JKW-KABUM-15-BA-030-003

From Khyentse Lineage - A Tsadra Foundation Project
Revision as of 17:40, 2 March 2022 by Mort (talk | contribs) (Text replacement - "|editor=rdzong sar blo gros phun tshogs" to "|editor=")

JKW-KABUM-15-BA-030-003

ཀློང་ཆེན་སྙིང་ཏིག་གི་ཁྲིད་ཀྱི་ཟིན་ཐོ།
Wylie title klong chen snying tig gi khrid kyi zin tho JKW-KABUM-15-BA-030.pdf
Location mkhyen brtse'i bka' 'bum
Volume 15, sde tshan 30, Text 3, Pages 566-567 (Folios 3b4 to 4a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jam dbyangs mkhyen brtse'i dbang po. klong chen snying tig gi khrid kyi zin tho. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 15: 566-567. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Contemplative Guide Books and Instructional Manuals - khrid yig
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

ཅེས་པའང་མཁྱེན་བརྩེའི་དབང་པོས་བྲིས།

ces pa'ang mkhyen brtse'i dbang pos bris

1 Texts in this Section (sde tshan or chos tshan)

[edit]
བླ་མ་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གིས་ཁྲིད་ཚང་བར་ཐོབ་ནས་ཉམས་སུ་ལེན་ཚུལ་ལ་སྤྱིར་ཁྲིད་ཀྱི་དུས་སུའང་ཁྲིད་སྦྱངས་འབྲེལ་འཇོག་རེ་བྱས་པ་ལྟར། སླད་ནས་ཚུལ་བཞིན་ཉམས་སུ་ལེན་དགོས་པས། ཐོག་མར་ཐུན་མོང་སྔོན་འགྲོ་དྲུག་ཀྱང་ཐུན་དུ་བཅད་ནས་བསམ་ཞིང་། ངེས་ཤེས་སྐྱེ་བ་ཞིག་སོང་རྗེས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྐྱབས་འགྲོ་འབུམ་ཐེར་གཅིག་ཁ་སྐོང་ཁྲི་ལྷག་བཅས། དེ་བཞིན་དུ་སེམས་བསྐྱེད་འབུམ་ཐེར་གཉིས་ཁ་སྐོང་བཅས། རྡོར་སེམས་བསྒོམ་བཟླས་ཡིག་བརྒྱ་མ་མཐའ་འབུམ་ཐེར་གསུམ་ཁ་སྐོང་བཅས། སཏྭ་འབུམ་དྲུག་ཁ་སྐོང་བཅས། མཎྜལ་སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་དངོས་སུ་བཤམ་ནས་ཕྱག་ལེན་ལྟར་ཐུན་རེ་ཚོམ་བུ་སོ་བདུན་ཉེར་གཅིག་ཙམ་གང་འགྲུབ་ཀྱིས་ཐོག་དྲང་། རང་གཞུང་ཤློ་ཀ་གསུམ་འབུམ་ཐེར་བཞི་ཁ་སྐོང་བཅས། ཀུ་སཱ་ལིའི་ཚོགས་བསགས་བདུན་གསུམ་ནམ། བདུན་ཕྲག་ཡན་གང་འགྲུབ། གཙོ་བོ་བླ་མའི་རྣལ་འབྱོར་གལ་ཆེ་བས། ཡན་ལག་བདུན་པ་དང་སྦྲག་ཕྱག་འབུམ་ཐེར་ལྔ་གཏོང་སྲོལ་དང་། དངོས་གཞིར་གསོལ་འདེབས་རྗེ་བཙུན་གུ་རུ་རིན་པོ་ཆེ་སོགས་བྱུང་ན་འབུམ་ཐེར་དྲུག །དེ་མིན་ཁྲི་ལས་མི་ཉུང་བ་དང་། བདག་ལ་རེ་ས་སོགས་ལན་ཁྲིའམ་སྟོང་ཕྲག་གསུམ་ཙམ་འགྲོ་དགོས། དེའང་ཐུན་རེ་བཞིན་རིམ་པར་བསགས་ནས་གྲངས་ཚང་བ་དང་། བཛྲ་གུ་རུ་འབུམ་ཕྲག་བརྒྱ་དང་བཅུ་གཅིག་ཙམ་འགྲོ་དགོས། ཅེས་པའང་མཁྱེན་བརྩེའི་དབང་པོས་བྲིས། ། ༈

Footnotes

Other Information