མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཤེར་དབང་དང་འབྲེལ་བ་ཐུགས་རྡོ་རྗེ་ཆོས་སྐུའི་ཁྲིད་ཡིག།

From Khyentse Lineage - A Tsadra Foundation Project
Revision as of 08:34, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-06-CHA-043
Wylie title ma gcig gsang spyod snyan brgyud las/ sher dbang dang 'brel ba thugs rdo rje chos sku'i khrid yig JKCL-KABUM-06-CHA-043.pdf
Location chos kyi blo gros bka' 'bum
Volume 6, Text 43, Pages 669-681 (Folios 1a1 to 7a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Associated People མ་གཅིག་ལབ་སྒྲོན་ (ma gcig lab sgron)
Citation 'jam dbyangs mkhyen brtse chos kyi blo gros. ma gcig gsang spyod snyan brgyud las sher dbang dang 'brel ba thugs rdo rje chos sku'i khrid yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 669-681. Bir, H.P.: Khyentse Labrang, 2012.
Genre Contemplative Guide Books and Instructional Manuals - khrid yig
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)
Colophon

།ཞེས་པའང་སྔ་སོར་དགེ་སློང་ཚེ་རིང་ཕུན་ཚོགས་ནས་ནན་ཏན་དུ་བསྐུལ་ཞིང་། ཉེ་ཆར་ལམ་འདི་ལ་མཆོག་ཏུ་དད་པ་བརྟན་པ་རི་ཀེད་བྱ་བྲལ་བ་གཞན་ཕན་ཐུགས་རྗེའི་མྱུ་གུས་གསུང་གི་སྐུལ་བས་མཚམས་སྦྱར་ཏེ། རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་ཤིང་བྱ་མགོ་ཟླ་སྔ་མའི་ཚེས་ཉེར་ལྔ་ལ་སྨྲས་རིམ་བཞིན་དུ་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བྲིས་པ་འདིས་ཀྱང་གསང་སྤྱོད་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །།།

/zhes pa'ang snga sor dge slong tshe ring phun tshogs nas nan tan du bskul zhing /__nye char lam 'di la mchog tu dad pa brtan pa ri ked bya bral ba gzhan phan thugs rje'i myu gus gsung gi skul bas mtshams sbyar te/__rig 'dzin gyi btsun pa pad+ma ye shes rdo rjes shing bya mgo zla snga ma'i tshes nyer lnga la smras rim bzhin du bskul ba po nyid kyis yi ger bris pa 'dis kyang gsang spyod snyan brgyud kyi bstan pa rin po che phyogs dus gnas skabs kun tu dar zhing rgyas pa'i rgyur gyur cig__///

1 Texts in this Section (sde tshan or chos tshan)

[edit]
༄༅། །མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། ཤེར་དབང་དང་འབྲེལ་བ་ཐུགས་རྡོ་རྗེ་ཆོས་སྐུའི་ཁྲིད་ཡིག་བཞུགས་སོ། ། གསུམ་པ་ཐུགས་རྡོ་རྗེ་ཆོས་སྐུའི་ཁྲིད་ལ་གསུམ་སྟེ། ཡུམ་ཆེན་མཁའ་འགྲོ་དབང་དུ་སྡུད་པའི་འཁྲུལ་འཁོར་ལ་འབད་པ། མཁའ་འགྲོ་མཉེས་བྱེད་རང་ལུས་བདེ་སྟོང་གི་མཆོད་པ་བྱ་བ། མཁའ་འགྲོ་དབང་དུ་འདུས་བའི་བྱིན་རླབས་བདེ་སྟོང་གི་རང་ཞལ་བལྟ་བའོ། །དང་པོ་མཁའ་འགྲོ་དབང་སྡུད་ཀྱི་འཁྲུལ་འཁོར་ནི། མཁས་བཙུན་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་འཁྲུལ་འཁོར་རྩ་ཚིག་ཞལ་ཤེས་དང་བཅས་པ་ལས་ཤེས་པར་བྱ་ཞིང་། དེ་ཡང་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་སྒོམ་པ་ཅུང་ཟད་བརྟན་པ་ཞིག་གིས། འཁྲུལ་འཁོར་ལ་འབད་ན་གེགས་ཐམས་ཅད་སེལ་ཞིང་རྩ་རླུང་ཐིག་ལེ་མཉེན་ལྕུག་དང་ལྡན་ཞིང་རླུང་སེམས་ལ་རང་དབང་ཐོབ་པས་ཡེ་ཤེས་མཁའ་འགྲོ་སྡེ་ལྔས་རྩ་ཐིག་བྱིན་གྱིས་བརླབས་པས་མཆོག་དངོས་འགྲུབ་པའི་ཉེ་རྒྱུའི་རྟེན་འབྲེལ་དབང་དུ་བྱེད་པའི་མྱུར་ལམ་ཁྱད་པར་དུ་འཕགས་པའོ། །གཉིས་པ་མཁའ་འགྲོ་མཉེས་བྱེད་རང་ལུས་བདེ་སྟོང་གི་མཆོད་པ་བྱ་བ་ནི། རང་ཉིད་ཕྱི་དབྱིབས་ཀྱི་སྟོང་ར་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་པ། རྩ་ཞལ་ཁྲོ་འཛུམ་སྤྱན་གསུམ་དམར་མདངས་ཅན། སྟེང་གི་ཕག་ཞལ་ནག་པོ་དུར་སྒྲ་སྒྲོགས་པ་སྤྱན་གསུམ་དམར་མོ་གྱེན་དུ་བལྟ་བས་ཆོས་ཉིད་ཀྱི་བདེན་པ་གཟིགས་པ་དབུ་སྐྲ་སིལ་བུ་ཅུང་ཟད་བཅིངས་པ་ལྷོད་པར་གྱུར་པ་ཐོད་སྐམ་ལྔས་བརྒྱན་པ་ཕྱག་གཡས་གྲི་གུག་འབར་བ་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པའི་མཆན་ཁུང་ན་ཡབ་ཧེ་རུ་ཀའི་རང་བཞིན་རྡོ་རྗེ་ཁ་ཊྭཱྃ་ག་འཆང་བ། རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཏེ་སྲིད་ཞི་ལ་མི་གནས་པའི་བརྡར་ཞབས་གཡས་བསྐུམ། གཡོན་བརྐྱང་བའི་གར་སྟབས་ཀྱིས་དབུགས་བྲལ་གསར་པའི་སྙིང་ག་མནན་ཏེ་པད་ཉིའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་སྐུ་ལུས་དྭངས་གསལ་སྒྲིབ་ཐོགས་དང་བྲལ་བའི་སྟོང་ར་ལ་སེམས་ཡུན་རིང་བཟུང་། དེ་ནས་སྤྱི་བོའི་གཙུག་ནས་གསང་གནས་ཀྱི་བར་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། བདེ་བ་ཆེན་པོ་མཚོན་པའི་ཕྱིར་དུ་ཕྱི་དཀར་ལ། སྟོང་པ་མཚོན་ཕྱིར་ནང་དམར་བ། ཟུང་འཇུག་མཚོན་པའི་དབུ་མའི་ནང་ཁོང་སྟོང་། ཆུ་ཤིང་གི་སྙིང་པོ་ལྟར་དྲང་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཏིལ་གྱི་ཞུན་མར་ལྟར་དྭངས་པ། པདྨའི་འདབ་མ་ལྟར་སྲབ་པ་སྟེ་དབུ་མ་ཆོས་བཞི་ལྡན་གསལ་གདབ། དེའི་གཡས་ན་རོ་མ་དམར་མོ་གཡོན་ན་རྐྱང་མ་དཀར་མོ། དེ་གཉིས་ཀྱི་མས་སྣ་དབུ་མའི་ནང་དུ་ཆུད་པ། ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་སྟེ་གནས་བཞིར་རོ་རྐྱང་གཉིས་འཁྲིལ་བའི་རྩ་མདུད་རེ་རེ་ཡོད་པ། སྤྱི་བོ་ནས་གཡས་སུ་རོ་མ་གཡོན་དུ་རྐྱང་མ་རྩ་ཕྲན་བཞི་བཞི་གྱེས་པ་ཁའི་གཡས་གཡོན་གཉིས་སྣ་བུག་གཉིས། མིག་གཉིས། རྣ་བ་གཉིས་པོ་རྣམས་ལ་སྦྲུལ་མགོ་ལྟར་ཆིག་གེ་ཡོད་པ། གཤང་ལམ་གྱི་སྒོར་རླུང་གི་མདའ་གཞུ་མཆོག་མ་ལ། བ་དན་སྔོན་པོ་འཕྱངས་པ། མས་སྣེ་རྩ་རོ་རྐྱང་གཉིས་ཀྱི་བར་གྱི་དབུ་མའི་ནང་དུ་ཆུད་པ། དབུ་མའི་ཡར་སྣ་ཧཾ་ཡིག་དཀར་པོ། བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ངོ་བོ་མགོ་ཐུར་ལ་བསྟན་པ། ལྟེ་བའི་འོག་ཏུ་ཆོས་འབྱུང་དམར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཁ་ཆེ་བ་གྱེན་དུ་བསྟན་པའི་ནང་དུ། དགའ་བ་འཁྱིལ་པ་དམར་པོ་མེའི་རང་བཞིན་ཅན་གཡོན་ཕྱོགས་སུ་འཁོར་བ། དེ་ཡི་ལྟེ་བར་ཧྲཱིཿདམར་པོ་མེའི་རང་བཞིན། རྩ་བ་ཕྲ་བ། རྩེ་མོ་རྣོ་བ། སྐེད་པ་ལྡིར་བ། རེག་བྱ་ཚ་བ། ཁ་དོག་དམར་བ་སྟེ་ཆོས་ལྔ་ལྡན་གསལ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་པའི་ལྟེ་བར། ཉོན་མོངས་གཏི་མུག་དང་ཁྱབ་བྱེད་ཀྱི་རླུང་རྣམ་པར་དག་པ། སྐུ་ཡི་ཐིག་ལེའི་ངོ་བོ། མེ་ལོང་ཡེ་ཤེས་ཀྱི་རང་གཟུགས་ཀྱི་སངས་རྒྱས་མཁའ་འགྲོ་དཀར་མོ་ཕྱག་གཉིས་ཌཱ་དྲིལ་ཞབས་གར་སྟབས། རུས་པའི་རྒྱན་གྱིས་བརྒྱན་པ། རྩ་འདབ་རྣམས་སུ་རང་འདྲའི་མཁའ་འགྲོ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར། ཉོན་མོངས་འདོད་ཆགས། གྱེན་རྒྱུའི་རླུང་དག་པ། གསུང་གི་ཐིག་ལེའི་ངོ་བོ། སོར་རྟོགས་ཡེ་ཤེས་ཀྱི་རང་གཟུགས་པདྨ་མཁའ་འགྲོ་དམར་མོ། རྒྱན་ཕྱག་མཚན་སྔར་དང་འདྲ། རྩ་འདབ་སུ་རང་འདྲ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་དབུས་སུ། ཉོན་མོངས་ཞེ་སྡང་། སྲོག་འཛིན་གྱི་རླུང་དག་པ། ཐུགས་ཀྱི་ཐིག་ལེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གཟུགས་རྡོ་རྗེ་མཁའ་འགྲོ་སྔོན་མོ་རྒྱན་ཕྱག་མཚན་གང་དང་འདྲ། རྩ་འདབ་སུ་རང་འདྲའི་མཁའ་འགྲོ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞིའི་དབུས་ན། ཉོན་མོངས་ང་རྒྱལ་དང་སེར་སྣ། མེ་མཉམ་གྱི་རླུང་དག་པ། ཡོན་ཏན་གྱི་ཐིག་ལེའི་ངོ་བོ་མཉམ་ཉིད་ཡེ་ཤེས་ཀྱི་རང་གཟུགས་ལས་ཀྱི་ཌཱ་ཀི་ལྗང་གུ། ཕྱག་གཉིས་ཌཱ་དྲིལ་ཞབས་གར་སྟབས། རྩ་འདབ་གྲངས་མཉམ་གྱི་ཌཱ་ཀི། ལྷ་དེ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་གར་སྟབས་ཀྱིས་གཡས་བསྐོར་དུ་འཁོར་བ་རྣམས་གསལ་བཏབ་ལ། སེམས་ཡུན་རིང་དུ་བཟུང་། དེ་ནས་དུག་གསུམ་རླུང་འབུད་ཀྱི་དམིགས་པ་དང་བཅས་རླུང་ཐེངས་གསུམ་མམ་དགུ་བསལ། འཕོངས་གཡས་གཡོན་བཀྱག་རེས་ཀྱིས་ཐུར་སེལ་གྱེན་དུ་དྲངས་པས་འོག་རླུང་གིས་བསྐུལ་ཏེ། གསང་གནས་ཀྱི་ཌཱ་ཀི་ལས་རླུང་གཡོས་པས་ལྟེ་འོག་གི་མེ་དཀྱིལ་ལ་ཕོག །དེ་ལས་མེ་ལྕེ་གློག་གི་ཟེར་མ་ལྟ་བུ་ཤིན་ཏུ་ཕྲ་བ་འབར་བས་ལྟེ་བའི་རྩ་འཁོར་གྱི་རྩ་རླུང་ཐིག་ལེའི་སྙིགས་མ་ཐམས་ཅད་བསྲེགས། དྭངས་མ་ཡེ་ཤེས་ཀྱི་མེ་དང་འདྲེས་པ་རིམ་པས་མཆེད་དེ་སྙིང་ཁ་དང་མགྲིན་པ་སྤྱི་བོའི་བར་དུ་བསྲེགས་ཤིང་སྦྱང་། སླར་ཡང་མེ་ཐུར་དུ་འཕྲོས་གསང་གནས་ཀྱི་རྩ་འཁོར་བསྲེག་པར་བསམ་ལ་རླུང་བུམ་ཅན་ལྟེ་བར་བཟུང་། ཡང་སྔར་བཞིན་འབྱེད་འཛུམ་གྱི་སྦྱོར་བས་རླུང་དཀྱིལ་བསྐུལ། ལྟེ་འོག་གི་གཏུམ་མོ་སྦར་བ་སྔར་ལྟར་ལ། མེ་ལྕེ་ཤིན་ཏུ་ཕྲ་བ་རྣོ་མྱུར་ཤུགས་དྲག་ཐོགས་པ་མེད་པ་དབུ་མའི་ནང་དུ་སོང་སྟེ་སྤྱི་བོའི་ཧྃ་ཡིག་མགོ་ཐུར་བསྟན་ལ་རེག་པ་ཙམ་གྱིས། བྱང་སེམས་དཀར་པོ་མར་དཀར་ཞུ་བའི་ཁུ་བ་ལྟ་བུའི་སྔར་གྱི་ལྟེ་བའི་ཧྲཱིཿདགའ་བ་འཁྱིལ་པ་དང་བཅས་པའི་སྟེང་དུ་བབས་པས་མེ་ལྕེ་ལ་སྣུམ་ཐིག་བྲན་བ་བཞིན་གྱུར། དེའི་རྐྱེན་གྱིས་མེ་ཆེར་འབར་བ་དབུ་མའི་ནང་ནས་ཐལ་གྱི་སོང་ཧྃ་ལ་ཕོག་པས་ཧྃ་ལས་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་པ་ཐག་ལྟ་བུ་ནར་གྱིས་དྲངས་ཏེ། སྤྱི་བོའི་སངས་རྒྱས་མཁའ་འགྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལུས་ཀྱི་ནང་ཐམས་ཅད་གང་། སད་པའི་སྒྲིབ་པ་དག །བུམ་དབང་ཐོབ། དགའ་བའི་ཡེ་ཤེས་ཉམས་སུ་མྱོང་། བདུད་རྩི་མགྲིན་པར་དྲངས། རྨི་ལམ་གྱི་སྒྲིབ་པ་དག །གསང་དབང་ཐོབ། མཆོག་དགའི་ཡེ་ཤེས་ཉམས་སུ་མྱོང་། སྙིང་གའི་རྩ་འཁོར་གང་། གཉིད་འཐུག་གི་སྒྲིབ་པ་དག །ཤེར་དབང་ཐོབ། དགའ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་། ལྟེ་བ་དང་གསང་གནས་ཀྱི་རྩ་འཁོར་གང་། སྙོམས་འཇུག་གི་སྒྲིབ་པ་དག །ཚིག་དབང་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་པར་བསམ་ལ། འཁོར་ལོ་སོ་སོར་རླུང་བུམ་ཅན་བཟུང་། བདེ་སྟོང་གི་ཉམས་ཀྱི་རང་ངོ་བསྐྱང་། དེ་ལྟར་ཞུ་བདེ་འབར་འཛག་གི་མཆོད་པ་ཕུལ་བས། ཚོགས་ཆེན་རྫོགས། སྒྲིབ་པ་ཐམས་ཅད་དག་སྟེ། རྡོ་རྗེ་བཞི་ཡི་ཡེ་ཤེས་མངོན་དུ་བསྐྱེད་པར་འགྱུར་རོ། །དེ་དག་གི་སྐབས་སུ་གེགས་སེལ་འཁྲུལ་འཁོར་ཡང་ཅི་རིགས་བྱ་དགོས་ཤིང་། ཐུན་བསྡུ་བ་ན་བདེ་དྲོད་ཀྱི་དྭངས་མ་ཐམས་ཅད་འཁོར་ལོ་སོ་སོའི་གཙོ་མོའི་ཐུགས་ཀའི་ཐིག་ལེ་དང་འཁོར་ལོ་ལྔའི་ལྷ་རྣམས་སྙིང་གའི་མི་སྐྱོད་པ་ལ་བསྡུ། དེའང་རིམ་གྱིས་ནཱ་དའི་བར་དུ་བསྡུ། དེ་ཡང་མི་དམིགས་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་འཇོག་པ་གནད་དམ་པའོ། །གསུམ་པ་མཁའ་འགྲོ་དབང་དུ་འདུས་པའི་བྱིན་རླབས་བདེ་སྟོང་གི་རང་ཞལ་བལྟ་བ་ནི། ཕྱི་ནང་གི་སྟོང་ར། རླུང་མེའི་དཀྱིལ་འཁོར་རྩ་འཁོར་ལྷ་དང་བཅས་བསྒོམ་པ་སྔར་ལྟར། སྤྱི་བོའི་དབུ་མའི་ཡར་སྣ་ཧྃ་ཡིག་སྟེང་དུ་པྃ་ལས་པདྨ་འདབ་མ་སྟོང་ལྡན་དེ་སྟེང་རྃ་ལས་ཉི་དཀྱིལ་འོད་ཟེར་འབུམ་ལྡན། དེ་སྟེང་ཨ་ལས་ཟླ་དཀྱིལ་གྱི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ཧེ་རུ་ཀ་སྐུ་མདོག་དམར་པོ་ཡུམ་རྡོ་རྗེ་མཁའ་འགྲོ་སྔོན་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་རྡོར་དྲིལ་ཐུགས་ཀར་བསྣོལ་ཏེ་ཡུམ་ལ་འཁྱུད་པ་ཁྲོ་འཛུམ་རྗེས་ཆགས་ཀྱི་ཉམས་ཅན་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་སྐྱབས་གནས་ཀུན་འདུས་ཀྱི་རང་བཞིན་དུ་གསལ་བ་ལ། མོས་གུས་དྲག་པོས་བྱིན་རླབས་གནད་འབེབས་མའི་གསོལ་འདེབས་བྱ། བླ་མའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་དཀར་དམར་མཐིང་གསུམ་ཆར་དྲག་ཏུ་བབས་པ་ལྟར་བྱུང་སྟེ། ལུས་ནང་གི་རྩ་འཁོར་ལྔ་ཡི་ལྷ་ཚོགས་རྣམས་ཀྱི་སྐུ་ཡི་གནས་ཐམས་ཅད་གང་། དབང་ཐམས་ཅད་ཐོབ། སྒྲིབ་པ་ཐམས་ཅད་དག །བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་རང་ཞལ་ལྟ་ཞིང་ཐུགས་ཡིད་བསྲེ། སླར་ཡང་གཏུམ་མོའི་མེས་རྩ་འཁོར་བསྲེག་པ་སྔར་ལྟར་གྱི་རྗེས་མེ་ལྕེ་ཧྃ་ཡིག་ལ་རེག་པས་ཧྃ་ལས་བདུད་རྩི་དཀར་པོ་རླངས་སྤྲིན་བརྡོལ་བ་ལྟར་བྱུང་བ་བླ་མ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ལུས་ནང་ཐམས་ཅད་བདེ་ཆེན་བདུད་རྩིའི་མཆོད་པ་ཕུལ་བས་ཐུགས་རབ་ཏུ་མཉེས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་སྦྱང་། བདག་ལ་ཐུགས་རབ་ཏུ་དགྱེས་པས་བླ་མ་ཡབ་ཡུམ་བདུད་རྩི་བདེ་བ་ཆེན་པོའི་རང་བཞིན་དུ་འོད་དུ་ཞུ་བ་ཧྃ་ཡིག་དང་རོ་གཅིག་ཏུ་འདྲེས། ཧྃ་ཡིག་དེ་ཉིད་གཏུམ་མོའི་མེའི་ཤུགས་ཀྱིས་མགོ་མཇུག་ལྡོག་སྟེ་འབར་འཛག་སྔར་བཤད་པ་བཞིན་སྒོམ། མཐར་ལུས་ཀྱི་རྩ་ནང་ཐམས་ཅད་དང་། བ་སྤུའི་བུ་ག་ཚུན་ཆད་བདུད་རྩི་བདེ་བ་ཆེན་པོས་ཐེམ་མེར་གང་བར་བསམ་ལ་ལྟེ་འོག་ཏུ་རླུང་བུམ་ཅན་ཡུན་རིང་དུ་བཟུང་བས་བྱིན་བརླབས་བརྟན་པར་བྱའོ། །སྐབས་སུ་བོགས་འདོན་པའི་སླད་དུ་རང་ཉིད་རྡོ་རྗེ་ཕག་མོ་རྩ་འཁོར་གྱི་ལྷ་དང་བཅས་པ་གསལ་བ་ལ་ཁ་ཊྭཱྃ་ག་གནས་བསྒྱུར་ཏེ་རང་རིགས་ཀྱི་ཡབ་དཔལ་ཧེ་རུ་ཀ་དམར་པོ་རྡོར་དྲིལ་འཛིན་པ་དང་རྗེས་ཆགས་མཉམ་པར་སྦྱོར་བས། ཐིག་ལེ་འབེབ་པ་རང་གི་མཁའ་གསང་དུ་བསྐྱིལ་བ་ཧཱུྃ་གི་སྦྱོར་བས་གྱེན་དུ་འཁོར་ལོ་སོ་སོར་དྲངས་ཤིང་ཁྱབ་པར་བཀྲམ་མཐར་ཐིག་ལེ་ཐམས་ཅད་སྤྱི་བོའི་ཧྃ་ལ་བསྟིམ་ནས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོའི་ཡེ་ཤེས་ལ་མཉམ་པར་བཞག །འདིའི་སྐབས་སུ་ཡབ་ཀྱི་གནས་ལྔར་རྣམ་སྣང་ལ་སོགས་པའི་ཧེ་རུ་ཀ་ཡབ་རྐྱང་རེ་གསལ། ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་གར་ཕཊཿཀྱིས་བཀག་པ་ཡུམ་གྱི་མཁའ་གསང་ཨཿལས་པདྨ་འདབ་བཞི་དམར་པོ་ཟེའུ་འབྲུར་ཨཱཿ ས་མཚན་པར་གསལ་བ་སོགས་འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་སྟེ་ཡབ་ཡུམ་ཕན་ཚུན་བལྟ་བ་དང་། རྒོད་པ་དང་། ལག་བཅངས་དང་། སེན་མོ་འདེབས་པ་དང་། འོ་བྱེད་པ་དང་། འཁྱུད་པ་ལ་སོགས་པས་རྒྱུད་བསྐུལ་ཏེ་ཕྱི་ཡི་ཧེ་རུ་ཀ་ཡབ་ཡུམ་འཁོར་ལོ་ལྔའི་རིགས་ལྔ་ཡབ་ཡུམ་རྣམས་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་རོལ་རྩེད་ཀྱིས་དབུ་མའི་ཡས་སྣེའི་ཧྃ་ཡིག་ཞུ་བའི་རྒྱུན་གྱིས་མགྲིན་པ་ཡན་ཁེངས། དགའ་བའི་ཡེ་ཤེས་སྣང་སྟོང་ཆོས་ཀྱི་ཕྱག་རྒྱའི་ངང་དུ་བཞག །སྙིང་གར་བབ་མཆོག་དགའི་ཡེ་ཤེས་གསལ་སྟོང་དམ་རྒྱའི་ངང་དུ་བཞག །ལྟེ་བར་བབ་དགའ་བྲལ་གྱི་ཡེ་ཤེས་བདེ་སྟོང་ལས་རྒྱ་དངོས་གྱི་ངང་དུ་བཞག །གསང་བའི་གནས་སུ་བབ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཏེ་ལུགས་འབྱུང་དཔེ་ཡི་ཡེ་ཤེས་ཞུ་བདེ་ལྷན་སྐྱེས་མངོན་དུ་བྱས། སླར་ཡང་རླུང་དང་འཁྲུལ་འཁོར་གྱིས་དཀར་དམར་འདྲེས་པའི་ཐིག་ལེ་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བཞི་མངོན་དུ་བྱས་པའི་དོན་གྱི་ཡེ་ཤེས་རིག་སྟོང་ཟུང་འཇུག་གམ་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པ་དང་དེ་དག་གི་སྐབས་སུ་གེགས་སེལ་སོགས་གསང་བ་སྤྱི་ཁྱབ་ལྟར་བྱ། དེ་ལྟར་རང་ལུས་ཐབས་ལྡན་ལེགས་པར་འབྱོངས་པ་ན་གཞན་ལུས་ཕོ་ཉའི་ལམ་ལ་ཕྱག་རྒྱ་པདྨ་ཅན་སོགས་ལྷ་དང་བླ་མས་ལུང་བསྟན་ཞིང་རྒྱུད་ལས་གསུང་པའི་མཚན་ཉིད་ལྡན་པ་བརྟགས་འགུགས་སྦྱངས་པ་ལེགས་པར་བྱས་ནས་ཤིན་ཏུ་དབེན་པའི་གནས་སུ་རྗེས་ཆགས་རྩོམ་ཞིང་ཕྱག་རྒྱའི་རྩ་བཙལ་བ་དང་ཁམས་གསོ་བའི་ཐབས་སོགས་ཐབས་ལམ་གྱི་གཞུང་དང་བླ་མའི་མན་ངག་ལྟར་ཕྱག་རྒྱའི་ཉེ་རྒྱུའི་མྱུར་ལམ་བརྟེན་པ་ལོ་གསུམ་ཟླ་བ་དྲུག་སོགས་ཀྱིས་གསང་བའི་སྤྱོད་པ་མཐར་དབྱུང་ཞིང་། དེ་དག་གི་སྐབས་དབབ་བཟུང་ལྡོག་བཀྲམ་ཀྱི་འཁྲུལ་འཁོར་རྣམས་ཀྱང་སྐབས་སོ་སོར་གནད་དུ་བསྣུན་པ་དང་། རྡོ་རྗེའི་གནས་ཡུལ་རྣམས་སུ་བརྟུལ་ཞུགས་ཀྱི་སྤྱོད་པ་བརྩམ་པས་ཡེ་ཤེས་ལ་བོགས་ཐོན་ཞིང་རྩ་ཡི་མདུད་པ་གྲོལ། རླུང་དབུ་མར་ཞུགས་གནས་ཐིམ་པའི་འགྲོས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་དང་སྐལ་པ་མཉམ་པ་ལམ་གྱི་ཡོན་ཏན་རྫོགས་ནས་རིང་པོར་མི་ཐོགས་པ་དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་པ་ལ་ཆེས་མྱུར་བ་ཉིད་དོ། །དེ་ཡང་ཡོངས་སུ་དག་པའི་རིག་མར་བྱིན་གྱིས་བརླབས་པ་བུམ་དབང་། མཁའ་གསང་ཡིག་འབྲུས་མཚན་པར་གསལ་བཏབ་ཅིང་། བལྟ་བ་དང་རྒོད་པ་གསང་དབང་། ལག་བཅངས་དང་གཉིས་འཁྱུད་ཀྱི་བདེ་བས་རྒྱུད་བསྐུལ་བ་ཤེར་དབང་། དགའ་བཞིའི་ལྷན་སྐྱེས་མཐར་ཕྱིན་པ་ཤེར་དབང་གི་ཚིགས་དབང་སྟེ་དབང་བཞིའི་ལམ་རྫོགས་པ་ཡིན་ནོ། །འཆི་མེད་བདེ་བ་ཆེན་པོའི་ལམ་མཆོག་ལ། །བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་སྒྲུབ་པ། །བླ་མ་ཧེ་རུ་ཀ་ཡི་གསང་གཏམ་ཆེ། །རིག་འཛིན་ཌཱ་ཀི་དགྱེས་པའི་མཐུ་ལས་སྤྲོས། །ཞེས་པའང་སྔ་སོར་དགེ་སློང་ཚེ་རིང་ཕུན་ཚོགས་ནས་ནན་ཏན་དུ་བསྐུལ་ཞིང་། ཉེ་ཆར་ལམ་འདི་ལ་མཆོག་ཏུ་དད་པ་བརྟན་པ་རི་ཀེད་བྱ་བྲལ་བ་གཞན་ཕན་ཐུགས་རྗེའི་མྱུ་གུས་གསུང་གི་སྐུལ་བས་མཚམས་སྦྱར་ཏེ། རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་ཤིང་བྱ་མགོ་ཟླ་སྔ་མའི་ཚེས་ཉེར་ལྔ་ལ་སྨྲས་རིམ་བཞིན་དུ་བསྐུལ་བ་པོ་ཉིད་ཀྱིས་ཡི་གེར་བྲིས་པ་འདིས་ཀྱང་གསང་སྤྱོད་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །།།
[edit]

@#/__/ma gcig gsang spyod snyan brgyud las/__sher dbang dang 'brel ba thugs rdo rje chos sku'i khrid yig bzhugs so/__/ gsum pa thugs rdo rje chos sku'i khrid la gsum ste/__yum chen mkha' 'gro dbang du sdud pa'i 'khrul 'khor la 'bad pa/__mkha' 'gro mnyes byed rang lus bde stong gi mchod pa bya ba/__mkha' 'gro dbang du 'dus ba'i byin rlabs bde stong gi rang zhal blta ba'o/__/dang po mkha' 'gro dbang sdud kyi 'khrul 'khor ni/__mkhas btsun bstan pa'i rgyal mtshan gyis mdzad pa'i 'khrul 'khor rtsa tshig zhal shes dang bcas pa las shes par bya zhing /__de yang rlung dang gtum mo'i rnal 'byor la sgom pa cung zad brtan pa zhig gis/__'khrul 'khor la 'bad na gegs thams cad sel zhing rtsa rlung thig le mnyen lcug dang ldan zhing rlung sems la rang dbang thob pas ye shes mkha' 'gro sde lngas rtsa thig byin gyis brlabs pas mchog dngos 'grub pa'i nye rgyu'i rten 'brel dbang du byed pa'i myur lam khyad par du 'phags pa'o/__/gnyis pa mkha' 'gro mnyes byed rang lus bde stong gi mchod pa bya ba ni/__rang nyid phyi dbyibs kyi stong ra rdo rje phag mo sku mdog dmar mo zhal gnyis pa/__rtsa zhal khro 'dzum spyan gsum dmar mdangs can/__steng gi phag zhal nag po dur sgra sgrogs pa spyan gsum dmar mo gyen du blta bas chos nyid kyi bden pa gzigs pa dbu skra sil bu cung zad bcings pa lhod par gyur pa thod skam lngas brgyan pa phyag g.yas gri gug 'bar ba 'phyar zhing /__g.yon thod khrag thugs kar 'dzin pa'i mchan khung na yab he ru ka'i rang bzhin rdo rje kha T+wA~M ga 'chang ba/__rus pa'i phyag rgya lngas brgyan te srid zhi la mi gnas pa'i brdar zhabs g.yas bskum/__g.yon brkyang ba'i gar stabs kyis dbugs bral gsar pa'i snying ga mnan te pad nyi'i gdan la ye shes kyi me 'bar ba'i klong na bzhugs pa'i sku lus dwangs gsal sgrib thogs dang bral ba'i stong ra la sems yun ring bzung /__de nas spyi bo'i gtsug nas gsang gnas kyi bar rtsa dbu ma sbom phra mda' smyug 'bring po tsam pa/__bde ba chen po mtshon pa'i phyir du phyi dkar la/__stong pa mtshon phyir nang dmar ba/__zung 'jug mtshon pa'i dbu ma'i nang khong stong /__chu shing gi snying po ltar drang ba/__rgya skyegs kyi khu ba ltar dmar ba/__til gyi zhun mar ltar dwangs pa/__pad+ma'i 'dab ma ltar srab pa ste dbu ma chos bzhi ldan gsal gdab/__de'i g.yas na ro ma dmar mo g.yon na rkyang ma dkar mo/__de gnyis kyi mas sna dbu ma'i nang du chud pa/__lte ba snying ga mgrin pa spyi bo ste gnas bzhir ro rkyang gnyis 'khril ba'i rtsa mdud re re yod pa/__spyi bo nas g.yas su ro ma g.yon du rkyang ma rtsa phran bzhi bzhi gyes pa kha'i g.yas g.yon gnyis sna bug gnyis/__mig gnyis/__rna ba gnyis po rnams la sbrul mgo ltar chig ge yod pa/__gshang lam gyi sgor rlung gi mda' gzhu mchog ma la/__ba dan sngon po 'phyangs pa/__mas sne rtsa ro rkyang gnyis kyi bar gyi dbu ma'i nang du chud pa/__dbu ma'i yar sna haM yig dkar po/__bde chen byang chub sems kyi bdud rtsi'i ngo bo mgo thur la bstan pa/__lte ba'i 'og tu chos 'byung dmar po rtsa ba phra ba thur du zug pa/__gdengs kha che ba gyen du bstan pa'i nang du/__dga' ba 'khyil pa dmar po me'i rang bzhin can g.yon phyogs su 'khor ba/__de yi lte bar hrIHdmar po me'i rang bzhin/__rtsa ba phra ba/__rtse mo rno ba/__sked pa ldir ba/__reg bya tsha ba/__kha dog dmar ba ste chos lnga ldan gsal/__spyi bo bde chen gyi 'khor lo rtsa 'dab so gnyis pa'i lte bar/__nyon mongs gti mug dang khyab byed kyi rlung rnam par dag pa/__sku yi thig le'i ngo bo/__me long ye shes kyi rang gzugs kyi sangs rgyas mkha' 'gro dkar mo phyag gnyis DA dril zhabs gar stabs/__rus pa'i rgyan gyis brgyan pa/__rtsa 'dab rnams su rang 'dra'i mkha' 'gro so gnyis/__mgrin pa longs spyod kyi 'khor lo rtsa 'dab bcu drug pa'i lte bar/__nyon mongs 'dod chags/__gyen rgyu'i rlung dag pa/__gsung gi thig le'i ngo bo/__sor rtogs ye shes kyi rang gzugs pad+ma mkha' 'gro dmar mo/__rgyan phyag mtshan sngar dang 'dra/__rtsa 'dab su rang 'dra bcu drug__/snying ga chos kyi 'khor lo rtsa 'dab brgyad pa'i dbus su/__nyon mongs zhe sdang /__srog 'dzin gyi rlung dag pa/__thugs kyi thig le'i ngo bo chos dbyings ye shes kyi rang gzugs rdo rje mkha' 'gro sngon mo rgyan phyag mtshan gang dang 'dra/__rtsa 'dab su rang 'dra'i mkha' 'gro brgyad/__lte ba sprul pa'i 'khor lo rtsa 'dab re bzhi'i dbus na/__nyon mongs nga rgyal dang ser sna/__me mnyam gyi rlung dag pa/__yon tan gyi thig le'i ngo bo mnyam nyid ye shes kyi rang gzugs las kyi DA ki ljang gu/__phyag gnyis DA dril zhabs gar stabs/__rtsa 'dab grangs mnyam gyi DA ki/__lha de thams cad kyang bde ba chen po'i gar stabs kyis g.yas bskor du 'khor ba rnams gsal btab la/__sems yun ring du bzung /__de nas dug gsum rlung 'bud kyi dmigs pa dang bcas rlung thengs gsum mam dgu bsal/__'phongs g.yas g.yon bkyag res kyis thur sel gyen du drangs pas 'og rlung gis bskul te/__gsang gnas kyi DA ki las rlung g.yos pas lte 'og gi me dkyil la phog__/de las me lce glog gi zer ma lta bu shin tu phra ba 'bar bas lte ba'i rtsa 'khor gyi rtsa rlung thig le'i snyigs ma thams cad bsregs/__dwangs ma ye shes kyi me dang 'dres pa rim pas mched de snying kha dang mgrin pa spyi bo'i bar du bsregs shing sbyang /__slar yang me thur du 'phros gsang gnas kyi rtsa 'khor bsreg par bsam la rlung bum can lte bar bzung /__yang sngar bzhin 'byed 'dzum gyi sbyor bas rlung dkyil bskul/__lte 'og gi gtum mo sbar ba sngar ltar la/__me lce shin tu phra ba rno myur shugs drag thogs pa med pa dbu ma'i nang du song ste spyi bo'i ha~M yig mgo thur bstan la reg pa tsam gyis/__byang sems dkar po mar dkar zhu ba'i khu ba lta bu'i sngar gyi lte ba'i hrIHdga' ba 'khyil pa dang bcas pa'i steng du babs pas me lce la snum thig bran ba bzhin gyur/__de'i rkyen gyis me cher 'bar ba dbu ma'i nang nas thal gyi song ha~M la phog pas ha~M las bdud rtsi bde ba chen po'i rang bzhin pa thag lta bu nar gyis drangs te/__spyi bo'i sangs rgyas mkha' 'gro'i lha tshogs thams cad kyi sku lus kyi nang thams cad gang /__sad pa'i sgrib pa dag__/bum dbang thob/__dga' ba'i ye shes nyams su myong /__bdud rtsi mgrin par drangs/__rmi lam gyi sgrib pa dag__/gsang dbang thob/__mchog dga'i ye shes nyams su myong /__snying ga'i rtsa 'khor gang /__gnyid 'thug gi sgrib pa dag__/sher dbang thob/__dga' bral gyi ye shes nyams su myong /__lte ba dang gsang gnas kyi rtsa 'khor gang /__snyoms 'jug gi sgrib pa dag__/tshig dbang thob/__lhan cig skyes dga'i ye shes nyams su myong par bsam la/__'khor lo so sor rlung bum can bzung /__bde stong gi nyams kyi rang ngo bskyang /__de ltar zhu bde 'bar 'dzag gi mchod pa phul bas/__tshogs chen rdzogs/__sgrib pa thams cad dag ste/__rdo rje bzhi yi ye shes mngon du bskyed par 'gyur ro/__/de dag gi skabs su gegs sel 'khrul 'khor yang ci rigs bya dgos shing /__thun bsdu ba na bde drod kyi dwangs ma thams cad 'khor lo so so'i gtso mo'i thugs ka'i thig le dang 'khor lo lnga'i lha rnams snying ga'i mi skyod pa la bsdu/__de'ang rim gyis nA da'i bar du bsdu/__de yang mi dmigs pa 'od gsal phyag rgya chen po'i ngang du 'jog pa gnad dam pa'o/__/gsum pa mkha' 'gro dbang du 'dus pa'i byin rlabs bde stong gi rang zhal blta ba ni/__phyi nang gi stong ra/__rlung me'i dkyil 'khor rtsa 'khor lha dang bcas bsgom pa sngar ltar/__spyi bo'i dbu ma'i yar sna ha~M yig steng du pa~M las pad+ma 'dab ma stong ldan de steng ra~M las nyi dkyil 'od zer 'bum ldan/__de steng a las zla dkyil gyi steng du rtsa ba'i bla ma rdo rje 'chang he ru ka sku mdog dmar po yum rdo rje mkha' 'gro sngon mo gri thod 'dzin pa dang mnyam par sbyor ba rdor dril thugs kar bsnol te yum la 'khyud pa khro 'dzum rjes chags kyi nyams can dar dang rin po che dang rus pa'i rgyan gyis brgyan pa/__zhabs rdo rje skyil krung du bzhugs pa skyabs gnas kun 'dus kyi rang bzhin du gsal ba la/__mos gus drag pos byin rlabs gnad 'bebs ma'i gsol 'debs bya/__bla ma'i gnas gsum yig 'bru gsum las 'od zer bdud rtsi bde ba chen po'i rang bzhin dkar dmar mthing gsum char drag tu babs pa ltar byung ste/__lus nang gi rtsa 'khor lnga yi lha tshogs rnams kyi sku yi gnas thams cad gang /__dbang thams cad thob/__sgrib pa thams cad dag__/bde ba chen po'i ye shes nyams su myong bar mos la bde stong phyag rgya chen po'i rang zhal lta zhing thugs yid bsre/__slar yang gtum mo'i mes rtsa 'khor bsreg pa sngar ltar gyi rjes me lce ha~M yig la reg pas ha~M las bdud rtsi dkar po rlangs sprin brdol ba ltar byung ba bla ma he ru ka yab yum gyi sku lus nang thams cad bde chen bdud rtsi'i mchod pa phul bas thugs rab tu mnyes/__sku gsung thugs kyi dam tshig nyams chag sbyang /__bdag la thugs rab tu dgyes pas bla ma yab yum bdud rtsi bde ba chen po'i rang bzhin du 'od du zhu ba ha~M yig dang ro gcig tu 'dres/__ha~M yig de nyid gtum mo'i me'i shugs kyis mgo mjug ldog ste 'bar 'dzag sngar bshad pa bzhin sgom/__mthar lus kyi rtsa nang thams cad dang /__ba spu'i bu ga tshun chad bdud rtsi bde ba chen pos them mer gang bar bsam la lte 'og tu rlung bum can yun ring du bzung bas byin brlabs brtan par bya'o/__/skabs su bogs 'don pa'i slad du rang nyid rdo rje phag mo rtsa 'khor gyi lha dang bcas pa gsal ba la kha T+wA~M ga gnas bsgyur te rang rigs kyi yab dpal he ru ka dmar po rdor dril 'dzin pa dang rjes chags mnyam par sbyor bas/__thig le 'beb pa rang gi mkha' gsang du bskyil ba hU~M gi sbyor bas gyen du 'khor lo so sor drangs shing khyab par bkram mthar thig le thams cad spyi bo'i ha~M la bstim nas rdul bral shin tu rnam par dag pa mchog tu mi 'gyur ba bde ba chen po'i ye shes la mnyam par bzhag__/'di'i skabs su yab kyi gnas lngar rnam snang la sogs pa'i he ru ka yab rkyang re gsal/__yab kyi rdo rje hU~M las rdo rje sngon po rtse lnga pa bu gar phaTaHkyis bkag pa yum gyi mkha' gsang aHlas pad+ma 'dab bzhi dmar po ze'u 'brur AH_sa mtshan par gsal ba sogs 'du shes gsum gyis snyoms par 'jug ste yab yum phan tshun blta ba dang /__rgod pa dang /__lag bcangs dang /__sen mo 'debs pa dang /__'o byed pa dang /__'khyud pa la sogs pas rgyud bskul te phyi yi he ru ka yab yum 'khor lo lnga'i rigs lnga yab yum rnams mnyam par sbyor ba'i rjes chags kyi rol rtsed kyis dbu ma'i yas sne'i ha~M yig zhu ba'i rgyun gyis mgrin pa yan khengs/__dga' ba'i ye shes snang stong chos kyi phyag rgya'i ngang du bzhag__/snying gar bab mchog dga'i ye shes gsal stong dam rgya'i ngang du bzhag__/lte bar bab dga' bral gyi ye shes bde stong las rgya dngos gyi ngang du bzhag__/gsang ba'i gnas su bab lhan cig skyes dga'i ye shes te lugs 'byung dpe yi ye shes zhu bde lhan skyes mngon du byas/__slar yang rlung dang 'khrul 'khor gyis dkar dmar 'dres pa'i thig le gyen du drangs pas mas brtan gyi dga' bzhi mngon du byas pa'i don gyi ye shes rig stong zung 'jug gam phyag rgya chen po'i ngang du bzhag pa dang de dag gi skabs su gegs sel sogs gsang ba spyi khyab ltar bya/__de ltar rang lus thabs ldan legs par 'byongs pa na gzhan lus pho nya'i lam la phyag rgya pad+ma can sogs lha dang bla mas lung bstan zhing rgyud las gsung pa'i mtshan nyid ldan pa brtags 'gugs sbyangs pa legs par byas nas shin tu dben pa'i gnas su rjes chags rtsom zhing phyag rgya'i rtsa btsal ba dang khams gso ba'i thabs sogs thabs lam gyi gzhung dang bla ma'i man ngag ltar phyag rgya'i nye rgyu'i myur lam brten pa lo gsum zla ba drug sogs kyis gsang ba'i spyod pa mthar dbyung zhing /__de dag gi skabs dbab bzung ldog bkram kyi 'khrul 'khor rnams kyang skabs so sor gnad du bsnun pa dang /__rdo rje'i gnas yul rnams su brtul zhugs kyi spyod pa brtsam pas ye shes la bogs thon zhing rtsa yi mdud pa grol/__rlung dbu mar zhugs gnas thim pa'i 'gros kyis ye shes kyi mkha' 'gro ma rnams dang skal pa mnyam pa lam gyi yon tan rdzogs nas ring por mi thogs pa dpal he ru ka yab yum gyi go 'phang thob pa la ches myur ba nyid do/__/de yang yongs su dag pa'i rig mar byin gyis brlabs pa bum dbang /__mkha' gsang yig 'brus mtshan par gsal btab cing /__blta ba dang rgod pa gsang dbang /__lag bcangs dang gnyis 'khyud kyi bde bas rgyud bskul ba sher dbang /__dga' bzhi'i lhan skyes mthar phyin pa sher dbang gi tshigs dbang ste dbang bzhi'i lam rdzogs pa yin no/__/'chi med bde ba chen po'i lam mchog la/__/brten nas phyag rgya chen po mchog sgrub pa/__/bla ma he ru ka yi gsang gtam che/__/rig 'dzin DA ki dgyes pa'i mthu las spros/__/zhes pa'ang snga sor dge slong tshe ring phun tshogs nas nan tan du bskul zhing /__nye char lam 'di la mchog tu dad pa brtan pa ri ked bya bral ba gzhan phan thugs rje'i myu gus gsung gi skul bas mtshams sbyar te/__rig 'dzin gyi btsun pa pad+ma ye shes rdo rjes shing bya mgo zla snga ma'i tshes nyer lnga la smras rim bzhin du bskul ba po nyid kyis yi ger bris pa 'dis kyang gsang spyod snyan brgyud kyi bstan pa rin po che phyogs dus gnas skabs kun tu dar zhing rgyas pa'i rgyur gyur cig__///__

Footnotes

Other Information