སེང་གདོང་མའི་གཏོར་བཟློག་བྱད་གདོན་གཡུལ་འཇོམས།

From Khyentse Lineage - A Tsadra Foundation Project
Revision as of 08:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-049
Wylie title seng gdong ma'i gtor bzlog byad gdon g.yul 'joms JKCL-KABUM-09-TA-049.pdf
Location chos kyi blo gros bka' 'bum
Volume 9, Text 49, Pages 605-615 (Folios 1a to 6a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i gtor bzlog byad gdon g.yul 'joms. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 605-615. Bir, H.P.: Khyentse Labrang, 2012.
Genre Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Deity seng gdong ma
Colophon

།ཞེས་པའང་འཁྲུལ་ཞིག་རིན་པོ་ཆེ་ཀུན་བཟང་དཔའ་བོ་རྡོ་རྗེའི་བཀའ་ཡི་བསྐུལ་བ་ལྡོག་ཏུ་མ་བཟོད་དེ་པདྨ་ཡེ་ཤེས་རྡོ་རྗེས་མེ་སྤྲེལ་ལོ་ཟད་ཚེས་མཚན་མོ་སྲོད་ཀྱི་དུས་ལ་ཤར་མར་བྲིས་པ་བསྟན་པ་སྲུང་བའི་མཚོན་ཆར་གྱུར་ཅིག །མངྒ་ལཾ།།

/zhes pa'ang 'khrul zhig rin po che kun bzang dpa' bo rdo rje'i bka' yi bskul ba ldog tu ma bzod de pad+ma ye shes rdo rjes me sprel lo zad tshes mtshan mo srod kyi dus la shar mar bris pa bstan pa srung ba'i mtshon char gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །སེང་གདོང་མའི་གཏོར་བཟློག་བྱད་གདོན་གཡུལ་འཇོམས་བཞུགས་སོ། ། ཌཱ་ཀི་སིདྷ་མུ་ཁཱ་ཡེ། གཏོར་བཟློག་བྱད་གདོན་གཡུལ་འཇོམས་ནི། །མ་ཏྲཾ་བསྒྲལ་བའི་ཁོག་པ་རུ། །འཁོར་ལོ་ནག་པོ་རྩིབས་བཅུ་པ། །ཁྲག་མཚོ་ཐོད་རྭ་མེ་རིས་བསྐོར། །ཡང་ན་འབྲུ་ནག་ཁྲག་གཤེར་གྱིས། །ཚོམ་བུ་བཀོད་ལ་རྐང་གསུམ་སྟེང་། །གཏོར་མ་ཐོག་མདིལ་གཙོ་འཁོར་ལ། །དྲག་རྒྱན་མཚེ་ཡུངས་ཙང་གིས་བསྐོར། །ཤ་ཁྲག་རྣམས་ཀྱིས་བརྒྱན་བྱས་ཏེ། །དར་ནག་གུར་ཕུབ་བརྗིད་པར་བཤམས། །གོང་དུ་སྨན་རཀ་གཏོར་མཆོད་དང་། །དྲག་དཀྱིལ་དྲག་པོའི་མཆོད་པས་བསྐོར། །བྲུབ་ཁུང་ནང་དུ་ཉ་པོ་ནི། །དགྲ་གདོན་བྱད་མའི་སྲོག་ཡིག་བཅུག །ལིང་ཁེབས་ནག་པོས་བཀབ་ལ་བཞག །ཚོགས་དང་ཤ་ཁྲག་གཏོར་ཆུང་དང་། །སྔོན་གཏོར་ལ་སོགས་འདུ་བྱས་ལ། །བདག་ཉིད་བསྐྱེད་བཟླས་གྲུབ་པའི་མཐར། །ཟོར་དཀྱིལ་སྒྲུབ་ཅིང་བཟླས་པ་བྱ། །ཟོར་རྫས་ཐུན་སྔགས་ཀྱིས་བཏབ་བོ། སྲུང་བའི་འཁོར་ལོའི་དམིགས་པ་ནི། བདག་ཉིད་དྲག་མོར་གསལ་བ་ཡི། །ཕྱི་རོལ་སྲུང་བའི་འཁོར་ལོ་ནི། །རྩིབས་བཅུ་གུར་ཐབས་ཡངས་པའི་ནང་། །ལྟེ་བར་ཉི་ཟླའི་གྭའུ་དབུས། །བསྲུང་བྱའི་སྲོག་གི་སྙིང་པོ་ནི། །ཨ་ནྲྀ་ཧྲཱིཿབཅས་གསལ་ལ་འཚེར། །འཁོར་ལོའི་ཕྱི་རོལ་ཕྱག་མཚན་ལྔ། །གྲི་གུག་མདའ་ཡི་དྲྭ་བས་བསྐོར། །འབྱུང་བཞི་འཁྲུགས་པས་གཏམས་པ་དང་། །འཁོར་ལོ་གཡས་སུ་འཁོར་བ་ཡིས། །གནོད་བྱེད་གདོན་བགེགས་བརླག་པར་བསམ། སྒྲུབ་སྔགས་མཐར། མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ་བྷྲཱུྃ་ཧཱུྃ། ཞེས་བཟླས་ཐུན་མཐར་སྟོང་ཚིག་འབུལ། །སྲུང་མར་གཏོར་བསྔོ་བསྐང་བཤགས་དང་། །ཚོགས་ཀྱི་བཤགས་པ་གྲུབ་པ་དང་། །ཉ་བོ་རང་ལ་ཁ་ཕྱོགས་འཇོག །ཐོག་མར་བསྐུལ་ཞིང་གསེར་སྐྱེམས་མཆོད། ཧཱུྃ་བྷྱོ། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །སྐྱེ་བའི་ཆོ་འཕྲུལ་ཀུན་བཟང་གནམ་ཞལ་ཡུམ། །དྲག་ཏུ་ཁྲོས་པ་དྷཱ་ཀི་སེང་གེའི་གདོང་། །རིགས་ལྔ་ཕྲ་མེན་མ་མོ་འབུམ་གྱི་ཚོགས། །ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་མཐུ་རྩལ་བསྐྱེད། །ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བོ་དང་། །བསྟན་པ་བཤིགས་པའི་ནག་ཕྱོགས་བགེགས་རིགས་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས། ཞེས་བསྐུལ། གསེར་སྐྱེམས་གཟུ་དཔང་ནི། རྃ་ཡྃ་ཁྃ། འདོན་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་བརླབས་ལ། ཧཱུྃ། རྩ་བརྒྱུད་བླ་མ་མཆོག་གསུམ་ཡི་དམ་ལྷ། །གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ། །རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག །མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དྲེགས་པའི་སྡེ། །གསེར་སྐྱེམས་བདུད་རྩི་འབར་བ་འདི་གསོལ་ལ། །རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག །མཐུ་རྩལ་ནུས་པའི་གཟི་བྱིན་བསྐྱེད་དུ་གསོལ། །ལིང་ཁེབས་བསལ། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་ཁ་ཁྱེར་དོག་ཅིང་གཏིང་ཟབ་པའི་ནང་དུ་གནོད་བྱེད་གང་ཡིན་རིད་ཅིང་ཉམས་ཐག་པའི་ལུས་ཅན་དུ་གྱུར། རྡོར་དྲིལ་འཛིན་ཧཱུྃ་མཛད་ཀྱི་རྒྱ་དང་བཅས། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་། །བདུད་འདུལ་དྲག་མོ་སེང་གེའི་གདོང་པ་ཅན་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་སངས་རྒྱས་བསྟན་པའི་སྤྱི་དགྲ། རྣལ་འབྱོར་བདག་གི་སྒོས་དགྲ། གཟུགས་ཅན་གཟུགས་མེད་ཀྱི་ཚོགས། ཞིང་བཅུ་ཚང་ཞིང་ཉམས་པ་བདུན་ལྡན་གྱི་རིགས་ཐམས་ཅད་སྐད་ཅིག་ཉིད་ལ་གཟུགས་ལིངྒ་འདི་ལ་མྱུར་དུ་ཁུག་ཅིག །སྔགས་མཐར། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཡ་ཛཿཞེས་ལན་གསུམ། ཛཿབྷྱོ། ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས། །ཞགས་པ་སེར་མོའི་ཚོགས་ནི་རྡུལ་ལྟར་འཚུབས། །དབང་མཛད་དམར་མོའི་ཚོགས་ནི་ཟེར་ལྟར་འཕྲོ། །དྲག་མཛད་ལྗང་ནག་ཚོགས་ནི་ཐོག་ལྟར་འབེབས། །དགྲ་གདོན་བྱད་མ་བཛྲ་ཨངྐུ་ཤ་ཛཿབཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བྃ། བཛྲ་གཎྜེ་ཧོཿདབྱེ་སྒྲོ་ཐོགས། བྷྱོ་བྷྱོ། དབྱེ་བྱེད་ཕོ་ཉ་དྲག་མོ་ཡིས། །དགྲ་གདོན་བྱད་མའི་ཚོགས་རྣམས་ཀྱི། །སྐྱོབས་དང་འགོ་བའི་ལྷ་རྣམས་ཕྲོལ། །སྐྱབས་བྲལ་མགོན་མེད་ཉིད་དུ་གྱུར། སྔགས་མཐར། འགོ་ཞིང་སྲུངས་སྐྱོབས་བྱེད་པའི་ལྷ་དང་ཕྲོལ་ཅིག །རྒྱབ་བརྟེན་གྱི་མཐུ་དཔུང་དང་ཕྱེས་ཤིག །པྲ་བེ་ཤ་ཡ་ཕཊ། བྱད་ཐག་སྔོ་དམར་གྱིས་འཆིང་བྱ། ཛཿབྷྱོ། དྲག་མོ་རབ་ཁྲོས་ཕྲ་མེན་གྱིས། །དགྲ་གདོན་བྱད་མའི་ལུས་ངག་ཡིད། །གྲུ་གུ་བཞིན་དུ་བཅིངས་བྱས་ཏེ། །གཡོ་འགུལ་སྨྲ་བར་མི་ནུས་གྱུར། སྔགས་དང་། དགྲ་གདོན་བྱད་མའི་ལུས་ངག་ཡིད་གསུམ་ཆིངས་ཤིག །ཐུན་བརྡེགས་ལ། ཧཱུྃ་བྷྱོཿལས་བྱེད་ཕོ་ཉ་མང་པོ་རླུང་ལྟར་རྒྱུགས། །དྲག་པོའི་ཐུན་རྫས་སྣ་ཚོགས་འབེབས་བྱས་ཏེ། །དགྲ་བགེགས་ལུས་སེམས་མྱོས་ཤིང་རྡུལ་དུ་བརླག །སྔགས་མཐར། དགྲ་གདོན་བྱད་མའི་སྲོག་ལ་མཱ་ར་ཡ་རྦད་ནན། །སྙིང་ལ་ཆུམ་ཆུམ་རྩ་སྦུར་ཤིག་ཤིག །རྦད་ཐུམ་རི་ལི། ལིང་མྱོག་སོད་སོད། ཅེས་བཟླས་ཐུན་གྱིས་བྲབ། ཕུར་པ་ཐོགས་ལ། ཧཱུྃ་ཛཿབྷྱོ། བདུད་འདུལ་དྲག་མོ་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་མོ་ཆེན་མོ་ལ། །སྐུ་སྨད་ཕུར་པའི་དབལ་དང་ལྡན། །གང་ལ་བཏབ་ཀྱང་ཐལ་བར་རློག །དགྲ་བགེགས་བྱད་མའི་སྙིང་ལ་ཡ། །རྣམ་ཤེས་རྟེན་དང་བྲལ་བྱས་ཏེ། །རྡོ་རྗེ་ཁྲོས་མའི་དབྱིངས་སུ་བསྟིམས། །གཟུགས་ཕུང་རྡུལ་ཕྲན་ཙམ་དུ་བཤིགས། །མིང་ཙམ་མེད་པར་བརླག་པར་བྱས། །སྔགས་མཐར། དགྲ་གདོན་བྱད་མ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ། གྲི་གུག་གམ་རལ་གྲིས་གཏུབ་ལ། ཧཱུྃ། བདུད་འདུལ་དྲག་མོའི་ལྷ་ཚོགས་རྣམས། །གནམ་ས་ཙམ་གྱི་ཞལ་གདངས་ལ། །གངས་རི་ལྟར་དཀར་མཆེ་བ་གཙིགས། །དགྲ་གདོན་བྱད་མའི་ལྔ་ཕུང་རྣམས། །ལྷག་མ་མེད་པར་བཞེས་ཤིག་རོལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། དེ་ནས་གཏོར་ཆུང་ཁག་སྐྱེམས་དང་། ཉ་བོའི་དུམ་བུ་རྣམས་ཀྱིས་མཆོད། བཟློག་པའི་ཕྲིན་ལས་བསྐུལ་བ་ནི། ཧཱུྃ་བྷྱོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །བཅོམ་ལྡན་རྡོ་རྗེ་སིདྷ་མུ་ཁཱ་ནི། རྡོ་རྗེ་རིགས་ཀྱི་ཁྲོ་མོའི་ཚོགས་དང་བཅས། །དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ། །མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །སངས་རྒྱས་བསྟན་ལ་གནོད་ཅིང་འཚེ་བ་ཡི། །ལྟ་ལོག་ལྷ་མིན་ཀླ་ཀློའི་གནོད་པ་ཟློག །སྟེང་འོག་ཕྱོགས་མཚམས་གདོན་ཚོགས་དགྲ་ལ་ཟློག །གཟའ་དང་རྒྱུ་སྐར་གནོད་པ་ཐམས་ཅད་ཟློག །འབྱུང་བ་འཁྲུགས་དང་ས་གཡོས་དགྲ་ལ་ཟློག །ལོ་ཟླ་ཞག་དང་ཟ་མའི་སྐག་ངན་ཟློག །ཀླུ་དང་ས་བདག་མ་མོའི་གནོད་པ་ཟློག །རྒྱལ་པོ་བཙན་དང་རྨུ་ཡི་གནོད་པ་ཟློག །བན་བོན་སྔགས་པའི་བྱད་ཟོར་ཐམས་ཅད་བཟློག །ཧོམ་དང་པར་བུ་བསྐོར་དང་འཁྲུལ་འཁོར་ཟློག །ཕྲ་མེན་རིག་སྔགས་དམོད་རྨོ་ཐམས་ཅད་ཟློག །མུ་སྟེགས་ཀླ་ཀློའི་བསམ་སྦྱོར་ངན་པ་ཟློག །རྒྱ་འདྲེ་ཤི་འདྲེ་འགོངས་པོའི་གནོད་པ་ཟློག །དམ་སྲི་རོ་ལངས་ཟ་འདྲེ་ཤི་གཤེད་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག །རྐྱེན་ངན་ཉི་ཁྲི་ཆིག་སྟོང་དགྲ་ལ་ཟློག །སྔ་དགྲ་ལག་བརྡར་ཕྱི་དགྲ་ངན་པ་ཟློག །དུག་གཡོས་མཚོན་གྱི་གནོད་པ་ཐམས་ཅད་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག །གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །དུས་མིན་འཆི་བའི་གནོད་པ་ཐམས་ཅད་ཟློག །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཟློག །ཆགས་ཆེ་ཉམ་ང་ཐམས་ཅད་དགྲ་ལ་ཟློག །ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཟློག །ཉོན་མོངས་དུག་ལྔའི་རྟོག་པ་ཐམས་ཅད་ཟློག །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་བསྒྱུར། བྷྱོ་བྷྱོ་སྡང་དགྲ་གནོད་བྱེད་སྟེང་དུ་བྷྱོ། །ཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ་བྷྱོ། བུདྡྷ་རཏྣ་པདྨ་ཀརྨ་ཡི། །ལས་བཞིའི་ཕྲིན་ལས་སྒྲུབ་མཛད་དྷཱ་ཀི་བཞི། །སིདྷ་མུ་ཁཱ་འཁོར་དང་བཅས་པ་ཡིས། །དགྲ་གདོན་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ། །མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །སངས་རྒྱས་བསྟན་ལ་གནོད་ཅིང་འཚེ་བ་ཡི། །ལྟ་ལོག་ལྷ་མིན་ཀླ་ཀློའི་གནོད་པ་ཟློག །སོགས་ནས། །ཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ་བྷྱོ། ཡེ་ཤེས་དབྱིངས་ཀྱི་ཁྲོ་མོ་གཽ་རི་བརྒྱད། །ཕྲ་མེན་སིདྷ་མུ་ཁ་བརྒྱད་པོ་དང་། །འབར་བའི་བར་ཁྱམས་དབང་མོ་ཉི་ཤུ་བརྒྱད། །བདུད་འདུལ་དྲག་མོ་སེང་གེའི་གདོང་ཅན་གྱི། །དཀྱིལ་འཁོར་ལྷ་ཚོགས་སྤྲུལ་དང་ཡང་སྤྲུལ་བཅས། །དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ། །མི་མཐུན་འགལ་རྐྱེན་བར་ཆད་ཐམས་ཅད་ཟློག །སངས་རྒྱས་བསྟན་ལ་གནོད་ཅིང་འཚེ་བ་ཡི། །ལྟ་ལོག་ལྷ་མིན་ཀླ་ཀློའི་གནོད་པ་ཟློག །སོགས་ནས། །ཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། དྲག་སྔགས་མཐར། དགྲ་བགེགས་བྱད་མ་རྦད་འདྲེ་རྦོད་ཟོར་ཐམས་ཅད་སརྦ་ཨ་པ་ཀ་ར་བྷྱོ་བྷྱོ་ཟློག་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ཙ་ཏུར་སྙིང་ལ་ཟློག །རཱ་ཙ་དུ་ན་ཟློག །ནཱ་ག་དུ་ན་ཟློག །ཤིག་ཤིག་དུམ་དུམ་ཚལ་པ་ཚལ་པ་རྦད་ནན། ཨེ་ས་བྷྱོ་ཟློག་དགྲ་བགེགས་མཱ་ར་ཡ་ཕཊཿཅེས་སྔགས་དྲག་ཏུ་བཟློའོ། །ཉིན་མཐའ་མ་ལ། ཕཊ་ཛཿགཏོར་ཆེན་གྱི་ཡེ་ཤེས་པ་ནམ་མཁར་བཏེགས། གཏོར་ཆེན་ཟོར་རྫས་དང་བཅས་པ་དྲག་པོ་སྔགས་ཀྱིས་ནུས་པ་བསྐྱེད་དེ། ཟོར་སྒོ་དབྱེ་ཞིང་ཟོར་ལམ་བསལ་བ་ནི། གཏོར་མ་ཕྱིར་དཔག་ལ། ཧཱུྃ་བྷྱོ། བཅོམ་ལྡན་བདུད་འདུལ་དྲག་མོའི་ལྷ་ཚོགས་རྣམས། །ཐུགས་དམ་གཉེན་པོ་སྒོ་དབྱེ་ཟོར་ལམ་ཕྱེས། །གཏོར་ཟོར་ནད་མཚོན་དུག་གི་ཕུང་པོ་འདི། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་འཕེན། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐུ་གཟུར་ཅིག །གཟུ་དཔང་ནི། ཀྱེ། བདག་ནི་མ་ཉེས་མ་ཡོའོ། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་པས། །རྣལ་འབྱོར་བདག་གི་གཟུ་དཔང་མཛོད། །འཕང་སར་ཕྱིན། སྔར་བཞིན་གསེར་སྐྱེམས་མཆོད། འགུགས་པ་ཚར་གཅིག་དང་། གོང་གི་བསྐུལ་བཏང་ལ། བྷྱོ་བྷྱོ། རྡོ་རྗེ་མཁའ་འགྲོ་སེང་གེའི་གདོང་། །ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་དང་། །ལས་བྱེད་འབུམ་སྡེའི་ཚོགས་དང་བཅས། །བཞེངས་ཤིག་བཞེངས་ཤིག་ད་བཞེངས་ཤིག །བདག་གི་སྒྲུབ་པའི་གཏོར་ཟོར་འདི། །དགྲ་བགེགས་བྱད་མ་དམ་སྲི་ཡི། །སྙིང་གི་དཀྱིལ་དུ་མཱ་ར་ཡ། །ཡུལ་འཁོར་སྡེ་བཅས་རྩད་ནས་གཞོམ། །མིང་གི་ལྷག་མ་མེད་པར་མཛོད། །ཟོར་རོ་དགྲ་བགེགས་སྟེང་དུ་ཟོར། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་དགྲ་གདོན་བྱད་མ་ཡི། །ལུས་ངག་ཡིད་ཀྱི་སྟེང་དུ་ཟློག །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། དྲག་སྔགས་དང་བཟློག་སྔགས་བཟླས་ལ་འཕངས། སྟོང་ཉིད་ལྟ་བའི་ངང་ལ་བཞག །ཨོཾ་ཧཱུྃ་ཏྲིག་ཁྲོམ་བྷྱོཿམ་ཎི་མཱ་ར་ཎི་བྷྱོཿམཱ་ར་དུ་ན་བྷྱོཿརཀྨོ་རཀ་ཤན་བྷྱོཿཏིང་ཡ་རཀྴ་བྷྱོཿདགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཡ་མཱ་རཱ་ཛ་ཀཱི་ལ་ཡ་བྷྱོ༔ བསྡིག་མཛུབ་ཕྱོགས་བཅུར་བསྐོར། ཕྱི་མིག་མི་ལྟ་བར་ལོག་སྲུང་འཁོར་བསྒོམ། སྒོ་དྲུང་དུ་བརྟན་མ་སྐྱོངས། གཏོར་གཞོང་སྦུབས་ལ་འགུགས་པ་དང་། རྟ་བྲོ་བ། ཤིས་བརྗོད། རྒྱལ་དབྱངས་སྒྲོགས། ནང་དུ་ལོག་ལ་ཚེ་འགུགས་དང་། ཆོས་སྐྱོང་གཏོར་འབུལ། ནམ་མཁར་བཏེགས་པའི་ལྷ་ལ་མཆོད་བསྟོད། ནོངས་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་དང་། བཛྲ་མུཿས་གཤེགས་གསོལ་བྱ། བདག་བསྐྱེད་ཀྱི་བསྡུ་ལྡང་སོགས་རྗེས་རིམ་རྣམས་བྱའོ། །ཞེས་པའང་འཁྲུལ་ཞིག་རིན་པོ་ཆེ་ཀུན་བཟང་དཔའ་བོ་རྡོ་རྗེའི་བཀའ་ཡི་བསྐུལ་བ་ལྡོག་ཏུ་མ་བཟོད་དེ་པདྨ་ཡེ་ཤེས་རྡོ་རྗེས་མེ་སྤྲེལ་ལོ་ཟད་ཚེས་མཚན་མོ་སྲོད་ཀྱི་དུས་ལ་ཤར་མར་བྲིས་པ་བསྟན་པ་སྲུང་བའི་མཚོན་ཆར་གྱུར་ཅིག །མངྒ་ལཾ།། །།
[edit]

@#/__/seng gdong ma'i gtor bzlog byad gdon g.yul 'joms bzhugs so/__/ DA ki sid+ha mu khA ye/__gtor bzlog byad gdon g.yul 'joms ni/__/ma traM bsgral ba'i khog pa ru/__/'khor lo nag po rtsibs bcu pa/__/khrag mtsho thod rwa me ris bskor/__/yang na 'bru nag khrag gsher gyis/__/tshom bu bkod la rkang gsum steng /__/gtor ma thog mdil gtso 'khor la/__/drag rgyan mtshe yungs tsang gis bskor/__/sha khrag rnams kyis brgyan byas te/__/dar nag gur phub brjid par bshams/__/gong du sman raka gtor mchod dang /__/drag dkyil drag po'i mchod pas bskor/__/brub khung nang du nya po ni/__/dgra gdon byad ma'i srog yig bcug__/ling khebs nag pos bkab la bzhag__/tshogs dang sha khrag gtor chung dang /__/sngon gtor la sogs 'du byas la/__/bdag nyid bskyed bzlas grub pa'i mthar/__/zor dkyil sgrub cing bzlas pa bya/__/zor rdzas thun sngags kyis btab bo/__srung ba'i 'khor lo'i dmigs pa ni/__bdag nyid drag mor gsal ba yi/__/phyi rol srung ba'i 'khor lo ni/__/rtsibs bcu gur thabs yangs pa'i nang /__/lte bar nyi zla'i gwa'u dbus/__/bsrung bya'i srog gi snying po ni/__/a nr-i hrIHbcas gsal la 'tsher/__/'khor lo'i phyi rol phyag mtshan lnga/__/gri gug mda' yi drwa bas bskor/__/'byung bzhi 'khrugs pas gtams pa dang /__/'khor lo g.yas su 'khor ba yis/__/gnod byed gdon bgegs brlag par bsam/__sgrub sngags mthar/__ma ma kA wA tsi rak+Sha rak+Sha hU~M b+h+rU~M hU~M/__zhes bzlas thun mthar stong tshig 'bul/__/srung mar gtor bsngo bskang bshags dang /__/tshogs kyi bshags pa grub pa dang /__/nya bo rang la kha phyogs 'jog__/thog mar bskul zhing gser skyems mchod/__hU~M b+h+yo/__chos dbyings skye med ngang las ma g.yos kyang /__/skye ba'i cho 'phrul kun bzang gnam zhal yum/__/drag tu khros pa d+hA ki seng ge'i gdong /__/rigs lnga phra men ma mo 'bum gyi tshogs/__/thugs dam bskul lo thugs rje'i mthu rtsal bskyed/__/zhing bcu tshang ba'i dam nyams dgra bo dang /__/bstan pa bshigs pa'i nag phyogs bgegs rigs la/__/mngon spyod drag po'i phrin las dus la babs/__zhes bskul/__gser skyems gzu dpang ni/__ra~M ya~M kha~M/__'don yon zag pa med pa'i bdud rtsi'i rgya mtshor gyur/__/oM AHhU~M ha ho hrIHsa byin brlabs la/__hU~M/__rtsa brgyud bla ma mchog gsum yi dam lha/__/gser skyems bdud rtsi 'bar ba 'di gsol la/__/rnal 'byor bdag gi gzu dang dpang mdzod cig__/mthu rtsal nus pa'i gzi byin bskyed du gsol/__/dpa' bo mkha' 'gro chos skyong dregs pa'i sde/__/gser skyems bdud rtsi 'bar ba 'di gsol la/__/rnal 'byor bdag gi gzu dang dpang mdzod cig__/mthu rtsal nus pa'i gzi byin bskyed du gsol/__/ling khebs bsal/__e yaM raM dz+wa la raM/__brub khung yangs shing kha khyer dog cing gting zab pa'i nang du gnod byed gang yin rid cing nyams thag pa'i lus can du gyur/__rdor dril 'dzin hU~M mdzad kyi rgya dang bcas/__na mo/__dkon mchog gsum dang rtsa ba gsum gyi bden pa dang /__/bdud 'dul drag mo seng ge'i gdong pa can gtso 'khor sprul pa yang sprul gyi bka' bden pa dang /__bden pa chen po'i mthus sangs rgyas bstan pa'i spyi dgra/__rnal 'byor bdag gi sgos dgra/__gzugs can gzugs med kyi tshogs/__zhing bcu tshang zhing nyams pa bdun ldan gyi rigs thams cad skad cig nyid la gzugs ling+ga 'di la myur du khug cig__/sngags mthar/__nr-i tri badz+ra ang+ku sha ya dzaHzhes lan gsum/__dzaHb+h+yo/__lcags kyu dkar mo'i tshogs ni skar ltar 'khrugs/__/zhags pa ser mo'i tshogs ni rdul ltar 'tshubs/__/dbang mdzad dmar mo'i tshogs ni zer ltar 'phro/__/drag mdzad ljang nag tshogs ni thog ltar 'bebs/__/dgra gdon byad ma badz+ra ang+ku sha dzaHbadz+ra pA sha hU~M/__badz+ra s+pho Ta ba~M/__badz+ra gaN+De hoHdbye sgro thogs/__b+h+yo b+h+yo/__dbye byed pho nya drag mo yis/__/dgra gdon byad ma'i tshogs rnams kyi/__/skyobs dang 'go ba'i lha rnams phrol/__/skyabs bral mgon med nyid du gyur/__sngags mthar/__'go zhing srungs skyobs byed pa'i lha dang phrol cig__/rgyab brten gyi mthu dpung dang phyes shig__/pra be sha ya phaT/__byad thag sngo dmar gyis 'ching bya/__dzaHb+h+yo/__drag mo rab khros phra men gyis/__/dgra gdon byad ma'i lus ngag yid/__/gru gu bzhin du bcings byas te/__/g.yo 'gul smra bar mi nus gyur/__sngags dang /__dgra gdon byad ma'i lus ngag yid gsum chings shig__/thun brdegs la/__hU~M b+h+yoHlas byed pho nya mang po rlung ltar rgyugs/__/drag po'i thun rdzas sna tshogs 'bebs byas te/__/dgra bgegs lus sems myos shing rdul du brlag__/sngags mthar/__dgra gdon byad ma'i srog la mA ra ya rbad nan/__/snying la chum chum rtsa sbur shig shig__/rbad thum ri li/__ling myog sod sod/__ces bzlas thun gyis brab/__phur pa thogs la/__hU~M dzaHb+h+yo/__bdud 'dul drag mo kI la ya/__/sku stod khro mo chen mo la/__/sku smad phur pa'i dbal dang ldan/__/gang la btab kyang thal bar rlog__/dgra bgegs byad ma'i snying la ya/__/rnam shes rten dang bral byas te/__/rdo rje khros ma'i dbyings su bstims/__/gzugs phung rdul phran tsam du bshigs/__/ming tsam med par brlag par byas/__/sngags mthar/__dgra gdon byad ma sarba sha trUM mA ra ya rbad phaT/__gri gug gam ral gris gtub la/__hU~M/__bdud 'dul drag mo'i lha tshogs rnams/__/gnam sa tsam gyi zhal gdangs la/__/gangs ri ltar dkar mche ba gtsigs/__/dgra gdon byad ma'i lnga phung rnams/__/lhag ma med par bzhes shig rol/__/ma hA mAM sa rak+ta kiM ni ri ti la kha kha khA hi khA hi/__tshogs la rol zhing lhag ma bsngo/__de nas gtor chung khag skyems dang /__nya bo'i dum bu rnams kyis mchod/__bzlog pa'i phrin las bskul ba ni/__hU~M b+h+yo/__'og min chos kyi dbyings kyi pho brang nas/__/bcom ldan rdo rje sid+ha mu khA ni/__rdo rje rigs kyi khro mo'i tshogs dang bcas/__/dgra bgegs sha khrag mchod gtor 'di bzhes la/__/mi mthun 'gal rkyen bar chad thams cad zlog__/sangs rgyas bstan la gnod cing 'tshe ba yi/__/lta log lha min kla klo'i gnod pa zlog__/steng 'og phyogs mtshams gdon tshogs dgra la zlog__/gza' dang rgyu skar gnod pa thams cad zlog__/'byung ba 'khrugs dang sa g.yos dgra la zlog__/lo zla zhag dang za ma'i skag ngan zlog__/klu dang sa bdag ma mo'i gnod pa zlog__/rgyal po btsan dang rmu yi gnod pa zlog__/ban bon sngags pa'i byad zor thams cad bzlog__/hom dang par bu bskor dang 'khrul 'khor zlog__/phra men rig sngags dmod rmo thams cad zlog__/mu stegs kla klo'i bsam sbyor ngan pa zlog__/rgya 'dre shi 'dre 'gongs po'i gnod pa zlog__/dam sri ro langs za 'dre shi gshed zlog__/nad rigs bzhi brgya rtsa bzhi dgra la zlog__/rkyen ngan nyi khri chig stong dgra la zlog__/snga dgra lag brdar phyi dgra ngan pa zlog__/dug g.yos mtshon gyi gnod pa thams cad zlog__/ltas ngan brgyad cu rtsa gcig dgra la zlog__/glo bur ye 'drog sum brgya drug cu zlog__/dus min 'chi ba'i gnod pa thams cad zlog__/'jigs pa chen po brgyad dang bcu drug zlog__/chags che nyam nga thams cad dgra la zlog__/phyi nang gsang ba'i bar chad thams cad zlog__/nyon mongs dug lnga'i rtog pa thams cad zlog__/bzlog go dmar chen gtor ma 'di yis zlog__/bsgyur ro ltas ngan thams cad dgra la bsgyur/__b+h+yo b+h+yo sdang dgra gnod byed steng du b+h+yo/__/zlog bsgyur bcol pa'i phrin las 'grub par mdzod/__/hU~M b+h+yo/__bud+d+ha rat+na pad+ma karma yi/__/las bzhi'i phrin las sgrub mdzad d+hA ki bzhi/__/sid+ha mu khA 'khor dang bcas pa yis/__/dgra gdon sha khrag mchod gtor 'di bzhes la/__/mi mthun 'gal rkyen bar chad thams cad zlog__/sangs rgyas bstan la gnod cing 'tshe ba yi/__/lta log lha min kla klo'i gnod pa zlog__/sogs nas/__/zlog bsgyur bcol pa'i phrin las 'grub par mdzod/__/hU~M b+h+yo/__ye shes dbyings kyi khro mo gau ri brgyad/__/phra men sid+ha mu kha brgyad po dang /__/'bar ba'i bar khyams dbang mo nyi shu brgyad/__/bdud 'dul drag mo seng ge'i gdong can gyi/__/dkyil 'khor lha tshogs sprul dang yang sprul bcas/__/dgra bgegs sha khrag mchod gtor 'di bzhes la/__/mi mthun 'gal rkyen bar chad thams cad zlog__/sangs rgyas bstan la gnod cing 'tshe ba yi/__/lta log lha min kla klo'i gnod pa zlog__/sogs nas/__/zlog bsgyur bcol ba'i phrin las 'grub par mdzod/__drag sngags mthar/__dgra bgegs byad ma rbad 'dre rbod zor thams cad sarba a pa ka ra b+h+yo b+h+yo zlog zlog__/e ka du na zlog__/ma hA du na zlog__/tsa tur snying la zlog__/rA tsa du na zlog__/nA ga du na zlog__/shig shig dum dum tshal pa tshal pa rbad nan/__e sa b+h+yo zlog dgra bgegs mA ra ya phaTaHces sngags drag tu bzlo'o/__/nyin mtha' ma la/__phaT dzaHgtor chen gyi ye shes pa nam mkhar btegs/__gtor chen zor rdzas dang bcas pa drag po sngags kyis nus pa bskyed de/__zor sgo dbye zhing zor lam bsal ba ni/__gtor ma phyir dpag la/__hU~M b+h+yo/__bcom ldan bdud 'dul drag mo'i lha tshogs rnams/__/thugs dam gnyen po sgo dbye zor lam phyes/__/gtor zor nad mtshon dug gi phung po 'di/__/sdang ba'i dgra dang gnod pa'i bgegs la 'phen/__/lha srin sde brgyad thams cad sku gzur cig__/gzu dpang ni/__kye/__bdag ni ma nyes ma yo'o/__/gzu dang dpang du dkon mchog bzhugs/__/khyed rnams ye shes spyan ldan pas/__/rnal 'byor bdag gi gzu dpang mdzod/__/'phang sar phyin/__sngar bzhin gser skyems mchod/__'gugs pa tshar gcig dang /__gong gi bskul btang la/__b+h+yo b+h+yo/__rdo rje mkha' 'gro seng ge'i gdong /__/lha tshogs sprul pa yang sprul dang /__/las byed 'bum sde'i tshogs dang bcas/__/bzhengs shig bzhengs shig da bzhengs shig__/bdag gi sgrub pa'i gtor zor 'di/__/dgra bgegs byad ma dam sri yi/__/snying gi dkyil du mA ra ya/__/yul 'khor sde bcas rtsad nas gzhom/__/ming gi lhag ma med par mdzod/__/zor ro dgra bgegs steng du zor/__/bzlog go dmar chen gtor mas zlog__/bsgyur ro dgra gdon byad ma yi/__/lus ngag yid kyi steng du zlog__/thal ba'i rdul bzhin brlag par mdzod/__drag sngags dang bzlog sngags bzlas la 'phangs/__stong nyid lta ba'i ngang la bzhag__/oM hU~M trig khrom b+h+yoHma Ni mA ra Ni b+h+yoHmA ra du na b+h+yoHrak+mo raka shan b+h+yoHting ya rak+sha b+h+yoHdgra bgegs byad ma lha srung dang bcas pa mA ra ya ya mA rA dza kI la ya b+h+yo:__bsdig mdzub phyogs bcur bskor/__phyi mig mi lta bar log srung 'khor bsgom/__sgo drung du brtan ma skyongs/__gtor gzhong sbubs la 'gugs pa dang /__rta bro ba/__shis brjod/__rgyal dbyangs sgrogs/__nang du log la tshe 'gugs dang /__chos skyong gtor 'bul/__nam mkhar btegs pa'i lha la mchod bstod/__nongs bshags/__rten yod na brtan bzhugs dang /__med na/__oM khyed kyi sems can don dang /__badz+ra muHsa gshegs gsol bya/__bdag bskyed kyi bsdu ldang sogs rjes rim rnams bya'o/__/zhes pa'ang 'khrul zhig rin po che kun bzang dpa' bo rdo rje'i bka' yi bskul ba ldog tu ma bzod de pad+ma ye shes rdo rjes me sprel lo zad tshes mtshan mo srod kyi dus la shar mar bris pa bstan pa srung ba'i mtshon char gyur cig__/mang+ga laM//__//

Footnotes

Other Information