མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-042
Wylie title ma gcig gsang spyod snyan brgyud las/ gsung rdo rje longs sku'i khrid kyi mjug mthud JKCL-KABUM-06-CHA-042.pdf
Location chos kyi blo gros bka' 'bum
Volume 6, Text 42, Pages 665-668 (Folios 1a1 to 2b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Associated People མ་གཅིག་ལབ་སྒྲོན་ (ma gcig lab sgron)
Citation 'jam dbyangs mkhyen brtse chos kyi blo gros. ma gcig gsang spyod snyan brgyud las gsung rdo rje longs sku'i khrid kyi mjug mthud. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 665-668. Bir, H.P.: Khyentse Labrang, 2012.
Genre Contemplative Guide Books and Instructional Manuals - khrid yig
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)
Colophon

།ཞེས་པའང་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད་དུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཕག་ནག་གི་རྫོགས་རིམ་སོགས་ལས་བཏུས་ཏེ་བྲིས་པ་དགེའོ།།

zhes pa'ang gsang spyod mkha' 'gro'i snyan brgyud kyi gsung rdo rje longs sku'i khrid kyi mjug mthud du/__'jam dbyangs chos kyi blo gros pas phag nag gi rdzogs rim sogs las btus te bris pa dge'o//_

1 Texts in this Section (sde tshan or chos tshan)

[edit]
མ་གཅིག་གསང་སྤྱོད་སྙན་བརྒྱུད་ལས། གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད་བཞུགས་སོ། །དྲག་རླུང་གཏུམ་མོའི་རྣལ་འབྱོར་ལ། །བཅའ་བ་ལུས་ཀྱི་གནད་ནི། །ལུས་ཙོག་པུ་གང་ལའང་མ་སྙེས་པར། རྐང་པ་གཉིས་རེ་མིག་ལྟར་བསྣོལ། ལག་གཉིས་གྲུ་མོ་པུས་མོའི་སྟེང་བཙུག །ལག་སོར་གྱིས་དཔུང་པའི་བར་ལྷུ་གཉིས་ལ་འཇུས་ཏེ། མེ་ཐབ་དྲུག་ཆིང་གི་ཕྱག་རྒྱ་བཅས་ལ། རང་ཉིད་རྡོ་རྗེ་ཕག་མོ་ཞལ་གཉིས་མ། རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བའི་ལྟེ་བའི་ཐང་དུ་ཆོས་འབྱུང་དམར་པོ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་གདེངས་ཁ་ཆེ་བ་གྱེན་དུ་བསྟན་པའི་ནང་དུ་དགའ་བ་འཁྱིལ་པ་དམར་པོ་མེའི་རང་བཞིན་ཅན་གཡོན་ཕྱོགས་སུ་འཁོར་བ། དེའི་ལྟེ་བར་ཧྲཱིཿདམར་པོ་བདེ་བའི་ངོ་བོ་རང་མདངས་གསལ་ཞིང་འོད་དུ་འབར་བ་གཅིག་སྒོམ། དེ་ནས་བཟུང་བ་རླུང་གི་གནད་ནི། རླུང་རོ་བསལ་ལ་རླུང་དལ་བུས་རྔུབས། འོག་རླུང་ཅུང་ཟད་གྱེན་དུ་འཐེན་པ་དང་མཉམ་དུ་སྟེང་རླུང་མནན། ལྟེ་བར་ཁ་སྦྱར་ཐད་ཀར་རྒྱངས། དེ་ནས་རླུང་དྲག་ཏུ་རྡེགས་གཡས་གཡོན་བསྐོར་བས་སྔར་གྱི་གཡུང་དྲུང་འཁྱིལ་པ་ཧྲཱིཿདང་བཅས་པ་ལས་མེ་ཤིན་ཏུ་ཚ་བ་ཐོག་གི་ཟེར་ལྟ་བུ་འབར་བས་རྩ་འཁོར་ཐམས་ཅད་བསྲེགས། ལུས་ཀྱི་ནང་གང་སྤྱི་བོའི་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་དེ་ལས་བྱང་སེམས་དཀར་པོ་མར་དཀར་ཞུ་བའི་ཁུ་བ་ལྟ་བུ་སྣུམ་དང་ལྡན་པ་སྔར་གྱི་ལྟེ་བའི་ཧྲཱིཿདགའ་བ་འཁྱིལ་བ་དང་བཅས་པའི་སྟེང་དུ་བབས་པས་སྒྲོན་མེ་ལ་སྣུམ་གྱི་མགོ་ཐེག་བྲན་པའམ་ཧོམ་སྦར་བ་ལྟར་མེ་ཆེས་ཆེར་འབར། ལུས་ཀྱི་བུ་ག་ཐམས་ཅད་ནས་ཀྱང་མེ་ལྕེ་ཕྱིར་དོན་པ་སླར་རང་ལུས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་དུ་འདུག་པར་བསམ་ལ་ལུས་རླུང་ལྡན་སྤྲུགས་བསིལ་བྱས་པས་དྲོད་དེ་མ་ཐག་ཆེས་ཆེར་སྐྱེ། དྲོད་ཀྱིས་ཀུནྡ་ཞུ་བས་བདེ་བ་སྐྱེ། བདེ་བ་དེ་རང་གསལ་འཛིན་མེད་བསྐྱང་བས་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་འཆར་བ་ཡིན་པས་དེ་ཉིད་དུས་རྟག་ཏུ་བསྐྱངས་བར་བྱའོ། །ཡང་ཕག་མོའི་ལས་ཚོགས་ལས་བྱུང་བའི་རྫོགས་པའི་རིམ་པ་སྟེང་སྒོ་ཐིག་ལེའི་རྣལ་འབྱོར་ལ་བརྟེན་པའི་བདེ་བ་ལམ་དུ་བྱེད་པ་ནི། རང་ཕག་མོ་ཞལ་གཉིས་མ་གསལ་བའི་ཕག་ཞལ་གྱི་སྤྱན་དབུས་མའི་ཐད་ཙམ་གྱི་སྟེང་གི་ནམ་མཁའ་དགའ་བ་འཁྱིལ་བ་དམར་པོ་གཡོན་སྐོར་དུ་འཁོར་རོ་རོ་འཁྱིལ་བ་ལས་བདུད་རྩིའི་རྒྱུན་སྐྱ་ན་ར་ར་བབས་པ་ཕག་ཞལ་གྱི་ནང་དུ་སོང་བས་ལུས་ནང་གང་ནས་བདེ་ཆི་ལི་ལི་བྱུང་བར་བསམ་པས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བའོ། །འོག་སྒོ་ལ་བརྟེན་པ་ནི་བྷ་གའི་ནང་དུ་ཆོས་འབྱུང་བསྣོལ་མའི་དབུས་སུ། བྃ་ཧ་རི་ནི་ས་མེའི་རང་བཞིན་ཅན་སྒོམ་སྲིན་ཞལ་ཡང་དལ་བུས་བཙུམ་ཞིང་འོག་རླུང་གྱེན་དུ་བསྐྱོད་པས། ཡི་གེ་ལྔ་ལས་མེའི་རེག་བྱ་ཤིན་ཏུ་ཚ་ཞིང་མེ་ལྕེ་ཕྲ་ལ་རྩེ་མོ་རྣོ་བ་ལྔ་འབར། ལྟེ་བའི་གཏུམ་མོའི་ཨ་ཤད་ལ་རེག་པའི་རྐྱེན་གྱིས་མེ་ཆེར་འབར་བ་དབུ་མའི་ནང་ནས་ཡར་སོང་། རྩ་འཁོར་རྣམས་བསྲེག །སྤྱི་གཙུག་གི་ཧྃ་མགོ་ཐུར་དུ་བསྟན་པ་ལ་མེ་ལྕེ་རེག་པས་ཧྃ་ལས་བྱང་སེམས་དཀར་པོ་བབས། རིམ་བཞིན་རྩ་འཁོར་ཡི་གེ་དང་བཅས་པ་གསོས། དགའ་བཞིའི་བདེ་སྟོང་ཆེར་རྒྱས་པའི་འབར་འཛག་ལ་སེམས་གཏད་ལ་སྒོམ་ཞིང་། དེའི་ཚེ་ལུས་ཕྱེད་བཅིངས་པུས་འཁྱུད་ཀྱིས་མན་ངག་ལྟར་ལེགས་པར་བཅིང་ལ། བར་རླུང་ཐད་ཀར་བརྒྱངས་པས་བདེ་དྲོད་སྐྱེའོ། །དེ་ལྟར་བྱས་ཀྱང་བདེ་དྲོད་སྐྱེ་དཀའ་ན་ལུས་མི་སྡོད་པར་སྒུལ་སྐྱོད་བྱེད། ངག་ནས་ཧ་རི་ནི་ས་འུར་འུར་རཾ་རཾ་ཅེས་ཤུབ་བུར་བཟླས་པའི་ཁ་རླངས་རང་གི་ལུས་ཀྱི་མདུན་ངོས་ལ་ཕོག་པར་བྱས་པས་བདེ་དྲོད་འབར་བར་འགྱུར་རོ། །རང་བཞིན་ཡོངས་ཤེས་ཀྱི་ཤིན་ཏུ་སྤྲོས་པ་མེད་པའི་རྫོགས་རིམ་ནི། བརྡ་བཞི་བརྒྱུད་པའི་སྐབས་སུ་ངོ་སྤྲད་པ་ལྟར་གྱི་ཕྱག་རྒྱ་ཆེན་པོའི་དགེ་སྦྱོར་བསྐྱང་བར་བྱའོ། །ཞེས་པའང་གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ཀྱི་གསུང་རྡོ་རྗེ་ལོངས་སྐུའི་ཁྲིད་ཀྱི་མཇུག་མཐུད་དུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཕག་ནག་གི་རྫོགས་རིམ་སོགས་ལས་བཏུས་ཏེ་བྲིས་པ་དགེའོ།། །།
[edit]

ma gcig gsang spyod snyan brgyud las/__gsung rdo rje longs sku'i khrid kyi mjug mthud bzhugs so/__/drag rlung gtum mo'i rnal 'byor la/__/bca' ba lus kyi gnad ni/__/lus tsog pu gang la'ang ma snyes par/__rkang pa gnyis re mig ltar bsnol/__lag gnyis gru mo pus mo'i steng btsug__/lag sor gyis dpung pa'i bar lhu gnyis la 'jus te/__me thab drug ching gi phyag rgya bcas la/__rang nyid rdo rje phag mo zhal gnyis ma/__rtsa gsum 'khor lo bzhi dang bcas pa gsal ba'i lte ba'i thang du chos 'byung dmar po rtsa ba phra ba thur du zug pa gdengs kha che ba gyen du bstan pa'i nang du dga' ba 'khyil pa dmar po me'i rang bzhin can g.yon phyogs su 'khor ba/__de'i lte bar hrIHdmar po bde ba'i ngo bo rang mdangs gsal zhing 'od du 'bar ba gcig sgom/__de nas bzung ba rlung gi gnad ni/__rlung ro bsal la rlung dal bus rngubs/__'og rlung cung zad gyen du 'then pa dang mnyam du steng rlung mnan/__lte bar kha sbyar thad kar rgyangs/__de nas rlung drag tu rdegs g.yas g.yon bskor bas sngar gyi g.yung drung 'khyil pa hrIHdang bcas pa las me shin tu tsha ba thog gi zer lta bu 'bar bas rtsa 'khor thams cad bsregs/__lus kyi nang gang spyi bo'i haM dkar po mgo thur du bstan pa de las byang sems dkar po mar dkar zhu ba'i khu ba lta bu snum dang ldan pa sngar gyi lte ba'i hrIHdga' ba 'khyil ba dang bcas pa'i steng du babs pas sgron me la snum gyi mgo theg bran pa'am hom sbar ba ltar me ches cher 'bar/__lus kyi bu ga thams cad nas kyang me lce phyir don pa slar rang lus ye shes kyi me dpung 'bar ba'i klong dkyil du 'dug par bsam la lus rlung ldan sprugs bsil byas pas drod de ma thag ches cher skye/__drod kyis kun+da zhu bas bde ba skye/__bde ba de rang gsal 'dzin med bskyang bas mi rtog pa'i ye shes rgyud la skyes te gsal stong zung 'jug gi ye shes 'char ba yin pas de nyid dus rtag tu bskyangs bar bya'o/__/yang phag mo'i las tshogs las byung ba'i rdzogs pa'i rim pa steng sgo thig le'i rnal 'byor la brten pa'i bde ba lam du byed pa ni/__rang phag mo zhal gnyis ma gsal ba'i phag zhal gyi spyan dbus ma'i thad tsam gyi steng gi nam mkha' dga' ba 'khyil ba dmar po g.yon skor du 'khor ro ro 'khyil ba las bdud rtsi'i rgyun skya na ra ra babs pa phag zhal gyi nang du song bas lus nang gang nas bde chi li li byung bar bsam pas bde gsal mi rtog pa'i ting nge 'dzin skye ba'o/__/'og sgo la brten pa ni b+ha ga'i nang du chos 'byung bsnol ma'i dbus su/__ba~M ha ri ni sa me'i rang bzhin can sgom srin zhal yang dal bus btsum zhing 'og rlung gyen du bskyod pas/__yi ge lnga las me'i reg bya shin tu tsha zhing me lce phra la rtse mo rno ba lnga 'bar/__lte ba'i gtum mo'i a shad la reg pa'i rkyen gyis me cher 'bar ba dbu ma'i nang nas yar song /__rtsa 'khor rnams bsreg__/spyi gtsug gi ha~M mgo thur du bstan pa la me lce reg pas ha~M las byang sems dkar po babs/__rim bzhin rtsa 'khor yi ge dang bcas pa gsos/__dga' bzhi'i bde stong cher rgyas pa'i 'bar 'dzag la sems gtad la sgom zhing /__de'i tshe lus phyed bcings pus 'khyud kyis man ngag ltar legs par bcing la/__bar rlung thad kar brgyangs pas bde drod skye'o/__/de ltar byas kyang bde drod skye dka' na lus mi sdod par sgul skyod byed/__ngag nas ha ri ni sa 'ur 'ur raM raM ces shub bur bzlas pa'i kha rlangs rang gi lus kyi mdun ngos la phog par byas pas bde drod 'bar bar 'gyur ro/__/rang bzhin yongs shes kyi shin tu spros pa med pa'i rdzogs rim ni/__brda bzhi brgyud pa'i skabs su ngo sprad pa ltar gyi phyag rgya chen po'i dge sbyor bskyang bar bya'o/__/zhes pa'ang gsang spyod mkha' 'gro'i snyan brgyud kyi gsung rdo rje longs sku'i khrid kyi mjug mthud du/__'jam dbyangs chos kyi blo gros pas phag nag gi rdzogs rim sogs las btus te bris pa dge'o//___//

Footnotes

Other Information