pas gegs sel zhing bogs 'byin pa'i thabs kyang gsang ba'i man ngag mthar thug pa'o/__/rjes thob kyi skabs thams cad du mtshan nyid pas 'dus pa der thams cad he ru ka dang spyod yul mnyam pa'i dngos grub dang*/_rjes mthun pas rim gyis thob pa dang nyams chag skong ba sogs phan yon dang dgos pa che ba'i tshogs kyi 'khor lo dang rin po che dang pad+ma'i snod du kha zas bzang rgu'am 'das ma 'das kyi gtor ma bza' btung dang bcas pa mgron rigs so sor phul te bar chad med cing dngos grub myur du thob pa'i phrin las bcol ba dang*/_snang grags rtog gsum du shar ba'i snang srid thams cad sgyu ma lta bu'i lha sngags ye shes kyi 'khor lo/__bgo ba zhi khro'i chas/_bza' btung tshogs/_'gro 'dug rdo rje'i gar sogs spyod yul cir snang ye shes chen po'i rol pa 'ba' zhig lam du khyer bas mnyam bzhag gi ting 'dzin la dbugs 'byin par bya dgos pa'ang zhar la 'phros pa'o/__/gnyis pa nga rgyal brtan pa ni/_dus kun lha dang dbyer med nga rgyal bzung:_zhes pa ste/_bsgom bya lha de'i zhal phyag rang mtshan pa yin par shes pa tsam gyi 'du shes nyi tshe ba ma yin par dus gsum rgyal ba'i ye shes kyi sku gcig pu/_rtsa gsum rgya mtsho'i khyab bdag_/rnam thar dang phrin las bsam mi khyab pa'i sangs rgyas kyi ye shes la dbang bsgyur ba'i o rgyan rdo rje thod phreng rtsal de nyid dngos su rang nyid don gyi dbyings su rnam dbyer med pa'i gnas snang mthun par nga'o snyam pa'i nga rgyal brtan po dang*/_gsal snang thob nas ye shes kyi sku dngos dang gdod nas 'du 'bral med pa'i nges shes drag pos rang sems dang tha mal gyi bdag rtog gis nga'o snyam ste zhen pa'i 'dzin sems ma spangs rang dag tu 'gyur ba'o/__/gsum pa dag pa dran pa la'ang*/_dngos dang 'byong pa'i tshad dang gnyis las/_dang po ni/_gzhi 'bras zung 'jug lam gyis mtshon pa'i phyir:_tha mal snang zhen 'gog pa'i rnam dag bsgom:_zhes pa ste/_lha sku zhal phyag gi rnam pa gsal ba'ang las nyon 'khrul pa'i rang gzugs zag bcas kyi phung po lta bu ma yin par thams cad ye shes kyi rol pa ste gzhi chos nyid gcig gi gnas lugs mtshon pa'i zhal gcig_/lam thabs shes kyi phyag gnyis/_srid zhir mi gnas pa'i zhabs rol stabs/_chos sku gzung 'dzin bral bas sku mdog dkar/_longs sku thugs rje chags pas dmar mdangs/_sprul sku sgyu 'phrul gyi rol mo cir yang snang bas zhi ma khro/_'jig rten khyim pa'i 'dod yon gyi chos kun ma spangs yon tan gyi rgyan du rdzogs pas gsang gos dkar po/_gsang sngags kyi mdzod 'chang bas zab ber sngo khra/_bstan pa'i mnga' bdag tu gyur pas chos gos dmar po/_snang srid bde chen gyi rol pas dbang sdud za ber smug po/_theg dgu'i yon tan rdzogs pas dbu la pad+ma mthong grol/_bum dbang rdzogs pas phyag g.yas rdo rje/_gsang dbang rdzogs pas g.yon b+han+d+ha/_sher dbang rdzogs pas de dbus tshe bum/_dbang bzhi pa rdzogs pas de'i steng nor bus brgyan pa/_sbas tshul gyi phyag rgya mtshon pa'i kha T+wAM/_che btsan 'gran bral gyi seng khri/_ma chags pad+ma/_bde stong nyi zla'i gdan la bzhugs pa sogs las byang rgyas pa'i bstod pa las 'byung ba ltar rten dang brten par bcas pa gtso mchog snang srid zil gnon gyi ye shes de nyid la zag med 'bras chos thams cad ma btsal lhun rdzogs su bzhugs pa gang*/_de dang de'i rnam par shar ba'i brda don rtags gsum re re nas dran par byas pas snang zhen thams cad gdod nas dag pa ye shes lha yi 'khor lo ru sbyor bar byed pa'i gnad dang ldan pa'o/__/gnyis pa ni/_de ltar rtse gcig nyams su blangs ba las/_g.yo thob goms brtan mthar phyin nyams skye zhing:_gsal ba gsum ldan phyag rgya dngos dang mjal:_ngag gi bden grub dgongs pa 'pho 'gyur med:_ces pa ste/_de ltar rtse gcig nyams su blangs bas dmigs pa la sems mi gnas par 'du byed kyi rtog pa mang po 'gyu ba g.yo ba'i nyams/_rnam rtog cung zad zhi nas sems gnas shing yid yul du wal gyi gsal ba thob pa'i nyams/_rang nyid lha dngos su gsal nus shing bzhengs bzhugs zhi khro sogs ci 'dod du bsgyur btub pa goms pa'i nyams/_gsal snang la sems ci tsam gnas 'dod pa de srid du sdod pa brtan pa'i nyams/_nyin mtshan rtag tu rkyen gang gis kyang mi 'phrog par gsal brtan tshad brgyad gyad du gyur pa mthar phyin gyi nyams dang lnga rim gyis skye zhing*/_tha mal du 'dzin pa'i mngon zhen lha skur rdzogs te yid dbang lus kyi yul du gsal ba'i ting 'dzin tshad du 'khyol ba'i shin sbyangs dang ting 'dzin gyi spyod yul bsam mi khyab pa la dbang 'byor te lha yi sku dngos su mjal ba dang*/_ngag gi bden pa 'grub/_dgongs pa 'pho med kyi drod thob pa sogs dngos grub ci rigs pa la dbang 'byor ba'o/__/gnyis pa nye bsnyen phyag rgya spros bcas ni/_de nas dkyil 'khor 'khor lo yongs rdzogs la:_sems bzung rim gyis gsal snang 'grub pa na:_rigs kyi tshom bu mkha' dang mnyam par spro:_zhes pa ste/_de ltar phyag rgya gcig pa'i ting 'dzin brtan pa dang*/_chos dbyings thig le nyag gcig gi ye shes las rtag khyab lhun gyis grub pa'i phrin las gang 'dul gyi rol mos gdul bya thams cad rjes su 'dzin pa la phyogs su lhung ba med pas/_sku gsung thugs kyi gsang ba mi zad pa'i rang gzugs bla ma sku gsum/_phyi lo zla nang 'pho ba gzhan du rten 'brel bcu gnyis dag pa'i rnam 'phrul bcu gnyis/_phrin las rnam bzhi'i sgo ba bzhi yi dkyil 'khor gyi 'khor lor shar ba'i tshom bu yongs rdzogs kyi gsal snang sgrub pa'i phyir phrin las snying po ltar gsal te snga ma bzhin sku gsung thugs kyi ye shes rnal 'byor du byas pas rang rigs kyi tshom bu mkha' khyab tu spros la bsgrubs pas gnas skabs dang mthar thug gi dngos grub rab 'byams la ci dgar spyod pa'i gzhi brtan par byed do/__/gsum pa sgrub pa tshom bu tshogs su sgrub pa'i tshul ni/_snang srid gzhir bzhengs rig 'dzin rtsal 'chang gi:_sgyu 'phrul drwa ba chen po'i ting 'dzin gyis:_tshom bu dang bcas tshogs kyi spyod pa la:_brten nas dngos grub bla med bsgrub pa ni:_zhes sogs nas/_rig 'dzin sgyu 'phrul drwa ba'i phyag rgyar bsgyur:_zhes pa'i bar gyis bstan pa ste/_snga ma gnyis kyi drod rtags mngon du gyur nas lam gyur gyi 'bras bu rig 'dzin rnam pa bzhi'i go 'phang mthar phyin pa'i slad skal ldan mi yi gang zag_/dgyes ldan lha yi rten/_'byor ldan yo byad kyi 'byor tshogs rnam pa gsum ldan gyi tshom bu chung ngu gtso bo yab yum/_'bring dkyil 'khor gyi lha grangs/_rgyas par rab tu mang po'i stang dpyal gyi 'dus pas phun sum tshogs pa lngas sgrub pa'i gzhi bzung*/_sta gon rgyas bsdus kyi rim pa sngon du song bas sgrub pa ji tsam byed pa'i sum cha dang por bsnyen pa'i cho gas snod gzhal yas khang pad+ma drwa ba'i zhing du sbyangs te rtog sgrib bsal/_sum cha gnyis par nye bsnyen gyis bcud rig 'dzin sgyu 'phrul drwa bar bsgyur te dngos grub kyi dbyig bsdu/_cha gsum par sgrub pa'i dgongs pas sems rgyud ye shes chen por sbyangs te sgrub pa'i gzhung bsrang ba las byang rgyas 'bring la brten nas bya ba ste/_de'i tshul rgyas pa go stod 'od 'bar brag gi gter byon sid+d+hi'i bum sgrub kyi dgongs pa 'jam mgon lo chen yon tan rgya mtsho'i gsung rab sgrub khog ltar shes par bya dgos so/__/bzhi pa sgrub pa chen po'i lam mthar dbyung ba'i tshul la/_dngos dang*/_rtags tshad bstan pa gnyis las/_dang po ni/_sgrub pa chen pos rang gi rgyud sbyangs nas:_lha sku'i gsal snang sngags kyi gzer kha dang:_bde stong ting 'dzin sbyor sgrol brtul zhugs kyis:_zla drug bcu gnyis bco brgyad mthar son tshe:_zhes pa ste/_stong chen snying rje phyag rgya gcig spros te zag bcas tshogs lam gyi rnal 'byor dang*/_tshogs sgrub sbyor lam bar chad med pa'i lam du ji skad bshad pa de ltar smin par bslab ste phyi lha sku'i bskyed rim gyi gsal snang mthar phyin/_nang rdzogs rim gyi bde stong ting 'dzin gyi drod tshad brtan pas sems la rang dbang thob ste rlung rig las su rung*/_bar bsnyen sgrub yan lag bzhi ldan gyi ting 'dzin dang bzlas pa tshad du 'khyol te dbang po rab zla ba drug_/'bring bcu gnyis/_tha ma bco brgyad kyi rdzogs pas lam mthar phyin/_thun mong khyad par gyi rtags tshad rdzogs pa dang*/_srod la bkra shis pa'i rdzas la brten nas lha las dngos grub/_nam gung dgra las sgrol ba lam du byas te dngos grub/_tho rangs gzungs ma la brten nas sbyor ba lam du byas pas dngos grub blangs te rig 'dzin rnam pa bzhi'i sa lam rdzogs nas zag med mthong sgom mthar lam gsum mthar phyin 'bras bu'i sa la sbyor bar byed pa'o/__/gnyis pa ni/_phyi rtags dngos su lha zhal mthong ba dang:_dkyil 'khor 'od 'phro bum pa'i bdud rtsi khol:_b+han+d+ha 'phar zhing mar me rang 'bar 'byung:_nang rtags lus ngag sems bde rlung rig dwangs:_gzung 'dzin chos rnams sgyu ma lta bur mthong:_gsang ba'i rtags su ting 'dzin rtse gcig la:_dgongs pa mi 'gyur lha tshogs rang la rdzogs:_zhes pa ste/_sgrub pa'i rtags dngos nyams rmi lam gang rung du phyi rtags su lha yi zhal mthong ba'am sku rten bzhad 'dzum dang*/_dkyil 'khor las 'od 'phro bum pa dang bdud rtsi khol/_b+han+d+ha nam mkha' la 'phar ba dang mar me rang 'bar du 'byung ba dang*/_nang rtags su lus sems shin sbyangs kyi bde ba dang 'khrul pa'i chos thams cad bden med sgyu ma lta bur mthong ba dang*/_gsang rtags su sgo gsum lha sngags chos nyid las mi 'da' bas don dam 'od gsal gyi ye shes lha yi dgyes zhal mngon sum du mthong nas lha bdag gnyis med su med pa'i go 'phang mngon du byed par 'gyur ro/__/gnyis pa de sgrub byed kyi thabs bshad pa la/_sngon 'gro/_dngos gzhi/_rjes kyi bya ba dang gsum las/_dang po la'ang*/_las byang sngon 'gro'i chos bdun las/_tshogs spel bgegs bsal 'gal rkyen sbyang:_dam bzung byin dbab mchod rdzas brlab:_rang rig ye shes lhar rdzogs pas:_zab mo'i rnal 'byor lam du bya:_zhes pa ltar mthun rkyen spel ba/_'gal rkyen sbyang ba/_gnyis ka'i don du las rim bya ba gsum las/_dang po ni/_dam tshig gi rten ni gzhung ltar tshogs pas mos gus kyis brgyud 'debs sngon du 'gro bas bsnyen sgrub la sogs pa dgos pa'i skabs su bab na las byang 'bring po ltar bsang chu byin brlab/_rdor dril byin brlab sogs kyang skabs dang bstun/_nyin dang por dkar gtor kyang btang*/_skyabs 'gro'i rgyu nges 'byung dang gzhan phan gyi bsam pas/_log pa'i lam dang de'i gang zag bcas spangs nas/_de las khyad par du mas 'phags pa'i skyabs yul rang gi snying ga'i sa bon gyi 'od zer gyis thun mong dkon mchog gsum/_khyad par rtsa ba gsum/_kun 'dus rdo rje slob dpon rig 'dzin sgyu 'phrul drwa ba'i 'khor lor sad par/_rang gis thog drangs mkha' khyab kyi 'gro bas/_dus byang chub ma thob bar/_tshul ci mdzad khyed shes kyi gus pas kun rdzob rgyu'i skyabs 'gro/_sems nyid rang bzhin rnam dag ye shes gsum ldan mchog gsum du lhun gyis grub pa don dam 'bras bu'i skyabs 'gro dang*/_bsdu na tshogs zhing de dag gi spyan sngar rten snying rje dang brten pa byang chub kyi sems zung du 'brel bas kun rdzob smon 'jug dang*/_don dam spros bral 'od gsal gyi dbyings su mnyam par 'jog pa don dam gyi sems bskyed zung du 'jug pas dam 'cha' ba'am/_rgyas par smon sems/_tshogs bsags/_'jug pa bcas byas la tshogs zhing rang la bsdu'o/__/gnyis pa ni/_gdod nas ma grub kyang nyon mongs rtog tshogs phyir shar ba'i mtshan ma 'tshe zhing glags blta ba'i bgegs la/_rang rta mchog rol pa'i nga rgyal gyis/_gtor ma brngan du byin/_bka' bsgos te mi nyan pa la drags sngags me mtshon khro chung gis bsdig bskrad gzir te bskrad/_phyin chad mi 'jug pa'i slad du bdag gi thugs ka'i 'od zer gyis rdo rje/_mtshon cha lnga/_ye shes me'i srung gur dang*/_sgo gsum rang bzhin lhun grub kyi srung 'khor bcas gsal btab/_bsnyen mtshams kyi skabs bgegs bskrad zin pa dang rgyal chen tho 'dzugs byas la srung 'khor bsgom/_las byang rgyas 'bring gi skabs brda phyag bshags pa/_dam bca' ba'ang bya/_gsum pa ni/_dbab bya ye shes lha'i 'bras chos lnga'i gzi byin/_dbab yul bdag gnas yo byad la/_'bebs tshul sngags ting 'dzin spos rol gyis bskul te dbab pas dag pa rab 'byams ye shes kyi rol par byin gyis brlabs pa dang*/_mchod rdzas bsangs sbyangs te phyi nyer spyod dang drag po'i dam rdzas dbang lnga'i puSh+pe sogs dang 'dod yon lnga/_nang sman raka gtor ma/_gsang ba sbyor sgrol ye shes kyi mchod pa rnams dam rgya sngags chos rgya bca' ba las rgya ting 'dzin ye rgya don dam phyag rgya chen po bzhis bde ba chen po'i ngo bor byin gyis brlab bo/__/gnyis pa la dam tshig pa bskyed pa/_ye shes pa spyan drangs ba/_phyag mchod bstod pa'i las rim pa'o/__/dang po ni/_rgyu ting 'dzin gsum sogs sngar ltar bsgoms te nam mkhar gnas pa'i rgyu yi sa bon hrIHlas 'bar ba chen po'i 'od zer me rlung chu yi rnam pa spros te snod bcud kyi ma dag pa'i dngos 'dzin stong par sbyang*/_sngar de ting gis 'dzin rtog dang*/_'dir gzung yul sbyong ba'i dgos pas ldab skyon med la/_slar yang sa bon las yi ge rim par chad pa'i 'byung bzhi'i dkyil 'khor ri rab dang bcas pa'i steng b+h+rU~M las thar pa chen po'i gzhal med khang 'og gzhi khor yug_/logs/_thog phub/_sgo/_rta bab/_rgyan gyi khyad par sogs mtshan nyid thams cad yongs su rdzogs pa zhi ba'i dkyil 'khor spyi ltar dang*/_phyi rol rdo rje'i srung 'khor/_'og gzhir pad nyi sna tshogs rdo rje dang bcas pa/_lte bar pad+ma 'dab bzhi/_rin chen zur brgyad kyi dbus su seng khri pad+ma nyi zla'i gdan la hrIHyig bab pa yongs su gyur pa las rigs kyi gtso bo gu ru snang srid zil gnon sku mdog dkar la dmar ba'i mdangs can/_zhal ras zhi zhing 'dzum la spyan hur bag tu gzigs pa sogs khros pa'i nyams/_dbu zhwa pad+ma mthong grol/_sku la rdo rje'i gsang gos dkar po/_phod chen mthing khra/_chos gos rnam gsum dmar po/_ber phyam smug po rnams brtsegs mar gsol ba/_phyag g.yas gser gyi rdo rje rtse lnga sdig mdzub kyis 'phyar zhing*/_g.yon pas mnyam bzhag gis thod pa tshe bum dang bcas pa bsnams pa/_gru mo g.yon du kha T+wAM rtse gsum pa 'khyud pa'i tshul gyis 'dzin pa/_zhabs gnyis cung zad brkyang bskums du byas pa rgyal po rol pa'i stabs kyis 'ja' zer 'od lnga'i klong na rol pa'i spyi bor bde ba chen po longs sku spyan ras gzigs dkar po/_de'i rigs bdag chos sku stong nyid snang mtha' tshe dpag med dmar po gnyis brtsegs pa'i tshul du bzhugs pa/_phyi rol phyogs bzhi la dbang drag brtul zhugs spyod pa pad+ma rgyal po rgyal ba'i gdung 'dzin/_mkhyen gnyis mthar son smra ba'i seng ge blo ldan mchog sred 'jam dpal sku/_'dod dgu mchog stsol skyes mchog tshul bzang pad+ma saM b+ha wa/_bdud tshogs 'dul mdzad bdud kyi gshed chen seng ge sgra sgrogs phrin las phur pa dang*/_de'i phyi rim rin chen zur brgyad la shar phyogs sogs phyogs bzhir yi dam lhag pa'i lha dang gnyis med 'dzam gling rgyan mchog shAkya seng ge yang dag thugs/_'chi med ye shes rdo rje'i sku brnyes pad+ma 'byung gnas/_phan bde'i 'byung gnas khyad 'phags rig 'dzin nyi ma 'od zer/_dregs pa tshar gcod rdzu 'phrul mthu chen rdo rje gro lod/_mtshams bzhir shar lho nas 'khor 'das zil gnon bla ma rdo rje drag rtsal pad+ma gsung*/_che mchog he ru ka dpal skal ldan 'dren mdzad bdud rtsi yon tan/_rdo rje 'chang dngos rak+sha thod phreng*/_bde ba chen po bla ma he ru ka khyab bdag pad+ma badz+ra rtsal dang*/_sgo bzhir rigs bzhi'i ging chen yab yum bcas sku mdog zhal phyag rgyan cha yongs rdzogs su lam gyis gsal btab pa dam tshig sems dpa' ste/_de thams cad kyi gnas gsum 'bru gsum gsal bas sangs rgyas thams cad kyi rdo rje gsum du dbyer med byin brlab/_dbu yi gnas lngar rigs bdag gtso bor gyur pa'i rig lnga yum dang sbyor ba'i sems sprin gyis dbang bskur sku gang dri ma bag chags dang bcas pa sbyang*/_chu lhag gyen du lud pa las snang ba mtha' yas gtso bor gyur pas rgyas btab bcas bya'o/__/gnyis pa ni/_dam tshig pa'i thugs srog las byung ba'i 'od kyis dbyings na bzhugs pa'i ye shes pa'i thugs rgyud bskul te chos sku las gzugs sku bsgoms pa lta bur bzhengs te skad cig gis spyan drangs nas dam tshig gi 'khor lo dang ro mnyam du 'dres/_gdod nas lus dam tshig_/sems ye shes par lhun gyis grub par bltas te dam ye mchog dman du 'dzin pa'i rtog pa spang ba'o/__/gsum pa ni/_dbyings ye gnyis su med pa'i lhar rtogs pa 'dres pa nan tan gyi phyag dang*/_'jig rten sri zhu'i tshul du gus pas phyag 'tshal ba dang*/_rang gis sprul pa'i lha mo dpag tu med pas yul yan lag brgyad ldan gyi mchod yon sogs dbang shes kyi nyer spyod bdun gyi phyi mchod/_sman raka gtor ma'i nang mchod/_don dbyings ye rtags yab yum sbyor bas zhu ba'i bde ba dang*/_shes rab kyis gnyis 'dzin dang snying rjes gdul dka' bsgral ba'i gsang mchod rnams yul can lha tshogs kyi phyi nang gsang ba'i dbang po la dgyes dgur bskyed pa dang*/_bya byed las gsum dag pa'i snang shes sku dang ye shes zung 'jug tu shes pa de kho na nyid kyi mchod pas bde ba chen po'i longs spyod lhag par spel ba dang*/_sku gsung thugs kyi che ba'i yon tan rjes su dran pa'i bsngags brjod zab rgyas rdo rje'i glu snyan par sgrog pas bstod de sku dang ye shes phrin las gzi byin lhag par 'phel ba'i nga rgyal bskyed pas tshogs gnyis rgya mtsho thabs kyi yan lag zab mo rdzogs par byed pa'o/__/gsum pa rjes kyi las rim ni/_rtsa ba'i phrin las su mi 'byung yang*/_yan lag gi sgrub thabs 'ga' zhig tu 'byung ba'i thun mtshams gtor 'bul la/_dgos pa bar chad bsal zhing dngos grub kyi stobs spel ba'i phyir/_dus thun mtshams dang bla med nang gi gtor ma srod la/_ngo bo dbyings ye gnyis med/_nges tshig ba la zhes phung po dang 'byung ba'i stobs skyed par byed pa phyi rdzas/_nang phung po/_gsang ba byang sems/_yang gsang de kho na nyid kyi gtor ma bzhi/_phyi'i gtor ma kho na la'ang rten rtag 'dzin rgyun 'phral gyi gtor ma sogs su dbye ba yod pa las/_thun mtshams su btang ba ni 'phral gtor te yul 'jig rten las 'das ma 'das kyi mgron rnams la 'bul ba'o/__/tshogs 'khor gyi ngo bo thabs shes dbyer med pa'i kun spyod khyad par can nges tshig ga Na tsakra'i sgra las bde ba chen po'i tshogs chen 'dus pa'i 'khor los nyon mongs pa'i drwa ba gcod pa/_dbye ba skal ldan mi/_dgyes ldan yo byad/_dngos grub lha/_bsod nams ye shes kyi tshogs/_ji ltar bya tshul mtshan nyid pa dkon kyang phrin las kyi kha skong tsam gyi nyi tshe ba la thabs shes kyi bdud rtsir byin gyis brlab/_tshogs phud cha gsum du spros pa'i dang po 'dod yon/_bar pa bdud rtsi/_tha ma nyams pa bsgral ba'i sha khrag dkyil 'khor gyi lhar stob pa dang*/_phyi nang gsang ba'i mchod pas bsgrub bya'i lha mnyes shing sgrub pa po'i nyams chags skong ba phyi/_a haM bsres bzhus phung khams skye mched kyi lha mchod pa nang*/_tan gan gyi gsang spyod kyis dwangs ma'i rtsa khams kyi lha mchod pa gsang ba/_'khor gsum mi dmigs pa yang gsang gi tshogs 'khor bcas tshul bzhin bya ba dang*/_slob dpon gyis gnang ba thob na rdo rje'i glu gar kyang bya/_lhag ma dme gtor phud cha gsum pa dang bcas byin gyis brlabs te mar gyi gnas bdun sogs la bsngos te srin mo'i za lam du bskyal/_thams cad he ru ka dang spyod yul mnyam pa'i smon lam gdab pas/_phan yon dngos grub chen po dus de nyid dam rim gyis thob pa'i skal pa can du 'gyur ba'o/__/brtan g.yo kun khyab ye shes kyi lha la nye ring mi mnga' yang 'gro ba'i don phyir sngon gyi tha tshig gdung shugs dang gsang ba'i rnge'u chung gis thugs dam bskul ba dang*/_pho mo ma ning gi rgyud gsum gyi srung ma rang rgyud pa'i tshul can rnams la gtor ma bsngos te brgyud gsum bla ma'i tha tshig bsgrags nas las kyi gnyer byang gtad pa'i chad tho dang*/_bod khams kla klo'i so kha srung phyir slob dpon chen pos bka' bsgos pa'i bdud gnod sbyin sman mo'i rigs can brtan ma bcu gnyis la bshal chu'i brngan pa sbyin/_snang srid las mthun gyi he ru kar gsal bas las kyi mtha' sdud rdo rje'i rta skad kyi dgongs pa dang ldan pa'i las bzhi'i bro brdung*/_bsgrub bya'i ye shes lha yi 'khor lo la bkra shis pa'i rdzas la brten te thun min gyi dngos grub sgrub pa'i skabs su ltas bzang nam byung la dngos grub len pa rgyun dang*/_sgrub pa mthar phyin pa'i lhag par gyi dus su dngos grub blang*/_bsnyen sgrub yan lag bzhi ldan gyi 'dod pa'i don 'grub pa'i gtang rag tu mchod bstod/_nyes pa'i rgyu bzhis nongs pa gnong 'gyod dang smre sngags yi ge brgya pas bshags te sor chud par bya/_snod bcud kyi snang cha gtso bo'i thugs ka'i 'od zer gyis sa bon nA da stong pa'i bar bsdus te spros bral gyi dbyings su mnyam par bzhag_/slar yang zung 'jug sgyu ma'i lha skur ldang la gnas gsum rgyas btab/_snang spyod lha dang ye shes kyi rol par shes pas spyod lam la 'jug_/khyad par du mas 'phags pa'i rim gnyis kyi dge tshogs mi zad cing gong 'phel gyis 'bras bu rgya cher smin pa'i thar pa mchog tu gyur pa/_'khor gsum yongs dag gi bsngo ba dngos sam rjes mthun pa'i theg chen gyi bsngo smon zab rgyas kyis byas pa don ldan dang*/_phyogs dus rgyal ba sras dang bcas pas bden tshig rdo rje'i glu me tog gi char dbab par rang yang de dang mthun pa'i shis brjod dbyangs rol me tog 'thor bas phyogs dus kun tu dge legs spel ba ste de dag kyang ting 'dzin phyag rgya ste gsang sngags lung gi sgo bzhi dang 'brel dgos shing*/_bskyed rim gyi mdo 'gag dag rdzogs smin gsum kyang sbyar du yod med ha cang rgyas thal bas ma spros pas gzhan du shes par bya dgos so/__/rtsa ba'i gnyis pa gsung bzlas pa sngags kyi rnal 'byor gyi khrid la/_phyi bsnyen sgrub yan lag bzhi ldan gyi bzlas pa/_nang zab mo hU~M bzlas/_gsang ba bde chen rlung gi bzlas pa dang gsum las/_dang po la/_bsnyen sgrub yan lag bzhi ldan gyi dzapa dgongs dang*/_de nyid ji ltar sbyar tshul gnyis las/_dang po la'ang*/_bsnyen pa zla ba skar phreng*/_nye bsnyen mgal me'i 'khor lo/_sgrub pa rgyal po'i pho nya/_sgrub pa chen po bung ba tshang zhig gi dzapa dgongs bzhi las/_dang po ni/_bskyed rim yan lag bzhi pa'i dzapa dgongs la:_bsnyen dang sgrub pa'i dmigs pa rnam pa bzhi:_thog mar rang gi thugs kar zla ba'i steng:_gser gyi rdo rje rtse lnga'i lte ba ru:_zla ba la gnas mar me ltar 'bar ba'i:_hrIHyig tha mar sngags kyi phreng ba ni:_rang sgra dang bcas bar med 'khor ba las:_sems bzung zla ba skar phreng lta bu zhes:_lha yi rgyud bskul bsnyen pa'i dgongs pa'o:_zhes pa ste/_de ltar bskyed rim goms pa'i tshe ting nge 'dzin gyis skye ba'i gegs sel ba dang*/_thugs dam bskul bas dngos grub la myur du sbyor ba'i bogs 'byin pa'i slad du yan lag sngags kyi bzlas pa la/_dzapa kyi bkol byang las/_bdag nyid pad+ma thod phreng ni:_rtsa gsum rgya mtsho'i spyi dpal te:_dkyil 'khor 'khor lo rab 'byams kyang:_dbyings las byung zhing dbyings su 'du:_de bzhin sngags dang phyag rgya dang:_bsam yas las kyi bye brag kun:_gang 'dul der snang cir yang ston:_dad ldan dngos grub sgrub pa la:_bslu ba med cing byin rlabs myur:_zhes pa'i don spyir sngags kyi ngo bo ni/_brjod pa'i sgra tshig rang mtshan pa zhig tu mi blta bar lha sngags ting 'dzin thams cad chos nyid gcig gi rang bzhin las nam yang 'da' ba med pas lha rnams kyi rig pa mi 'gyur ba'i rang bzhin thugs srog sa bon gyi rnam pa dang*/_thabs bde ba chen po'i gsal byed/_shes rab stong pa nyid kyi ngo bo dbyangs yig sogs su bstan pa dang*/_de dag las a lta bu'i yig 'bru re res kyang gzungs sogs dngos grub kyi sgo du ma sgrub pa'i tshul sogs yi ge sprin gyi rnam bzhag rgya cher gsungs shing*/_dbye na rgyu ma nor ba rtsa ba'i sngags/_bskyed pa rkyen gyi sngags/_bzlas pa las kyi sngags dang gsum las 'dir gtso bo bzlas pa las kyi sngags su gsungs kyang don gyis sngags kyi dbye ba gsum ka 'dir 'dus shing*/_bzlas sngags la'ang bye brag gi khyad par rgyal ba'i gdung 'dzin/_smra seng*/_pad+ma saM b+ha/_pad 'byung*/_khyad 'phags rig 'dzin/_rdzu 'phrul mthu chen/_bde rgyal rnams rig 'dzin ltar sgrub pa'i sngags/_bdud gshed bla phur dbyer med/_dzam gling rgyan mchog_/skal ldan 'dren mdzad/_rak+sha thod phreng rnams yi dam ltar sgrub pa'i snying po yin la/_lha dang sbyar na rgyun gyi bkol byang las_'bru gsum sku gsum dbyer med la:_badz+ra gu ru rigs kyi gtso:_zhes sogs dang*/_bsnyen sgrub las gsum dang sbyar na lha sngags dbyer med kyi gsang ba zab mo/_nges tshig gu h+ya man+t+ra'i sgra las drangs na ma na yid/_tra ya skyob pa ste gang zhig bzlas pas gzung 'dzin gyi yid nyes pa'i g.yul las skyob pa'i dngos grub ster ba la thogs pa med cing*/_de'i rang bzhin mu stegs sogs gang gis kyang mi rtogs pas gsang ba zhes bya la/_khyad par du'ang skabs su bab pa'i bsnyen sgrub kyi sngags rnams ni sangs rgyas kyi rnam pa thams cad pa gsung gsang sngags kyi rnam par bstan nas gdul bya 'dul ba ste/_byed las gang gis bzlas pas gnas skabs las rlung dag ste ye shes kyi rtsal 'byongs shing las bzhi la rang dbang brnyes/_mthar thug sangs rgyas kyi gsung gsang ba bsam mi khyab pa'i byed las kyis yon tan dang phrin las la dbang 'byor bas lha dang drang srong gis byas ba'i sngags phal pa las kyang khyad par du mas 'phags pa yin la/_de lta bu'i sngags bzla ba'i skabs su sngags dang ting 'dzin zung du 'jug pas dngos grub myur zhing stobs nus che bas skabs 'dir bstan bya'i gtso bo dzapa kyi dgongs pa ste/_dzapa bkol las/_bdag nyid dam tshig dkyil 'khor dang:_mdun gyi ye shes dkyil 'khor pa:_gnyis ka'i thugs kar sngags phreng bkod:_bdag las 'od 'phros mdun bskyed bskul:_de las 'od zer spro bsdu yis:_ji skad bshad pa'i dngos grub bsgrub:_mthar ni bdag nyid thugs kar bsdu:_zhes pa ltar/_lugs 'dir las byang rgyas 'bring la brten phyin chad thog mar dzab khang dbye dgos pas bstod pa'i mjug tu/_bdag nyid bsgoms pa lta bu'i ye shes kyi 'khor lo mdun thad cung zad mtho bar me ri 'dabs 'byor du bskyed la/_dbyangs rol dang bcas te dzapa la bskul bas/_gang bskul bya'i lha rnams kyis sgrub pa po la thugs lhag par dgongs pas sku las sku spros pa nam mkha' gang ba thams cad kyis bde gar bsgyur/_gsung sngags sgra bung ba ltar sgrogs/_thugs sngon gyi zhal bzhes rjes su dgongs pas nus rtsal sprugs te dngos grub dbang med du thob par bsam la bzlas pa rnams bya ba yin la/_dmigs pa'i gtso bo rang nyid dam tshig sems dpa' ma hA gu ru dang mdun gyi ye shes kyi dkyil 'khor gnyis ka'i thugs kar zla ba'i steng*/_ye shes sems dpa' thugs gnyis su med pa mtshon pa'i gser gyi rdo rje rtse lnga pa gyen 'greng gi lte bar zla ba sran 'bru bkas pa tsam leb chags kyi dbus su ting 'dzin sems dpa' thugs srog dwangs ma'i sa bon hrIHyig stan la khab btsugs pa ltar gnas pa'i mthar rdo rje'i srog sngags yig 'bru bcu gnyis pa thog mar bkod la sems bzung*/_dmigs pa zin pa dang g.yas su kyi li li 'khor bar bsgom pa bsnyen pa'i yan lag zla ba skar phreng lta bu zhes thog mar lha yi thugs rgyud bskul te rang dang nye bar byed pas so/__/tshul 'di la brten nas sngags kyi zhi gnas sgrub pa dang thugs srog la sems 'dzin pas gzungs dang ting 'dzin gyi sgo sgrub pa sogs du ma gsungs so/_gnyis pa ni/_de nyid las 'phros sngags phreng zhal nas thon:_mdun gyi ye shes sems dpa'i zhal du zhugs:_sku yi dbyibs brgyud lte ba'i pad+mo nas:_rang gi lte bar zhugs shing sngar ltar 'khor:_'od zer dwangs ma thugs kyi thig ler 'khyil:_bde ba chen po'i ye shes brtan pa dang:_dngos grub mtha' dag dbang du gyur par bsgom:_mgal me'i 'khor lo lta bu'i ting 'dzin te:_lha dang nye bar bsnyen pa'i dgongs pa'o:_'di ni rang 'od rig ma'i phyag rgya dang:_'khor gyi lha tshogs bskul phyir spro ba yi:_dmigs pa'i bye brag cir yang bsgyur du rung:_zhes pa ste/_thugs srog las rnam pa sngags phreng byed las bde ba chen po'i ye shes bskyed nus pa can byung rang gi zhal nas thon/_mdun bskyed gtso bo'i zhal du zhugs/_sku yi dbyibs brgyud lte ba'i pad+mo nas thon/_rang gi lte bar zhugs/_snying ga'i sa bon la thim ste bar med du mgal me ltar 'khor bas dngos grub kyi dwangs ma 'od zer gyi rnam pas rang la thim pas dbang dang byin rlabs thams cad thob/_sems la bde stong gi ting 'dzin khyad par can bskyed cing brtan par bsam pa lha dang nye bar bsnyen pa mgal me klad bskor gyi dgongs pa ste/_de yang dzapa kyi bkol byang las 'byung ba'i dkyil 'khor yongs rdzogs la bde chen bzlas pa dngos bstan rang 'od kyi yum gyi zhal dang sbyor mtshams las brgyud pa dang bdag mdun dbye ba'i skabs sku gsum so so dang*/_gtso bo gu ru rin po che'i zhal gyi 'od zer gcig las du ma 'phros te rnam 'phrul so so'i zhal dang thugs ka nas brgyud lte ba nas byung rang la bsdu ba dang*/_de'i rkyen gyis thams cad rang 'od kyi yum dang sbyor bas sngags phreng 'khor ba bcas dmigs dgos te dzapa kyi bkol byang las/_bdag las 'od 'phros mdun bskyed bskul:_de las 'od zer spro bsdu yis:_ji skad bshad pa'i dngos grub sgrub:_ces gsungs/_rgyun gyi bkol byang lta bu bdag mdun tha dad med pa la'ang rang 'od kyi rig ma dang sbyor ba'i zhal dang mkha' gsang brgyud de bsgoms pas zhu bdes drangs pa'i lha'i gsal snang sgrub pa dang*/_gtso 'khor gyi sku yi dbyibs brgyud de bsgoms pa sogs dmigs pa'i bye brag du ma gsungs shing*/_don du dngos grub dbang du bya ba dang bde stong gi rtsal 'byong ba'o/__/gsum pa ni/_sngags las 'phros pa'i 'od zer mchod sprin gyis:_'phags pa mchod cing byin rlabs rang la thim:_sgrib dag tshogs rdzogs dbang dang dngos grub thob:_slar 'phros khams gsum 'gro ba'i las nyon sbyang:_rgyal po'i pho nya lta bu'i spro bsdu yis:_dngos grub sgrub la dbang ba'i dgongs pa'o:_zhes pa ste/_bsnyen dmigs snga ma gnyis gang rung la 'od zer spro bsdus 'phags pa mchod/_'gro ba'i sgrib gnyis sbyangs te sangs rgyas kyi sa la bkod/_slar yang 'od zer las mthun gyi spro bsdus thun mong dang mchog gi dngos grub sgrub par mos pas don gnyis sgrub pa'i yan lag rgyal po'i pho nya 'gyed pa lta bu ste/_tshul 'di lta bu'i rnal 'byor kho nas kyang las kyi tshogs rab 'byams sgrub nus pa'i man ngag go__/bzhi pa ni/_de tshe phyi snod 'og min rdo rje'i zhing:_cir snang lha dang brtan g.yo'i sgra kun sngags:_dran rtogs gnyis med ye shes rol pa'i ngang:_snang srid gzhir bzhengs chen por bzlas pa ni:_bung ba tshang zhig lta bu'i rnal 'byor te:_dngos grub sgrub pa chen po'i dgongs pa'o:_zhes pa ste/_de ltar sgrub pa'i grub mtha' snod bcud kyi snang gzugs lha/_sgra grags sngags/_dran rtog ye shes kyi rol mor sad de thams cad sku yi gar bsgyur bas snang ba'i bden zhen zhig cing snang srid g.yos/_'jam brjid chags rngams kyi tshul du sngags kyi sgra bsgrags/_thugs zhi rgyas dbang drag gi ting 'dzin gyi dgongs pa la bzhugs par bsam pa sgrub pa chen po'i yan lag bung ba tshang zhig lta bu ste ye shes kyi rtsal 'byongs shing phrin las la rang dbang brnyes par byed pa'i bzlas pa'o/__/gnyis pa ni/_/de ltar rdo rje'i dzapa dgongs rnam pa bzhi:_phyag rgya gcig dang phyag rgya spros bcas dang:_tshom bu tshogs kyi sgrub par gtso bor bya:_snga ma'i gsal snang rdzogs nas phyi mar 'jug:_'on kyang bdag nyid rang byung pad+ma yi:_man ngag dgongs pa stan thog gcig nyid du:_bsnyen sgrub dzapa dgongs chig dril bya ba'i tshul:_byin rlabs rtags mtshan myur du 'byung phyir bstan:_zhes pa ste/_spyir bsnyen sgrub yan lag bzhi/_dzapa bkol las/_bsnyen pas thugs dam rgyud bskul zhing:_sgrub pas dngos grub gang 'dod pa:_'grub pa'i skal ba dang ldan tshe:_las sbyor las bzhi'i rim pas bsgrub:_ces pa ltar dkyil 'khor gyi bzlas pa sku gsum la brten nas bsnyen pa/_lha tshogs spyi dril la brten nas sgrub pa/_de la nang gses su gtso 'khor spyi dang bye brag gi bzlas pa/_dpa' bo rigs bzhi'i las sbyor te gsum/_snga ma bsnyen pa la bsnyen pa nye bsnyen gnyis/_sgrub pa la gnyis su dbye bas gzhir gsungs la/_gang ltar yang go don gcig ste yul gnyan po la 'dris gdags pa lta bu bsnyen pa/_lha bdag gnyis med du 'dres pa nye bsnyen/_ye shes rang dbang du byed pa sgrub pa/_gzhan don phrin las rab 'byams la dbang bsgyur ba sgrub pa chen po'i tshul du yin pas dzapa dgongs bzhi phyag rgya gcig spros tshogs sgrub bcas la gtso bor sbyar bar rgyud sde las gsungs kyang lha sngags kyi rnam 'byor gcig dril las byang rgyas bsdus gang ltar yang bsnyen sgrub kyi dzapa dgongs bzhi ka chub dril te sbyar bas bsnyen sgrub yan lag bzhi ldan chig chod du 'gyur zhing byin rlabs kyi rtags mtshan myur du 'byung ba thun min gsang ba'i man ngag tu gsungs so/__/gnyis pa nang zab mo hU~M bzlas ni/_nang ltar zab mo hU~M gi bzlas pa yis:_bskyed rim snang zhen sbyong zhing rig rtsal 'phel:_zhes pa ste/_spyir bla ma'i thugs sgrub ces pa'i go don/_phrin las rgyas pa bde 'dus las/_thams cad kun gyi zab pa'i bcud:_rgyud dang sgrub pa'i sde ru 'dus:_de la ye shes klong dgu yi:_phyag rgya'i bye brag ji snyed kun:_bla ma'i thugs las byung ba'i phyir:_'di sgrub bde gshegs thams cad 'grub:_ces gsungs pa ltar rgyud lung man ngag gi zab dgu'i nying khu thams cad bla ma'i thugs kyi ye shes las byung zhing*/_de'i sa bon nas bzlas na dngos grub lhag par myur ba srog nas zin pa lta bu ste de'i phyir thugs sgrub ces pa ste/_'dus pa rtsa rgyud las/_hU~M ni sku gsung thugs nyid de/_/rdo rje mi phyed gsum thob pa'o/__/zhes pa ltar spyir rang byung 'od gsal gnyug ma mi shigs pa'i dbyings su shin tu phra ba'i sku gsung thugs ye shes rdo rje'i sgrub gzhi 'du 'bral med par gnas pa gzhi ste/_de nyid la rags pa'i phung khams skye mched kyis bsgribs te gnas pa la/_sangs rgyas kyi rdo rje'i sku la dwangs ma 'pho med kyi yi ge ye shes kyi rlung gis bskul ba'i rang gdangs rnam pa thams cad pa'i yi ge'i gzugs su shar ba la brda sprod pa dang*/_dngos grub sgrub pa la sogs pa'i thabs du ma lam du byas pas/_'bras bu gzhir gnas kyi ye shes gnas lugs mngon gyur du sad de rdo rje gsum dbyer med pa'i ye shes kyi dgongs pa rtogs pa'i rnam bzhag mdzad kyang*/_don la chos nyid gcig gi gnas lugs las gzhi lam 'bras gsum gang gi skabs su yang ngo bo gzhan du ma gyur pa bzhin/_a U ha gsum 'dus pa las hU~M gi yi ge byung ba dkyil 'khor gyi lha rnams kyi snying po srog gi sa bon du byin gyis brlabs pa gang*/_gzhir gnas kyi snying gar bsgom pa dang bzlas pa'i tshe skyes bu'i srog nas zin pas dbang med du las byed pa ltar bsnyen sgrub kyi sngags gzhan las kyang 'di nyid bzlas pa zab ste/_sku gsung thugs gsum gyi zlas phye ba'i gsang ba thugs srog gi sa bon du gsungs pas ye shes srog gi snying po dang*/_ye shes pa rnams gang zag rang rgyud pa ltar sgo gsum tha dad du mi gnas pa gsang ba thams cad ye shes gcig gi bdag nyid las ma 'das pas rdo rje gsum kun gyi khyab byed kyi sa bon yang yin pas bzlas sgom gang byas kyang stobs che bas na/_rdzogs chen gyi gzhung rnams las kyang hU~M bzlas sgom kyis dngos 'dzin bshig pa dang*/_ye shes 'char ba'i thabs sna tshogs su gsungs pa'ang gnad don de kas te/_des na gu ru'i thugs sgrub phal mo cher yang gsang hU~M gi sgrub pa nyid gtso bor bsngags shing*/_skabs 'dir yang rig rtsal ye shes kyi 'khor lo'i rnam pa thams cad kyang mi shigs gsang ba'i thugs kyi dbyings las ma 'das pas chos nyid stong par gcig kyang rnam pa gtso 'khor zhi khro ji ltar snang yang snang cha ma 'gags pa tsam las dngos mtshan du ma grub pa a U ha gsum gyis mtshon yi ge'i tshogs du ma 'dus pa las hU~M zhes snang yang dpyad na thams cad a skye med las ma 'das pas mtshon byed byas te/_sgom pa'i lha rnams kyang rnam kun mchog ldan gyi phyag rgya las ma 'das pas dngos mtshan rang rgyud du mi zhen par lha sngags ting 'dzin gyi spro bsdu thams cad kyang chos nyid gnyug ma'i ye shes gcig las mi 'da' zhing*/_sangs rgyas kyi ye shes thugs srog snying po yi ge hU~M gi gzugs su shar ba chig dril du bzlas te rig pa ngar bskyed nas/_bskyed rim gyi snang cha chos nyid stong pa dang gnyis su med par bsres la rlung rig sems gsum dbyer med kyi nges pas hU~M zhes bzlas pas lhar snang dngos por zhen pa'i gegs sbyong zhing 'od gsal ye shes kyi dgongs pa gzings bstod pa ches zab pa'i thugs kyi sgrub pa'i yang snying srog gi bzlas pa bla na med pa'o/__/gsum pa gsang ba bde chen rlung bzlas ni/_gsang ba yang zab bde chen rlung bzlas kyis:_ting 'dzin brtan zhing las su rung ba thob:_zhes pa ste/_thog mar rlung ro bsal/_bde chen bskyed par 'dod na mgal me'i 'khor lo lta bu'i dmigs bzlas dang sbyar ba'i hU~M bzlas sam/_ting 'dzin brtan par 'dod na ngag gi rlung 'byung 'jug gnas gsum 'bru gsum dang sbyar ba dang*/_de la goms nas rlung ro bsal zhing lte bar bskyil te bum chen dang sbrag pa'i rdo rje'i bzlas pa la rtse gcig tu sems gtad de sbyangs bas bying rgod dang bral ba'i ting 'dzin brtan pa/_bde gsal mi rtog pa'i nyams skye zhing rlung sems las su rung ba'i rtags rnams 'char ba dang mthar thug las rlung gi byed pa dbu mar dag pa'i thabs rmad du byung ba'o/__/bzlas dmigs 'di gnyis dngos bstan las byang rgyas bsdus skabs dkyil 'khor yongs rdzogs la gsungs kyang rgyun gyi bkol byang lta bu la'ang sbyar chog par shes par bya'o/__/gsum pa thugs 'od gsal de kho na nyid kyi rnal 'byor la/_nyer bsdu'i rnal 'byor spyir bshad pa dang*/_rdzogs rim gyi man ngag spros te bshad pa'o/__/dang po la/_lhar snang 'od gsal du bsdu ba dang*/_thun mtshams kyi lhar ldang bas spyod lam la 'jug cing tshogs gnyis spel ba'o/__/dang po ni/_mthar thug 'od gsal nyer bsdu'i rnal 'byor ni:_hU~M hU~M hU~M gis snod bcud rang lus bcas:_rim gyis thugs srog hrIHyig bar du thim:_de yang mi dmigs 'od gsal gnyug ma'i ngang:_'das pa 'gags shing ma 'ongs ma skyes pa:_da lta'i shes pa zang thal ngang nyid du:_sems la sems kyis blta ba'i tshul du bzhag:_de tshe rnam par rtog pa ci shar yang:_thams cad sems nyid gcig gi rol pa ste:_nam mkha'i rang bzhin 'pho 'gyur med pa ltar:_sems nyid kun khyab 'pho 'gyur med par rtogs:_'di ni theg pa'i mthar thug rdzogs pa che:_rang byung sems sde'i dgongs pa bla na med:_don gyi rnal 'byor 'di la sus spyod pa:_gsang ba'i rtags dang yon tan mtha' yas 'byung:_nyams dang rtogs pa'i rtsal chen rim gyis rdzogs:_kun bzang pad+ma'i ye shes thob par 'gyur:_zhes pa ste/_dgos pa sems can gyi rgyud la 'khrul snang rtag par lta ba'i zhen pa sbyong ba'i phyir sngar gsal btab pa'i lha dang gzhal yas su snang ba thams cad hU~M gsum rim gyis brjod pa'i rkyen gyis gtso bo'i thugs ka'i 'od zer gyis phyi snod gzhal yas khang 'khor rnams la bsdu/_'khor rnams gtso bo/__/gtso bo'i sku yang rim gyis bsdus nas nA da shin tu phra ba'i bar du thim/_de yang 'od gsal gyi ngang du bsdus te 'das pa'i rjes su mi 'brang*/_ma 'ongs pas mdun mi bsu/_da lta'i rig pa rkyen yul du ma shor ba'i dus gsum rtog pa kun bral zang thal du bskyangs ste gnyug ma'i sems la sems kyis ma yengs pa tsam du blta zhing skyong*/_de'i tshe bzang ngan gyi rtog pa gang shar yang spang blang med pa sems nyid gcig gi cho 'phrul du nges pas bsgyur bkod spu tsam yang mi bya bar rang bab so ma bskyangs bas rang shar rang grol du 'gyur la/_der ma zad lha dang spro bsdus ting 'dzin thams cad kyang sems las logs su med cing*/_sems ni 'khor 'das kun khyab rgya chad phyogs lhung med pa 'di ka ste/_des na bsgrub bya ye shes kyi lha/_sgrub byed thabs kyi rnal 'byor/_sgrub gzhir rang sems thams cad tha dad med par rang rig gcig gi ye shes las mi 'da' bas gnyis med mnyam nyid byang chub kyi sems su lhun gyis rdzogs pa ste/_dper na snod bcud du mar snang yang nam mkha' gcig las ma 'das pa ltar shes pa ni dgongs pa mi 'gyur ba'i gzer zhes srid zhi'i stong srog gcig char du 'phrog pa'i gnad/_bskyed rim mchog gi dngos grub kyi nye rgyu thun min/_mthar thug he ru ka dpal chen po'i thugs mi zad rgyan gyi 'khor lo dang dbyer med pa'i dngos grub thob par byed pa'o/__/tshul 'di lta bu'i rnal 'byor ni bskyed rim bsdu ba'i skabs kho na min kyang lam thams cad kyi srog tu med du mi rung ba'i man ngag bskyed rdzogs kyi mdo chings thun min rdzogs pa chen po a ti yo ga sems sde'i dgongs pa nyams su len bde zhing gegs dang gol sa chung ba/_nges pa don gyi mchog gi ting nge 'dzin gyi rnal 'byor mthar thug pa ste/_'di kho na la chig dril du brtson pas lam gzhan la mi ltos par ye shes kyi lha yi zhal mthong*/_rlung sems dbang du 'dus/_phrin las bzhi la rang dbang 'byor/_nyams rtogs kyi rtsal shugs rang bzhin gyis rdzogs nas mthar thug kun bzang pad+ma rgyal po'i ye shes kyi sku 'grub par gdon mi za ba'i thabs kyi gseng lam mthar thug pa yin pas 'dir zhar byung du spros pa tsam mo/__/gnyis pa ni/_de las phaT phaT phaT ces brjod pa yis:_rang dang snod bcud dkyil 'khor 'khor lor blta:_bskyed dang rdzogs pa zung 'jug ngang nyid nas:_bsod nams ye shes tshogs gnyis gong du spel:_zhes pa ste/_stong rkyang kho nar snyoms par 'jug pa ni chad mtha' yin pas sems can rnams chad pa'i lta ba'i zhen pa bsal ba'i slad du phaT gsum brjod pas chos sku skye ba med pa'i ngang las snying rje'i rang rtsal snang stong gnyis su med pa'i ngang las 'gags med kyi lha yi gzugs sku rang byung gnyug ma'i gzugs can du lam gyis gsal/_dkyil 'khor gyi gtso bo zhal phyag mang po can yin kyang skabs 'dir zhal gcig phyag gnyis par gsal la gnas gsum rdo rje gsum gyis rgyas gdab/_gzugs sgra sems kyi dran rtog thams cad yi dam gyi lha de yi sku sngags chos skur shes pa'i spyod lam la 'jug_/mnyam bzhag gi myong ba'i rtsi dang ma bral bas/_gtor ma/_tshogs mchod/_sbyin sreg_/gcod yul/_bsang gsur chu sbyin la sogs pa bsod nams kyi tshogs bsags pa'i thabs khyad par can du ma tshul 'di'i las sbyor rnams kyi skabs su gsungs pa rnams dang*/_phyi nang gsang ba'i drod rtags thob pas rab gnas/_bcud len/_dbang*/_gnas lung rjes bzung*/_tshar gcod/_bam dang*/_bdud rtsi sgrub pa la sogs pa las rab 'byams ji ltar 'dod pa dbang bsgyur bas don gnyis sgrub dgos shing*/_de yang spyir 'dir snang la zhen 'dris gcod pa'i rnal 'byor pas bsgrub bya'i gtso bo mchog gi dngos grub las/_thun mong gi longs spyod dbang du sdud sogs ched du gnyer bya ma yin kyang tshul 'di'i grol ba drug dang bcu gcig la sogs pa rnams bsgrubs na rang gzhan thams cad 'brel tshad byang chub tu dkri ba'i rgyal sras kyi spyod pa rlabs po che sngags kyi thabs mkhas la brten nas tshegs chung ngus 'grub pa'i gseng lam ma nor ba yin pas skal bzang dag gis ci nus nyams su blang byar las spang du mi rung bas zhar las 'phros pa'o/__/de ltar lam nges rdzogs kyis smin slob tu sgom par dka' yang mos sgom gtsor bton sngon 'gro bsags sbyang gnad du khel bar byas te de dang 'brel ba'i rgyun khyer phyag rgya gcig pa'i dmigs sgom gyis badz+ra gu ru 'bum phrag bcu gnyis tsam bzla/_de nas gu ru rin po che'i sku gsung thugs kyi rten dang*/_sman raka gtor ma sogs gzhung ltar bsags la las byang 'bring bsdus la brten pa'i dzapa khang dbye zhing bla ma sku gsum nas bzung las sbyor bar rim gyis bzla ste/_chos sku tshe dpag med kyi bsnyen pa 'bum phrag bcu gcig_/longs sku spyan ras gzigs 'bum bcu'am bdun/_sprul sku la rab 'bum phrag bzhi bcu zhe brgyad mi 'grub na bcu gnyis/_spyi dril thod phreng rtsal 'bum bzhi/_las sbyor khri lhag bcas so so'i kha skong dang bcas pa bzla ba ni rtsa ba'i bsnyen tshad rgyas pa yin la/_'brel 'jog zla gcig tsam la ni/_sngon 'gro skyabs sems yan lag bdun pa/_rdor sems/_maN+Dal/_gsol 'debs/_nang sgrub badz+ra gu ru rnams nyin re re dang*/_phrin las rgyas bsdus la brten nas a mA ra zhag bdun/_yig bdun zhag bdun/_badz+ra gu ru 'bum bzhi/_thod phreng rtsal zhag gsum/_las sbyor nyin gcig tsam bzlas pas kyang las rung du 'gyur la/_gang ltar yang bsnyen sgrub kyi thog mtha' dang yar mar gyis tshes bcu rnams la tshogs mchod chad med/_bka' srung tshe ring ma dang khyung btsun gyi gsol kha ma chag pa dang*/_thun mjug tu gsol 'debs bar chad lam sel/_ngag byin brlab kyi bzlas pa spyi dang oM ru tsi ra ma Ni pra wAr+d+ha na ye swA hA:hrIHbadz+ra dzi hwA man+t+ra d+hA ra brdA ni oM:_dbyangs gsal rten snying sham du gdags la tho rangs ma chag par bzlas pas nus pa 'bum du bskyed pa dang*/_phreng ba dang kha zas la'ang sngags 'di btab pas nus pa bskyed par snying byang las gsungs pas thun re re bzhin bsnyen pa'i dbur bzla zhing*/_rigs 'dus gtso bo'i bzlas pa la dzapa dgongs zla ba skar phreng sogs bzhi ka sbyar dgos pa dang bzlas grangs thems nas thun mtha' rnams su yig brgya mang du bzla/_grol khar tshogs dang mchod pa gsar du bsham/_skya rengs shar ba dang las byang rgyas pa'i tshig gis dngos grub bskul te gtor ma lhar gsal bas dbang len/_bdud rtsi sogs la rol/_gtang rag tu tshogs skong brgya rtsa sogs bya zhing*/_bka' srung dang chad brtan gyi gtor ma'ang phyi rol tu phul la las byang mthar dbyung*/_kha skong zhi ba'i sbyin sreg rgyal mchog karma pa bco lnga pa'i gsung ltar bsnyen pa'i bcu cha bya ba bcas bsnyen pa rgyas bsdus thams cad la khyad med la/_de dang rjes 'brel tshogs sgrub spro na go stod 'od 'bar brag gi gter byon sid+d+hi bum sgrub dang 'brel dgos par gsungs pas grub na shin tu legs shing*/_ma lcogs kyang bsnyen pa las byang 'bring bsdus dang*/_sgrub pa las byang rgyas pa la brten zhing bsnyen bzlas kyi ting 'dzin bzhi ka sbyar bas spros med ting nge 'dzin gyi bsnyen sgrub las sbyor bcas chig dril du 'gyur bas 'gal ba med do/__/gnyis pa rdzogs rim gyi man ngag spros te bshad pa la/_gsang dbang dang 'brel ba'i bdag byin brlab pa'i rim pa dang*/_sher dbang gi nyams len gzhan lus/_dbang bzhi pa'i rjes 'brel rig stong zung 'jug gi rnal 'byor dang gsum las/_dang po la'ang rlung dang*/_thig le'i rnal 'byor/_zhar byung 'pho ba'i gseng lam bstan pa dang gsum las/_dang po ni snying byang le'u bcu drug pa las/_de nas bskyed rim lha rnams kun:_bde ba chen por shar ba'i phyir:_rim pa gnyis kyi rnal 'byor la:_mtshan bcas thabs kyi rdzogs rim ni:_zhes pa sogs kyis bstan pa ltar bum dbang lam khyer gtso bor gyur pa'i bskyed rim yan lag dang bcas pa rnal 'byor chen po'i rgyud dang 'brel ba'i lam gong ma'i stegs su bsnyen pa la rgyas par bsnyen sgrub gong ltar bya ba'am/_rdzogs rim gtso bor 'don na rgyun gyi bkol byang la brten pa'i badz+ra gu ru bsnyen tshad them pas gzhi bzung ste/_zab mo lus kyi dkyil 'khor du gsang dbang thob pa'i ye shes lam byed sher ye la nye bar bsnyen pa'i lam bsgom pa la/_rten rdo rje'i lus dang brten pa rtsa rlung gi thig le'i gnad 'ching ba rdzogs pa a nu yo ga'i lung dang 'brel ba ste/_sbyang gzhi phra ba'i lus ngag yid gsum gdod nas mi shigs pa rdo rje gsum gyi lhar rnam par dag pa la/_de'i rang mdangs khu rdul rlung gsum dang sems kyi rten rtsa rkyang ma ro ma dbu ma gsum yin la/_de las 'khrul pa rags pa'i sgo gsum ni sbyang bya ste/_sbyong byed dbang gong ma gsum dang 'brel ba'i zab lam khyad par can gyi byed bcing gis 'od gsal du sbyangs te gdod ma'i ye shes su thim pa na/_sbyangs 'bras sgrib bral bde ba chen po'i khyab byed du byas pa'i sku gsum mngon du gyur pa ste/_gnad don de ldan gyi lam ji ltar nyams su len pa la/_lus gnad rnam snang gi chos bdun dang ldan pas chun btsal/_rlung dug bsal phyir sna sgo nas dgu phrugs sam sum phrugs su bsal/_sems gnad rtsa rlung thig le'i khams grub pa tsam nas rang byung gi snod 'khor dang*/_bcud dkyil gyi rang bzhin shugs kyis grub pas/_rtog pas sgro btags kyi bcos ma min pa lhun grub lus kyi dkyil 'khor gsal gdab pa snga ma las zab pa'i bskyed rim ste/_rang lus tha mal gyi snang ba dbyings su thim pa'i mi rtog pa'i ngang las ngo bo bde stong gi rang bzhin rnam pa gtso mchog snang srid zil gnon dwangs gsal rnyog med chu zla'i rol gar lta bu stong chen sgrib g.yogs dang bral bar gsal ba'am/_bla ma sprul sku'i dbang phal cher gyi skabs zab dbang nas bla ma he ru kar gnas bsgyur dgos pa bzhin dpal yang dag he ru ka zhal gcig pa sku mdog sngon po thugs kar rdor dril bsnol zhing rang 'od kyi yum dang sbyor ba'am/_yang na zhal gsum phyag drug rdo rje kha T+wAM rnge'u chung*/_dril bu b+han dmar rgyu zhags g.yas g.yon du bsnams pa gang bsgoms kyang rung snyam la/_de'i sku dbus a wa d+hU ti rtsa gsum 'khor lo bzhi spyi ltar gsal/_thugs kar chos kyi 'khor lo'i dbus su hU~M ngam hrIHmar me ltar 'bar ba'i nA da las snying po 'phro ba la sems bzung*/_sna bug gnyis nas mnyam par rgyu ba'i ye shes kyi rlung yin pas dus gnad mkhas pas 'byung lnga dwangs ma'i rlung sna sgo nas rngubs pa steng rlung*/_thur ser bskum pa 'og rlung gnyis lte bar nar gyis drangs la dbu mar kha sbyor du skyil ba bum pa ltar dgang*/_mi non pa'i tshe g.yas g.yon 'then dang phyi nang gzhil/_mi thub tsa na mda' ltar 'phang ste sbyor ba bzhi ldan gyi rlung sbyor la rtsol ba rim gyis je drag tu bskyod/_lus sems dub kyang rgyun mi chad par bsgoms pas bum can rab 'bring tha ma gang rung 'byongs kyi bar sbyangs/_yang skabs su bogs 'byin dang sems gnas sgrub phyir he ru ka bsgoms na 'jug pa oM/_gnas pa ru lu ru lu/_ldang ba hU~M b+h+yo hU~M zhes sam spyi ltar/_'bru gsum ngag tu bzlas brjod bcas/_yi ge gsum gyi dbyibs dang kha dog bsgom pa dmigs pa/_rlung 'byung 'jug gnas gsum rlung sngags rdo rje gsum dbyer med du shes pa brdar gyur/_rlung dang stong gzugs phyag rgya chen por dbyer med du shes pa don dam rdo rje'i bzlas pa dang bzhi rim par sbyang*/_thun mtshams su yan lag lnga sbyong sogs skyon sbyangs ba dang*/_lus chun btsal zhing gnad la brdeg pa/_'dren ldog bkram pa/_gegs sel bogs 'byin gyi 'khrul 'khor rnams ci nus su bya/_mthar sgo gsum lhod pa ste sngar gsal btab pa'i lhar snang thams cad lhan skyes mi shigs nA da'i stong bzhi'i dbyings su bsdus la rlung sems bsres te mnyam par bzhag_/de'i ngang las gzugs sgra dran rtog bde stong sku gsung thugs kyi rdo rje gsum gyi rol rtsed du lhun gyis grub par blta zhing bsngo ba smon lam shis pa brjod pas rtsa rlung 'khrugs pa rang bzhin gyis dwangs bar ngal gso ste bsgom par bya'o/__/gnyis pa ni/_lam rim ye shes snying po las/_de la goms nas sprul pa'i 'khor lo'i 'og:_shes rab sbas pa'i rang gzugs tsaN+Da li:_a shad gsal ba rlung gis bskul la sbar:_dbu ma'i lam zhugs 'khor lo'i lha tshogs bskul:_spyi bo'i haM las bde ba'i bdud rtsi yis:_de nyid gsos btab slar yang ches cher 'bar:_rtsa khams drod bdes gang nas mi rtog pa'i:_ye shes mngon gyur chos nyid dbyings su bskyal:_zhes pa ste/_lus rlung sems kyi gnad sngar ltar la dbu ma'i mas sna rtsa gsum 'dus mdor/_gtum mo ye shes kyi me/_dbyibs a shad/_kha dog dmar la reg bya tsha ba/_ngo bo stong pa/_nyams bde ba 'bar la khad pa/_dbu ma'i yar snar haM yig gsal 'tsher snum 'dril mgo bo thur bstan gsal/_bum can gyi sbyor ba dang bstun bla ma zhi bar mos na gru mo g.yon gyi kha T+wAM yum gyi ngo bo las 'od dmar ser bde ba'i rnam pa can byung sna bug g.yon nas brgyud/_lte ba'i a shad la reg pas gtum mo'i me 'bar ba dang*/_gzhan du rlung nang du rngub pa'i rkyen gyis me 'bar/_'khor lo bzhir zhugs/_rtsa thig rlung gi lha tshogs bskul/_spyi bo'i haM la reg pas bde ba'i rgyun gyis thig le'i char zim ltar bab ste me gsos btab/_cher 'bar byang sems bskul ba'i bde ba dang 'dres pas rtsa phra mo'i khams thams cad la khyab/_snyigs ma rnams bsreg_/drod dang bde bas gang ba rang rig gi ngo bor ro mnyam du shes pas mi rtog pa'i ye shes mngon du bskyangs/_mthar dwangs ma thams cad snying ga'i hU~M la 'dus pas bsam gyis mi khyab pa'i ye shes skyes par bsams la gsal rig 'dzin med kyi ngang bskyangs/_thun mtshams su nyin par rjes thob lam khyer sgyu lus/_mtshan mor gnyid mthug sbyang ba 'od gsal/_de'i rjes thob rmi lam lam khyer/_lam gyi chad mthud bar do bcas nyams su len par gces pas/_gter gzhung rtsa ba rdo rje'i tshig rkang dang dpal he ru ka dngos nam mkha'i snying po'i ye shes kyi thig le kun gzigs 'jam dbyangs bla ma mkhyen brtse'i dbang po'i yang dag he ru ka'i rgyun gyi rnal 'byor rnams gung spros te shes par bya'o/__/gsum pa ni/_lam rim ye shes snying po las/_tshe 'dir goms pa mngon du ma gyur ba:_rlung sems bsdu zhing 'phos te ngang la bzhag:_ces gsungs pa ltar mos gus dang skal pa dge bas gdams ngag thob kyang le lo'i nyams su ma lon te tshe 'dir grol ba'i gdeng gi goms pa mngon du ma gyur te lam 'phro can du song na chad mthud 'chi kha ye shes gong 'phel dang*/_bar do sku gsum du bsre ba'i gdams ngag gnyis dgos pas/_snga ma nyid zhar byung du 'chad pa la/_nang gses su dbang po'i rim pas rab 'chi ba don dam bden pa 'od gsal gyi ngang du 'pho ba dang*/_'bring bar do yang dag pa'i kun rdzob kyi sgyu lus lha skur 'pho ba dang*/_tha ma bskyed rim du 'pho ba bcas gsum gyi skabs 'dir bshad bya phyi ma ste/_rang nyid tha mal gyi lus stong gsal sgrib g.yogs dang bral bar gsal ba'i snying ga'i hU~M las hU~M mang du spros te dbang po'i sgo dgu dang ba spu'i bu ga tshun chad hU~M yig gis bar mtshams med par dgag_/lus dbus drang por rtsa dbu ma yar sna thar pa'i sgo tshangs bug tu zang thal ler zug cing*/_mar sne lte 'og sor bzhir phug rdug gi rnam par gyur pa/_lte ba dang snying ga gang rung du rlung sems kyi ngo bo hU~M yig 'ong zer lnga ldan du 'phro ba la sems bzung ste rlung kha sbyor du 'ching bas rlung rig sems gsum gcig tu bsdu/_zin pa dang rang gi steng phyogs mdun gyi nam mkhar 'og min ye shes rang snang gi dur khrod chen po me ri 'bar ba zhing gi bkod pa 'byams su klas pa'i dbus su bla ma 'khor lo'i dbang phyug gdod ma'i mgon po he ru ka 'od snang mtha' yas sam/_rdo rje sems dpa'/_gzhon nu dpa' bo stobs ldan/_gu ru rin po che sogs gang mos gsal ba rten bcas dang*/_de'i thugs kar 'pho ba'i 'dun pa drag pos gsol 'debs sngon du 'gro bas rlung bzung ste phyir btang ba dang chabs cig hika ces drag tu brjod pas rang gi snying ga'i hU~M glog 'khyugs pa ltar gyur cing shugs drag pos mdun gyi gtso bo yab yum gyi sbyor mtshams nas zhugs thugs kar 'phos par bsam pa rten bcas dang rlung nang du 'jug pa na ka zhes brjod cing mar phab/_yang na snying ga'i hU~M skar mda' yar ba ltar steng gi nam mkhar sangs kyis yar te 'od gsal gyi dbyings su thim par mos la dbyings rig bsre ba rten med du gsungs pa gang mos bya/_thun bsdu ba'i tshe mdun gyi zhing khams rten brten par bcas pa mi dmigs par bzhag cing*/_tshangs bug sna tshogs rdo rjes bkag par bsam nas rdor bzlas ci nus bya/_de ltar gson dus sbyangs te 'byong rtags ma byung gi bar du bsgom/_nam zhig 'chi ba'i rtags tshang zhing bslu thabs kyis ma bzlog pa'i tshe 'dir snang la zhen 'khris rtsad nas spang*/_zhing khams kyi yon tan bsam pas spro ba skyed/_gdams pa'i gseng lam la yid ches kyi nges pa'i 'dun pa rtse gcig pas sngar ltar gsal btab/_rnam shes bla ma'i thugs kar 'phos pa rang sems dang dbyer med du 'dres pa'i dbyings su 'phos te mar mi phab par mnyam par bzhag pas/_rab dag pa mkha' spyod kyi zhing du bgrod de lam lhag ma rdzogs nas mchog thob pa dang*/_'bring sngags spyod kyi rten bzung nas skye ba dag par brgyud de dngos grub thob/_tha ma mtho ris su skyes nas lam sna zin te rim pas thar pa la sbyor bar bshad pas gang zag mchog phal kun la sman pa'i gdams zab rgyal ba'i thugs rje'i sgo khyad par can yin no/__/gnyis pa sher dbang gi nyams len gzhan lus la/_gzhan lus dang*/_spyod pas bogs 'byin pa gnyis las/_dang po ni/_snying byang rim pa bcu drug pa las/_mtshan bcas thabs kyi rdzogs rim ni:_rtsa rlung sbyang pa sngon 'gro bas:_'dzin 'grem 'khrul 'khor dbang thob nas:_zhes pa sogs kyis bstan ste/_rang byin rlabs kyi nyams len de dag gi rtsa ba srog rtsol sgra ji bzhin du 'grub cing 'pho med la gdeng du gyur pa sogs mnyam rjes kyi rtsal kha gang la'ang rtogs goms kyi nyams rtogs mched cing rgyas pa na sher dbang gi nyams len gzhan lus la 'jug pa'i dus te/_dngos bstan las rgya la brten pa yin kyang ye rgya la brten nas mchog tu mi 'gyur ba'i bde ba chen po sgrub pa'i lam gtso bor bton te bshad pa la rang nyid snang srid zil gnon gyi gru mo'i kha T+wAM ga gnas 'gyur te rang 'od lhan skyes kyi phyag rgya gzhon mdzes lang tsho rgyas pa 'chi med DA ki man+d+ha rar gsal/_yang na bde ba chen po pad+ma rnam par dgyes pa dmar gsal/_zhal gcig phyag gnyis rdor dril bsnol bas yum DA ru dung dmar can dang sbyor zhing khro 'dzum chags nyams can bzhengs stabs kyis pad nyi la rol par gsal na zab don dang 'brel che zhing*/_gang ltar yang yab yum gyi gnas gsum du oM AHhU~M gsum dang mkha' gsang rdo rje dang pad+ma sbyor ba'i thabs kyis gzhan don du rdo rje sems dpa' sgrub pa'i 'dod pa ste/_'du shes gsum gyis mnyam par sbyor ba'i thabs rnam pa gsum gyis bde ba spyi bo nas thig le 'khor lo bzhir dbab/_spyi bor son pa dang dga' ba'i ye shes skyes pa'i rang ngo blta/_rtsa 'khor de'i rdo rje'i lus la rang bzhin gyis grub pa'i dwangs ma'i dkar dmar gyi cha 'dzin pa'i dpa' bo DA ki'i lha bde stong gi rol rtsed kyis mchod par mos pas mtshon mchog dga'/_dga' bral/_khyad par gyi dga' ba skyed pa sogs snga ma lta bu'i snyom 'jug je drag tu btang ba'i shugs kyis spyi bo nas thig le drangs ba dang bum chen ril ba zhabs tshags can gyi rlung sbyor te skyil thabs gsum gyis dbab la mkhas pa ru sbal gyi 'gros lta bu'i bde ba sbar zhing rgyun brtan par byas/_rdo rje'i bu ga dang rtsa kha kha mU kha/_sna rtser khams dkar dmar/_gnyis ka'i rlung sems te kha sbyor gsum gyis bzung ba la mkhas pa rdza snod them bus bkag pa lta bu'i lhan skyes kyi bde ba myang ba dang dbyings rig bsre/_rgya mtsho brag gtad gling bzhi sdud pa/_nyi zla gyen ldog sogs lus/_hU~M gi stong 'dren ring thung spel ma ngag_/dmigs bcas dmigs med kyi ting nge 'dzin gang rung ldan pa yid kyi gnad dang gsum gyis dwangs ma mi 'chor bar bzung*/_stag mo'i sprugs stangs sogs dud 'gro'i 'gyur ba bzhi dang*/_thur sel srog rlung la sbubs pa'i rlung gyen du drangs/_dmigs pa spyi bo'i haM la gtod pa'i sbyor ba gsum gyis thig le rang gnas su ldog pa la mkhas pa skyen po'i mda' ltar 'phen/_seng ge rnam rol sog brab/_g.yang mo'i sprugs stangs sogs gzhil bas 'dren ldog byas pa'i thig le'i bde ba rtsa gnas thams cad la khyab par bkram pa la mkhas pa yur bar chu drangs pa bzhin 'grems te ngal gsos pas/_bde ba ngos bzung*/_'dzin med du skyong*/_sems rgya yan du klod pa'i rgyas 'debs gsum gyis grol ba la mkhas pa na bun nam mkhar yal ba lta bu'i bde stong zung du chud par bskyangs ba'i dwangs ma'i thig le snying dbus mi shigs pa'i gsang mdzod du zag bcas zag med kyi thig le/_thig le lhun grub 'od gsal/_'od gsal ka dag gi ngang du sbas pa ni gnad kyi gsang ba dam pa'o/__/mtshon byed thabs zab mo des rnam pa bde ba/_ngo bo stong pa/_dbyer med dpe'i tshul du shar bas don 'khor 'das brtan g.yo kun dwangs ma'i srog smra brjod rtog bsam bral ba 'dus ma byas pa so so rang rig pa'i spyod yul can gyi ye shes mngon du byed pa la myur zhing bde ba'i thabs mkhas rmad du byung ba'o/__/de ltar rang lus thabs ldan gyi nus pa'i drod rnyed pas gzhan lus las rgya dngos la bsten pa rnal 'byor thun min gyi lam ste dgos pa chung bas ma smos la/_tshul de la brtson pas phyi nang gzhan gsum gyi byed pa gcig pas rlung sems dbang du 'dus te lus sems shin sbyangs kyi bde ba dang*/_sems bde gsal mi rtog pa'i ting 'dzin khyad par can skye ba dang snod bcud kyi dpal yon 'phel ba dang*/_tshe dang lang tsho'i bcud len grub/_ngag bden tshig btsan/_gzi brjid 'phel/_snang ba zil gyis gnon/_bde stong gi ting nge 'dzin 'char/_gsang spyod kyi 'du bar 'brel tshad gnas yul lhan skyes kyi dpa' bo DA ki dang skal pa mnyam pa sogs phan yon tshad med do/__/gnyis pa bogs 'byin gsang spyod kyi rnal 'byor la mnyam bzhag mtshan med rdzogs rim dang*/_rjes thob mchod sbyin gyi nyams len gnyis las_dang po ni/_snying byang le'u bcu drug pa las/_mtshan med 'od gsal rdzogs rim ni:_'khor 'das kun khyab phyag rgya che:_zhes sogs kyis gsungs pa ltar spyir 'dir rgyud lung gi rim can du bshad pa las/_gang zag gi dbang po'i khyad par gyis bskyed rim kho nar gtsor 'don pa'am/_re zhig rdzogs rim la 'jug mi nus pas bskyed rim bsnyen sgrub yan lag bzhi ldan sngar bshad pa ltar nyams su len dgos shing*/_rdzogs rim la gtso bor nyams len gyi mthil byed na sngon 'gro bsags sbyang rgyas pa dang*/_bskyed rim rgyun gyi rnal 'byor phyag rgya gcig pa'am phrin las snying po kun mkhyen bla ma mdo sngags gling pa'i chog bsgrigs can lta bu'i sgo nas dus grangs kyi bsnyen pa 'bring bsdus tsam btang la/_mtshan bcas mtshan med dbang po'i gang 'khyol gyi rdzogs rim gtso bor bsgom par bya dgos shing*/_bskyed rdzogs kyi sems gnas grub na mi dgos kyang*/_de ltar ma gyur pa'i rigs kyis rang sems gnyug ma lhan skyes pa'i ye shes kyi ngo bo srid zhi gnyis med thig le gcig gi phyag rgyas btab ste gnyis su byar med kyang*/_de nyid ma rtogs pa 'khrul pa med snang gis sgrib ste srid rtsa'i gzung 'dzin gyi bag chags su zhen pa thabs kyis bcad de rang ngo rang gis shes pa'i gnas lugs la gdeng 'cha' ba'i phyir zhi lhag gi rnal 'byor gyis nyams myong gi steng du bkri bar 'dod na/_dben pa'i gnas su sgo gsum dal zhing lhod pas thod sku dang*/_thugs srog sa bon bris pa dang yang na bar snang du sgom pa gang yang rung ba'i dmigs rten la yid mig rlung gsum bsgrims te gtad/_sems gnas pa dang rang ngo rang babs su ma yengs tsam du skyong*/_rtog pa bzang ngan ji ltar shar yang spro bsdu bral bar rang sor bskyangs bas 'gyu ba ma 'gags kyang mi rtog pa'i ngang ma shor/_rnam rtog skyes tsam nyid nas rang bzhin ma grub pa'i snang stong gnyis med/_rang byung rang shar gyi nyams myong gi sne zin par 'gyur la/_yang 'phro rgod byung ba dang dmigs rten la sems 'dzin pa rnams spel te byas pas/_'khrul pa'i rnam rtog gi rnyog pa dgra ru ldang ste nyams myong rjen par 'char du med par g.yo snyam/_'du byed sems kyi mtshang shes te 'gyu 'gyu 'dra yang ngo bo la mi rnyog pa rnam rtog khong shed chag pa'i thob nyams/_'gyu 'phro shar yang phan gnod med pa ngo bo'i rgyan du gyur nas rnam rtog gnyen du shar ba goms pa/_snang spyod nyams myong gi rtsi dang ma bral bar rtag tu ting 'dzin las mi 'da' bar brtan pa/_nyin mtshan mnyam rjes yul rkyen bzang ngan gang shar yang nyams myong la bying rgod du mi nus pa ste mthar phyin gyi nyams lngar rim gyis skye zhing*/_gzhan yang de dag gi skabs su zhi gnas kyi myong ba cung zad skyes pa dang sems kyi mtshang btsal ba'i phyir rtog pa thol gyis skyes pa dang*/_phyi nang snod bcud rang lus stod smad snang stong gang las byung*/_'tshol bya 'tshol byed gcig tha dad/_byung sa byung mkhan la yang yang dpyad/_tshul des gnas pa/_'gro ba thams cad la dpyad pas gzhi med rtsa bral du shes/_dbyibs kha dog gcig du ma byung gnas 'gro gsum las ma 'das par gtan la ma phebs bar 'bad pas gzhig 'brel btang*/_gtan la phebs pa dang rang ngo ma bcos par bskyangs pas dngos mtshan gzhi rtsa med pa/_tshig dang dpe blo yi yul min pa'i stong pa/_gsal mdangs 'gags med kyi ye shes/_zung 'jug mnyam bzhag gis so so rang rig pas rang ngor nyams su myong yang smra bsam brjod bral du rtogs pa'i tshe de kho na rtse gcig tu nyams len gyi zhur la drangs/_bar skabs ji ltar rigs par rang sems bla ma tha dad med par shes pas bcos ma dang bcos min gyi mos gus rtsal du 'don/_mkha' khyab kyi yid can la phyogs ris med pa'i snying rje shugs drag tu bskyed pa dang bcas te stong pa phyogs gcig gi gol sa chod par bya/_de'i tshe bzang ngan gyi nyams gang shar yang dgag sgrub kyis mi zhen par nyams myong so ma lam du khyer bas 'khrul snang nyams kyi 'ching zhen rang grol du zhig ste chos nyid khyab brdal gyi dgongs pa'i rtsal rdzogs nas re dogs dang bral ba'i nges shes kyis gdeng rnyed par 'gyur bas phan gnod lha 'dre'i snang ba thams cad rang sems kyi cho 'phrul tsam med par thag chod/_sems nyid skye 'gag gnas bral nam mkha' lta bu'i rang bzhin du gtan la phab ste rtogs pa ni skye med yum gyi dgongs pa nyag gcig rtsad nas chod pa gcod yul gyi zab don mthar thug pa rdo rje lta bu'i ting 'dzin gyis bdud bzhi btsan thabs su gcod pa'i man ngag go__/gnyis pa ni/_re dogs bral ba'i gdeng rnyed na:_brtan dang mi brtan brtags pa'i phyir:_zhes pa la sogs pa ste/_chos nyid lta ba'i nyams myong gi drod tshad gdeng du khel ma khel brtags shing bogs 'byin pa dang*/_bzang ngan gyi rkyen thams cad lam du khyer ba'i phyir dur khrod/_brag nag shing gcig gi drung*/_mtsho gling la sogs par lha 'dre gdug pa can gyis bzung ba sogs 'jigs shing ya nga ba'i gnas su song ste sa gnad non par bzung la nyams len gyi stangs ma shor bas lus kyi nywa bzhi glod la nyal te rang lus che zhing brjid pas mgo dang rkang pas lung pa'i phu mda' dang*/_rtsib log gis g.yas g.yon khebs te lha 'dre thams cad de'i 'og tu g.yo 'gul mi nus par non par bsam la 'khor ba ma stong bar mi g.yo snyam ste mnyam par bzhag ste dbyings rig bsre/_de'i tshe phyi nang gsang ba'i lhongs/_gzung 'dzin gyi rtog pa gang shar yang phaT ces brjod pas gzhi med rtsa bral nam mkha' lta bu'i ngang sbyangs te ar la gtad/_rjes thob kyi skabs su thog mar dkar 'gyed kyis phung po gzan bsgyur gtso bor bya/_byams snying rje'i rnal 'byor la gtso bor 'don pas tha mal gyi rtog pa'i rkun bu ma shor bar gces shing*/_tshul des dang po gnyan khrod shis pa kha shas 'grims nas mnyam rjes kyi nyams len spel/_de nas gnyan khrod bar ma dang*/_rtsub pa 'ga' zhig la sngar ltar bsgoms pas gtan la 'bebs pa na zhi drag spel ma dang*/_mthar drag gcod 'ba' zhig gis bsgoms pas rang rgyud kyi nyams len gyi gdeng dang bstun par lam du longs par 'gyur la/_de la sgyu ma lta bu'i ting 'dzin dang po dkar 'gyed ni/_rang lus mdzes shing yid du 'ong ba'i dbus su rnam shes rnal 'byor ma khros ma nag mo gri thod kha T+wAM can phaT ces brjod pas tshangs bug nas ri rtse nas na bun gyen du 'gro ba ltar thon bar snang la 'khod/_gri gug gis bem po'i smin mtshams nas 'breg_/mdun ngos rlung me thod sgyed kyi steng du bzhag pa'i nang du gri gug gis sha khrag rus pa dum bur gtubs/_oM AHhU~M brjod pas ma dag pa sbyangs te ye shes kyi bdud rtsi kha dog dri ro nus pa ldan pa'i rgya mtshor 'khyil ba'i rlangs pa 'dod yon lnga ldan gyi kun bzang mchod pa'i sprin bsam gyis mi khyab pa zag med bde chen gyi bdag nyid du 'char bar bsam la/_rnal 'byor ma grangs med pas phyag gi thod pas bcus te mchod sbyin gyi mgron thams cad la mchod rdzas su phul bas dgyes zhing tshims/_sbyin yul thams cad gnas skabs mthar thug gi bde bas tshims par bsam/_gnyis pa khra 'gyed ni/_rang lus kyi bdud rtsi mchod yul rnams la bkra shis rdzas rtags/_rin chen bdun/_mthun rdzas/_bskang rdzas sogs srid zhi'i dpal 'byor zag med kun tu bzang po'i mchod sprin dang sbyin yul la zas gos gnas mal longs spyod sogs rang rang gi sdug bsngal sel ba la ji ltar 'dod pa'i yo byad gces 'dzin dang phangs sems med par shar ba mgron so sor phul bas/_thugs mnyes te byin rlabs dngos grub thob/_phrin las bsgrubs/_sbyin yul rnams tshims bu lon byang*/_sha 'khon zhi/_lan chags dag nas thams cad sangs rgyas kyi sa la dbugs dbyung bar bsgom/_/gsum pa dmar 'gyed ni/_rang lus tsho snum che brjid stong gsum khyab pa la rnal 'byor mas gri gug lpags pa shal gyis bshus nas dmar cham gyis btang*/_de'i steng du nang khrol mgo yan lag rnams spungs te sha ri khrag mtsho 'jig rten gang ba la/_khams gsum na rgyu ba'i lha ma srin sde dpung dang khyad par rang la gnod byed kyi tshogs bos te/_thog med nas gces 'dzin 'gong pos rgyud dkrugs pas nad gdon sdug bsngal gyi gzhi rten du gyur pa'i lus 'di lha 'dre rnams la ci 'dod du ster bas/_sha 'dod na sha/_khrag 'dod na khrag sogs gang dga' ba dang dgos tshad zo/_khyag tshad khur te spyod pas gnas skabs su dga' mgu yi rang*/_sha 'khon bu lon lan chags thams cad byang zhing dag_/mthar thug nyon mongs dang sdug bsngal thams cad zhi nas byang chub kyi sems dang ldan par bsam/_bzhi pa nag 'gyed ni/_yang sngar ltar rang lus sha khrag gi phung po la nad gdon sdig sgrib byad phur rbod gtong thams cad de la 'dus pas nag phung gis sol ba ltar song ba la lha 'dre thams cad rngams sems skyes te bkres par kha zas sprad pa bzhin lhag med du zos pas ngoms shing 'grangs te lus thams cad zag med kyi bde bas myos shing brgyal te gnas par bsam/_'gyed zhi drag gnyis gang la'ang mthar dbyings rig bsres la mnyam bzhag skyong*/_'jigs skrag nyam nga sogs rkyen ngan gyi rtog pa lhongs na sems ni lha 'dre las rang gis mi mthong*/_lus khyed cag la byin tshar bas chags zhen gyis ci bya/_khyed cag gang dga' gyis bsam la gces 'dzin ling gis btang ste stong nyid la blo bzhag_/rjes thob tu bde sdug gtong len gyi dmigs pa bya/_de ltar dpa' bar 'gro ba'i ting nge 'dzin la brtson pas lhong gcod tshar gsum mthar dbyung ba la/_lha 'dre'i cho 'phrul dang 'jigs skrag dngos nyams rmi lam du byung ba lhong tshad/_de dag ci byung yang sems snang tsam las skye 'gag gnas bral du shes pa gcod byed/_zas nor 'du ba sogs dngos grub/_lus las srog chags thon pa/_rnag khrag zag pa sogs gdon dang nad las thar ba'i rtags thun mong dang*/_nyi zla shar ba/_phyag bskor byed pa/_chos zhu srog snying 'bul ba sogs khyad par gyi rtags dang*/_nad gdon cho 'phrul rang sems/_sems skye med du shes pa nyams myong gi gdeng tshad thon pa mchog gi tshar tshad gsum gang rung 'byung la/_de dag mchog dman gyi rtags tshad gang la'ang re dogs dga' brod rloms sems mi bya bar gnas lugs bcos bsgyur dang bral ba'i don gyi dgongs pa bskyangs/_lha 'dre la byams snying rje'i bsngo smon bcas bya'o/__/gang ltar yang de ltar nyams su blangs bas dgra gnyen la chags sdang sogs thogs bcas/_yid yul gyi myong tshor la re dogs thogs med/_dge sbyor gnas longs spyod la bzang 'dzin skye ba dga' brod/_bdag 'dzin gyi rtog pa la zhen pa snyems byed kyi bdud bcas la gang shar 'dzin med kyi dbyings su phaT ces brjod pas bcad de nyams bskyangs bas dbyings rig gi dgongs pa'i rtsal rdzogs/_chos brgyad dbyings su ro snyoms 'od gsal gnyug ma'i gtan srid zin par 'gyur bas rig pa brtul zhugs kyi spyod pa zhes gsungs pa'o/__/mdor na don dam stong nyid kyi rnal 'byor dang kun rdzob snying rje'i lha 'dre rjes su 'dzin pa'i thabs mkhas zung 'jug gi tshul du nyams su blangs pas 'gal rkyen grogs su shar/_rtogs par bogs dbyung ba'i thabs zab mo'o/_/gsum pa dbang bzhi pa'i rjes 'brel rig stong zung 'jug gi rnal 'byor la/_nyams len gyi lam dngos dang*/_mtha' rten de ltar bsgoms pa'i lam 'bras kyi rnam bzhag gnyis las/_dang po ni/_snying byang le'u bcu drug pa las/_mthar thug mchog gi rdzogs rim ni:_gzhi dbyings ka dag 'dus ma byas:_gzhi snang lhun grub lam du shar:_dbyer med mngon gyur 'bras bur smin:_'od gsal rdzogs chen dgongs pa'o:_zhes sogs gsungs pa ltar gsang sher gyis bde stong gi nyams myong brtan pa na theg rim mtha' dag gi skyel so/_bzhi pa'i dbang dang 'brel ba'i ye shes lam byed rnal 'byor kun gyi rtse mo/__/bya bral 'bras bu'i theg pa shin tu rnal 'byor sgrub pa chen po a ti yo ga_/slob lam bar chad med pa'i ye shes rdo rje lta bu'i ting 'dzin/_'og ma'i lam dang 'bras bu thams cad la bzla ba'i thabs kyi gsang ba mthar thug pa ngo bo ka dag gi ye shes dang*/_rang bzhin lhun grub kyi rnal 'byor rnams nyams su len pa'i tshul ni gong gi bsdu rim gyi skabs su mdo tsam smras zhing rgyas pa lo chen 'jam pa'i dbyangs yon tan rgya mtsho'i gsungs pa ltar shes par bya ba kho na'o/__/gnyis pa ni/_de tshe mchog gi dngos grub mngon gyur phyir:_snang sems ro gcig rdzu 'phrul sna tshogs ston:_lus ma 'gyur kyang sems nyid lha yi skur:_rnam par smin pa'i rig 'dzin dang po grub:_rdo rje'i lus gyur tshe la dbang ba thob:_rigs lnga phyag rgya chen po'i rigs mchog la:_brten nas sa bcu'i mthar son rgyal tshab che:_lhun gyis grub pa'i rig 'dzin mngon du 'gyur:_zhes pa ste/_de ltar bskyed rdzogs zung 'jug gi rnal 'byor la goms pas mchog gi dngos grub chos nyid kyi bden pa mthong yang blo'i nus pa dang nye rgyu'i spyod pa stobs chung bas ngo bo gdos bcas kyi phung po gnas ma 'gyur yang sems nyid lha yi skur smin te lus phyag chen la sbyor ba 'phags lam sa dang po dang skal pa mnyam pa rnam smin rig 'dzin dang*/_shes rab dang ting nge 'dzin gyi rtogs goms khyad par can du gyur nas blo nus dang spyod pa che bas ngo bo lus khams sems kyi zag pa gsum zad nas mthong ba'i lam du skye 'jig med pa rdo rje'i lus su gyur nas tshe la dbang ba'i rig 'dzin sa brgyad pa'i 'phags pa dang skal pa mnyam/_phyag rgya gcig spros kyi ting nge 'dzin la goms pas rgyun dang kun 'gro'i sgrib pa dag nas ngo bo mi g.yo ba'i ting 'dzin gyis lhan cig gnas pa'i dri ma sbyang*/_ye shes sgyu ma'i skus sprul pa cir yang ston pa sa dgu pa dang skal mnyam phyag chen te/_nang gses su gnyis pa nas lnga pa'i bar rdo rje/_drug pa nas bdun par 'khor lo/_brgyad pa rin po che/_dgu pa pad+ma/_bcu pa ral gri'i rig 'dzin te rigs lnga'i gdung 'dzin pa'i tshul gyis mthar lam la sbyor bar byed la/_slob lam bzhis shes rab gsum mthar thug lhag gnas kyi dri ma dag pas/_ngo bo 'phags lam gyi spang rtogs mthar phyin mi slob pa'i sangs rgyas rgyal tshab chen po'i sa la sku lnga lhun grub kyi cha lugs 'dzin pa/_mdo lam gyi sa bcu gcig dang skal mnyam gyis sku gsum ye shes lnga ldan gyi dpal la spyod pa ste/_dbyings thog tu rig pa grol te spros pa thams cad zhi ba chos sku/_dag pa'i gdul bya la rgyu 'bras kyi mtshan dpe snang stong zung 'jug longs sku/_ma dag pa'i 'gro ba la bzo skye mchog sogs sprul sku/_zag med kyi yon tan bsam mi khyab pas mngon par byang chub/_sku gsum dbyer med ro gcig pa mi 'gyur rdo rje'i sku ste lnga/_chos nyid bsam brjod las 'das pa'i ye shes nyid brjod pa thams cad kyi gzhir gyur pa'i chos sku don gyi gsung*/_'khor gyi blo la don gyi brda 'phrod pa longs sku brda'i gsung*/_tshangs dbyangs yan lag drug cus gang la gang 'dul so so'i skad dang mthun par chos ston pa sprul sku tshig gi gsung*/_rigs drug so so'i sgra skad dang mos pa ji ltar/_de ltar snang zhing de thams cad kyang cir yang mi 'gags pa'i ye shes mngon byang rig pa'i gsung*/_grags stong gnyis su med pas mtha' gnyis grol bar brda 'phrod pa ni ye shes rdo rje'i gsung*/_dag pa gnyis ldan chos dbyings/_gsal la mi rtog pa me long*/_'gro don thogs med bya grub/_ma 'dres mkhyen pa sor rtog_/chos thams cad mnyam par zlum pa mnyam nyid ste ye shes lnga dang*/_zhing khams gzhal yas khang*/_'od zer gdan khri rgyan la sogs pa'i yon tan/_phrin las bzhi dang rtag khyab lhun grub kyi mdzad pa tshad med pa'i rol bas nam mkha' ji srid du sems can gyi don mdzad pa'i go 'phang bla na med pa mngon du gyur pa'o/__/gsum pa ni/__/de ltar gzhi dbang gis smin/_srog dam tshig gis bzung*/_de kho na nyid lta bas rgyud sbyang*/_lam rim gnyis kyi ting 'dzin dang dkyil 'khor sgrub rdzas sogs tshul bzhin tshogs pas sngags phyag rgya mchod bstod spyod pa dang bcas pas mchog dang thun mong gi dngos grub la sbyor ba'i lam gyi bsgrub bya rtsa ba gsum gyi gsang gsum yon tan phrin las gcig tu bsdus pa/_byin rlabs dngos grub stsol ba la gzhan las khyad par du 'phags pa o rgyan gyi slob dpon chen po'i ye shes rdo rje'i gsang ba gsum gyi rnal 'byor lam du byed pa ste/_de la'ang phyi gsol 'debs/_nang bla ma zhi ba sku gsum/_gsang ba drag po dmar mthing gi tshul du sgrub pa thams cad tshang zhing don 'dril ba rgyal ba sku gsum/_rig 'dzin rtsal 'chang bcu gnyis kyi 'khor lo spyi dang bye brag gi sgrub pa'i tshul gyis mchog thun dngos grub rab 'byams sgrub pa'i thabs rtsa ba dang yan lag gi chos sde bsam gyis mi khyab pa byang chub sgrub pa'i 'phral yun du phyi nang gsang ba'i bar chad sel ba'i gsol 'debs rdo rje'i tshig rkang gi tshul bzhis gsang ba ngo mtshar rmad du byung ba'i dgongs pa o rgyan sangs rgyas gnyis pa'i rgyal tshab/_sprul pa'i gter 'byin rgya mtsho'i 'khor los bsgyur ba/_rig 'dzin grub pa'i spyi rje o rgyan mchog gyur bde chen zhig po gling pa'i zab gter las byon pa'i thugs sgrub kun gyi ya gyal/_zab la khyer bde/_kha tshang don dril dus babs/_thun min gyi smar chos/_rgyud lung man ngag gi nges pa'i gsang ba mthar thug khyad par can te gzhung rtsa ba las/_de ltar rgyud lung man ngag rgya mtsho'i bcud:_kha tshang don 'dril byin rlabs bab chen po:_nyams su blang bde tshe gcig sangs rgyas lam:_'di ni rig 'dzin sgyu 'phrul dra ba dang:_kun bzang sems nyid gcer mthong dgongs pa'i gnad:_snying gi zungs khrag lta bur bsdus byas te:_da lta'i mnga' bdag yab sras rje 'bangs dang:_ma 'ongs snod ldan 'gro ba'i don ched phyir:_rang byung chen po pad+ma bdag gis bstan:_bdud rtsi yal bar ma dor bcud longs la:_mchog thun dngos grub sgrubs shig phyi rabs rnams:_rtag tu gsol ba thob cig nga yi bu:_bskyed bzlas 'bral med gyis shig rigs sngags 'chang:_dgongs pa dbyings su skyol cig rnal 'byor rnams:_zhes dang spyir rang la lam ston pa'i bla ma de sangs rgyas thams cad kyi phrin las gcig tu bsdus pa yin zhing:_bye brag tu gsang sngags kyi gdams pa gnang ba'i bla ma de dus gsum gyi sangs rgyas las kyang lhag:_de la mos gus kha tsam min pa med na chos kyi rtsa ba rul 'gro ba 'dug:_khyad par bod yul chos byed kun gyi bla ma bdag kho na la thug pa yin te:_nga nyid chos sku'i sangs rgyas thams cad dang dgongs pa dbyer med du bzhugs:_longs sku'i sangs rgyas thams cad spro zhing sdud:_sprul sku'i sangs rgyas thams cad dang ye shes gcig pa las tha dad pa'i tshul du bstan nas:_'dzam bu'i gling spyi dang bye brag gdong dmar bod kyi rgyal khams 'dul ba'i slad du sprul pa yin pas na:_da ltar bzhugs pa'i chos rgyal lo paN skyes mchog rnams dang:_ma 'ongs pa na bod khams 'dir sangs rgyas kyi bstan pa nam gnas kyi bar du 'byon par 'gyur ba'i bstan 'dzin gyi skyes bu dam pa rnams kyang:_bdag pad+ma 'byung gnas kyi thugs ye shes chen po'i ngang las:_gang 'dul sgyu 'phrul drwa ba tsam du bstan pa yin:_de bas na kho bo skyabs gnas thams cad kyi bdag nyid:_rtsa brgyud kyi bla ma kun 'dus su mos pas dus rgyun du ma brjed par gsol ba thob cig dang:_'dod pa'i dngos grub thams cad 'grub par ma gyur na kho bos dus gsum gyi rgyal ba thams cad bslus pa yin no:_zhes dang*/_dam pa'i chos tshul bzhin byed pa la bar chad kyi rnam pa mtha' yas pa zhig 'byung na'ang:_de sel ba'i thabs ni bla ma la gsol ba 'debs pa kho na yin te:_de las lhag pa'i gdams pa ni dus gsum gyi sangs rgyas kyis kyang ma gsungs mi gsung gsung par mi 'gyur ba'o:_bar chad sel na dngos grub kyang des thob pa yin:_de la brten nas sa lam thams cad bgrod pa yin pas thog mar phyi nang gsang ba'i bar chad sel ba'i slad du bla ma la gsol ba 'debs pa nyid gal che'o:_zhes rdo rje'i gsung gi gsang ba lhug par bstsal ba ltar la/_der ma zad sgrub thabs rtsa ba'i smin khrid kyi rim pa 'dis mtshon nas yan lag gi sgrub sde gzhan la'ang nyams su len du rung zhing*/_phrin las bzhi sogs dngos grub khyad par can stsol ba la gtso mchog gu ru rin po che nyid lha sngags de dang de'i phyag rgyar bzhengs na byin rlabs myur zhing*/_skabs su gang bab 'brel chags pa'i bskyed rdzogs rdzogs chen gyi man ngag rnams le'u so sor gsungs pa tsam las/_don la dkyil 'khor thams cad gtso bo gcig gi cho 'phrul las mchog phal med par rgyud lung man ngag thams cad du gsungs pa dang*/_khyad par 'dir ni ngo bo dang rnam pa gnyis ka gu ru rin po che gcig gi mtshan dang sku yi bkod pa'i lha sngags thams cad gcig cing der ma zad sku gsum/_rnam 'phrul bcu gnyis rang gang la mos che ba de la gtso bor bzung ste lam gyi rim pa 'di ltar nyams su blang pas dngos grub myur ba sogs dgos pa du ma dang ldan pa'i phyir rtsa ba yan lag gi sgrub tshul spyi yi bskyed rdzogs kyi chings chen por shes par bya dgos la/_spyir gzhung 'di rgyud lung man ngag thams cad kyi zab gnad tshang la khyer bde thun mong ma yin pa'i zab khyad du ma dang bcas pas 'dir yang rtsa ba'i mdo 'gag tsam las rgya cher yi ge mang gis dogs te ma spros pas/_zhib tu shes par 'dod na rje bla ma rnam gnyis kyi zab gter bla sgrub skor bzhi'i thun mong gi rgyab chos/_man ngag rgyud kyi gsang ba rdo rje'i tshig rkang lam rim ye shes snying po rtsa 'grel gtso bor gyur pa'i snga 'gyur 'od gsal rdo rje snying po'i rgyud lung man ngag gi gsang ba zab mo dag la thos bsam sgom gsum gyis gtan la phab ste nyams su blang na zab gsang gi gnad khrol/_chos la rgyu mtshan shes pas yid ches skye/_man ngag gi dgongs pa gnad du bsdebs nus pa sogs dgos pa khyad par can dang bcas pas blo ldan dag la gdams pa'o/__/rgya che'i gsang ba rgyud dang gnyis med mkhas rnams kun dga'i blo gros bskyed/_/zab mo'i man ngag grub brgya'i dgongs nyams rig 'dzin rgya mtsho'i thugs kyi thig_/lnga brgya'i mun sel phan bde'i dpal spel gangs can skyob pa'i gnyen gcig pu/_/tshul 'di mthong tshe rgya cher grags kun nyi ma'i mdun sar me khyer bzhin/_/sngon med chos kyi sgo brgya 'gyed la mchog gyur gling pa gu ru dngos/_/yongs rdzogs thub bstan shing rta 'dren mdzad mkhyen brtse'i dbang po sangs rgyas gnyis/_ngo mtshar 'chad rtsod rtsom pa'i mthu thob blo gros mtha' yas rgyan drug mched/_/mtshungs med 'jam mgon brgyud pa'i ring lugs 'dzam gling mdzes rgyan u dum war/_/gang gi ring lugs skal ldan shing rta phrin las drang srong dmod pa yis/_/sngon smon tshal du ci dgar 'dren mdzad mtshungs med 'jam dbyangs bla ma rje'i/_/thun min brtse bas thugs kyi dgongs gtad don brgyud nges pa'i 'bab stegs kyis/_/byin rlabs yid ches gsos su thob pas 'bad pa 'di yang don ldan snyam/_/rmad byung mkhyen bzang 'dab stong brtse chen gyi/_/'dzum las smin grol legs bris btung ba yis/_/blo gros bung ba sim pa'i gling bu 'di/_/slar yang dgyes pa'i mchod sprin gus pas bstar/_/rnam dpyod nor bu'i 'dren byed rab dwangs shing*/_/rten bzang spu sdug sgeg pa'i rtse gar bcas/_/don mthun mched kun dgyes pa'i kun dga'i tshal/_/'di gyur spang klog dge mtshan dar ba'i gsos/_/gang las byung ba'i rab dge dpal gyi dum/_/yongs bsngo'i kun gsal mdzes pa'i rgyan gyur te/_/lung rtogs sprin gyi me tog mi zad pas/_/thub bstan chu gter nyin bzhin 'phel gyur cig_/mtsho skyes bla ma'i thugs bskyed 'brug sgra che'i/_/gangs can gnyis skyes sim pa'i rten 'byung gis/_/snyigs ma'i gdung ba bsnyil bas de ma thag_/rdzogs ldan zlos gar rtag par bsgyur bar smon/_/bdag kyang skye kun mos gus gzhal med khang*/_/bla ma smra ba'i seng ge dgyes rtsen pas/_/legs bshad tam bu ra yi rab 'byams zhing*/_/rtag snyan spobs pa'i gter mdzod grol gyur cig_/nyams dga'i sman ljongs rnam g.yeng 'du 'dzi las/_/rab spang zag med ting 'dzin rol mo yis/_/rdo rje'i sa lam gcig char bgrod pa'i mthus/_/grub gnyis dpal gyi mgrin rnga 'khrol nus shog_/sngon med shing rta 'di kos mkha' khyab 'gro/_/ngo mtshar lam gyi brtan pa rdzogs pa las/_/'phur 'gro'i grags pa ljongs 'dir 'phos pa'i gnyer/_/sman btsun DA ki'i dbang mor gtad des skyongs/_/bkra shis rtsa gsum dgyes pa'i nyin byed kun dga'i yid kyi gsos su 'char/_/bkra shis brtan g.yo'i phun tshogs rol ston srid zhi'i 'khor yug nyams pa med/_/bkra shis don gnyis grub pa'i pad+mo'i 'khri shing gzhon nu dar ba las/_/bkra shis mchog gis rtag tu mdzes pa'i dpal gyi 'od zer 'bar bar shog_/ces pa'ang zab gsang 'di nyid kyi mnga' bdag tu gdod nas grub pa kun mkhyen mtsho skyes bla ma'i ye shes sgyu ma rol pa'i zlos gar mkhas btsun grub pa'i tshogs rje rigs brgya'i khyab bdag 'jam dbyangs chos kyi blo gros gtsug lag lung rig smra ba'i nyi ma nas thun mong ma yin pa'i dgyes brtse'i shing rta chen po dus kun skyong ba'i rten 'brel gyis/_gangs ri'i khrod tsam na mngon par mtho ba'i sgrub gnas kyi rgyal po bde chen pad+ma shel gyi phug pa'i 'dabs 'byor shrI na lan+d+re gnyis pa rdzong gsar bkra shis lha rtse'i chos grwa bkra shis 'chi med grub pa'i dga' tshal zhes rdo rje'i bla ma pad+ma saM b+ha wa dngos byon gter chen chos kyi rgyal po 'gro 'dul mchog gyur bde chen gling pa dang*/_kun mkhyen chos kyi rgyal po 'jam dbyangs mkhyen brtse'i dbang po yab sras lhan rgyas pas o rgyan DA ki'i gsang mdzod 'di nyid thog mar gtan la phab pa'i gzim spyil du ma hA gu ru'i zhal skyin sku tshab yid bzhin nor bu dngos grub dpal 'bar dang 'khor lo'i dbang phyug 'jam pa'i dbyangs tha mi dad pas zab chos 'di nyid kyi bsnyen sgrub yan lag bzhi ldan tshogs sgrub mchog gi dga' ston dang 'brel ba'i smin grol chig rdzogs thob pa'i skal bzang gi ngal 'tsho thob cing*/_dngul gyi maN+Dal rin po che'i tshom bu mdzes pa'i rten bcas te khrid yig 'bri bar 'os pa'i bkas bskul ba dang*/_mtshungs med rdo rje'i mched po mkhyen rab dang thugs rje'i snang ba tshad med pa gter chen mchog gi sprul pa'i sku 'jam dbyangs smra ba'i zla ba nas kyang bkra shis pa'i lha rdzas/_rin chen gnyis pa'i 'khor lo bcu phrag lam lnga'i grangs ldan gyi rten dang bcas grub pa'i lam srol spang klog gis rgya cher spel ba'i thugs bskyed kyi gsos su nyer mkho'i rkyen gyis myur du grub par gyis zhes gsung bskul ltar mtsho skyes kun tu 'chang dngos dpal pad+ma'i snying po'i yab sras kyi thugs rje'i gdugs dkar po'i grib bsil gyis dbugs dbyung zhing*/_zab mo'i gsang ba 'di dag la yid ches kyi spobs pa cung zad dge bas ma hA gu ru rdo rje 'chang dang rnam 'dren dbang phyug gnyis su med pas rdo rje'i dkyil 'khor 'dir bcug pa'i tshe bstsal ba'i ming pad+ma gar dbang 'od gsal mdo sngags gling pa'am bkra shis dpal 'byor du 'bod pas ban chen phun tshogs dar rgyas gling gi sgrub sde grub dbang sangs rgyas mnyan pa'i gzim spyil blta na sdug gi sman ljongs bde chen nges don 'od gsal gling du tshul 'di'i nyams len gyi g.yar khral bgyis pa'i thun gseng rnams su bris pa 'dis kyang mnyam med shAkya seng ge'i ring lugs dang phrin las 'jig rten gsum na rtag cing khyab pa dang lhun gyis grub pa'i rgyur gyur cig__/sarba dA ka l+ya NaM b+ha wa tu//_//

Footnotes

Other Information