DKR-KABUM-22-ZA-015

From Khyentse Lineage - A Tsadra Foundation Project
Revision as of 15:08, 13 December 2022 by Mort (talk | contribs)

DKR-KABUM-22-ZA-015

Wylie title ' DKR-KABUM-22-ZA-015.pdf
Location dil mgo mkhyen brtse bka' 'bum
Volume 22, Text 15, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig)
Parent Cycle བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus)
Deity nam mkha'i dbyings kyi dbang phyug ma
[edit]
སྐྱ ཞིང་སྐྱོང་དུར་ཁྲོད་མ་མོའི་གསོལ་མཆོད་ཕྲིན་ལས་གློག་ཕྲེང་བཞུགས༔ སྐྱ ལྷན་སྐྱེས་དོན་གྱི་ཕག་མོར་འདུད༔ དེ་ཡི་ཡང་སྤྲུལ་མ་མོ་ཆེ༔ མཆོད་ཅིང་བསྟོད་པའི་ཕྲིན་ལས་ནི༔ མྱུར་མགྱོགས་གློག་གི་ཕྲེང་བ་བསྟན༔ ས་མ་ཡ༔ དུར་ཁྲོད་ལ་སོགས་དབེན་པའི་གནས༔ དམ་ཚིག་རྟེན་བཤམས་མཆོད་གཏོར་དང༔ མཐུན་རྫས་འདུ་བྱ་བྱིན་བརླབས་ཏེ༔ རང་ཉིད་ཁྲོས་མའི་ང་རྒྱལ་གྱིས༔ ཧཱུྃ་བྷྱོཿ ཆོས་དབྱིངས་འགྱུར་མེད་མུན་པ་ཅན་གྲགས་པའི༔ ལྷོ་ནུབ་འཇིགས་སུ་རུང་བའི་དུར་ཁྲོད་ཆེ༔ ཤ་ཟ་གཅན་སྤྱང་དུར་བྱ་འཁྲིགས་པའི་ཁྲོད༔ དམར་ནག་རཀྟའི་རྒྱ་མཚོ་འཁྲུགས་པའི་ཀློང༔ གྭ་དམར་བོང་བུ་ཞོན་པའི་ཞིང་སྐྱོང་མ༔ མི་སྡུག་སྲིན་མོ་ཁྲོས་པའི་གདོང་པ་ཅན༔ སྐེམ་རིད་གཟུགས་འཆང་སྤྱན་གསུམ་སྡང་མིག་གཡོ༔ མི་རོ་ཁར་བཅུག་མཆེ་གཙིགས་ཕཻཾ་སྒྲ་སྒྲོགས༔ ཁམ་ནག་རལ་པ་གྱེན་བརྫེས་སྤྱི་བོའི་གཙུག༔ ཟླ་ཚེས་རྨ་བྱའི་མདངས་ཀྱི་སྒྲོ་ཕོད་འཕྱོ༔ སྙན་ལ་སེང་གེ་འགྱིངས་ཤིང་སྦྲུལ་ནག་འཁྱུག༔ ཞིང་གི་སྟོད་གཡོགས་རེ་ལྡེའི་སྨད་གཡོགས་ཅན༔ བ་གླང་ལྤགས་པས་སྐེད་དཀྲིས་ཁྲོམས་ཤིང་གཟིར༔ ལྟེ་བར་ཉི་འཆར་ཞབས་ལ་ལྕགས་སྒྲོག་གསོལ༔ ཕྱག་གཡས་རལ་གྲི་གཡོན་པས་བྷན་དམར་འཐུང༔ སྔ་ཤ་ནད་རྐྱལ་ཕྱི་ཤ་ཚོན་གྲུ་དང༔ ཤྭ་དྷིལ་དཀར་ནག་བདུད་ཀྱི་བྱང་དཀར་འཕྱང༔ མེ་རླུང་དུད་སྤྲིན་འཁྲིགས་པའི་དབུས་ན་རྒྱུག༔ སྣང་སྲིད་མ་མོ་འབུམ་ཕྲག་ཡངས་པའི་ཚོགས༔ ཡེ་ཤེས་ལས་དང་འཇིག་རྟེན་རྣམ་པར་སྟོན༔ མ་གཅིག་མདུན་དུ་ཉི་ཟླའི་ཟེར་སྤྲིན་དབུས༔ མཛེས་སྡུག་མཚུངས་མེད་འཕྲུལ་གྱི་ལྷ་མོ་ནི༔ དཀར་གསལ་མདའ་དར་པྲ་ཡི་མེ་ལོང་འཛིན༔ དར་དང་རིན་ཆེན་ནོར་བུ་མེ་ཏོག་བརྒྱན༔ རང་འདྲ་འབུམ་དང་བཅས་ཏེ་བྲོ་གར་འཁྲབ༔ གཡས་སུ་གནོད་སྦྱིན་མཛེས་ལྡན་ངན་ནེ་མ༔ དམར་གསལ་མཛེས་བརྗིད་དར་སེར་གསང་གོས་ཀླུབ༔ གཡས་སུ་ནོར་བུ་གཡོན་པས་བྷནྡྷ་ཐོགས༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར༔ རྒྱབ་ཏུ་ཤ་ཟ་དམར་གཏུམ་ཆགས་པའི་ཉམས༔ གཅེར་བུ་ཨུཏྤལ་ལྕགས་ཀྱུ་ཞགས་པ་དང༔ མེ་ཏོག་ཕྲེང་འཕྱང་སྒེག་འཛུམ་ཟུར་མིག་བཅས༔ གཡོན་ཅན་སླུ་བྱེད་འབུམ་གྱི་འཁོར་དང་བཅས༔ གཡོན་དུ་བམ་རོའི་སྙིང་འབྱིན་དྲེད་མོའི་སྟེང༔ འདྲེ་མོ་དམར་ནག་མཆེ་བ་སྙིང་ཀར་སླེབ༔ ཁ་གདང་རལ་གསིག་དགྲ་ལ་འོད་དོད་འབོད༔ ཞིང་དབྱུག་མཁར་ཕྱར་དོན་སྙིང་ཀྲུམ་ཀྲུམ་ཟ༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་མཚམས་རྣམས་སུ༔ རྡོ་རྗེ་ཕོ་ཉ་དཀར་མོ་ལྕགས་ཀྱུ་སྙིང༔ རྡོ་རྗེ་རོ་ལངས་སེར་ནག་མི་སྙིང་འདྲེན༔ རྡོ་རྗེ་དྲག་རྩལ་རལ་གྲི་སྙིང་དང་བཅས༔ ཀཱ་ལི་ནག་མོ་མེ་ལོང་ཙིཏྟ་ཅན༔ ནག་མོ་ལག་རིང་སྨུག་ནག་ཞིང་དབྱུག་སྙིང༔ ཤ་ཟན་ནག་མོ་བམ་རོ་སྙིང་ནས་ཟ༔ བྱི་ཏོ་ཏ་མ་ལྗང་ནག་ནད་རྐྱལ་སྙིང༔ ལས་བྱེད་སྔོན་མོ་སྙིང་དང་ཞགས་པ་ཅན༔ ཀུན་ཀྱང་གཅེར་བུ་ཞིང་ལྤགས་རུས་རྒྱན་ཅན༔ སྟག་ཤམ་འཕྱང་ཞིང་ཞབས་གཉིས་གར་སྟབས་ཀྱིས༔ པད་ཉི་རོ་སྟེང་སྒེག་ཅིང་གར་དང་བཅས༔ དྲག་རྩལ་འཇིགས་པའི་མི་སྲུན་ཆོ་འཕྲུལ་སྟོན༔ མེ་རླུང་དབུས་རྒྱུག་མིག་གིས་ཕྱོགས་མཚམས་ཉུལ༔ ཧཱུྃ་བྷྱོ་ཧྲཱིཾ་ཕཻཾ་འོ་དོད་དགྲ་ལ་འབོད༔ རྔམ་པའི་གད་རྒྱངས་ཀུ་ཅོའི་སྒྲ་ཡང་སྒྲོགས༔ དཀར་སེར་དམར་ལྗང་ནག་སྨུག་འབུམ་འབུམ་སྤྲོ༔ དེའི་ཕྱིར་ཤར་དུ་ལྷ་མོ་ངན་ནེ་དམར༔ དར་ནག་གོ་ཟུ་ལྕགས་ཀྱུ་མེ་ལོང་འཛིན༔ ཤར་ལྷོར་དྲལ་པོ་མི་རིང་སྐྱེས་དམར་པོ༔ གཅེར་བུ་སྐྲ་གཡོབ་ལག་པས་བཟེད་ཅིང་རྒྱུག༔ ལྷོ་རུ་ཀླུ་མོ་ངན་ནེ་ལྕགས་ཀྱུ་གདེང༔ ཕུར་བུ་དགྲ་ལ་འདེབས་ཤིང་སྨུག་ནག་མདོག༔ སྦྲུལ་གྱི་རལ་འཁྱུག་ཁྲོ་གཏུམ་གཟི་བརྗིད་འབར༔ ལྷོ་ནུབ་ཤན་དམར་བསེ་མདུང་བཙན་ཞགས་འཕེན༔ ནུབ་ཏུ་གནོད་སྦྱིན་ངན་ནེ་ནོར་ལ་རྔམས༔ ལྕགས་ཀྱུ་བུམ་པས་ནོར་འགུགས་འདོད་དགུ་སྩོལ༔ ནུབ་བྱང་ཤན་པ་ར་མགོ་གྲི་ཞགས་ཅན༔ དམར་ནག་མཆེ་གཙིགས་རྔམས་པས་དགྲ་ལ་བལྟ༔ བྱང་དུ་འདྲེ་མོ་ངན་ནེ་རོ་ལངས་ཞོན༔ མི་ལྤགས་གདེངས་ཤིང་ཟས་གཞོང་པང་དུ་ལེན༔ བྱང་ཤར་ཟུ་ར་ར་སྐྱེས་མི་རྟ་ནག༔ དར་ནག་རུ་མཚོན་ཕྱར་ཞིང་རལ་གྲི་གདེངས༔ རང་འདྲ་ལས་བྱེད་ཕོ་ཉ་བྱེ་བ་འབུམ༔ མཁའ་ལ་སྤྲིན་ལྟར་འཁྲིགས་ཤིང་ཉི་ཟླ་ཞོན༔ བར་སྣང་ཕྱོགས་མཚམས་རླུང་དམར་བཞིན་འཕྱོ་བས༔ ཉམས་པ་རྩད་གཅོད་སྒྲུབ་ལ་བྱ་ར་མཛད༔ ས་འོག་རྒྱ་མཚོའི་གཏིང་དུ་ཉ་ལྟར་རྒྱུག༔ ལས་ཀུན་ལྷུན་གྲུབ་བྱེད་ལ་རིངས་པའི་ཚུལ༔ ཀུན་ཀྱང་ཁྲོ་ཚུལ་མི་བཟད་འཇིགས་རྔམས་སྟོན༔ སྒྲུབ་པོར་ཡིད་གདུང་གནས་གསུམ་འོད་ཟེར་གྱིས༔ གར་བཞུགས་གནས་ནས་སྐད་ཅིག་ཡུད་ཙམ་ལ༔ སྤྲིན་ཆེན་རླུང་གིས་བཏེགས་བཞིན་སྤྱན་དྲངས་བསམ༔ བྷྱོཿ ཞིང་བཅུ་སྙིང་རྗེས་སྒྲོལ་བའི་དུར་ཁྲོད་ཀྱི༔ ལྷོ་ནུབ་མུན་པ་ཅན་སོགས་གནས་ཡུལ་ནས༔ ངོ་བོ་དབྱིངས་ཀྱི་མ་གཅིག་ཡུམ་ཆེན་མོ༔ རྣམ་པ་བསྟན་སྲུང་ཞིང་སྐྱོང་ཌཱ་ཀིའི་རྒྱལ༔ མ་གཅིག་དུར་ཁྲོད་ལྷ་མོ་གཤེགས་སུ་གསོལ༔ སྐྱེ་མེད་དབྱིངས་སུ་གཤེགས་བཞུགས་ལས་འདས་ཀྱང༔ འགག་མེད་ཐུགས་རྗེའི་རོལ་གར་སྲིད་ཞིར་བརྡལ༔ གང་འདུལ་ཕྲིན་ལས་རོལ་མོ་བསམ་ཡས་པས༔ བསྟན་དང་དེ་འཛིན་སྐྱོང་ཕྱིར་གཤེགས་སུ་གསོལ༔ སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན༔ དུས་མཐའི་རྣལ་འབྱོར་སྐྱོང་བར་དམ་བཅས་པས༔ བུ་གཅིག་མ་ལ་འབོད་བཞིན་ཁྱོད་བསྐུལ་ན༔ འདོད་པའི་ལས་ལ་མ་གཡེལ་གཤེགས་སུ་གསོལ༔ འཁོར་འདས་དབང་བསྒྱུར་རྡོ་རྗེ་ཁྲོས་མ་ཡིས༔ བཀའ་བསྒོས་ཐ་ཚིག་ཕོག་པ་མ་བསྙེལ་བར༔ མེ་རླུང་ཁྲག་མཚོ་འཁྱིལ་བའི་གནས་མཆོག་ནས༔ སྐད་ཅིག་ཡུད་ལ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛཿཛཿ ཞེས་འབོད་སྔགས་བཟླས་པས་སྤྱན་དྲངས་ལ༔ བྷྱོཿ ཁོར་ཡུག་རཀྟའི་རྦ་ཀློང་མི་རོས་གང༔ མེ་རླུང་འཁྲུགས་དབུས་གློག་དང་ཐོག་སེར་འབེབས༔ ཕྱོགས་ཀུན་ཤ་ཟ་གཅན་གཟན་འཁྲུགས་པའི་གནས༔ དགྱེས་ཤིང་བརྟན་པས་མི་གཡོ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛནྟུཿ བྷྱོཿ ཆོས་ཉིད་དབྱིངས་སུ་སྲིད་ཞི་མཉམ་བྲལ་ཡང༔ ཆོས་ཅན་མ་འགག་རང་རྩལ་བསྟན་སྲུང་ཚོགས༔ རྡོ་རྗེ་བཙུན་མོ་དགྱེས་མའི་ཐ་ཚིག་ལས༔ མ་འདའ་ཐོགས་མེད་ཕྲིན་ལས་ཀུན་མཛོད་ཅིག༔ ས་མ་ཡ་ཧོཿ བྷྱོཿ མ་གཅིག་ཁྱོད་ལ་གདུང་བས་གུས་བཏུད་ནས༔ དགྱེས་པའི་མཐུན་རྫས་རྨད་བྱུང་བསམ་ཡས་པ༔ ཆོས་དབྱིངས་དང་མཉམ་སྤྲུལ་ཏེ་འབུལ་ལགས་ན༔ འདོད་པའི་ཕྲིན་ལས་སྒྲུབ་ལ་མ་གཡེལ་ཅིག༔ ཨོཾ་བཛྲ་མ་ཧཱ་པཱུ་ཛ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་མཱྃ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ བྷྱོཿ རྡོ་རྗེ་དབྱིངས་ཀྱི་བཙུན་མོ་དགྱེས་མ་མོ༔ རང་བྱུང་རྒྱལ་མོ་བདེ་ཆེན་སྐྱེད་པའི་ཡུམ༔ ཆོས་དབྱིངས་བརྡལ་བའི་དཀྱིལ་འཁོར་རྣམ་ཐར་གསུམ༔ རང་ཤར་ལྷུན་གྱིས་གྲུབ་པའི་མ་མོར་བསྟོད༔ ཆོས་ཉིད་དབྱིངས་ཀྱི་མ་མོ་མུ་ཁ་ལེ༔ སྣང་སྲིད་བདེ་བ་ཆེན་པོའི་མཁར་སྡུད་པ༔ སྤྲོས་མཚན་བློ་ལས་འདས་པའི་ཡེ་ཤེས་ཀློང༔ རྟག་ཏུ་འདུ་འབྲལ་མ་མཆིས་སིམ་ལ་བསྟོད༔ རྣམ་རོལ་མི་སྲུན་དུར་ཁྲོད་མ་མོའི་ཚུལ༔ ནོར་དང་དཀོར་གྱི་བདག་མོ་ངན་ནེ་མ༔ གཙུག་ལག་ཁང་དང་ཆོས་ནོར་མེལ་ཚེས་སྐྱོང༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་མྱུར་ལ་བསྟོད༔ རྣོ་མྱུར་ཐོགས་མེད་གནས་ཡུལ་ཞིང་ཀུན་སྐྱོང༔ ལྷ་ཀླུ་ཤ་ཟ་གནོད་སྦྱིན་མཁའ་འགྲོ་མའི༔ ཆོ་འཕྲུལ་ཅིར་ཡང་སྟོན་པས་སྒྲུབ་མཆོག་སྐྱོང༔ ལས་ཀྱི་གཉེར་འཛིན་མ་གཅིག་ཁྱོད་ལ་བསྟོད༔ ཞི་མཛད་དབྱིངས་ཀྱི་མ་གཅིག་བྱམས་སྡུག་བརྩེ༔ རྒྱས་པའི་ཕྲིན་ལས་སྒྲུབ་ལ་གནོད་སྦྱིན་མོ༔ དབང་གི་ལས་མྱུར་པདྨ་ཌཱ་ཀི་མ༔ གདུགས་ཅན་སྒྲོལ་བའི་སྲིན་མོའི་ཚུལ་ཅན་བསྟོད༔ ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང༔ ཐུགས་གསུང་སྐུ་ཡི་གྲོང་ཁྱེར་རྣམ་གསུམ་དུ༔ ཁམས་གསུམ་སྐུ་གསུམ་རྫོགས་པའི་མཁའ་འགྲོ་མ༔ རྟག་པའི་རྒྱལ་མོའི་ཚུལ་དུ་བཞུགས་ལ་བསྟོད༔ གཞན་དུ་རྡོ་རྗེ་ནམ་མཁའི་ཡེ་ཤེས་དཀྱིལ༔ མཚན་རྟོག་འཁྲུལ་མེད་གཞི་ལ་དག་པ་ཡི༔ འཁོར་འདས་ཆོས་རྣམས་ཀུན་གྱི་སྲོག་གི་སྙིང༔ སྨྲ་བསམ་བརྗོད་བྲལ་དབྱིངས་སུ་བཞུགས་ལ་བསྟོད༔ བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི༔ མདུན་གྱི་མ་མོ་གཙོ་འཁོར་ཐུགས་ཀར་བྷྱོ༔ རང་མདོག་སྔགས་ཀྱིས་བསྐོར་བར་གསལ་བ་ལ༔ བདག་ཐུགས་འོད་ཟེར་སྔོ་དམར་རེག་པའི་མོད༔ སྔོན་གྱི་གཡར་དམ་རྗེས་དྲན་ལས་མཛད་གྱུར༔ ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ སྔགས་ཀྱིས་བསྐུལ་ལས་མ་མོའི་ཚོགས༔ གནས་ཡུལ་དུར་ཁྲོད་གར་བཞུགས་ནས༔ བྱ་རྒོད་ཤ་ལ་རུབ་པ་བཞིན༔ མདུན་དུ་བྱོན་ནས་བཞུགས་པར་བསམ༔ ཧཱུྃ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛཿཛཿ མ་མོ་འདུ་བའི་རྟགས་བྱུང་ཚེ༔ རང་ཉིད་ཧེ་རུ་ཀ་ཡི་ཟིལ༔ མ་མོ་རྣམས་ཀྱིས་མ་བཟོད་ནས༔ གུས་ཤིང་གདུང་བས་ཕྲིན་ལས་ཀུན༔ སྒྲུབ་ལ་རིངས་བཞིན་ཁས་བླང་བསམ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་ཀྲོ་དྷཱི་ཀཱ་ལི་ཧཱུྃ༔ ཤྨ་ཤཱ་ན་དེ་ཝི་ཛཿཛཿ བྷྱོ་ཕཻཾ་ཨ་ར་ལི་ཧཱུྃ་ཕཊ྄༔ ཅེས་བཟླ་ལས་བཞིའི་དམིགས་པ་བཅས༔ སྔགས་ལ་ཤམ་བུ་སོ་སོར་སྦྱརཿ ཤཱནྟིཾ་ཀུ་རུ་ཧཱུྃ༔ པུཥྚིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧོཿ མཱ་ར་ཡ་ཕཊ྄༔ སྐབས་བསྟུན་བཟླས་པས་ལས་བྱེད་འགྱུར༔ ས་མ་ཡ༔ ཐུན་མཚམས་གཏོར་མ་འོ་ཆང་གིས༔ བྲན་པ་འབུལ་ཞིང་ཕྲིན་ལས་བཅོལ༔ ཧཱུྃ་བྷྱོཿ ལྷོ་ནུབ་མུན་པ་ཅན་གྱི་གནས༔ འཇིགས་སུ་རུང་བའི་དུར་ཁྲོད་ནས༔ མ་གཅིག་ལྷ་མོ་ངན་ནེ་མ༔ ལྕམ་དྲལ་མིང་སྲིང་རྣམ་པ་བརྒྱད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཅན༔ ཕྱོགས་བཅུའི་གནས་ཡུལ་དུར་ཁྲོད་ནས༔ ཞིང་ཁམས་ཉུལ་ཞིང་བསྟན་པ་སྐྱོང༔ མ་གཡེལ་མ་གཡེལ་ད་ཚུར་བྱོན༔ རིག་འཛིན་བདག་གིས་བོས་པའི་ཚེ༔ རྫུ་འཕྲུལ་སྙན་གྱིས་གསོན་ལ་སྤྱོན༔ ཞིང་གི་གཡབ་མོས་བསྐུལ་བའི་ཚེ༔ ལས་ལ་མ་འགྱང་མྱུར་དུ་རྒྱུགས༔ ཚིལ་གསུར་གདུག་པ་སྤྲིན་ལྟར་གཏིབས༔ རོ་རས་དར་ནག་རུ་མཚོན་བསྒྲེངས༔ རྐང་གླིང་བཤུག་གླུས་བསྐུལ་བཞིན་དུ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཇི་ལྟར་འདོད་པའི་ལས་འདི་མཛོད༔ གཏའ་རུ་ཐུན་གྱི་གཏོར་མ་ནི༔ ཤ་ཁྲག་ཟས་སྣས་བརྒྱན་པ་བཞེས༔ དཀར་དམར་འོ་ཆོལ་ཆང་གིས་བྲན༔ གདུང་བས་འབོད་ལ་དགོངས་མཛོད་ཀྱཻ༔ མ་ལ་གདུང་བས་ཡིད་འཕྲེང་ནས༔ བུ་ཡིས་འབོད་པ་གསན་མཛོད་ལ༔ བྱམས་བརྩེའི་ཡིད་གདུང་མི་འབྲལ་བས༔ འདོད་པའི་ལས་ཀུན་སྒྲུབ་པར་མཛོད༔ སྔོན་ཚེ་བཅོམ་ལྡན་དགྱེས་མའི་བཀའ༔ བར་དུ་ཨོ་རྒྱན་པདྨའི་གསུང༔ ཐ་མ་རིག་འཛིན་བརྒྱུད་པ་ཡི༔ ཐ་ཚིག་ཕོག་པ་མ་གཡེལ་བར༔ ལས་ཀུན་སྒྲུབ་པའི་གྲོགས་མཛོད་ཅིག༔ མ་ཁྱོད་སྣང་སྲིད་མཁའ་འགྲོའི་རྗེ༔ ལས་ལ་མྱུར་ཞིང་བསྟན་པ་སྲུང༔ དུས་མཐར་རྣལ་འབྱོར་ཕྲིན་ལས་ཀུན༔ སྒྲུབ་པའི་ཐ་ཚིག་མ་བསྙེལ་བར༔ གཏོར་མ་གསེར་སྐྱེམས་བདུད་རྩིའི་ཕུད༔ བཞེས་ལ་བསྟན་འགྲོ་མེལ་ཚེས་སྐྱོངས༔ བསྟན་འཛིན་སྐྱེས་བུའི་དབུ་འཕང་བསྟོད༔ རྒྱལ་བསྟན་ཕྲིན་ལས་ཕྱོགས་མཐར་སྤེལ༔ བསྟན་པའི་སྦྱིན་བདག་མངའ་ཐང་སྐྱེད༔ འགྲོ་ཀུན་མོས་པ་ཆོས་ལ་སྒྱུར༔ ཕབ་འཕྲོ།

Footnotes

Other Information