JKCL-KABUM-11-DA-056

From Khyentse Lineage - A Tsadra Foundation Project
Revision as of 17:10, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-11-DA-056

Wylie title JKCL-KABUM-11-DA-056.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 56, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

"DA" is not a number.

[edit]
ཞིང་སྐྱོང་ཆེན་པོར་ཕྲིན་བཅོལ་བདུད་ལས་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །ཧཱུྃ། །རྒྱལ་བའི་བསྟན་པ་སྲུང་བའི་སྡེ་དཔོན་ཆེ། །གནས་གཏེར་ཞིང་རྣམས་སྐྱོང་བའི་མགོན་པོ་ནི། །སེངྒེའི་གདོང་ཅན་བདུད་ཀྱི་སྟོབས་འཕྲོགས་པ། །ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་། །ལས་མཁན་དྲེག་པ་སྡེ་བརྒྱད་འཁོར་བཅས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་དང་བསྟན་འཛིན་དབུ་འཕང་བསྟོད། །ནག་པོའི་ཕྱོགས་རྣམས་རྡུལ་དུ་བརླག་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་པར་སེམས་པའི་གཟུགས་ཅན་གཟུགས་མེད་དགྲ། །ལོག་པར་སེམས་པའི་དམ་སྲི་ཕོ་མོའི་རིགས། །རྣམ་ཤེས་བདེ་ལྡན་ཞིང་དུ་དྲོངས་བྱས་ཏེ། །ལྔ་ཕུང་བསྒྲལ་ཞིང་འབར་བའི་ཞལ་དུ་བསྟབ། །ལས་ངན་བག་ཆགས་རྩད་ནས་བཅད་པ་དང་། །བདེ་འགྲོའི་རྟེན་བཟང་ཐོབ་ནས་བྱང་ཆུབ་ཀྱི། །ལམ་མཆོག་རྙེད་པའི་ཕྲིན་ལས་མཛད་དུ་གསོལ། །མི་མཐུན་འགལ་རྐྱེན་ཉེར་འཚེ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་རྒྱས། །ཁམས་གསུམ་རླུང་སེམས་སྣང་བ་དབང་དུ་བསྡུས། །ཕྱི་ནང་གསང་བའི་དགྲ་གདོན་བགེགས་ཚོགས་བརླག །མདོར་ན་རྣམ་བཞིའི་ཕྲིན་ལས་གང་བརྩམ་རྣམས། །རིག་འཛིན་བརྒྱུད་པའི་དམ་བཞེས་ཐ་ཚིག་ལས། །མི་འདའ་འབད་མེད་མྱུར་བ་ཉིད་དུ་སྒྲུབས། །ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །པདྨའི་བཀའ་སྲོལ་བཀའ་གཏེར་དག་སྣང་གི །དམ་ཆོས་བཤད་སྒྲུབ་འདུ་ཚོགས་དར་ཤིང་རྒྱས། །མཆོག་གསང་འོད་གསལ་རྫོགས་པ་ཆེན་པོ་ཡི། །བསྟན་པ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཕྱི་ལྟར་ལེགས་གྲུབ་རྡོ་རྗེ་ལྕམ་དྲལ་རྣམས། །ནང་དུ་རོ་རྐྱང་བདུད་མགོན་ཡབ་ཡུམ་ཤར། །གསང་བ་ཟ་བྱེད་རྡོ་རྗེ་སྲིན་པོ་ཆེ། །ཡང་གསང་ཀུན་བཟང་དཔལ་ཆེན་ཧེ་རུ་ཀཿ། ངེས་པའི་ཤེས་པ་མཆོག་གིས་བསྟེན་པ་ཡིས། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །རྟག་ཏུ་བསྲུང་སྐྱོབས་སྡོང་གྲོགས་མི་གཡེལ་ཞིང་། །སྐད་ཅིག་ཙམ་ཡང་མི་འབྲལ་ཕྲིན་ལས་མཛོད། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རུ་མཚོན་ཕྱོགས་བརྒྱར་བསྒྲེངས་ཤིང་སྙན་གྲགས་ཀྱི། །བཀྲ་ཤིས་སྡེ་ལྔའི་སྒྲ་དབྱངས་སྒྲོགས་པ་དང་། །འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཕྲིན་ལས་མཛོད། །། ཅེས་པའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་རང་ལོ་བཞི་བཅུ་ཆུ་སྤྲེལ་ཁྲུམས་ཟླའི་ཚེས་༢༠ལ་སྦྱར་བ་འདི་ཡང་དོན་དང་ལྡན་པར་གྱུར་ཅིག། །།
[edit]

zhing skyong chen por phrin bcol bdud las rgyal ba'i rnga sgra zhes bya ba bzhugs so/__/hU~M/__/rgyal ba'i bstan pa srung ba'i sde dpon che/__/gnas gter zhing rnams skyong ba'i mgon po ni/__/seng+ge'i gdong can bdud kyi stobs 'phrogs pa/__/zhing skyong kun dga' gzhon nu yab yum dang /__/las mkhan dreg pa sde brgyad 'khor bcas rnams/__/dgra bgegs sha khrag gtor ma 'di bzhes la/__/sangs rgyas bstan dang bstan 'dzin dbu 'phang bstod/__/nag po'i phyogs rnams rdul du brlag par mdzod/__/khyad par rnal 'byor bdag cag 'khor bcas la/__/gnod par sems pa'i gzugs can gzugs med dgra/__/log par sems pa'i dam sri pho mo'i rigs/__/rnam shes bde ldan zhing du drongs byas te/__/lnga phung bsgral zhing 'bar ba'i zhal du bstab/__/las ngan bag chags rtsad nas bcad pa dang /__/bde 'gro'i rten bzang thob nas byang chub kyi/__/lam mchog rnyed pa'i phrin las mdzad du gsol/__/mi mthun 'gal rkyen nyer 'tshe zhi ba dang /__/tshe bsod dpal 'byor ye shes yon tan rgyas/__/khams gsum rlung sems snang ba dbang du bsdus/__/phyi nang gsang ba'i dgra gdon bgegs tshogs brlag__/mdor na rnam bzhi'i phrin las gang brtsam rnams/__/rig 'dzin brgyud pa'i dam bzhes tha tshig las/__/mi 'da' 'bad med myur ba nyid du sgrubs/__/ji ltar bcol pa'i phrin las 'grub par mdzod/__/pad+ma'i bka' srol bka' gter dag snang gi__/dam chos bshad sgrub 'du tshogs dar shing rgyas/__/mchog gsang 'od gsal rdzogs pa chen po yi/__/bstan pa 'phel zhing rgyas pa'i phrin las mdzod/__/phyi ltar legs grub rdo rje lcam dral rnams/__/nang du ro rkyang bdud mgon yab yum shar/__/gsang ba za byed rdo rje srin po che/__/yang gsang kun bzang dpal chen he ru kaH/__nges pa'i shes pa mchog gis bsten pa yis/__/'di phyi bar do'i gnas skabs thams cad du/__/rtag tu bsrung skyobs sdong grogs mi g.yel zhing /__/skad cig tsam yang mi 'bral phrin las mdzod/__/bdud sde'i g.yul las rnam par rgyal ba yi/__/ru mtshon phyogs brgyar bsgrengs shing snyan grags kyi/__/bkra shis sde lnga'i sgra dbyangs sgrogs pa dang /__/'chi med rdo rje'i sku 'grub phrin las mdzod/__//__ces pa'ang 'jam dbyangs blo gros rgya mtshos rang lo bzhi bcu chu sprel khrums zla'i tshes 20la sbyar ba 'di yang don dang ldan par gyur cig/__//__

Footnotes

Other Information