DKR-KABUM-11-DA-025

From Khyentse Lineage - A Tsadra Foundation Project
Revision as of 12:41, 4 November 2022 by WikiBot2015 (talk | contribs)

DKR-KABUM-11-DA-025

Wylie title DKR-KABUM-11-DA-025.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "da"., Text 25, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "DA" is not a number.

"DA" is not a number.

[edit]
ཞི་བསང་བདུད་རྩིའི་སྣང་བ་བཞུགས། ཀྱཻ། རབ་དཀར་ཞི་བ་དབྱིངས་ཀྱི་ཐབ། །བདུད་རྩིའི་ཤིང་ལ་གོས་དཀར་གྱིས། །སྦར་བའི་དུད་སྤྲིན་ཟླ་བའི་མདངས། །སིམ་བྱེད་སྨན་གྱི་ངད་པ་དང༌། །འདོད་ཡོན་རྒྱན་གྱི་ཟེགས་མ་འཕྲོ། །མི་གཙང་གྲིབ་འཁོན་བསངས་བྱེད་པའི། །ཀུན་ཕན་བདུད་རྩིའི་དགའ་སྟོན་ཆེ། །མཁའ་ལ་སྤྲིན་དཀར་བཞིན་དུ་འཁྲིགས། །བར་ན་འདོད་རྒུའི་བསིལ་ཆར་འབེབས། །ས་གཞིར་གཙང་བྱེད་སྤོས་ངད་འཐུལ། །གཞན་ཕན་བྱང་ཆུབ་སེམས་མཆོག་གི །བྱིན་གྱིས་བརླབས་པའི་བསང་མགྲོན་དུ། །སྲིད་པ་ཆགས་པའི་ལྷ་རབས་ཆེ། །བཙན་རྒོད་རྡོ་རྗེ་དགྲ་འདུལ་རྩལ། །འཁོར་ཚོགས་རྒྱ་མཚོའི་ཚོགས་དང་བཅས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །མཛེས་སྡུག་ཆུ་ཤེལ་ལྟར་དཀར་བའི། །བསང་འདི་སྤྱན་གཟིགས་ཚུལ་དུ་འབུལ། །སྡང་མིག་གློག་ཞགས་མི་གཡོ་བར། །ཞི་འཛུམ་དགྱེས་བཞིན་བྱ་ར་མཛོད། །དྲི་ཞིམ་ངད་པ་མི་ཟད་པས། །གསང་པོའི་ཤངས་ལ་དགྱེས་པ་སྐྱེད། །ནད་དུག་རླུང་སྤྲིན་མི་སྤྲོ་ཞིང༌། །དགྲ་དང་གནོད་སྦྱོར་རྗེ་ཡིས་སྲུངས། །སྙན་འཇེབས་གླུ་དབྱངས་གླིང་བུ་ཡི། །སྣ་ཚོགས་ཉམས་ཀྱིས་དགྱེས་དགུར་མཆོད། །བཤུགས་གླུ་གད་རྒྱངས་མ་སྒྲོགས་པར། །སྙན་གྲགས་དབྱར་རྔ་ལྡིར་བར་མཛོད། །ཞིམ་མངར་ཟས་དང་ཆང་སྐྱེམས་ཕུད། །རོ་བརྒྱའི་ཟས་ཀྱི་དགའ་སྟོན་སྟོབ། །སད་སེར་བཙའ་ཐན་ཞི་བ་དང༌། །གནས་འདིར་ལོ་ལེགས་འབྲུ་འཕེལ་མཛོད། །རེག་འཇམ་བདུད་རྩིའི་སྐུ་ལ་འཁྱུད། །བདེ་བའི་དགའ་སྟོན་རྟག་ཏུ་འབུལ། །བཙན་ཞགས་མདུང་རྣོན་མ་འཕེན་པར། །ཉིན་སྲུངས་མཚན་སྐྱོབས་མེལ་ཚེ་མཛོད། །ཐུགས་ལ་ཅི་བཞེད་དེར་འཆར་བའི། །འདོད་དགུའི་མཐུན་རྫས་མི་ཟད་འབུལ། །གནས་མགྲོན་དམ་ལས་མི་འདའ་བར། །ཕ་བུ་བཞིན་དུ་སྲུང་སྐྱོབས་མཛོད། །སྣ་ཚོགས་བ་དན་ཕྲེང་ཚར་བསྟར། །མཐུན་པའི་རླུང་རྟའི་སྟོབས་སྐྱེད་ལ། །མི་ཁ་བྲ་མཆུ་ཕུང་གྱོད་སོགས། །སྲུང་སྐྱོབས་མཐུན་རྐྱེན་འདོད་དགུ་སྐྱེད། །མི་གཙང་ཉེས་པ་ཁྲུས་ཀྱིས་བཀྲུ། །མངའ་གསོལ་གཟེངས་བསྟོད་དཔའ་སྐྱེམས་འབུལ། །ཡུལ་འདིར་བཀྲ་ཤིས་བདེ་ལེགས་ཀྱི། །ཚེ་དཔལ་སྟོབས་འབྱོར་རྒྱས་པར་མཛོད། །སྔོན་ཚེ་པདྨ་ཐོད་ཕྲེང་སོགས། །རྩ་བརྒྱུད་རིག་འཛིན་བླ་མ་ཡིས། །བཀའ་བསྒོའི་ཐ་ཚིག་མ་བསྙེལ་བར། །གནས་གཞིའི་དམ་ཚིག་རྟག་ཏུ་སྲུངས། །རི་གཉན་བསྐོས་དང་ཤིང་གཉན་བཅད། །ཐབ་གཞོབ་གསུར་དང་མེ་དགྲ་སོགས། །མི་ཤེས་བག་མེད་དབང་གྱུར་པའི། །ཕོག་ཐུག་སྤྱོད་པའི་ནོངས་པ་བཤགས། །ལྷ་ཞལ་ཟླ་ལྟར་དཀར་བ་ཡིས། །ཡུལ་འདི་བདེ་སྐྱིད་འབྱོར་པས་བརྒྱན། །སྣོད་ལ་བཅུད་ལྡན་ལོ་ཕྱུག་ལེགས། །རྟ་ནོར་ཕྱུགས་སྤེལ་གཅན་གཟན་སྲུངས། །བཅུད་ཀྱི་བསོད་ནམས་དཔལ་འབྱོར་རྒྱས། །ཕན་ཚུན་འཛའ་ཞིང་བརྩེ་བའི་བློས། །རྟག་ཏུ་མཐུན་པར་གནས་པ་དང༌། །དགེ་བའི་ལས་ལ་སྤྲོ་བར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་དར། །སྲིད་ཞིའི་རྒུད་མུན་སེལ་བའི་གཉེན། །རྒྱལ་བསྟན་སྣང་བ་འགྲིབ་མེད་མཛོད། །རྒྱལ་བློན་ཐུགས་མཐུན་སྟོབས་དཔལ་རྒྱས། །གཞན་སྡེ་ཟིལ་གྱིས་གནོན་པ་དང༌། །ཡུལ་འདིར་བཀྲ་ཤིས་དགེ་ལེགས་འཕེལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་པའང་ཆོས་རྩེའི་སློབ་དཔོན་ཐུབ་བསྟན་ནས་ཆེད་བསྐུལ་བཞིན་གཞན་ཕན་སེམས་ཀྱིས་མངྒ་ལ་ཤྲཱི་བྷཱུ་ཏི་སརྦ་ཨརྠས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།
[edit]

zhi bsang bdud rtsi'i snang ba bzhugs/_kyai/_rab dkar zhi ba dbyings kyi thab/_/bdud rtsi'i shing la gos dkar gyis/_/sbar ba'i dud sprin zla ba'i mdangs/_/sim byed sman gyi ngad pa dang*/_/'dod yon rgyan gyi zegs ma 'phro/_/mi gtsang grib 'khon bsangs byed pa'i/_/kun phan bdud rtsi'i dga' ston che/_/mkha' la sprin dkar bzhin du 'khrigs/_/bar na 'dod rgu'i bsil char 'bebs/_/sa gzhir gtsang byed spos ngad 'thul/_/gzhan phan byang chub sems mchog gi_/byin gyis brlabs pa'i bsang mgron du/_/srid pa chags pa'i lha rabs che/_/btsan rgod rdo rje dgra 'dul rtsal/_/'khor tshogs rgya mtsho'i tshogs dang bcas/_/'dir byon dgyes pa'i gdan la bzhugs/_/mdzes sdug chu shel ltar dkar ba'i/_/bsang 'di spyan gzigs tshul du 'bul/_/sdang mig glog zhags mi g.yo bar/_/zhi 'dzum dgyes bzhin bya ra mdzod/_/dri zhim ngad pa mi zad pas/_/gsang po'i shangs la dgyes pa skyed/_/nad dug rlung sprin mi spro zhing*/_/dgra dang gnod sbyor rje yis srungs/_/snyan 'jebs glu dbyangs gling bu yi/_/sna tshogs nyams kyis dgyes dgur mchod/_/bshugs glu gad rgyangs ma sgrogs par/_/snyan grags dbyar rnga ldir bar mdzod/_/zhim mngar zas dang chang skyems phud/_/ro brgya'i zas kyi dga' ston stob/_/sad ser btsa' than zhi ba dang*/_/gnas 'dir lo legs 'bru 'phel mdzod/_/reg 'jam bdud rtsi'i sku la 'khyud/_/bde ba'i dga' ston rtag tu 'bul/_/btsan zhags mdung rnon ma 'phen par/_/nyin srungs mtshan skyobs mel tshe mdzod/_/thugs la ci bzhed der 'char ba'i/_/'dod dgu'i mthun rdzas mi zad 'bul/_/gnas mgron dam las mi 'da' bar/_/pha bu bzhin du srung skyobs mdzod/_/sna tshogs ba dan phreng tshar bstar/_/mthun pa'i rlung rta'i stobs skyed la/_/mi kha bra mchu phung gyod sogs/_/srung skyobs mthun rkyen 'dod dgu skyed/_/mi gtsang nyes pa khrus kyis bkru/_/mnga' gsol gzengs bstod dpa' skyems 'bul/_/yul 'dir bkra shis bde legs kyi/_/tshe dpal stobs 'byor rgyas par mdzod/_/sngon tshe pad+ma thod phreng sogs/_/rtsa brgyud rig 'dzin bla ma yis/_/bka' bsgo'i tha tshig ma bsnyel bar/_/gnas gzhi'i dam tshig rtag tu srungs/_/ri gnyan bskos dang shing gnyan bcad/_/thab gzhob gsur dang me dgra sogs/_/mi shes bag med dbang gyur pa'i/_/phog thug spyod pa'i nongs pa bshags/_/lha zhal zla ltar dkar ba yis/_/yul 'di bde skyid 'byor pas brgyan/_/snod la bcud ldan lo phyug legs/_/rta nor phyugs spel gcan gzan srungs/_/bcud kyi bsod nams dpal 'byor rgyas/_/phan tshun 'dza' zhing brtse ba'i blos/_/rtag tu mthun par gnas pa dang*/_/dge ba'i las la spro bar mdzod/_/dkon mchog gsum gyi dbu 'phang bstod/_/dge 'dun sde rgyas bshad sgrub dar/_/srid zhi'i rgud mun sel ba'i gnyen/_/rgyal bstan snang ba 'grib med mdzod/_/rgyal blon thugs mthun stobs dpal rgyas/_/gzhan sde zil gyis gnon pa dang*/_/yul 'dir bkra shis dge legs 'phel/_/phyogs las rnam par rgyal bar mdzod/_/ces pa'ang chos rtse'i slob dpon thub bstan nas ched bskul bzhin gzhan phan sems kyis mang+ga la shrI b+hU ti sarba ar+thas bris pa don dang ldan par gyur cig/__//

Footnotes

Other Information