JKCL-KABUM-11-DA-058

From Khyentse Lineage - A Tsadra Foundation Project
Revision as of 17:11, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-058.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 58, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

301-302
དམ་ཅན་བསྟོད་པ།
dam can bstod pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]

"DA" is not a number.

[edit]
དམ་ཅན་བསྟོད་པ་བཞུགས་སོ། །ཧཱུྃ་ཧྲིཿ། རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས་འཁྲུངས་རྩ་གསུམ་གཅིག་སྡུས་པད་འབྱུང་གི །བཀའ་ཉན་ཕྲིན་ལས་མཐུ་སྟོབས་རྨད་བྱུང་སྣང་སྲིད་སྡེ་བརྒྱད་ཀུན་གྱི་རྗེ། །འདས་དང་མ་འདས་ཀུན་ཏུ་བཞུགས་ཤིང་ལེགས་ཉེས་སྟངས་འཛིན་བྱེད་པའི་གཉེར། །དམ་ཚིག་ཅན་གྱི་སྲུང་མ་ཆེན་པོ་དམ་ཉམས་རྣམས་ཀྱི་སྲོག་གི་གཤེད། །གསང་སྔགས་བཀའ་དང་གཏེར་གྱི་མཛོད་འཆང་བཛྲ་ས་དྷུ་ཆེན་པོ་ནི། །རྩལ་ཆེན་གདོང་ལྔའི་དབང་པོ་དང་ནི་ར་སྐྱེས་འཇིགས་རུང་ལ་སོགས་པ། །རི་ལྟར་བརྗིད་ཅིང་གློག་ལྟར་མྱུར་བའི་རྩལ་ཆེན་བང་མགྱོགས་བཞོན་པའི་སྟེང་། །གང་སྐུ་བྱེ་རུའི་མདོག་ལྟར་དམར་དང་མཐིང་ནག་དུག་ཆེན་ཧ་ལའི་མདོག །གཞན་ཡང་ཞི་རྒྱས་སྣ་ཚོགས་སྐུ་ནི་ཅིག་ཏུ་མ་ངེས་ཅིར་ཡང་སྟོན། །ཐེའུ་རང་སྡེ་ཚོགས་མ་མོ་མཚོ་སྨན་དགེ་བསྙེན་རྨུ་བདུད་བྱེ་བ་འབུམ། །གནམ་ས་བར་སྣང་ཡོངས་སུ་གང་བའི་འཁོར་ཚོགས་བསམ་མི་ཁྱབ་པའི་དབུས། །མི་བཟད་དགྲ་འདུལ་དཔའ་བོ་ཆེན་པོ་རྒྱ་བོད་ནོར་གྱི་བདག་པོ་ནི། །ཞི་རྔམས་ཆགས་པའི་གཟུགས་ཀྱིས་ནད་གདོན་ཞི་དང་བསོད་ནམས་ལེགས་ཚོགས་སྡུད། །ཁྲོ་གཏུམ་སྐུ་ནི་མཐོང་བའི་མོད་ལ་བདུད་སྙིང་ལྐོག་མར་ལྷུང་བ་དང་། །དྲག་པོར་ཁྲོས་ཚེ་དགྲ་བགེགས་ལུས་ནི་རྣོ་དཀར་མཆེ་བས་འཐག་པར་བྱེད། །ཐོ་ཆེན་དྲག་པོས་སྟོང་གསུམ་རྡུལ་ཕྲན་བཅོམ་ན་བདུད་སྡེ་སྨོས་ཅི་ཞིག །དོན་སྙིང་ཁྲག་ཆེན་ཞལ་དུ་འདྲེན་ཤིང་རུས་པའི་ཚོགས་ནི་ཀྲུམ་ཀྲུམ་གསོལ། །སྦུད་པའི་འཐོར་རླུང་དུས་མཐའ་ཤུགས་ཀྱིས་ལྷ་མིན་ཡུལ་ཁམས་ཐལ་བར་གཏོར། །ཁྱོད་ཐུགས་སྙིང་རྗེས་རབ་ཏུ་ཞི་ཡང་མ་རུངས་རྣམས་ལ་དྲག་པོར་སྟོན། །གནམ་ལྕགས་རྡོ་རྗེའི་ཐོག་ཆེན་དང་འདྲ་གང་ལ་ཐོགས་མེད་སྟོབས་ལྡན་པ། །དགྲ་ལྷའི་རྒྱལ་པོ་རྡོ་རྗེ་ལེགས་པར་མཆོད་གཏོར་གསེར་སྐྱེམས་རྒྱ་མཚོ་འབུལ། །དགྱེས་པས་བཞེས་ནས་རིག་འཛིན་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཉིན་མཚན་ཀུན་ཏུ་མི་གཡེལ་སྲུངས་ཤིང་ཁ་འཛིན་རྒྱབ་རྟེན་སྟོང་གྲོགས་མཛོད། །ཞི་རྒྱས་དབང་དྲག་ལས་རྣམས་མ་ལུས་མྱུར་དུ་སྒྲུབ་མཛད་ཁྱོད་ལ་བསྟོད། །རྩ་བརྒྱུད་བླ་མས་བཀའ་བསྒོས་ཇི་བཞིན་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ཁང་དུ་ཁྱི་སྣྲོན་ཟླའི་ཚེ་༡༡ལ་བློ་གྲོས་རྒྱ་མཚོས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ། །ཤུ་བྷཾ།། །།
[edit]

dam can bstod pa bzhugs so/__/hU~M hriH/__rgyal ba kun gyi thugs rje las 'khrungs rtsa gsum gcig sdus pad 'byung gi__/bka' nyan phrin las mthu stobs rmad byung snang srid sde brgyad kun gyi rje/__/'das dang ma 'das kun tu bzhugs shing legs nyes stangs 'dzin byed pa'i gnyer/__/dam tshig can gyi srung ma chen po dam nyams rnams kyi srog gi gshed/__/gsang sngags bka' dang gter gyi mdzod 'chang badz+ra sa d+hu chen po ni/__/rtsal chen gdong lnga'i dbang po dang ni ra skyes 'jigs rung la sogs pa/__/ri ltar brjid cing glog ltar myur ba'i rtsal chen bang mgyogs bzhon pa'i steng /__/gang sku bye ru'i mdog ltar dmar dang mthing nag dug chen ha la'i mdog__/gzhan yang zhi rgyas sna tshogs sku ni cig tu ma nges cir yang ston/__/the'u rang sde tshogs ma mo mtsho sman dge bsnyen rmu bdud bye ba 'bum/__/gnam sa bar snang yongs su gang ba'i 'khor tshogs bsam mi khyab pa'i dbus/__/mi bzad dgra 'dul dpa' bo chen po rgya bod nor gyi bdag po ni/__/zhi rngams chags pa'i gzugs kyis nad gdon zhi dang bsod nams legs tshogs sdud/__/khro gtum sku ni mthong ba'i mod la bdud snying lkog mar lhung ba dang /__/drag por khros tshe dgra bgegs lus ni rno dkar mche bas 'thag par byed/__/tho chen drag pos stong gsum rdul phran bcom na bdud sde smos ci zhig__/don snying khrag chen zhal du 'dren shing rus pa'i tshogs ni krum krum gsol/__/sbud pa'i 'thor rlung dus mtha' shugs kyis lha min yul khams thal bar gtor/__/khyod thugs snying rjes rab tu zhi yang ma rungs rnams la drag por ston/__/gnam lcags rdo rje'i thog chen dang 'dra gang la thogs med stobs ldan pa/__/dgra lha'i rgyal po rdo rje legs par mchod gtor gser skyems rgya mtsho 'bul/__/dgyes pas bzhes nas rig 'dzin rnal 'byor bdag cag dpon slob 'khor bcas rnams/__/nyin mtshan kun tu mi g.yel srungs shing kha 'dzin rgyab rten stong grogs mdzod/__/zhi rgyas dbang drag las rnams ma lus myur du sgrub mdzad khyod la bstod/__/rtsa brgyud bla mas bka' bsgos ji bzhin bcol pa'i phrin las 'grub par mdzod/__/ces pa'ang kaHthog rdo rje gdan gyi gtsug lag khang du khyi snron zla'i tshe 11la blo gros rgya mtshos bris pa dge zhing bkra shis par gyur cig__/mang+ga laM/__/shu b+haM//__//

Footnotes

Other Information