JKCL-KABUM-06-CHA-015

From Khyentse Lineage - A Tsadra Foundation Project
Revision as of 18:07, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-06-CHA-015.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "cha"., Text 15, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CHA" is not a number.

1 Texts in this Section (sde tshan or chos tshan)

"CHA" is not a number.

[edit]
དབང་མཛད་སྒྲོལ་མའི་བསྐང་བ་དངོས་གྲུབ་ཆར་འབེབས་བཞུགས་སོ། །པདྨ་དབང་གི་ལྷ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་རྟེན་རྫས་དང་༔ སྐོང་རྫས་ཡོ་བྱད་ཚོགས་པར་བཤམས༔ སྣོད་བཅུད་པདྨ་དྲྭ་བའི་ཞིང་༔ སྲིད་ཞིའི་འབྱོར་པ་ཕུན་སུམ་ཚོགས༔ མ་ཚང་མེད་པའི་མཆོད་སྤྲིན་རྣམས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་ཤར༔ དེ་ཡི་སྔགས་རྒྱས་བྱིན་གྱིས་བརླབས༔ དབྱངས་སྙན་རོལ་མོ་དང་བཅས་ཏེ༔ ཧཱུྃ་ཧྲཱིཿརང་སྣང་དག་པའི་ཞིང་ཁམས་རབ་འབྱམས་ནས༔ རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་༔ དབང་མཛད་དབང་གི་སྒྲོལ་མའི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་དཀྱིལ་འཁོར་ཆེན་པོར་བཞུགས༔ ཧཱུྃ་ཧྲཱིཿཆོས་དབྱིངས་མཐའ་བྲལ་ཆེན་པོའི་ཞིང་ཁམས་ནས༔ ཆོས་སྐུའི་སྟོན་པ་མགོན་པོ་འོད་མི་འགྱུར༔ སྣང་བ་མཐའ་ཡས་ལྷ་ཚོགས་ཐུགས་དམ་བསྐང་༔ ཀ་དག་ལྟ་བ་རྩལ་རྫོགས་དངོས་གྲུབ་སྩོལ༔ འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ནས༔ ལོངས་སྐུ་ཐུགས་ཆེན་པདྨ་གར་དབང་དང་༔ འགྲོ་འདུལ་སེམས་དཔའ་སེམས་མའི་ཐུགས་དམ༴ལྷུན་གྲུབ་བསྒོམ་པ་ཚད་ཕེབས་དངོས་གྲུབ༴། དབང་གི་ཕོ་བྲང་ཟླ་གམ་འོད་འབར་དབུས༔ ཐུགས་རྗེའི་སྤྲུལ་པ་འཕགས་མ་སྒྲོལ་མ་དང་༔ དབང་མཛད་དཔའ་བོ་མཁའ་འགྲོའི༴ཤུགས་འབྱུང་སྤྱོད་པ་ལམ་སློང་༴སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས༔ རིགས་འདུས་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། རིག་འཛིན་བྱེ་བ་ས་ཡའི༴བྱིན་རླབས་ཡེ་ཤེས་རྡོ་རྗེ་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿཔདྨ་དམར་པོའི་འཇའ་གུར་འཁྲིགས་པའི་ཀློང་༔ པད་ཉི་རོ་སྟེང་དབང་མཛད་སྒྲོལ་མ་དམར༔ ཕྱོགས་མཚམས་རྡོ་རྗེ་རིན་ཆེན་བུདྡྷ་དང་༔ ལས་བྱེད་སྒྲོལ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ གཟུགས་སྒྲ་དྲི་རོ་རེག་བྱའི་ལྷ་མོ་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ བཅུ་དྲུག་ཉམས་ལྡན་བདེ་བའི་གར་བསྒྱུར་ཞིང་༔ རྗེས་ཆགས་དབང་གི་འོད་ཟེར་དམར་པོ་འཕྲོ༔ སྦས་པའི་ལྷ་མོ་ཀུ་རུ་ཀུལླེ་ནི༔ ཞལ་གཅིག་ཕྱག་བཞི་རབ་དམར་ཆགས་པའི་སྒེག༔ བརྟན་གཡོ་དབང་སྡུད་དྲན་པས་འདོད་སྟེར་མ༔ མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོས་སྨྱོས༔ ཌཱཀྐིའི་འཁོར་ཚོགས་གྲངས་མེད་ཐུགས་དམ༴སྲིད་པའི་མེས་པོ་དབང་ཕྱུག་ལྷ་ཆེན་པོ༔ ཡེ་ཤེས་མགོན་པོ་སྔགས་སྲུང་རལ་གཅིག་མ༔ འདོད་ཁམས་ལྷ་མོ་གཟའ་མཆོག་རཱ་ཧུ་ལ༔ དམ་ཅན་རྡོར་ལེགས་སྨན་བཙུན་ཨ་ཕྱི་སོགས༔ བཀའ་གཏེར་སྲུང་མ་རྒྱ་མཚོའི༴རྣམ་མང་ཐོས་སྲས་ཛམ་ལྷ་རིགས་ལྔ་དང་༔ ནོར་རྒྱུན་མ་དང་གནོད་སྦྱིན་ཞང་བློན་སོགས༔ འདོད་འབྱུང་ནོར་བུ་སྤྲིན་ཆེན་འཁྲིགས་པ་ལས༔ བསོད་ནམས་ནོར་བུའི་གྲུ་ཆར་རྟག་འཇོ་བ༔ གནོད་སྦྱིན་ནོར་ལྷ་རྒྱ་མཚོའི༴ཧཱུྃ་ཧྲཱིཿཐུགས་དམ་སྐོང་བའི་ཕྱི་ནང་མཆོད་པ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ གདུགས་དང་རྒྱལ་མཚན་བ་དན་ལྷབ་ལྷུབ་དང་༔ གླིང་བཞི་རི་རབ་བཀྲ་ཤིས་རྫས་རྟགས་བརྒྱད༔ རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན༔ ཚངས་ཆེན་རྔ་སྒྲའི་ཞིང་ཁམས་བཀོད་པ་ཡི༔ ནམ་མཁའ་མཛོད་ཀྱི་ཏིང་འཛིན་ཆོ་འཕྲུལ་ལས༔ བྱུང་བའི་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ༴བཅུ་དྲུག་རིག་མས་བདེ་བའི་གར་སྟབས་བསྒྱུར༔ རང་རང་རིགས་ཀྱི་མཆོད་རྫས་སྣ་ཚོགས་ཐོགས༔ ཡིད་འཕྲོག་འཇོ་སྒེག་ལྡན་པའི་ལང་ཚོ་མ༔ མིག་འཕྲུལ་ལྟ་བུར་རྩེན་པའི་མཛའ་ན་མོ༔ རྡོ་རྗེ་རེག་མའི་ཚོགས་ཀྱིས༴རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན་ཆེན་པོ༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་རུ་དྷི་ར༔ དུག་གསུམ་རྩད་ནས་གཅོད་པའི་བཱ་ལིང་ཏ༔ ལྕགས་ཀྱུ་ལྔ་དང་སྒྲོལ་མ་ལྔ་ལ་སོགས༔ གསང་བའི་དམ་རྫས་རྣམས་ཀྱིས༴ཁྱད་པར་ཆང་རྒོད་སིནྡྷར་སྦྱར་བ་ཡི༔ བདུད་རྩིའི་ཕུད་དང་དབང་བཤོས་དམར་པོ་དང་༔ དབང་གི་ལྷ་རྫས་ཨུཏྤལ་རྒྱན་ཕྲེང་དམར༔ མེ་ཏོག་ལྕགས་ཀྱུ་པདྨའི་མདའ་གཞུ་སོགས༔ རྟེན་སྐོང་མཆོད་སྒྲུབ་རྫས་ཀྱིས༴རྡོ་རྗེ་པདྨ་བདེ་བར་སྦྱོར་ལྡན་པའི༔ ཨ་ཧཾ་སྔགས་ཀྱི་གླུ་དབྱངས་སྤྲིན་ཆེན་ལས༔ བྱུང་བའི་ཟླ་བ་རི་བོང་ཅན་འཛག་པའི༔ ཕུང་ཁམས་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་རྣམས༔ འབར་འཛག་བདེ་ཆེན་རོལ་མོས༴ཨེ་ཡིག་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ བདག་རྟོག་མཚན་མའི་དགྲ་བགེགས་འགུགས་ཅིང་བསྟིམ༔ ཝཾ་ཡིག་རྡོ་རྗེ་ནོར་བུ་རྩེ་བརྒྱ་པའི༔ མཚོན་གྱིས་བསྒྲལ་ཞིང་ཕྱེ་མར་འཐག་པར་བྱ༔ རྨད་བྱུང་སྒྲོལ་བའི་མཆོད་པས༴རང་རིག་གདོད་ནས་གྲུབ་པའི་བྱང་ཆུབ་སེམས༔ མཚན་མའི་རྟོག་པ་རྡུལ་ཙམ་མ་མཆིས་ཤིང་༔ ཐམས་ཅད་རོ་མཉམ་བདེ་ཆེན་དེ་ཁོ་ན༔ ཡེ་ཤེས་རོལ་མོའི་སྤྲིན་གྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་རྡོ་རྗེའི་རྣལ་འབྱོར་རྣམས༔ མི་ཤེས་ཉོན་མོངས་བག་མེད་མ་གུས་པས༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་རྣམས༔ མ་བྱང་མ་སྐྱེས་མི་གནས་རང་སར་གྲོལ༔ ཀློང་ཡངས་ཆེན་པོའི་ངང་དུ་བཤགས་པར་བགྱི༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་རྒྱས༔ ཁབ་ལེན་རྡོ་ཡི་ལྕགས་ཕྱེ་ཇི་བཞིན་དུ༔ བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས༔ མདོ་སྔགས་བསྟན་གཉིས་བཤད་སྒྲུབ་འདུ་བ་འཕེལ༔ འཇིག་རྟེན་པ་རྣམས་ཡང་དག་ལྟ་ལ་བཀོད༔ ༔ མཐར་ཐུག་རླུང་སེམས་ཡེ་ཤེས་ཆེན་པོར་སྨིན༔ མཆོག་དངོས་གྲུབ་པ་ཆེན་བོའི་བཀྲ་ཤིས་ཤོག༔ དེ་ལྟར་བསྐང་བའི་ཚིག་ཕྲེང་འདི༔ བློ་གྲོས་རྒྱ་མཚོའི་ཆུ་གཏེར་ལས༔ བྱུང་བའི་དབྱངས་ཀྱི་རྒྱལ་མོ་འདི༔ རིམ་སྤྲོས་སྔོན་སྨོན་འབྲེལ་བ་ཅན༔ ཚེ་ལ་དབང་ཞིང་འབྱོར་རྒྱས་པས༔ ཡི་གེའི་རིས་སུ་བཏབ་པ་འདིས༔ འགྲོ་ཀུན་སྒྲོལ་མས་རྗེས་འཛིན་ཤོག༔ བཀྲ་ཤིས་བདེ་ལེགས།། །།
[edit]

dbang mdzad sgrol ma'i bskang ba dngos grub char 'bebs bzhugs so/__/pad+ma dbang gi lha la phyag 'tshal lo/__/phyi nang gsang ba'i rten rdzas dang :__skong rdzas yo byad tshogs par bshams:__snod bcud pad+ma drwa ba'i zhing :__srid zhi'i 'byor pa phun sum tshogs:__ma tshang med pa'i mchod sprin rnams:__nam mkha' mdzod kyi 'khor lor shar:__de yi sngags rgyas byin gyis brlabs:__dbyangs snyan rol mo dang bcas te:__hU~M hrIHrang snang dag pa'i zhing khams rab 'byams nas:__rtsa gsum dam can rgya mtsho'i tshogs rnams dang :__dbang mdzad dbang gi sgrol ma'i lha tshogs rnams:__gnas 'dir spyan 'dren dkyil 'khor chen por bzhugs:__hU~M hrIHchos dbyings mtha' bral chen po'i zhing khams nas:__chos sku'i ston pa mgon po 'od mi 'gyur:__snang ba mtha' yas lha tshogs thugs dam bskang :__ka dag lta ba rtsal rdzogs dngos grub stsol:__'og min pad+ma drwa ba'i zhing khams nas:__longs sku thugs chen pad+ma gar dbang dang :__'gro 'dul sems dpa' sems ma'i thugs dam=lhun grub bsgom pa tshad phebs dngos grub=/__dbang gi pho brang zla gam 'od 'bar dbus:__thugs rje'i sprul pa 'phags ma sgrol ma dang :__dbang mdzad dpa' bo mkha' 'gro'i=shugs 'byung spyod pa lam slong =spyi gtsug bde ba chen po'i pho brang nas:__rigs 'dus bla ma o rgyan rdo rje 'chang /__rig 'dzin bye ba sa ya'i=byin rlabs ye shes rdo rje dngos grub stsol:__hU~M hrIHpad+ma dmar po'i 'ja' gur 'khrigs pa'i klong :__pad nyi ro steng dbang mdzad sgrol ma dmar:__phyogs mtshams rdo rje rin chen bud+d+ha dang :__las byed sgrol ma rnams kyi thugs dam bskang :__gzugs sgra dri ro reg bya'i lha mo dang :__lcags kyu zhags pa lcags sgrog dril 'khrol ma:__bcu drug nyams ldan bde ba'i gar bsgyur zhing :__rjes chags dbang gi 'od zer dmar po 'phro:__sbas pa'i lha mo ku ru kul+le ni:__zhal gcig phyag bzhi rab dmar chags pa'i sgeg:__brtan g.yo dbang sdud dran pas 'dod ster ma:__mchog tu mi 'gyur bde ba chen pos smyos:__DAk+ki'i 'khor tshogs grangs med thugs dam=srid pa'i mes po dbang phyug lha chen po:__ye shes mgon po sngags srung ral gcig ma:__'dod khams lha mo gza' mchog rA hu la:__dam can rdor legs sman btsun a phyi sogs:__bka' gter srung ma rgya mtsho'i=rnam mang thos sras dzam lha rigs lnga dang :__nor rgyun ma dang gnod sbyin zhang blon sogs:__'dod 'byung nor bu sprin chen 'khrigs pa las:__bsod nams nor bu'i gru char rtag 'jo ba:__gnod sbyin nor lha rgya mtsho'i=hU~M hrIHthugs dam skong ba'i phyi nang mchod pa ni:__mchod yon zhabs bsil me tog bdug spos dang :__mar me dri chab zhal zas rol mo'i sgra:__gdugs dang rgyal mtshan ba dan lhab lhub dang :__gling bzhi ri rab bkra shis rdzas rtags brgyad:__rin chen bdun dang nye ba'i rin chen bdun:__tshangs chen rnga sgra'i zhing khams bkod pa yi:__nam mkha' mdzod kyi ting 'dzin cho 'phrul las:__byung ba'i mchod sprin rgya mtshos thugs dam=bcu drug rig mas bde ba'i gar stabs bsgyur:__rang rang rigs kyi mchod rdzas sna tshogs thogs:__yid 'phrog 'jo sgeg ldan pa'i lang tsho ma:__mig 'phrul lta bur rtsen pa'i mdza' na mo:__rdo rje reg ma'i tshogs kyis=rtsa brgyad stong la sbyar ba'i sman chen po:__khams gsum dbyings su sgrol ba'i ru d+hi ra:__dug gsum rtsad nas gcod pa'i bA ling ta:__lcags kyu lnga dang sgrol ma lnga la sogs:__gsang ba'i dam rdzas rnams kyis=khyad par chang rgod sin+d+har sbyar ba yi:__bdud rtsi'i phud dang dbang bshos dmar po dang :__dbang gi lha rdzas ut+pal rgyan phreng dmar:__me tog lcags kyu pad+ma'i mda' gzhu sogs:__rten skong mchod sgrub rdzas kyis=rdo rje pad+ma bde bar sbyor ldan pa'i:__a haM sngags kyi glu dbyangs sprin chen las:__byung ba'i zla ba ri bong can 'dzag pa'i:__phung khams dpa' bo mkha' 'gro'i grong khyer rnams:__'bar 'dzag bde chen rol mos=e yig rdo rje btsun mo'i mkha' dbyings su:__bdag rtog mtshan ma'i dgra bgegs 'gugs cing bstim:__waM yig rdo rje nor bu rtse brgya pa'i:__mtshon gyis bsgral zhing phye mar 'thag par bya:__rmad byung sgrol ba'i mchod pas=rang rig gdod nas grub pa'i byang chub sems:__mtshan ma'i rtog pa rdul tsam ma mchis shing :__thams cad ro mnyam bde chen de kho na:__ye shes rol mo'i sprin gyis thugs dam bskang :__thugs dam bskang ngo rdo rje'i rnal 'byor rnams:__mi shes nyon mongs bag med ma gus pas:__sku gsung thugs dang rtsa ba yan lag gi:__dam tshig nyams chag 'gal 'khrul gyur pa rnams:__ma byang ma skyes mi gnas rang sar grol:__klong yangs chen po'i ngang du bshags par bgyi:__tshangs pa mchog gi dngos grub stsal tu gsol:__phyi nang gsang ba'i bar chad zhi ba dang :__tshe bsod dpal 'byor ye shes yon tan rgyas:__khab len rdo yi lcags phye ji bzhin du:__brtan g.yo snod bcud thams cad dbang du bsdus:__mdo sngags bstan gnyis bshad sgrub 'du ba 'phel:__'jig rten pa rnams yang dag lta la bkod:__:__mthar thug rlung sems ye shes chen por smin:__mchog dngos grub pa chen bo'i bkra shis shog:__de ltar bskang ba'i tshig phreng 'di:__blo gros rgya mtsho'i chu gter las:__byung ba'i dbyangs kyi rgyal mo 'di:__rim spros sngon smon 'brel ba can:__tshe la dbang zhing 'byor rgyas pas:__yi ge'i ris su btab pa 'dis:__'gro kun sgrol mas rjes 'dzin shog:__bkra shis bde legs//___//

Footnotes

Other Information