JKW-KABUM-14-PHA-003

From Khyentse Lineage - A Tsadra Foundation Project
Revision as of 13:19, 15 June 2021 by Mort (talk | contribs)

Wylie title JKW-KABUM-14-PHA-003.pdf
Location mkhyen brtse'i bka' 'bum
Volume 14, sde tshan 3, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön ཀརྨ་གླིང་པ་ (karma gling pa)
Citation 'jam dbyangs mkhyen brtse'i dbang po. '. In jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 1-. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre
Cycle ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ (zab chos zhi khro dgongs pa rang grol)
Deity zhi khro

1 Texts in this Section (sde tshan or chos tshan)

[edit]
༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྐུ་གསུམ་བླ་མའི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་བཞུགས་སོ༔

རྣམ་དག་ཆོས་དབྱིངས་ཁྱབ་གདལ་ཕོ་བྲང་ནས༔ སྐྱེ་མེད་སྤྲོས་བྲལ་ཆོས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ མ་རིག་གཏི་མུག་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་མ་བཅོས་ལྷུན་གྲུབ་ཏུ༔ ཆོས་སྐུའི་བྱིན་རླབས་ཀ་དག་རང་དབང་ཞུ༔ གསལ་དག་ཡེ་ཤེས་བདེ་ཆེན་ཕོ་བྲང་དུ༔ མ་འགགས་བདེ་ཆེན་ལོངས་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ འདོད་ཆགས་ཞེན་པ་མ་སྤངས་རང་གྲོལ་ནས༔ རང་རིག་ཡེ་ཤེས་བདེ་ཆེན་རང་གྲོལ་དུ༔ ལོངས་སྐུའི་བྱིན་རླབས་ལྷུན་གྲུབ་རང་དབང་ཞུ༔ སྐྱོན་མེད་རྣམ་དག་པདྨའི་ཕོ་བྲང་དུ༔ ངེས་མེད་རང་ཤར་སྤྲུལ་སྐུའི་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ལོག་རྟོག་ཞེ་སྡང་མ་སྤངས་རང་གྲོལ་ནས༔ རང་སྣང་ཡེ་ཤེས་རང་རིག་རང་གསལ་དུ༔ སྤྲུལ་སྐུའི་བྱིན་རླབས་རང་གྲོལ་དབང་བསྐུར་ཞུ༔ ཡང་དག་འོད་གསལ་རང་རིག་ཕོ་བྲང་དུ༔ ཕྱོགས་མེད་བདེ་ཆེན་སྐུ་གསུམ་བླ་མ་ལ༔ བདག་ཉིད་མོས་གུས་གདུང་བས་གསོལ་བ་འདེབས༔ ཐ་དད་གཟུང་འཛིན་མ་སྤངས་རང་གྲོལ་ནས༔ རང་བྱུང་ཡེ་ཤེས་སྐུ་གསུམ་ལྷུན་གྲུབ་ཏུ༔ བདེ་ཆེན་སྐུ་གསུམ་བྱིན་རླབས་དབང་བསྐུར་ཞུ༔ རང་སེམས་མཐའ་བྲལ་ཆོས་སྐུ་མ་རྟོགས་པར༔ གཏི་མུག་རྨོངས་པས་འཁོར་བར་འཁྱམས་པ་ཡི༔ སྡུག་བསྔལ་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ཆོས་སྐུ་འཐོབ་པར་ཤོག༔ རང་རིག་བདེ་ཆེན་ལོངས་སྐུ་མ་རྟོགས་པར༔ འདོད་ཆགས་སྲེད་ལས་འཁོར་བར་འཁྱམས་པ་ཡི༔ འདོད་ལོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་ལོངས་སྐུ་འཐོབ་པར་ཤོག༔ རང་སེམས་ཤར་གྲོལ་སྤྲུལ་སྐུ་མ་རྟོགས་པར༔ སྣང་སེམས་གཉིས་སྣང་འཁོར་བར་འཁྱམས་པ་ཡི༔ ལོག་རྟོག་སེམས་ཅན་འདི་རྣམས་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྤྲུལ་སྐུ་འཐོབ་པར་ཤོག༔ རང་སེམས་སྐུ་གསུམ་དབྱེར་མེད་མ་རྟོགས་པར༔ དེར་འཛིན་ཉོན་མོངས་ཤེས་བྱའི་སྒྲིབ་པ་རྣམས༔ སངས་རྒྱས་མ་ཐོབ་འགྲོ་ཀུན་སྙིང་རེ་རྗེ༔ དེ་རྣམས་ཐམས་ཅད་སྐུ་གསུམ་འཐོབ་པར་ཤོག༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐུ་གསུམ་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་དམ་ཆོས་འདི་ཡང་མ་རྫོགས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ། །

[edit]

@#/_/zab chos zhi khro dgongs pa rang grol las:_sku gsum bla ma'i gsol 'debs dug gsum ma spangs rang grol bzhugs so: rnam dag chos dbyings khyab gdal pho brang nas:__skye med spros bral chos sku'i bla ma la:__bdag nyid mos gus gdung bas gsol ba 'debs:__ma rig gti mug ma spangs rang grol nas:__rang byung ye shes ma bcos lhun grub tu:__chos sku'i byin rlabs ka dag rang dbang zhu:__gsal dag ye shes bde chen pho brang du:__ma 'gags bde chen longs sku'i bla ma la:__bdag nyid mos gus gdung bas gsol ba 'debs:__'dod chags zhen pa ma spangs rang grol nas:__rang rig ye shes bde chen rang grol du:__longs sku'i byin rlabs lhun grub rang dbang zhu:__skyon med rnam dag pad+ma'i pho brang du:__nges med rang shar sprul sku'i bla ma la:__bdag nyid mos gus gdung bas gsol ba 'debs:__log rtog zhe sdang ma spangs rang grol nas:__rang snang ye shes rang rig rang gsal du:__sprul sku'i byin rlabs rang grol dbang bskur zhu:__yang dag 'od gsal rang rig pho brang du:__phyogs med bde chen sku gsum bla ma la:__bdag nyid mos gus gdung bas gsol ba 'debs:__tha dad gzung 'dzin ma spangs rang grol nas:__rang byung ye shes sku gsum lhun grub tu:__bde chen sku gsum byin rlabs dbang bskur zhu:__rang sems mtha' bral chos sku ma rtogs par:__gti mug rmongs pas 'khor bar 'khyams pa yi:__sdug bsngal sems can 'di rnams snying re rje:__de rnams thams cad chos sku 'thob par shog:__rang rig bde chen longs sku ma rtogs par:__'dod chags sred las 'khor bar 'khyams pa yi:__'dod log sems can 'di rnams snying re rje:__de rnams thams cad longs sku 'thob par shog:__rang sems shar grol sprul sku ma rtogs par:__snang sems gnyis snang 'khor bar 'khyams pa yi:__log rtog sems can 'di rnams snying re rje:__de rnams thams cad sprul sku 'thob par shog:__rang sems sku gsum dbyer med ma rtogs par:__der 'dzin nyon mongs shes bya'i sgrib pa rnams:__sangs rgyas ma thob 'gro kun snying re rje:__de rnams thams cad sku gsum 'thob par shog:__zab chos zhi khro dgongs pa rang grol gyi sku gsum bla ma'i rnal 'byor gyi gsol 'debs dug gsum ma spangs rang grol zhes bya ba:__o rgyan gyi mkhan po pad+ma 'byung gnas kyis sbyar ba:__ji srid 'khor ba'i 'jig rten ma stongs bar:__de srid dam chos 'di yang ma rdzogs shog:__sa ma ya:__rgya rgya rgya:__dge'o/_/

Footnotes

Other Information