JKCL-KABUM-11-DA-034

From Khyentse Lineage - A Tsadra Foundation Project
Revision as of 17:10, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-034.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 34, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

161-168
རྒྱལ་གསོལ་ཡོངས་འདུའི་ལྗོན་ཤིང་།
rgyal gsol yongs 'du'i ljon shing
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"DA" is not a number.

[edit]
༄༅། །རྒྱལ་གསོལ་ཡོངས་འདུའི་ལྗོན་ཤིང་བཞུགས་སོ། ། པདྨ་ཀྲོ་ཏ་ཧྱ་གྷྲཱྀ་ཝ་ལ་ན་མོ། དེ་ལ་ཆོས་འཁོར་སྐྱོངས་བའི་རྒྱལ་ཆེན་ལ་ཨོ་རྒྱན་པདྨའི་རྗེས་འཇུག་རྣམས་ཀྱི་དུས་གཉན་ཚེས་གསུམ་བརྒྱད་བཅོ་ལྔ་སོགས་ལ་མཆོད་གཏོར་འབུལ་བས་གཏོར་མ་བང་རིམ་བཞི་པའི་སྟེང་བསང་ཕྱི་ལྔ་ཚོམ་མར་མེ་དང་། བང་རིམ་ལ་སྤྱན་གཟིགས་སྤར་བཏབ་པས་བསྐོར་ཞིང་འབྲུ་སྣ་སྐྱེམས་ཕུད་རྣམས་བཤམས་ལ་རང་ཉིད་པདྨ་དྲག་པོའམ་རྟ་མགྲིན་གྱི་ང་རྒྱལ་དང་ལྡན་པས། མཆོད་གཏོར་རྣམས་ལ་བསངས་ཕྱུངས་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་རོལ་མོ་སྦ་གླིང་སྤོས་གསུར་གྱི་དུད་པ་དང་བཅས། ཀྱེ། སྟེང་ཕྱོགས་ལྷ་ཡི་གནས་དང་རྡོ་རྗེ་གདན། ཁ་ཆེ་ཁྲི་སྟན་བྷ་ཏ་ཧོར་གྱི་ཡུལ། །ཁྱད་པར་འོག་མིན་དཔལ་གྱི་བསམ་ཡས་སོགས། །ཆོས་འཁོར་གཉན་པོའི་སྲུངས་མ་ལི་བྱིན་ཧར། །རྒྱལ་ཆེན་སྐུ་ལྔ་བཙུན་བློན་འཁོར་བཅས་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །རཱ་ཙ་ས་མ་ཡ་ཨ་ཧོ་བྷྲཱུྃ་འདུ་འདུ་ཡེད་ཡེད་ཛ་ཛཿཛཿཧཱུྃ་བྃ་ཧོཿབཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊཿབཛྲ་རཀྵནྟུ། ཀྱེ། མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ལ་འཁོད་པའི། །ཚངས་པའི་བཀའ་ཉན་སྐྱེ་འགྲོའི་སྲོག་གི་བདག །ཆོས་འཁོར་སྐྱོངས་བའི་རྒྱལ་ཆེན་བཻ་ཧཱ་ར། །ངོ་བོ་གཅིག་ལ་སྐུ་ལྔར་འཆར་བ་ཡི། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་མཐིང་ནག་སྤྱན་གསུམ་ཁྲོ་གཏུམ་བརྗིད། །མནྟྲིའི་གོས་དང་དོམ་ནག་སློགས་པ་དང་། །གཡི་དཀར་སྟོད་ཐུང་དར་ནག་ཐིབས་ཞུ་ལ། །རིན་ཆེན་སྣ་ཚོགས་ཕྲ་ཚོམ་སྤྲས་པ་གསོལ། །སྤུ་གྲི་ཐོད་ཁྲག་རྡོ་རྗེའི་ཞགས་པ་བསྣམས། །བ་གླང་སྣ་རིང་ཆིབས་ནས་འགྱིང་སྟབས་བཞུགས། །ཤར་ཕྱོགས་རྒྱལ་ཆེན་ཤེལ་གིང་དཀར་པོ་ནི། །ཞི་འཛུམ་ནོར་བུ་ཆུ་ཤེལ་རྒྱན་ཆ་དང་། །ཤེལ་གྲི་མེ་ལོང་མདུང་དར་དཀར་པོ་བསྣམས། །འབྲུག་ལ་ཆིབས་ནས་ཞི་བའི་ལས་མཛད་བཞུགས། །ལྷོ་ཕྱོགས་རྒྱལ་ཆེན་དགྲ་ལྷ་སྐྱེས་ཅིག་པོར། །ཤ་རྒྱས་སྒེག་ཉམས་ནོར་བུའི་རྒྱན་ཆ་དང་། །ཟ་འོག་སེར་ཁྲའི་གོས་ཀྱིས་བརྗིད་པར་བཀླུབས། །རྟ་མཆོག་སྔོན་པོ་ཆུ་རིས་ལྡན་པ་ཆིབས། །ནོར་བུའི་རྒྱལ་མཚན་ནོར་གཞོང་ནེའུ་ལེ་བསྣམས། །ནུབ་ཏུ་ཁྱུང་ཆེན་ཀླུ་འབྲུག་སྐུ་མདོག་དམར། །ཟབ་བེར་དམར་པོ་པདྨའི་རྒྱན་གྱི་སྤྲས། །རྨ་བྱ་འཇོ་སྒེག་ལྡན་པའི་སྟེང་ན་ཆིབས། །ལྕགས་ཀྱུ་དང་ནི་པདྨའི་ཞགས་པ་བསྣམས། །བྱང་དུ་གནོད་སྦྱིན་ཤིང་བྱ་སྐུ་མདོག་ལྗང་། །སེངྒེ་རབ་ཏུ་ཁྲོས་པའི་སྟེང་ན་འགྱིང་། །དགྲ་སྟྭ་དང་ནི་རྡོ་རྗེའི་མདུང་ཐུང་བསྣམས། །དར་ནག་གོས་དང་ཁྲབ་རྨོག་འཁོར་གསུམ་བརྗིད། །བཀའ་བློན་སྲོག་བདག་བྱ་ཁྲི་མིག་གཅིག་དང་། །རྡོ་རྗེ་གྲགས་ལྡན་པུ་ཏྲ་བྱ་ཐང་ནག །བཙན་རྒོད་ཆེན་པོ་རྡོ་རྗེ་ཡང་ལེ་བེར། །གསང་བའི་ཡུམ་ཆེན་ཤནྟི་རོ་ཟན་མ། །བདུད་མོ་རོ་ལངས་གསེར་གྱི་སྤུ་གྲི་དང་། །མཛེས་བྱེད་པདྨ་བདུད་གཟའ་སྨིན་དཀར་རྣམས། །ཡབ་ཀྱི་དགྱེས་བསྐང་བདེ་སྐྱེད་སྨིན་ལེགས་མ། །རུ་འདྲེན་གར་མཁན་འབག་སེང་སྤྲ་སྤྲེའུ། །བྱི་ལ་ཆེན་པོ་གསེར་མིག་འཁྱིལ་བ་དང་། །ཁྱུང་ཆེན་སྟག་གཟིག་ལྕེ་སྤྱང་ལ་སོགས་པ། །འཁོར་ཚོགས་བསམ་མི་ཁྱབ་པ་ཁྱེད་རྣམས་ཀྱིས། །དགྱེས་པའི་མཆོད་སྤྲིན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ། །བཤོས་གཙང་གཏོར་མ་འབྲུ་སྣ་བཟང་དགུ་དང་། །ཇ་ཆང་འོ་ཞོ་ཁྲག་སྐྱེམས་མཚོ་ལྟར་བསྐྱིལ། །ཟ་འོག་སྟག་སེང་རྨ་བྱ་སྤྱང་ཀི་དང་། །བྱ་རྒོད་སྤྲེའུ་བྱི་ལའི་རྒྱལ་མཚན་སོགས། །སྦ་ལྕགས་རྟེན་མདུང་དམ་ཤིང་རལ་གྲི་དང་། །འཕན་གདུགས་རྔ་ཡབ་ཟ་འོག་གུར་མོ་ཆེ། །གཟུགས་སྒྲ་དྲི་རོ་རེག་བྱ་ཞི་དྲག་དང་། །རྟགས་རྫས་སྣ་བདུན་ཉེ་བའི་རིན་ཆེན་བདུན། །སྨན་དང་རཀྟ་གཏོར་མ་ཤ་ཆེན་གསུར། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་དང་། །བསེ་ཡི་ཕོར་པ་བསེ་ཁྲབ་བསེ་བྱང་དང་། །རྔེའུ་ཆུང་རྐང་གླིང་ཐོད་རྔ་རྔ་ཆེན་སོགས། །གཅན་གཟན་གཏུམ་པོ་བྱ་དང་རི་དྭགས་ཚོགས། །གོ་ཁྲབ་གོས་དར་མདའ་མདུང་སྒྱོགས་ཆེན་དང་། །ཕྱི་ནང་གསང་བའི་རྟེན་རྫས་བླ་རྡོ་སོགས། །མཐུན་རྫས་སྤྱན་གཟིགས་སྣ་ཚོགས་འདི་བཞེས་ལ། །བདག་ཅག་དཔོན་སློབ་འདུས་པར་བཅས་པ་ཡི། །ཁྱེད་ཀྱི་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་ཆེན་པོ། །ས་དང་བར་སྣང་ཡོངས་སུ་གང་བ་འདིས། །རྒྱལ་ཆེན་འཁོར་བཅས་ཐུགས་དམ་དགྱེས་པར་བསྐངས། །པདྨ་དྲག་པོ་རིག་འཛིན་བརྒྱུད་པ་ཡི། །བཀའ་དང་དམ་ལས་མ་འདའ་དམ་ཚིག་དྲན། །ཆོས་འཁོར་གཉན་པོའི་བསྟན་པ་སྲུངས་བ་དང་། །རྣལ་འབྱོར་བདག་ཅག་བུ་བཞིན་བསྐྱངས་པར་གྱིས། །དགྲ་རྐུན་ཇག་གསུམ་བརྒྱལ་རེངས་རྨོངས་ལྐུགས་མྱོས། །སྡང་བའི་སེམས་ལྡན་བྱད་མ་རྦོད་གཏོང་གི །མནན་སྲེག་སར་བུ་འཁྲུལ་འཁོར་གཏད་ཁྲམ་འཕང་། །དབྱེ་བསྐྲད་ལ་སོགས་བསམ་སྦྱོར་ངན་པ་རྣམས། །རང་གཤེད་རང་དབབ་གནོད་པ་ཕྱིར་ལ་བཟློག །རྡུལ་དུ་བརླག་ཅིང་རྩད་ནས་འཇོམ་པར་མཛོད། །མིང་གི་ལྷག་མ་མེད་པར་གྱུར་པ་དང་། །བདག་ཅག་ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །སངས་རྒྱས་བསྟན་ལ་འཚེ་བའི་མཐའ་དམག་རིགས། །ལྷ་མིན་ཀླ་ཀློ་བསྟན་པར་ཕྱིར་ཕྱོགས་རྣམས། །མངོན་སྤྱོད་དྲག་པོས་ཐལ་བའི་རྡུལ་བཞིན་བཅོམ། །མདོ་སྔགས་བསྟན་པ་རིན་ཆེན་རྒྱས་པ་དང་། །ཁྱད་པར་ཨོ་རྒྱན་བླ་མའི་བཀའ་གཏེར་གྱི། །བཤད་སྒྲུབ་འདུས་པའི་སྡེ་ཚོགས་འཕེལ་བ་དང་། །བསྟན་འཛིན་སྐྱེས་རྣམས་དབུ་འཕང་བསྟོད་པར་མཛོད། །གཞན་ཡང་རིས་མེད་བསྟན་པ་རྒྱས་པ་དང་། །དགེ་འདུན་ཐུགས་མཐུན་འཇིག་རྟེན་བདེ་ཞིང་སྐྱིད། །ཕན་ཚུན་བྱམས་པའི་སེམས་དང་ལྡན་པ་ཡི། །དགེ་བཅུའི་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད། །ཆོས་སྐྱོང་འཁུ་ལྡོག་སྤངས་ལ་སྙིང་ཉེ་ཞིང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། །རྒྱ་འདྲེ་རྒྱལ་འགོང་དམ་སྲིའི་རྒྱུ་ལམ་ཆོད། །ཁྱོད་ཀྱི་འཁོར་གྱི་གདུག་རྩུབ་ཞི་བ་དང་། །རྡོ་རྗེའི་བཀའ་ནན་དྲག་པོ་མཛད་དུ་གསོལ། །རིག་འཛིན་རྣལ་འབྱོར་བདག་ལ་སྡོངས་གྲོགས་དང་། །བཅོལ་པའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད། །ནད་རིམ་གདོན་བགེགས་གནོད་པ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་འཁོར་སློབས་རིགས་རྒྱུད་རྒྱས། །ཁམས་གསུམ་འགྲོ་བ་ཐམས་ཅད་དབང་དུ་བསྡུས། །བསྟན་དགྲ་རྡུལ་དུ་རློགས་པའི་ཕྲིན་ལས་མཛོད། །འདི་ན་བཞུགས་པའི་གནས་མེད་རང་གནས་གཤེགས། །དུས་དང་དུས་སུ་འབྱོན་ཏེ་བཀྲ་ཤིས་དང་། །དགེ་ལེགས་སྒྲུབ་ཤིང་ཉེས་པའི་སྐྱོན་རྣམས་བསལ། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་པའང་ཆུ་འབྲུག་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་འཁྲུལ་སྣང་ཟ་ཟིར་བརྟེན་པདྨ་ཡེ་ཤེས་རྡོ་རྗེས་བྲིས་ཏེ་སླར་ཡང་སབ་ཁ་ཕྲན་བུ་བཅས་བགྱིས་པ་དགེ་ཞིང་ཤིས་པར་གྱུར་ཅིག། །། ཀྱཻ། སྲིད་གསུམ་བདག་པོ་ཆོས་རྒྱལ་བཻ་ཧ་ར། །བཙུན་མོ་སྲས་བློན་བཀའ་སྡོད་འཁོར་བཅས་རྣམས། །འདིར་གཤེགས་མཆོད་གཏོར་གསེར་སྐྱེམས་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཆོས་ཀྱི་བློ་གྲོས་པས་སོ།། །།
[edit]

@#/__/rgyal gsol yongs 'du'i ljon shing bzhugs so/__/ pad+ma kro ta h+ya g+hr-I wa la na mo/__de la chos 'khor skyongs ba'i rgyal chen la o rgyan pad+ma'i rjes 'jug rnams kyi dus gnyan tshes gsum brgyad bco lnga sogs la mchod gtor 'bul bas gtor ma bang rim bzhi pa'i steng bsang phyi lnga tshom mar me dang /__bang rim la spyan gzigs spar btab pas bskor zhing 'bru sna skyems phud rnams bshams la rang nyid pad+ma drag po'am rta mgrin gyi nga rgyal dang ldan pas/__mchod gtor rnams la bsangs phyungs sngags drug phyag drug gi byin gyis brlabs rol mo sba gling spos gsur gyi dud pa dang bcas/__kye/__steng phyogs lha yi gnas dang rdo rje gdan/__kha che khri stan b+ha ta hor gyi yul/__/khyad par 'og min dpal gyi bsam yas sogs/__/chos 'khor gnyan po'i srungs ma li byin har/__/rgyal chen sku lnga btsun blon 'khor bcas gshegs/__/rang rang dgyes pa'i gdan la bzhugs su gsol/__/rA tsa sa ma ya a ho b+h+rU~M 'du 'du yed yed dza dzaHdzaHhU~M ba~M hoHbadz+ra sa ma ya ha na ha na hU~M phaTaHbadz+ra rak+Shan+tu/__kye/__mchod bstod dregs pa'i dkyil 'khor la 'khod pa'i/__/tshangs pa'i bka' nyan skye 'gro'i srog gi bdag__/chos 'khor skyongs ba'i rgyal chen bai hA ra/__/ngo bo gcig la sku lngar 'char ba yi/__/dbus phyogs thugs kyi rgyal po chen po ni/__/sku mdog mthing nag spyan gsum khro gtum brjid/__/man+t+ri'i gos dang dom nag slogs pa dang /__/g.yi dkar stod thung dar nag thibs zhu la/__/rin chen sna tshogs phra tshom spras pa gsol/__/spu gri thod khrag rdo rje'i zhags pa bsnams/__/ba glang sna ring chibs nas 'gying stabs bzhugs/__/shar phyogs rgyal chen shel ging dkar po ni/__/zhi 'dzum nor bu chu shel rgyan cha dang /__/shel gri me long mdung dar dkar po bsnams/__/'brug la chibs nas zhi ba'i las mdzad bzhugs/__/lho phyogs rgyal chen dgra lha skyes cig por/__/sha rgyas sgeg nyams nor bu'i rgyan cha dang /__/za 'og ser khra'i gos kyis brjid par bklubs/__/rta mchog sngon po chu ris ldan pa chibs/__/nor bu'i rgyal mtshan nor gzhong ne'u le bsnams/__/nub tu khyung chen klu 'brug sku mdog dmar/__/zab ber dmar po pad+ma'i rgyan gyi spras/__/rma bya 'jo sgeg ldan pa'i steng na chibs/__/lcags kyu dang ni pad+ma'i zhags pa bsnams/__/byang du gnod sbyin shing bya sku mdog ljang /__/seng+ge rab tu khros pa'i steng na 'gying /__/dgra s+t+wa dang ni rdo rje'i mdung thung bsnams/__/dar nag gos dang khrab rmog 'khor gsum brjid/__/bka' blon srog bdag bya khri mig gcig dang /__/rdo rje grags ldan pu tra bya thang nag__/btsan rgod chen po rdo rje yang le ber/__/gsang ba'i yum chen shan+ti ro zan ma/__/bdud mo ro langs gser gyi spu gri dang /__/mdzes byed pad+ma bdud gza' smin dkar rnams/__/yab kyi dgyes bskang bde skyed smin legs ma/__/ru 'dren gar mkhan 'bag seng spra spre'u/__/byi la chen po gser mig 'khyil ba dang /__/khyung chen stag gzig lce spyang la sogs pa/__/'khor tshogs bsam mi khyab pa khyed rnams kyis/__/dgyes pa'i mchod sprin me tog bdug spos dang /__/mar me dri chab zhal zas rol mo'i sgra/__/bshos gtsang gtor ma 'bru sna bzang dgu dang /__/ja chang 'o zho khrag skyems mtsho ltar bskyil/__/za 'og stag seng rma bya spyang ki dang /__/bya rgod spre'u byi la'i rgyal mtshan sogs/__/sba lcags rten mdung dam shing ral gri dang /__/'phan gdugs rnga yab za 'og gur mo che/__/gzugs sgra dri ro reg bya zhi drag dang /__/rtags rdzas sna bdun nye ba'i rin chen bdun/__/sman dang rak+ta gtor ma sha chen gsur/__/lcags kyu zhags pa lcags sgrogs dril bu dang /__/bse yi phor pa bse khrab bse byang dang /__/rnge'u chung rkang gling thod rnga rnga chen sogs/__/gcan gzan gtum po bya dang ri dwags tshogs/__/go khrab gos dar mda' mdung sgyogs chen dang /__/phyi nang gsang ba'i rten rdzas bla rdo sogs/__/mthun rdzas spyan gzigs sna tshogs 'di bzhes la/__/bdag cag dpon slob 'dus par bcas pa yi/__/khyed kyi thugs dang 'gal ba mthol lo bshags/__/phyi nang gsang ba'i mchod sprin rgya chen po/__/sa dang bar snang yongs su gang ba 'dis/__/rgyal chen 'khor bcas thugs dam dgyes par bskangs/__/pad+ma drag po rig 'dzin brgyud pa yi/__/bka' dang dam las ma 'da' dam tshig dran/__/chos 'khor gnyan po'i bstan pa srungs ba dang /__/rnal 'byor bdag cag bu bzhin bskyangs par gyis/__/dgra rkun jag gsum brgyal rengs rmongs lkugs myos/__/sdang ba'i sems ldan byad ma rbod gtong gi__/mnan sreg sar bu 'khrul 'khor gtad khram 'phang /__/dbye bskrad la sogs bsam sbyor ngan pa rnams/__/rang gshed rang dbab gnod pa phyir la bzlog__/rdul du brlag cing rtsad nas 'jom par mdzod/__/ming gi lhag ma med par gyur pa dang /__/bdag cag phyogs las rnam par rgyal bar mdzod/__/sangs rgyas bstan la 'tshe ba'i mtha' dmag rigs/__/lha min kla klo bstan par phyir phyogs rnams/__/mngon spyod drag pos thal ba'i rdul bzhin bcom/__/mdo sngags bstan pa rin chen rgyas pa dang /__/khyad par o rgyan bla ma'i bka' gter gyi/__/bshad sgrub 'dus pa'i sde tshogs 'phel ba dang /__/bstan 'dzin skyes rnams dbu 'phang bstod par mdzod/__/gzhan yang ris med bstan pa rgyas pa dang /__/dge 'dun thugs mthun 'jig rten bde zhing skyid/__/phan tshun byams pa'i sems dang ldan pa yi/__/dge bcu'i dpal la spyod pa'i phrin las mdzod/__/chos skyong 'khu ldog spangs la snying nye zhing /__/bkra shis bde legs phun sum tshogs pa dang /__/rgya 'dre rgyal 'gong dam sri'i rgyu lam chod/__/khyod kyi 'khor gyi gdug rtsub zhi ba dang /__/rdo rje'i bka' nan drag po mdzad du gsol/__/rig 'dzin rnal 'byor bdag la sdongs grogs dang /__/bcol pa'i las rnams myur du 'grub par mdzod/__/nad rim gdon bgegs gnod pa zhi ba dang /__/tshe bsod dpal 'byor 'khor slobs rigs rgyud rgyas/__/khams gsum 'gro ba thams cad dbang du bsdus/__/bstan dgra rdul du rlogs pa'i phrin las mdzod/__/'di na bzhugs pa'i gnas med rang gnas gshegs/__/dus dang dus su 'byon te bkra shis dang /__/dge legs sgrub shing nyes pa'i skyon rnams bsal/__/phun tshogs dpal la rol pa'i bkra shis shog__/ces pa'ang chu 'brug cho 'phrul zla ba'i tshes brgyad 'khrul snang za zir brten pad+ma ye shes rdo rjes bris te slar yang sab kha phran bu bcas bgyis pa dge zhing shis par gyur cig/__//__kyai/__srid gsum bdag po chos rgyal bai ha ra/__/btsun mo sras blon bka' sdod 'khor bcas rnams/__/'dir gshegs mchod gtor gser skyems 'di bzhes la/__/rnal 'byor bcol pa'i phrin las 'grub par mdzod/__/chos kyi blo gros pas so//__//

Footnotes

Other Information