DKR-KABUM-22-ZA-010: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་ལས་བྱང་༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: . Delhi: Shechen Publications, 1994. | |fulltitle=bka' brgyad bde gshegs kun 'dus las: yum bka' DA ki'i srog tig gi las byang | ||
|citation=[[Khyentse, Dilgo]]. ''Bka' brgyad bde gshegs kun 'dus las yum bka' DA ki'i srog tig gi las byang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: 113-127. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 11: | Line 12: | ||
|sourcerevealer=Khyentse, Dilgo | |sourcerevealer=Khyentse, Dilgo | ||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Activity Manual - las byang | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 27: | Line 24: | ||
|volyigtib=ཟ་ | |volyigtib=ཟ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=010 | |||
|pagenumbers=113-127 | |||
|totalpages=30 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=15b3 | ||
|totalfolios=15 | |||
|multivolumework=No | |||
|rectonotes=las byang | |||
|versonotes=bka' brgyad yum ka | |versonotes=bka' brgyad yum ka | ||
|pdflink=File:DKR-KABUM-22-ZA-010.pdf | |pdflink=File:DKR-KABUM-22-ZA-010.pdf | ||
}} | }} | ||
Line 36: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་ལས་བྱང་བཞུགས༔ | {{TibP|༁ྃ༔ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་ལས་བྱང་བཞུགས༔<br><br> | ||
༁ྃ༔ ༔༔༔བརྡ་ཡིག མངོན་རྫོགས་ཧེ་རུ་ཀ་ལ་འདུད༔ ཡང་དག་སྒྲུབ་པའི་རྣལ་འབྱོར་པ༔ དད་བརྩོན་བརྟུལ་ཞུགས་ལྡན་པ་ཡིས༔ ཡུམ་བཀའ་གསང་བའི་མན་ངག་གི༔ བསྐྱེད་རིམ་མཆོག་གི་ལམ་ཟབ་མོ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ སྦྱོར་བའི་དང་པོ་སྐྱབས་འགྲོ་ནི༔ ཚོགས་ཞིང་མདུན་དུ་གསལ་བཏབ་སྟེ༔ ན་མོཿ བདེ་གཤེགས་ཀུན་འདུས་ལྷག་པའི་ལྷ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཆེ༔ རབ་འབྱམས་རྩ་གསུམ་རྒྱ་མཚོ་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ འགྲོ་ཀུན་སྲིད་ཞི་ལས་སྒྲོལ་ཕྱིར༔ བསྐྱེད་རྫོགས་སྙིང་པོའི་རྣལ་འབྱོར་གྱིས༔ བྱང་ཆུབ་བསྒྲུབ་པར་དམ་བཅའ་སྟེ༔ གཞན་ཕན་སྤྱོད་ལ་འཇུག་པར་བགྱི༔ གསུམ་པ་ཚོགས་གཉིས་བསགས་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བཞི་པ་བར་ཆད་བགེགས་བསྐྲད་ཕྱིར༔ གཏོར་མ་བསང་སྦྱང་འདོད་ཡོན་སྤེལ༔ ཧཱུྃ་ཧྲཱིཿ ང་ནི་སྤྱི་དཔལ་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་ཁྱབ་བདག་སྟེ༔ སྣང་སྲིད་འབྱུང་པོ་མ་ལུས་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་ཡི༔ ལྷ་སྔགས་བལྟ་བར་མི་དབང་བས༔ གནས་འདིར་མ་འདུག་གཞན་དུ་དེངས༔ ཅིས་ཀྱང་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ སྣང་སྲིད་ཁྲོ་བོ་ཕོ་ཉས་ཁེངས༔ དྲགས་སྔགས་ང་རོ་རབ་ཏུ་སྒྲོགས༔ སྟོང་ཉིད་སྙིང་རྗེའི་ཏིང་འཛིན་གྱིས༔ གནད་ནས་གཟེར་ཞིང་བརླག་ཏ་རེ༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ སྔགས་དང་ཐུན་གྱིས་གཟིར་ལ་བསྐྲད༔ ལྔ་པ་སྲུང་བའི་འཁོར་ལོ་བསྒོམ༔ ཧཱུྃ༔ སྣང་སྲིད་ཁྲོ་རྒྱལ་སྐུ་གསུང་ཐུགས༔ ཁམས་གསུམ་འབར་བ་ཁྲོ་བོའི་ཞིང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལ༔ བགེགས་དང་བར་ཆད་སྲུང་མཚམས་བྲལ༔ ཏིང་འཛིན་རྡོ་རྗེའི་རྭ་བ་གུར༔ བླ་བྲེ་མཚོན་ཆའི་གུར་ཁང་བྲེས༔ མེ་རི་མེ་དཔུང་ཕྱོགས་བཅུར་འབར༔ སྟེང་འོག་ཕྱོགས་མཚམས་ཁྲོ་བཅུས་གཏམས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི༔ ཨཿ དག་པ་རབ་འབྱམས་ལྷུན་གྲུབ་རྒྱལ་བའི་ཞིང༔ གདོད་ནས་འདུ་འབྲལ་མེད་པའི་དཀྱིལ་འཁོར་ལྷར༔ མངོན་སུམ་ལྟ་བ་མཇལ་བའི་ཕྱག་འཚལ་ཕྱིར༔ ཡེ་ཤེས་ཆེན་པོའི་སྒོ་ཡང་དབྱེ་བར་འཚལ༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ྄༔ བདུན་པ་ཕྱག་འཚལ་བསྟོད་པ་ནི༔ ཧོཿ སྒྲུབ་པ་བཀའ་བརྒྱད་ཞི་ཁྲོ་འདུས་པའི་སྐུ༔ བསྐལ་པ་གོང་ནས་བདག་གི་ཡི་དམ་སྟེ༔ དེང་འདིར་རང་རིག་རྩལ་དུ་རྟོགས་པ་ཡིས༔ བརྡ་དང་གར་གྱིས་ཕྱག་འཚལ་བསྟོད་པར་བགྱི༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ བརྒྱད་པ་བྱིན་ཆེན་དབབ་པ་ནི༔ རྣལ་འབྱོར་པ་རྣམས་རྒྱན་གྱིས་སྤྲས༔ གཟི་བྱིན་བསྐྱེད་དེ་ད་ལར་བསྐོར༔ སྤོས་དང་རོལ་མོ་ཅང་ཏེའུ་འཁྲོལ༔ དར་སྣ་ཞིང་གི་པགས་པས་གཡབ༔ མོས་གུས་གདུང་བའི་ཤུགས་བསྐྱེད་དེ༔ ཚངས་པའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་རིག་འཛིན་བླ་མ་རྣམས༔ ཡེ་ཤེས་དགོངས་པའི་རྩལ་བསྐྱེད་ལ༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྒྱུ་འཕྲུལ་རྡོ་རྗེའི་རྣམ་རོལ་གྱིས༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ཀུན༔ བདེ་སྟོང་རྡོ་རྗེའི་གླུ་གར་བསྒྱུར༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ ཐུགས་དམ་དགོངས་པའི་རྩལ་སྤྲུགས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་བླ་མེད་པས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དགུ་པ་མཆོད་པ་བྱིན་རླབས་ལ༔ ཧཱུྃ༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ མཆོད་རྫས་འབག་བཙོག་དྲི་མ་སྦྱངས༔ དཔའ་བོ་འབྲུ་ལྔ་ལས་བྱུང་བའི༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ནི༔ ཟག་མེད་བདེ་བ་ཆེན་པོ་ཡི༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་རྫོགས༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཧཱུྃ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ མཚན་ལྡན་བྷནྡྷའི་སྣོད་ཆེན་པོར༔ ཤ་ལྔ་བདུད་རྩི་རྒྱ་མཚོར་འཁྱིལ༔ འདོད་ཡོན་གཏོར་མའི་ལྷུན་པོར་སྤུངས༔ དམར་ཆེན་རཀྟ་རྦ་ཀློང་འཁྲུགས༔ དམ་ཚིག་རྫས་ཀྱི་མཆོད་པ་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་པཱུ་ཛ་ས་མ་ཡ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག ཕྲིན་ལས་དངོས་གཞིའི་རིམ་པ་ལ༔ ཕྱི་ནང་གསང་བ་གསུམ་གྱིས་བསྟན༔ དང་པོ་ཕྱི་ལྟར་སྒྲུབ་པ་ལ༔ ཞི་བར་བསྙེན་པའི་རྣལ་འབྱོར་ནི༔ ཨཿ དེ་བཞིན་ཉིད་དབྱིངས་སྟོང་པ་ཆེ༔ སྙིང་རྗེ་སྒྱུ་མའི་གདངས་སུ་འཕོས༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ དྷ་ཏི་ཤྭ་རིའི་རང་སྒྲ་ཅན༔ དབྱིངས་ཀྱི་མཁའ་ལ་གནས་པ་ལས༔ བརྟན་གཡོའི་གཟུང་འཛིན་མ་དག་སྦྱངས༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པ་ཆེན་པོ་ལྷུན་རྫོགས་པའི༔ རྡོ་རྗེ་དབྱིངས་ཀྱི་ཞིང་གི་དབུས༔ གཞོམ་མེད་སྲུང་བའི་འཁོར་ལོ་ནི༔ སྲ་བརྟན་མཁའ་དང་མཉམ་པ་ལས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ རིན་ཆེན་གཞལ་ཡས་རྒྱན་བཀོད་རྫོགས༔ ཡིད་འོང་འོད་ཟེར་བཀྲག་ཏུ་འཚེར༔ དབུས་ཀྱི་པདྨའི་ལྟེ་བ་ལ༔ སངས་རྒྱས་བཙུན་མོ་འཁོར་ལོས་བསྒྱུར༔ དྭངས་མའི་ཡེ་ཤེས་ས་བོན་ཉིད༔ ཡོངས་གྱུར་རྡོ་རྗེ་སེམས་དཔའི་ཡུམ༔ ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ༔ མཐིང་ནག་མཛེས་འཛུམ་གཞོན་ནུའི་གཟུགས༔ རིན་ཆེན་དར་གྱི་རྒྱན་རྣམས་འཆང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སྙེམས་པའི་ཚུལ་གྱིས་གཡོན་དུ་འགྱིང༔ ཐུགས་ཀར་ཀུན་བཟང་ཡབ་ཡུམ་ལ༔ རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ སྒོ་བ་སྟངས་དཔྱལ་དཀྱིལ་འཁོར་རྫོགས༔ ཀླད་པ་དུང་ཁང་གཞལ་མེད་དབུས༔ ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ༔ རིགས་ལྔ་གནས་ཡུལ་མ་མོ་དང༔ སྒོ་མ་ཁྲོ་མོའི་འཁོར་ལོར་བཞུགས༔ འཁོར་དུ་ཤར་ཕྱོགས་མ་ཀི་དཀར༔ ལྷོ་རུ་སངས་རྒྱས་སྤྱན་མ་སེར༔ ནུབ་ཏུ་ན་བཟའ་དཀར་མོ་དམར༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང༔ ཀུན་ཀྱང་ཞི་ཚུལ་རྒྱན་རྣམས་རྫོགས༔ ཕྱག་གཡས་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་གཡས་ཀྱིས་བསྣམས༔ གཡོན་པས་དྲིལ་བུ་རང་རིགས་ཀྱིས༔ མཚན་པ་དཀུ་ལ་བརྟེན་ནས་འགྱིངས༔ མཚམས་བཞིར་སྙེམས་མ་དཀར་སེར་དམར༔ ལྗང་གུ་གྲི་ཐོད་འཛིན་པ་སྟེ༔ ཀུན་ཀྱང་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཀྱི་དྲྭ་བར་རོལ༔ སྒོ་བཞིར་སེམས་མ་རིགས་བཞི་ཡང༔ བཞེངས་སྟབས་གར་བསྒྱུར་ལྕགས་ཀྱུ་དང༔ ལྕགས་སྒྲོག་དྲིལ་བུ་གཡོན་པདྨ༔ འཛིན་པ་པད་ཟླའི་སྟེང་དུ་རོལ༔ གཞན་ཡང་ཕྱི་ནང་བར་ཁྱམས་སུ༔ རབ་འབྱམས་རྩ་གསུམ་ལྷའི་འཁོར་ལོ༔ དཔག་མེད་ཏིལ་གྱི་གོང་བུ་བཞིན༔ མ་འདྲེས་མཁའ་ལ་འཇའ་ལྟར་ཤར༔ གནས་གསུམ་ལས་བྱུང་ཡིག་འབྲུ་ཡི༔ འོད་ཀྱིས་གསང་གསུམ་བྱིན་རླབས་བསྡུས༔ ཡེ་ཤེས་རིགས་ལྔས་དབང་བསྐུར་ཞིང༔ རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨྃ་ཧཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཧཱུྃ༔ ཡེ་ཤེས་རང་སྣང་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཆེན་པོའི་ཕོ་བྲང་ནས༔ རིགས་ཀྱི་དབང་ཕྱུག་རྣལ་འབྱོར་མ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཨོཾ༔ ལྷར་སྣང་དམ་ཚིག་འཁོར་ལོ་ལ༔ ཡེ་ཤེས་ཕྱག་རྒྱ་སེམས་དཔའི་ཚུལ༔ ཕྲིན་ལས་ཐུགས་རྗེའི་ཕྱག་རྒྱ་ལས༔ མི་འདའ་བརྟན་པར་བཞུགས་སུ་གསོལ༔ ཏིཥྛ་ལྷན༔ བདེ་ཆེན་དབྱིངས་ཕྱུག་ཡུམ་ཆེན་མོ༔ ཡེ་ཤེས་ལྔ་ཡི་སྒྱུ་མའི་གར༔ རིགས་ཀྱི་འཁོར་ལོའི་དབང་ཕྱུག་ལ༔ གཉིས་མེད་གུས་པའི་ཡིད་ཀྱིས་འདུད༔ ན་མོ་ན་མ་མི༔ ཧཱུྃ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་བླ་མེད་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་རྨད་བྱུང་བས༔ ངོ་མཚར་མཆོད་པ་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོ༔ སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྷརྨ་དྷཱ་ཏུ་ཨཱཿ ཧཱུྃ༔ དག་པ་ཆེན་པོ་ཡེ་ཤེས་ལྔ༔ བདེ་ཆེན་དགྱེས་དགུར་རོལ་པ་ལས༔ རྡོ་རྗེ་བཙུན་མོ་བཅོམ་ལྡན་འདས༔ རིགས་ཀྱི་དབང་ཕྱུག་རྣམས་ལ་བསྟོད༔ ཐུགས་ཀར་རིན་ཆེན་ཙིཏྟའི་དབུས༔ ཉི་ཟླའི་གྭའུར་ས་བོན་ཧཱུྃ༔ སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས༔ སྤྲོ་བསྡུས་དོན་གཉིས་བསྒྲུབ་པར་བསམ༔ ཨོཾ་དྷརྨ་དྷ་ཏི་ཤྭ་རི་བཛྲ་ས་མ་ཡ་སྟྭཾ༔ ཏིང་ངེ་འཛིན་ལས་མི་འཕྲོ་བའི༔ ཡིད་ཀྱིས་འབུམ་ཕྲག་བཞི་བཟླས་འགྲུབ༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་གྱིས༔ གཟུགས་སྣང་ལྷ་ལ་སྒྲ་གྲགས་སྔགས༔ དྲན་རྟོགས་བདེ་སྟོང་རོལ་མོ་ཆེས༔ ཡེ་ཤེས་ཕྱག་རྒྱ་སད་པ་ཡི༔ དངོས་གྲུབ་མཐའ་དག་འགྲུབ་པར་བསམ༔ བསྙེན་སྔགས་ཤམ་བུར་འདི་བཏགས་བཟླ༔ ཛྙཱ་ན་བཛྲ་སིདྡྷི་ཧཱུྃ༔ འབུམ་བཞིའི་དངོས་གྲུབ་མཆོག་ཐོབ་འགྱུར༔ གཙོ་བོའི་འོད་ཀྱིས་རིགས་བཞི་བསྐུལ༔ ཞི་རྒྱས་དབང་དྲག་དངོས་གྲུབ་ཀྱི༔ ཐུན་མོང་ཁྱད་པར་ཕྲིན་ལས་ཚོགས༔ ཡིད་བཞིན་འགྲུབ་པར་བསམ་ལ་ཤམ༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊ྄༔ ཅེས་བཏགས་ཁྲི་བཟླས་རྟགས་མཐོང་འགྱུར༔ དེ་ནས་ཁྲོ་བོར་སྒྲུབ་པ་ཡི༔ དངོས་གྲུབ་ཉེ་བར་བསྙེན་འདོད་ན༔ སྣང་སྲིད་ཡེ་ཤེས་འཁོར་ལོ་ཆེའི༔ རྟེན་དང་རྟེན་པའི་མངོན་རྟོགས་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ༔ ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟར༔ བདག་ཏུ་འཛིན་པའི་བློ་ལས་འདས༔ གཉིས་མེད་ཡེ་ཤེས་རྒྱལ་བའི་ཐུགས༔ དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཏིང་འཛིན་དེ་ཡི་ངང་ཉིད་ལས༔ མ་རྟོགས་འཁྲུལ་པའི་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོའི་གདངས༔ མཁའ་ལྟར་མཉམ་པ་ཉིད་དུ་བརྡལ༔ སྟོང་དང་རིག་པ་དབྱེར་མེད་པའི༔ འཁོར་འདས་མ་ལུས་འབྱུང་བའི་རྒྱུ༔ ཡེ་ཤེས་སྲོག་གི་སྙིང་པོ་ནི༔ ཡི་གེ་ཡིད་བཞིན་སྤྲིན་དུ་ཤར༔ ཧཱུྃ༔ མ་བཅོས་དྭངས་མའི་ས་བོན་ལས༔ འཕྲོས་པའི་འོད་ཀྱིས་སྣང་སྲིད་སྦྱངས༔ དག་པ་ཆེན་པོའི་རྡོ་རྗེའི་ཞིང༔ ཐིག་ལེ་གཅིག་ཏུ་བརྡལ་བའི་དབུས༔ རྡོ་རྗེ་སྲུང་བའི་འཁོར་ལོ་ཆེ༔ ཡངས་ཤིང་རྒྱ་ཆེའི་ནང་ཉིད་དུ༔ ཨེ་ཡྃ་ར་སུྃ་ཀེཾ་རཾ་ལས༔ མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་སྔོ༔ ཤུགས་དྲག་རླུང་གི་རྒྱ་གྲམ་བརྟན༔ དམར་གྱི་རྒྱ་མཚོ་གྲུ་གསུམ་འཁྱིལ༔ ཞིང་ཆེན་མྃ་སའི་ས་གཞི་བརྩེགས༔ ཀེང་རུས་འབར་བའི་རི་རབ་རྩེར༔ བསྐལ་པའི་མེ་འབར་རླུང་ནག་འཚུབ༔ དེ་སྟེང་ལྟེ་བར་རྒྱ་གྲམ་སྟེང༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༔ མི་མགོའི་བརྩིགས་པ་བརྗིད་དང་ལྡན༔ རྒྱུ་མ་རུས་པའི་དྲ་བས་མཛེས༔ ཞིང་ཆེན་མགོ་བོའི་ཕ་གུ་དང༔ དྲག་པོ་ལྷ་ཀླུའི་ཀ་གདུང་བྲེས༔ ལྷ་ཆེན་མགོ་བོའི་ལྟེ་བ་ལ༔ དབུས་ཕྱུར་ཙིཏྟའི་ཏོག་གིས་བརྗིད༔ ཡེ་ཤེས་རང་སྣང་དག་པ་ཆེའི༔ བཀོད་པ་ཅིར་ཡང་འཆར་བ་ཡི༔ དག་པ་ཞིང་ཁམས་ཆེན་པོ་ནི༔ དབྱིབས་དང་རྒྱན་བཀོད་བློ་ལས་འདས༔ སྒོ་བཞིར་རྟ་བབ་རི་དྭགས་དང༔ ཆོས་འཁོར་རྡོ་རྗེའི་གདུགས་ཀྱིས་མཛེས༔ སྣ་ཚོགས་པདྨ་དུར་ཁྲོད་བརྒྱད༔ གཞོམ་མེད་རྡོ་རྗེའི་རྭ་བས་བསྐོར༔ དབུས་སུ་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་ལྟེ་བ་ཆོས་ཀྱི་འབྱུང༔ རྡོ་རྗེའི་བྲག་ཆེན་པདྨ་དང༔ ཉི་ཟླ་ལྷ་ཆེན་ཕོ་མོ་ཡི༔ ཁྲི་ལ་ཐུགས་ཀྱི་ས་བོན་བབ༔ ཧཱུྃ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་གྱུར་སྐད་ཅིག་གིས༔ རྡོ་རྗེ་རྩེ་ལྔ་འོད་དུ་འབར༔ གཉིས་སུ་མེད་པའི་ཆོས་ཉིད་ཀྱི༔ རང་བཞིན་འོད་ཀྱི་ཕུང་པོ་ཤར༔ བཛྲ་ཀྲོ་དྷི་ཤྭ་རི་དྷརྨ་དྷཱ་ཏུ་ཨཱ་ཧྃ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་ཉིད་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་ནག་རྡོ་རྗེའི་ལང་ཚོ་སྒེག༔ ཡེ་ཤེས་གཟི་བྱིན་ཆེས་ཆེར་རྒྱས༔ དབུ་དགུ་མཐིང་དཀར་དམར་ལ་རྔམས༔ དེ་སྟེང་རྩ་ཞལ་དབུས་རྣམས་སྨུག༔ གཡས་སེར་ལྗང་དང་གཡོན་དམར་སྔོ༔ སྤྱི་བོར་རྡོ་རྗེའི་ཏོག་གིས་བརྗིད༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ ཐོད་སྐམ་དབུར་བརྒྱན་རྩེ་ཕྲན་མཛེས༔ ཞལ་རྣམས་ཡེ་ཤེས་སྤྱན་གསུམ་ལྡན༔ སྡང་མིག་དྲག་པོ་གློག་ལྟར་འཁྱུགས༔ མཆེ་གཙིགས་ལྗགས་བསྒྲིལ་ཕཻཾ་སྒྲ་སྒྲོགས༔ བཅོ་བརྒྱད་ཕྱག་གིས་རྡོ་རྗེ་དང༔ དུང་ཁྲག་ཐུགས་ཀར་རྔམས་པར་འཛིན༔ གཡས་བརྒྱད་གནས་ཀྱི་མ་མོ་དང༔ གཡོན་བརྒྱད་ཡུལ་གྱི་ཕྲ་མན་བསྣམས༔ བདེ་ཆེན་འབར་བའི་གཟི་འོད་ཀྱིས༔ ཁྱབ་པར་བརྡལ་བའི་སྐུ་ཡི་དབྱིབས༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ ཞབས་བཞི་རྔམས་པའི་སྟབས་སུ་བགྲད༔ གཟིག་ཤམ་ཐོད་ཕྲེང་སྐུ་ལ་གསོལ༔ སྲིད་དང་ཞི་བ་མ་ལུས་པའི༔ ཡེ་ཤེས་འོད་ཀྱི་སྙིང་པོའི་སྐུ༔ སྣང་སྟོང་མཁའ་ཁྱབ་འདུས་མ་བྱས༔ ཡེ་ཤེས་རྡོ་རྗེའི་ངོ་བོར་བཞེངས༔ སྐུ་ལས་བྱུང་བའི་འོད་ཟེར་གྱིས༔ བརྟན་གཡོའི་དངོས་པོ་ཐམས་ཅད་བཞུས༔ དྭངས་མ་ཐུགས་ཀར་ཐིམ་པ་དང༔ རྒྱལ་བའི་ཡེ་ཤེས་བསམ་མི་ཁྱབ༔ རིགས་ལྔ་སྒྱུ་མ་ཡུམ་གྱི་གཙོ༔ གང་འདུལ་ཉིད་དུ་སྣང་བ་ལས༔ མཁའ་ལས་ཧཱུྃ་སྤྲོས་རྩིབས་བརྒྱད་བབ༔ ཤར་དུ་མ་ཧཱ་རུ་ཏྲའི་སྟེང༔ ཞེ་སྡང་དག་པའི་ཌཱ་ཀི་མ༔ བཛྲ་ཀྲོ་དྷཱི་ཤྭ་རི་མཐིང༔ ལྷོ་རུ་ང་རྒྱལ་དག་པའི་མ༔ རཏྣ་བཻ་ཏ་ཟ་བྱེད་སེར༔ ནུབ་ཏུ་འདོད་ཆགས་དག་པའི་མ༔ པདྨ་གཟི་ལྡན་ཁྲོ་མོ་དམར༔ བྱང་དུ་ཕྲག་དོག་དག་པའི་མ༔ ཀརྨ་འཁོར་ལོ་རྒྱས་འདེབས་ལྗང༔ ཤར་ལྷོ་མངོན་རྫོགས་རྒྱལ་མོ་ནི༔ མཐིང་ནག་འབར་བའི་ཆོ་འཕྲུལ་ཅན༔ ལྷོ་ནུབ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་ཞི་མ་ཁྲོ་བོའི་ཉམས༔ བདེ་ཆགས་གར་གྱི་སྟངས་སྟབས་ཅན༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ མེ་ཏོག་རྒྱས་པའི་དོ་ཤལ་བཅས༔ བདེ་དྲོད་འོད་ཕུང་ཀློང་ན་རོལ༔ ནུབ་བྱང་ཁམས་གསུམ་སྤྱི་འདུལ་ནག༔ མི་བཟད་ཁྲོ་མོའི་གཏུམ་རྔམས་འབར༔ བྱང་ཤར་དྲེགས་འདུལ་རྡོ་རྗེའི་ཡུམ༔ མཐིང་ནག་འབར་བའི་ཁྲོ་གཏུམ་རྔམས༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་རང་མདོག༔ དང་པོས་ཁ་ཊྭཱྃ་བྷནྡྷ་སྟེ༔ བར་པས་མདུང་ཐུང་གྲི་གུག་ཕྱར༔ ཐ་མས་ཞིང་དབྱུག་རྔེའུ་ཆུང༔ ཞབས་བཞི་བརྐྱང་བསྐུམ་ལོག་འདྲེན་བརྫིས༔ རིག་འཛིན་མ་གཏོགས་ཁྲོ་མོའི་ཚོགས༔ དཔལ་དང་དུར་ཁྲོད་དྲག་པོའི་རྒྱན༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང༔ ཀུན་ཀྱང་རིགས་བཞིའི་འཁོར་གྱི་ཚོགས༔ གཙོ་བོ་མཚུངས་པ་དགའ་བཞིའི་གཟུགས༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷའི༔ ཤེས་རབ་སྟོང་ཉིད་ཕྱག་རྒྱ་ཀུན༔ འབུམ་ཕྲག་ཌཱ་ཀིའི་ཚུལ་དུ་གསལ༔ སྒོ་བཞིར་ཁྲོ་མོ་དཀར་སེར་དམར༔ ལྗང་གུ་ཕྱག་རྒྱ་བཞི་འཛིན་པ༔ ཐོད་ཁྲག་འཐུང་ཞིང་གར་སྟབས་བསྒྱུར༔ ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་རིགས༔ མཁའ་འགྲོ་འབུམ་ཕྲག་ཡངས་པས་བསྐོར༔ ཀུན་ཀྱང་སྣང་སྟོང་ཆུ་ཟླ་ལྟར༔ མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་ལྷ༔ ཉི་དང་འོད་ཟེར་ཇི་བཞིན་དུ༔ རང་བྱུང་རང་ཤར་ཆེན་པོར་རྫོགས༔ ཨོཾ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཾཿཨཿཨ་བྷི་ཥིཉྩ་ཧཱུྃ༔ རང་གི་ཕུང་ཁམས་སྐྱེ་མཆེད་ཉིད༔ ངོ་བོ་ཡེ་ཤེས་ལྷའི་འཁོར་ལོ༔ འདུ་འབྲལ་མེད་པའི་ངང་ཉིད་ལས༔ ཏིང་འཛིན་གཟེར་གྱིས་རྩེ་གཅིག་གདབ༔ ས་མ་ཡ༔ གཉིས་པ་ལས་ཀྱི་རིམ་པ་ནི༔ ཧཱུྃ༔ མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས༔ ཡེ་ཤེས་ཀློང་དགུའི་འཁོར་ལོ་ཆེ༔ རང་བྱུང་རང་ཤར་ཕྱག་རྒྱའི་གཟུགས༔ མཁའ་འགྲོ་མི་ཟད་འབར་བའི་སྤྲིན༔ དཔལ་ཆེན་བཀའ་བརྒྱད་བཅོམ་ལྡན་འདས༔ དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་བཞེངས༔ དུར་ཁྲོད་དྲག་པོའི་གནས་འདི་རུ༔ ཡེ་ཤེས་སྒྱུ་མ་རོལ་ཞིང་གཤེགས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ གཉིས་སུ་མེད་པར་དབང་ཡང་བསྐུར༔ ལོག་འདྲེན་བདུད་དང་རུ་ཏྲ་ཐུལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ༔ བཏང་སྙོམས་དྲིལ་བུས་ཤིན་ཏུ་དགྱེས་པ་བསྐྱེད༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་པས༔ བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང༔ ཉོན་མོངས་ལོག་པར་ལྟ་བ་འཇོམས་མཛད་པའི༔ དཔལ་འབར་མ་སྲིང་ཧེ་རུ་ཀ་ལ་འདུད༔ ན་མ་མི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱིཿ ཧེ་རུ་ཀ་དཔལ་འབར་བའི་སྐུ༔ མི་བཟད་དགྱེས་པ་སྐྱེད་པའི་ཕྱིར༔ དཔལ་གྱི་མཆོད་པ་འབུལ་བ་ནི༔ ཕྱག་རྒྱ་བཅུ་དྲུག་གར་གྱིས་མཆོད༔ འདོད་ཡོན་ཉེར་སྤྱོད་རྫས་ཀྱིས་མཆོད༔ བདེ་སྟོང་ཏིང་འཛིན་རྟོགས་པས་མཆོད༔ ཡེ་ཤེས་བདུད་རྩི་སྨན་གྱིས་མཆོད༔ དམར་ཆེན་རཀྟའི་སྐྱེམས་ཀྱིས་མཆོད༔ རོ་ལྡན་བ་ལིཾ་ཏ་ཡིས་མཆོད༔ གསང་མཆོད་སྦྱོར་སྒྲོལ་ལས་ཀྱིས་མཆོད༔ གཉིས་མེད་མཉམ་པའི་ཚུལ་གྱིས་མཆོད༔ མཆོད་དང་མཆོད་བྱ་ལས་འདས་པའི༔ དེ་ཉིད་སྒྱུ་མ་ལྟ་བུར་མཆོད༔ དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱིས༔ གཉིས་མེད་མཉམ་པའི་ཚུལ་གྱིས་རོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནི་མཎྜལ་ས་པ་རི་ཝཱ་ར་བཛྲ་རཱ་ག་ནཱིརྟི་ཧོ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཧོཿ ཛྙཱ་ན་དྷཱ་ཏུ་ཧོ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧོ༔ མ་ཧཱ་ཏ་ན་ག་ན་ཧོ༔ མ་ཧཱ་སུ་ཁ་ཨཿ ཧཱུྃ་བྷྱོ༔ ཆོས་སྐུ་འོད་གསལ་ཀུན་བཟང་མོ༔ བདེ་ཆེན་སྒྱུ་མ་རིགས་ཀྱི་རྒྱལ༔ བཅོམ་ལྡན་འདས་མ་ཕ་རོལ་ཕྱིན༔ དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད༔ ཁམས་གསུམ་དག་པ་ཡེ་ཤེས་དགུའི༔ ཀློང་ཆེན་མཁའ་འགྲོའི་དབང་ཕྱུག་མ༔ འབར་བའི་ཆོ་འཕྲུལ་མི་ཟད་པའི༔ ཡེ་ཤེས་ཕྱག་རྒྱའི་ཚོགས་ལ་བསྟོད༔ བདེ་སྟོང་རྡོ་རྗེའི་ཐབས་མཆོག་གིས༔ རྣལ་འབྱོར་སྐྱོང་ཞིང་ཉམས་པ་སྒྲོལ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཅན༔ འབུམ་ཕྲག་ཡངས་པའི་ཚོགས་ལ་བསྟོད༔ གསུམ་པ་བཟླས་པའི་རིམ་པ་ལ༔ བདག་ཉིད་གནམ་ཞལ་དབྱིངས་ཕྱུག་མའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཆེ༔ བཟང་མོ་མཐིང་སྐྱ་མཉམ་བཞག་ཅན༔ གཅེར་བུ་རྒྱན་མེད་འོད་སྐུར་གསལ༔ ཐུགས་དབུས་རིན་ཆེན་ཟུར་བརྒྱད་སྨུག༔ ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག༔ ཉི་མ་ལ་གནས་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་དོན་གཉིས་སྒྲུབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭཱ་རི་དྷཱ་ཏི་ཤྭ་རི་གུ་ཧྱེ་ཛྙཱ་ན་ཧཱུྃ༔ སྲོག་སྡོམ་གཟེར་བཞིའི་ཏིང་འཛིན་གྱིས༔ འབུམ་བཞི་བཟླས་པས་དངོས་གྲུབ་ཐོབ༔ ཐུགས་ཀའི་སྔགས་ལས་སྔགས་ཕྲེང་བྱུང༔ ཞལ་ནས་བྱུང་སྟེ་འཁོར་ཚོགས་ཀྱི༔ ཞལ་དང་ལྟེ་བ་ལས་བརྒྱུད་དེ༔ ཐུགས་ཀར་འཁོར་བའི་འོད་ཟེར་གྱིས༔ ལས་དང་དངོས་གྲུབ་སྒྲུབ་པར་གྱུར༔ ཨོཾ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་མ་མ་ཀྲོ་དྷཱི་ཤྭཱ་རི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལས་བཞིའི་དམིགས་པའི་གཟེར་བཏབ་སྟེ༔ སྒྲུབ་པའི་སྔགས་ལ་ཤམ་བུ་གདགས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿ མཱ་ར་ཡ་ཕཊ྄༔ སྒྲུབ་པ་འབུམ་བཞི་ལས་སྦྱོར་ཁྲི༔ བཟླས་པས་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག །གཉིས་པ་ནང་ལྟར་སྒྲུབ་པ་ཡི༔ ཏིང་འཛིན་ལས་ཀྱི་རིམ་པ་ནི༔ ཏིང་འཛིན་གསུམ་གྱིས་ཁོག་དབུབ་སྟེ༔ ལྷ་སྔགས་བཟླས་པའི་རྣལ་འབྱོར་བསྒོམས༔ ཧཱུྃ༔ འབར་བའི་དབྱིངས་ལས་ས་བོན་ཧཱུྃ༔ མཐིང་ནག་འོད་ཀྱི་ཆོ་འཕྲུལ་ལས༔ སྣང་སྲིད་དག་པ་ཡེ་ཤེས་གསུམ༔ བདེ་དང་གསལ་དང་མི་རྟོག་པའི༔ དབྱིངས་སུ་ཁམས་གསུམ་དག་པ་ལས༔ འབྱུང་ལྔའི་རིགས་ཀྱི་ཡུམ་ལྔའི་མཁའ༔ བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ༔ ཟེའུ་འབྲུ་རི་རབ་མཛེས་པ་ལ༔ བདེ་བའི་ཡེ་ཤེས་འོད་དུ་འབར༔ སྟེང་དུ་རང་བྱུང་གཞལ་ཡས་ཁང༔ དྲག་པོའི་དཀྱིལ་འཁོར་ཆེན་པོ་ནི༔ རྒྱན་བཀོད་ལོངས་སྤྱོད་ལྷུན་གྱིས་གྲུབ༔ གྲུ་བཞི་སྒོ་བཞི་བརྩེགས་པ་དང༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་དང༔ པུ་ཤུ་དབུས་ཕྱུར་ཏོག་གིས་བརྗིད༔ ཕྱི་ནི་རིན་ཆེན་བཀོད་པའི་རྒྱན༔ ནང་དུ་ཁྲག་འཐུང་དྲག་པོའི་དལ༔ རྨད་བྱུང་ཞིང་གི་ངོ་མཚར་དུ༔ ལྷུན་གྲུབ་དག་པ་ཆེན་པོའི་གཞིར༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ མ་བདུད་དྲེག་པ་བསྣོལ་བའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་སྐད་ཅིག་གིས༔ མངོན་རྫོགས་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ ཕྱག་དྲུག་ཙིཏྟ་ཐོད་ཁྲག་དང༔ བྱ་ཁྱུང་ཞིང་དབྱུག་སྟོང་གི་རྔ༔ ཁ་ཊྭཱྃ་འཛིན་ཞིང་ཞབས་བཞི་བགྲད༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ ཡུམ་ནི་བདག་ཉིད་མུ་ཁ་ལེ༔ མཐིང་ནག་གཡས་ཀྱིས་ནམ་མཁའ་འདེགས༔ གཡོན་པས་ས་གཞི་གནོན་པ་ཡི༔ མཁའ་བཞི་བདེ་སྟོང་གཅིག་ཏུ་འཁྱིལ༔ རྩིབས་བཞིར་བཛྲ་རཏྣ་དང༔ པདྨ་ལས་ཀྱི་ཧེ་རུ་ཀའི༔ མངོན་རྫོགས་མཐིང་སེར་དམར་དང་ལྗང༔ ཞལ་གསུམ་འབར་བའི་ཁྲོ་བོའི་ཉམས༔ ཕྱག་དྲུག་རྡོ་རྗེ་དུང་ཁྲག་དང༔ ཞིང་དབྱུག་གསང་བའི་རྔེའུ་ཆུང༔ ཐ་མས་ཕྲ་མེན་ཞིང་སྙོད་པ༔ བརྐྱང་བསྐུམ་ཞབས་བཞི་བགྲད་པའི་ཡུམ༔ རྟག་པའི་རྒྱལ་མོ་ཆེན་མོ་བཞི༔ ཁ་ཊྭཱྃ་ཙིཏྟ་ཐོག་པས་རོལ༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ སྐུ་ཡི་ཡེ་ཤེས་རོལ་པ་ལས༔ ལས་ཀྱི་མ་མོ་འབུམ་ཕྲག་ཡངས༔ གསུང་གི་ཆོ་འཕྲུལ་མི་ཟད་པས༔ འཇིག་རྟེན་མ་མོ་འབུམ་ཕྲག་དང༔ ཐུགས་ཀྱི་བདེ་སྟོང་ཏིང་འཛིན་གྱིས༔ ཡེ་ཤེས་མ་མོ་འབུམ་ཕྲག་ཚོགས༔ གང་འདུལ་རོལ་པས་འཁོར་འདས་སྒྲོལ༔ མྱང་འདས་ཡོན་ཏན་གཞི་ལ་རྫོགས༔ རྗེ་མོ་སྨན་མོ་ཤ་ཟ་དང༔ ཤུགས་འགྲོ་ཞིང་སྔགས་ལྷན་ཅིག་སྐྱེས༔ ཕྲ་མེན་བྲན་དང་ཕོ་ཉ་དང༔ མ་སྲིང་མཁའ་འགྲོ་བྲན་གྱི་ཚུལ༔ འབུམ་ཕྲག་ཡངས་པ་ཆེན་པོའི་འཁོར༔ ཕྱི་ནང་མེད་པར་ཀུན་ཏུ་རྒྱུ༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ཅན༔ འཕེལ་འགྲིབ་བྲལ་བའི་ཚུལ་དུ་ཤར༔ འདུ་འབྲལ་མེད་པ་རང་ལ་རྫོགས༔ ལུས་ནི་རྡོ་རྗེའི་ཡེ་ཤེས་སྐུ༔ སྣང་སྟོང་རྩ་ཡི་དྲྭ་བ་སྟེ༔ འདོད་ཁམས་དག་པ་སྐུ་ཡི་དབྱིངས༔ འཁོར་ལོ་དྲུག་གི་དབྱིངས་སུ་རྫོགས༔ ངག་ནི་རྡོ་རྗེ་ནཱ་དའི་དབྱངས༔ གསལ་སྟོང་རླུང་གི་དེ་ཉིད་སྟེ༔ གཟུགས་ཁམས་དག་པ་ཚངས་པའི་དབྱངས༔ གཞོམ་མེད་ནཱ་དའི་ངོ་བོར་ཤར༔ སེམས་ཉིད་ལྷན་སྐྱེས་ལྷ་མོའི་ཐུགས༔ བདེ་སྟོང་འཕོ་མེད་ཐིག་ལེའི་ཚུལ༔ གཟུགས་མེད་དག་པ་ཡེ་ཤེས་ཁམས༔ སྨྲ་བསམ་བརྗོད་བྲལ་ངོ་བོར་ཤར༔ ཨོཾ་བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཡེ་ཤེས་རིགས་ལྔ་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོའི༔ ཕུང་ཁམས་དུག་ལྔ་དག་པ་ཡི༔ གདན་གསུམ་དབང་བསྐུར་ཡོངས་སུ་རྫོགས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྤྱན་དྲངས་བཞུགས་བསྟིམ་ཕྱག་མཆོད་བསྟོད༔ སྦྱར་ཞིང་བཟླས་པའི་དེ་ཉིད་ནི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ ཙིཏྟའི་དབྱིབས་ནང་ཡེ་ཤེས་སེམས༔ ཧེ་རུ་ཀ་དཔལ་ཞལ་གཅིག་པ༔ ཕྱག་གཉིས་ཐུགས་ཀར་འཁྱུད་རྒྱ་ཅན༔ པད་ཉི་ལ་བཞེངས་ཐུགས་ཀར་ཧཱུྃ༔ རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར༔ སྔགས་ཀྱི་བསྐོར་ལས་སྤྲོ་བསྡུ་ཡི༔ ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་གྱིས༔ དོན་གཉིས་ཕྲིན་ལས་སྒྲུབ་པར་གྱུར༔ ཨོཾ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཞལ་ནང་མཁའ༔ སྦྱོར་མཚམས་སྔགས་ཀྱི་ཕྲེང་བ་ཡིས༔ བཟོད་མེད་བདེ་བསྐྱེད་ཨ་ཧཾ་སྒྲས༔ སངས་རྒྱས་སྲས་བཅས་ཆགས་པས་བསྐུལ༔ སྣོད་བཅུད་བདེ་སྟོང་ཟིལ་གྱིས་བཞུས༔ དྭངས་མ་རང་ལ་ཐིམ་པ་ཡིས༔ རྩ་རླུང་ཐིག་ལེ་གདོས་བཅས་སྦྱངས༔ ཡེ་ཤེས་བདེ་གསལ་མི་རྟོག་པ༔ སྐུ་གསུམ་ཕྱག་རྒྱའི་ཐིག་ལེར་སད༔ བདེ་སྟོང་བསམ་མི་ཁྱབ་པ་ཡི༔ ཡེ་ཤེས་ཆེན་པོ་འབྱམས་སུ་ཀླས༔ ཨོཾ་གུ་ཧྱེ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ གནས་ལྔའི་འཁོར་ལོའི་འོད་ཟེར་གྱིས༔ ནད་གདོན་གཟུང་འཛིན་དབྱིངས་སུ་ཞི༔ ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས༔ ཁམས་གསུམ་རླུང་སེམས་དབང་དུ་བསྡུས༔ བདུད་བགེགས་གཉིས་སྣང་བར་ཆད་བསྒྲལ༔ ཐུན་མོང་ཁྱད་པར་ཕྲིན་ལས་བཞིའི༔ དངོས་གྲུབ་རབ་འབྱམས་འགྲུབ་པར་བསམ༔ སྔགས་ལ་ཤམ་བུ་སྦྱར་བ་ཡིས༔ ལས་ཀུན་འགྲུབ་པར་གདོན་མི་ཟ༔ བསྙེན་པ་ཟླ་དྲུག་སྒྲུབ་པ་བཞི༔ ལས་སྦྱོར་ཞག་ནི་སུམ་ཅུ་སྟེ༔ བརྩོན་པས་དངོས་ཉམས་རྨི་ལམ་དུ༔ སྒྲུབ་པའི་དྲོད་ཚད་རྙེད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག༔༔ གསུམ་པ་གསང་བ་ལྟར་སྒྲུབ་པས༔ ལྷན་སྐྱེས་ཡེ་ཤེས་བསྐྱེད་པ་ནི༔ ཨཿ སེམས་ཉིད་སྟོང་པ་ཆེན་པོ་ནི༔ འཁོར་འདས་མ་ལུས་འབྱུང་བའི་དབྱིངས༔ ངག་ཚིག་གཞོམ་མེད་དེ་ཉིད་དུ༔ དབུ་མའི་སྲོག་རྫོགས་ཀུན་སྣང་ཚུལ༔ ཟུང་འཇུག་རྡོ་རྗེ་ཕུང་པོའི་གྲོང༔ དྭངས་མར་ཞུ་བའི་ཐིག་ལེ་ཆེ༔ ཧཱུྃ་མཐིང་ཡེ་ཤེས་སྲོག་གི་བཅུད༔ ཧ་རི་ནི་སའི་སྒྲ་གདང་ཅན༔ འབུམ་ཕྲག་མཁའ་འགྲོའི་ཏི་ལ་ཀ༔ འཕེལ་འགྲིབ་མེད་པ་འཆར་བ་ལས༔ རང་ལུས་དག་པ་ལྷའི་གཞལ་ཡས༔ རྣམ་ཐར་སྒོ་གསུམ་ཆོས་འབྱུང་དབུས༔ རྐང་པ་རླུང་གི་དཀྱིལ་འཁོར་ཏེ༔ སུམ་མདོར་མེ་ཡི་དཀྱིལ་འཁོར་ཉིད༔ ལྟོ་བ་གསལ་དག་ཞི་གནས་ཆུ༔ ལྟེ་བ་ས་དཀྱིལ་རི་རབ་སྟེང༔ ནང་འབྱུང་དག་པའི་བརྩེགས་པ་དང༔ རྩ་ཀུན་ཡེ་ཤེས་རྒྱན་གྱི་ཚུལ༔ ཡེ་ཤེས་རླུང་གི་སྣང་བ་གསལ༔ བདེ་སྟོང་ཐིག་ལེ་དག་པའི་དཔྱིད༔ ཆོས་འབྱུང་པདྨ་འདབ་བཞིའི་སྟེར༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རང་སེམས་དག་པ་ཁྲོས་མ་ནག༔ ཞལ་གཅིག་ཕྱག་གཉིས་ཞབས་བརྐྱང་བསྐུམ༔ སྤྱན་གསུམ་བགྲད་ཅིང་མཆེ་བཞི་གཙིགས༔ ལྗགས་འདྲིལ་ཕཊ྄་དང་ཕཻཾ་སྒྲ་སྒྲོགས༔ ཐོད་སྐམ་དབུར་རྒྱན་རལ་པའི་གསེབ༔ རྟོག་མེད་ཕག་ཞལ་ངུར་སྒྲ་འབྱིན༔ མགོ་ཕྲེང་ཞིང་གླང་སྟག་ཤམ་ཀླུབས༔ རུས་པའི་ཕྱག་རྒྱས་བརྒྱན་པ་ཡི༔ སྐུ་རྒྱས་བྷ་ག་ལང་ཚོ་མཁྲེགས༔ ནུ་འབུར་གཞོན་ནུ་མ་ཡི་ཚུལ༔ ཡེ་ཤེས་མེ་དཔུང་དབུས་ན་རོལ༔ སྤྱི་བོར་སངས་རྒྱས་མཁའ་འགྲོ་མ༔ རྣམ་པར་སྣང་མཛད་འཁོར་ལོས་བསྒྱུར༔ རྩིབས་ལ་སྐུ་ཡི་འཁོར་ལོ་ཆེའི༔ མཁའ་འགྲོ་མ་ནི་དཀར་གསལ་མཛེས༔ མགྲིན་པར་པདྨ་མཁའ་འགྲོ་མ༔ དམར་མོ་སྒྲ་སྒྲོགས་གསུང་གི་རིགས༔ རྩིབས་ལ་གསུང་གི་འཁོར་ལོ་ཡི༔ མཁའ་འགྲོ་དམར་གསལ་བརྒྱད་ཀྱི་བསྐོར༔ ཐུགས་ཀར་རྡོ་རྗེ་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་ནམ་མཁའི་མདོག༔ འཁོར་དུ་མཁའ་སྤྱོད་ཐུགས་ཀྱི་ཚུལ༔ ཌཱ་ཀ་བརྒྱད་ཀྱི་ཚོམ་བུས་བསྐོར༔ ལྟེ་བར་རིན་ཆེན་མཁའ་འགྲོ་མ༔ སེར་མོ་དོན་འགྲུབ་གཙོ་བོ་ལ༔ གསེར་མདོག་འཁོར་བརྒྱད་ཕྲ་ལ་དྭངས༔ གསང་གནས་ལས་ཀྱི་མཁའ་འགྲོ་མ༔ སྣ་ཚོགས་མཐར་ཕྱིན་འཁོར་ཚོགས་བརྒྱད༔ ལྗང་གསལ་ཀུན་ཀྱང་དུར་ཁྲོད་ཆས༔ གྲི་ཐོད་ཁ་ཊྭཱྃ་མཆན་དུ་བཅངས༔ ཞི་ཆགས་ཁྲོ་བརྗིད་གཏུམ་པའི་ཚུལ༔ ཤིན་ཏུ་ཕྲ་ལ་འོད་ཟེར་འབར༔ སྟོང་གསུམ་ཡུངས་འབྲུའི་ཚུལ་ཉིད་དུ༔ འབུམ་ཕྲག་འཁོར་གྱི་སྤྲིན་ཕུང་འཕྲོ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ རྡོ་རྗེ་ལུས་ཀྱི་ཕྱི་མོ་ཆེ༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པའི༔ ཡེ་ཤེས་གཅིག་གི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ལས་ཀྱི་རིམ་པ་རྫོགས་པ་དང༔ བོགས་འབྱིན་བཟླས་པའི་རྣལ་འབྱོར་ནི༔ རླུང་སྔགས་སེམས་གསུམ་དབྱེར་མེད་པས༔ སྲོག་གི་འཛིན་ཕུར་འདི་ལྟར་གདབ༔ འཁོར་ལོ་ལྔ་ཡི་ལྟེ་བ་རུ༔ རིགས་ལྔའི་མཁའ་འགྲོའི་ཐུགས་ཀ་རུ༔ ཉི་ཟླའི་གྭའུར་ས་བོན་གསལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་སྤྲོ་བསྡུས་འཕགས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ བརྟན་གཡོའི་ཐ་མལ་ཞེན་རྟོག་སྦྱངས༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་རོལ་མོ་འབྱམས་སུ་ཀླས༔ ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ བཟླས་པ་ངག་ཡིད་རླུང་དང་སྦྱར༔ ཡེ་ཤེས་སྐྱེ་བརྟན་འཕེལ་བ་ཡི༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་ཚོགས་པ༔ རྣལ་འབྱོར་ཕོ་མོའི་བྱིན་གྱིས་བརླབ༔ རྃ་ཡྃ་ཁྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པ་ལས༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ མེ་རླུང་ཆུ་ཡིས་བསྲེག་གཏོར་བཀྲུས༔ དངོས་འཛིན་མཚན་མའི་རྟོག་པ་སྦྱངས༔ སླར་ཡང་རྡོ་རྗེའི་འབྲུ་གསུམ་ལས༔ ཨོཾ་ལས་ཡེ་ཤེས་ཀ་པཱ་ལ༔ ཨཱཿལས་ཤ་ལྔ་བདུད་རྩི་ལྔ༔ ཧཱུྃ་གིས་སྦྱངས་རྟོགས་སྦར་བ་ལས༔ འདོད་ཡོན་བསམ་མི་ཁྱབ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཞིང་རྣམས་སྤྱན་འདྲེན་པ༔ ཧཱུྃ༔ མཁའ་ཁྱབ་རྒྱལ་བ་སྲས་དང་བཅས༔ གཤེགས་བྱོན་བཞུགས་པར་མི་དམིགས་ཀྱང༔ ཐུགས་རྗེ་སྨོན་ལམ་ཐ་ཚིག་གིས༔ ཡེ་ཤེས་རོལ་པས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ དང་པོ་ཕུད་ཀྱི་མཆོད་པ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་ཟེར་མདངས་ལས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བར་དུ་བཤགས་པས་ཉམས་ཆག་སྦྱངས༔ བདག་ཅག་གསང་སྔགས་སྒོར་ཞུགས་ཏེ༔ ཉམས་ཆག་ཉེས་པར་སྤྱོད་པའི་ཚོགས༔ ཡེ་ཤེས་བདུད་རྩིས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་ལ༔ ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ྄༔ ཉམས་པ་བསྒྲལ་བའི་ཤ་ཁྲག་རུས༔ དུག་གསུམ་རྒྱན་གྱི་རོལ་མོ་ཆེ༔ འབར་བའི་དཀྱིལ་འཁོར་ཞལ་དུ་བསྟབ༔ དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དམ་ཚིག་རྫས་ཀྱི་དངོས་པོ་ཀུན༔ གཙང་དམེའི་རྟོག་པས་མ་བཅིངས་པར༔ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ༔ ཞེན་མེད་དགྱེས་པའི་ཚུལ་གྱིས་རོལ༔ ལྷག་མ་བསྡུས་ཏེ་བྱིན་གྱིས་བརླབ༔ ཧྲཱིཾཿཕཻཾ༔ སྔོན་ཚེ་དཔལ་གྱི་དཀྱིལ་འཁོར་དུ༔ གསང་སྔགས་བླ་ན་མེད་པ་ཡི༔ མཚན་ཙམ་འཛིན་པའི་སྐྱེས་བུ་ལ༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པས༔ ལས་རྣམས་བྱ་བར་ཁས་བླངས་བཞིན༔ ལྷག་མའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ སྨོན་ལམ་གདབ་ཅིང་གླུ་གར་བྱ༔ གཉིས་པ་གཏོར་མ་སྐྱོང་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་སྒྲུབ་སྡེ་ཆེན་པོ་བརྒྱད༔ བདེ་ཆེན་ཌཱ་ཀིའི་སྐུར་བཞེངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་ཧེ་རུ་ཀས༔ སྒྲ་ཚིག་བྱ་རྩོལ་ལས་འདས་པའི༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ བར་དུ་བདེ་ཆེན་རང་སྣང་ཞིང༔ འོག་མིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དུས་གསུམ་དུས་མེད་ཆོས་བསྟན་ཚེ༔ ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ ཐ་མ་གདུལ་བྱ་དུས་བབ་ཚེ༔ ལས་སྨོན་ལྡན་པའི་སྐྱེས་བུ་ལ༔ སྨིན་གྲོལ་ཆོས་ཀྱི་མདོ་གཏད་པའི༔ དམ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ ས་མ་ཡ་ཧོ༔ བྷྱོ༔ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བཤལ་ཆུ་ཕམ་ཕབ་འདི་གསོལ་ལ༔ མཐའ་དམག་དམ་སྲིའི་ཆོ་འཕྲུལ་བཟློག༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཌཱ་ཀི་ནི་ཁཱ་ཧིཿ གསུམ་པ་ལས་མཇུག་བྲོ་ཡིས་བསྡུ༔ ཧཱུྃ༔ བརྟུལ་ཞུགས་རོལ་པ་རྡོ་རྗེའི་བྲོ༔ འབར་བ་གཏུམ་ཆེན་རྔམས་པའི་ཚོགས༔ སྣང་སྲིད་དབང་བསྒྱུར་ཆེན་པོའི་བྲོ༔ གཟིར་མནན་བསྒྲལ་བའི་ཆོ་ག་རྫོགས༔ སྟྃ་བྷ་ཡ་ནན༔ བཞི་པ་མཆོད་བསྟོད་དངོས་གྲུབ་བླངས༔ ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་ནས༔ དཔལ་ཆེན་འབར་བ་མཁའ་འགྲོའི་དལ༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད༔ ལུས་ངག་ཡིད་ལ་དབང་མཆོག་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་བསྐྱེད་རིམ་བསྡུ་བ་ནི༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ འོད་གསལ་ཐུགས་ཀྱི་དབྱིངས་སུ་བསྡུ༔ སྤྲོས་བྲལ་ཡེ་ཤེས་ཕྱག་རྒྱ་ཆེའི༔ འགག་མེད་དག་པ་རབ་འབྱམས་ཤར༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་དགེ་བ་བསྔོ་བ་ནི༔ སྣང་བཅས་ལྷ་སྔགས་ཏིང་འཛིན་དང༔ དམིགས་མེད་འོད་གསལ་བསྒོམས་པའི་མཐུས༔ འགྲོ་ཀུན་དཔལ་ཆེན་སྐུ་གསུང་ཐུགས༔ གཉིས་སུ་མེད་པར་བྱང་ཆུབ་ཤོག༔ བདུན་པ་ཤིས་པས་དགེ་བར་བྱ༔ ཨོཾ༔ ཡེ་ཤེས་དབྱིངས་ལས་འབར་བའི་སྐུ༔ གང་འདུལ་རོལ་པའི་བཀྲ་ཤིས་ཤོག༔ སྐྱེ་འགག་བྲལ་བ་རྡོ་རྗེའི་སྒྲ༔ ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག༔ དམིགས་མེད་མཁྱེན་བརྩེའི་སྣང་བ་གསལ༔ ཟབ་རྒྱས་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཐུན་མོང་ལས་བཞིའི་ཕྲིན་ལས་ཀྱིས༔ སྣོད་བཅུད་དགེ་བའི་བཀྲ་ཤིས་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ ཟབ་ཅིང་གསང་བ་སྙིང་པོའི་རྒྱུད༔ ཀུན་གྱི་མཐར་ཐུག་སྒྲུབ་བཀའ་བརྒྱད༔ ཤེས་རབ་ཌཱ་ཀི་ལྟར་སྒྲུབ་པའི༔ ཕྱི་ནང་གསང་བའི་ཚུལ་བསྟན་པ༔ མཚོ་རྒྱལ་ཐུགས་དམ་ནར་མར་གདམས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང༔ དམ་འཛིན་ལྷ་ཡི་སྲས་ལ་གཏད༔ དུས་ཀྱི་ཐ་མར་སོན་པ་ན༔ གདུལ་བྱ་ཡོངས་ལ་སྨན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་བརྒྱད་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ལས༔ བསྐྱེད་རིམ་ལས་ཀྱི་བྱང་བུ་རྫོགས༔ གུ་ཧྱ༔ ཁ་ཐམ༔}} | ༁ྃ༔ ༔༔༔བརྡ་ཡིག མངོན་རྫོགས་ཧེ་རུ་ཀ་ལ་འདུད༔ ཡང་དག་སྒྲུབ་པའི་རྣལ་འབྱོར་པ༔ དད་བརྩོན་བརྟུལ་ཞུགས་ལྡན་པ་ཡིས༔ ཡུམ་བཀའ་གསང་བའི་མན་ངག་གི༔ བསྐྱེད་རིམ་མཆོག་གི་ལམ་ཟབ་མོ༔ སྔོན་དངོས་རྗེས་ཀྱིས་ཉམས་སུ་ལེན༔ སྦྱོར་བའི་དང་པོ་སྐྱབས་འགྲོ་ནི༔ ཚོགས་ཞིང་མདུན་དུ་གསལ་བཏབ་སྟེ༔ ན་མོཿ བདེ་གཤེགས་ཀུན་འདུས་ལྷག་པའི་ལྷ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཆེ༔ རབ་འབྱམས་རྩ་གསུམ་རྒྱ་མཚོ་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ འགྲོ་ཀུན་སྲིད་ཞི་ལས་སྒྲོལ་ཕྱིར༔ བསྐྱེད་རྫོགས་སྙིང་པོའི་རྣལ་འབྱོར་གྱིས༔ བྱང་ཆུབ་བསྒྲུབ་པར་དམ་བཅའ་སྟེ༔ གཞན་ཕན་སྤྱོད་ལ་འཇུག་པར་བགྱི༔ གསུམ་པ་ཚོགས་གཉིས་བསགས་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བཞི་པ་བར་ཆད་བགེགས་བསྐྲད་ཕྱིར༔ གཏོར་མ་བསང་སྦྱང་འདོད་ཡོན་སྤེལ༔ ཧཱུྃ་ཧྲཱིཿ ང་ནི་སྤྱི་དཔལ་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་ཁྱབ་བདག་སྟེ༔ སྣང་སྲིད་འབྱུང་པོ་མ་ལུས་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་ཡི༔ ལྷ་སྔགས་བལྟ་བར་མི་དབང་བས༔ གནས་འདིར་མ་འདུག་གཞན་དུ་དེངས༔ ཅིས་ཀྱང་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཁྲོས་པའི་ང་རྒྱལ་གྱིས༔ སྣང་སྲིད་ཁྲོ་བོ་ཕོ་ཉས་ཁེངས༔ དྲགས་སྔགས་ང་རོ་རབ་ཏུ་སྒྲོགས༔ སྟོང་ཉིད་སྙིང་རྗེའི་ཏིང་འཛིན་གྱིས༔ གནད་ནས་གཟེར་ཞིང་བརླག་ཏ་རེ༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ སྔགས་དང་ཐུན་གྱིས་གཟིར་ལ་བསྐྲད༔ ལྔ་པ་སྲུང་བའི་འཁོར་ལོ་བསྒོམ༔ ཧཱུྃ༔ སྣང་སྲིད་ཁྲོ་རྒྱལ་སྐུ་གསུང་ཐུགས༔ ཁམས་གསུམ་འབར་བ་ཁྲོ་བོའི་ཞིང༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལ༔ བགེགས་དང་བར་ཆད་སྲུང་མཚམས་བྲལ༔ ཏིང་འཛིན་རྡོ་རྗེའི་རྭ་བ་གུར༔ བླ་བྲེ་མཚོན་ཆའི་གུར་ཁང་བྲེས༔ མེ་རི་མེ་དཔུང་ཕྱོགས་བཅུར་འབར༔ སྟེང་འོག་ཕྱོགས་མཚམས་ཁྲོ་བཅུས་གཏམས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཛྙཱ་ན་བཛྲ་རཀྵ་ཧཱུྃ༔ དྲུག་པ་བརྡ་སྒོ་དབྱེ་བ་ནི༔ ཨཿ དག་པ་རབ་འབྱམས་ལྷུན་གྲུབ་རྒྱལ་བའི་ཞིང༔ གདོད་ནས་འདུ་འབྲལ་མེད་པའི་དཀྱིལ་འཁོར་ལྷར༔ མངོན་སུམ་ལྟ་བ་མཇལ་བའི་ཕྱག་འཚལ་ཕྱིར༔ ཡེ་ཤེས་ཆེན་པོའི་སྒོ་ཡང་དབྱེ་བར་འཚལ༔ བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་པྲ་བེ་ཤ་ཡ་ཕཊ྄༔ བདུན་པ་ཕྱག་འཚལ་བསྟོད་པ་ནི༔ ཧོཿ སྒྲུབ་པ་བཀའ་བརྒྱད་ཞི་ཁྲོ་འདུས་པའི་སྐུ༔ བསྐལ་པ་གོང་ནས་བདག་གི་ཡི་དམ་སྟེ༔ དེང་འདིར་རང་རིག་རྩལ་དུ་རྟོགས་པ་ཡིས༔ བརྡ་དང་གར་གྱིས་ཕྱག་འཚལ་བསྟོད་པར་བགྱི༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ བརྒྱད་པ་བྱིན་ཆེན་དབབ་པ་ནི༔ རྣལ་འབྱོར་པ་རྣམས་རྒྱན་གྱིས་སྤྲས༔ གཟི་བྱིན་བསྐྱེད་དེ་ད་ལར་བསྐོར༔ སྤོས་དང་རོལ་མོ་ཅང་ཏེའུ་འཁྲོལ༔ དར་སྣ་ཞིང་གི་པགས་པས་གཡབ༔ མོས་གུས་གདུང་བའི་ཤུགས་བསྐྱེད་དེ༔ ཚངས་པའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྩ་བརྒྱུད་རིག་འཛིན་བླ་མ་རྣམས༔ ཡེ་ཤེས་དགོངས་པའི་རྩལ་བསྐྱེད་ལ༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སྒྱུ་འཕྲུལ་རྡོ་རྗེའི་རྣམ་རོལ་གྱིས༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ཀུན༔ བདེ་སྟོང་རྡོ་རྗེའི་གླུ་གར་བསྒྱུར༔ བྱིན་ཆེན་ཕོབ་ལ་དབང་མཆོག་བསྐུར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ ཐུགས་དམ་དགོངས་པའི་རྩལ་སྤྲུགས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་བླ་མེད་པས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ དགུ་པ་མཆོད་པ་བྱིན་རླབས་ལ༔ ཧཱུྃ༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ མཆོད་རྫས་འབག་བཙོག་དྲི་མ་སྦྱངས༔ དཔའ་བོ་འབྲུ་ལྔ་ལས་བྱུང་བའི༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ནི༔ ཟག་མེད་བདེ་བ་ཆེན་པོ་ཡི༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་རྫོགས༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཧཱུྃ༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ མཚན་ལྡན་བྷནྡྷའི་སྣོད་ཆེན་པོར༔ ཤ་ལྔ་བདུད་རྩི་རྒྱ་མཚོར་འཁྱིལ༔ འདོད་ཡོན་གཏོར་མའི་ལྷུན་པོར་སྤུངས༔ དམར་ཆེན་རཀྟ་རྦ་ཀློང་འཁྲུགས༔ དམ་ཚིག་རྫས་ཀྱི་མཆོད་པ་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་བོ་དྷི་ཙིཏྟ་ཛྙཱ་ན་པཱུ་ཛ་ས་མ་ཡ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག ཕྲིན་ལས་དངོས་གཞིའི་རིམ་པ་ལ༔ ཕྱི་ནང་གསང་བ་གསུམ་གྱིས་བསྟན༔ དང་པོ་ཕྱི་ལྟར་སྒྲུབ་པ་ལ༔ ཞི་བར་བསྙེན་པའི་རྣལ་འབྱོར་ནི༔ ཨཿ དེ་བཞིན་ཉིད་དབྱིངས་སྟོང་པ་ཆེ༔ སྙིང་རྗེ་སྒྱུ་མའི་གདངས་སུ་འཕོས༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ དྷ་ཏི་ཤྭ་རིའི་རང་སྒྲ་ཅན༔ དབྱིངས་ཀྱི་མཁའ་ལ་གནས་པ་ལས༔ བརྟན་གཡོའི་གཟུང་འཛིན་མ་དག་སྦྱངས༔ བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པ་ཆེན་པོ་ལྷུན་རྫོགས་པའི༔ རྡོ་རྗེ་དབྱིངས་ཀྱི་ཞིང་གི་དབུས༔ གཞོམ་མེད་སྲུང་བའི་འཁོར་ལོ་ནི༔ སྲ་བརྟན་མཁའ་དང་མཉམ་པ་ལས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ རིན་ཆེན་གཞལ་ཡས་རྒྱན་བཀོད་རྫོགས༔ ཡིད་འོང་འོད་ཟེར་བཀྲག་ཏུ་འཚེར༔ དབུས་ཀྱི་པདྨའི་ལྟེ་བ་ལ༔ སངས་རྒྱས་བཙུན་མོ་འཁོར་ལོས་བསྒྱུར༔ དྭངས་མའི་ཡེ་ཤེས་ས་བོན་ཉིད༔ ཡོངས་གྱུར་རྡོ་རྗེ་སེམས་དཔའི་ཡུམ༔ ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ༔ མཐིང་ནག་མཛེས་འཛུམ་གཞོན་ནུའི་གཟུགས༔ རིན་ཆེན་དར་གྱི་རྒྱན་རྣམས་འཆང༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སྙེམས་པའི་ཚུལ་གྱིས་གཡོན་དུ་འགྱིང༔ ཐུགས་ཀར་ཀུན་བཟང་ཡབ་ཡུམ་ལ༔ རིགས་ལྔ་སེམས་དཔའ་ལྕམ་དྲལ་དང༔ སྒོ་བ་སྟངས་དཔྱལ་དཀྱིལ་འཁོར་རྫོགས༔ ཀླད་པ་དུང་ཁང་གཞལ་མེད་དབུས༔ ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ༔ རིགས་ལྔ་གནས་ཡུལ་མ་མོ་དང༔ སྒོ་མ་ཁྲོ་མོའི་འཁོར་ལོར་བཞུགས༔ འཁོར་དུ་ཤར་ཕྱོགས་མ་ཀི་དཀར༔ ལྷོ་རུ་སངས་རྒྱས་སྤྱན་མ་སེར༔ ནུབ་ཏུ་ན་བཟའ་དཀར་མོ་དམར༔ བྱང་དུ་དམ་ཚིག་སྒྲོལ་མ་ལྗང༔ ཀུན་ཀྱང་ཞི་ཚུལ་རྒྱན་རྣམས་རྫོགས༔ ཕྱག་གཡས་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་གཡས་ཀྱིས་བསྣམས༔ གཡོན་པས་དྲིལ་བུ་རང་རིགས་ཀྱིས༔ མཚན་པ་དཀུ་ལ་བརྟེན་ནས་འགྱིངས༔ མཚམས་བཞིར་སྙེམས་མ་དཀར་སེར་དམར༔ ལྗང་གུ་གྲི་ཐོད་འཛིན་པ་སྟེ༔ ཀུན་ཀྱང་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ཀྱི་དྲྭ་བར་རོལ༔ སྒོ་བཞིར་སེམས་མ་རིགས་བཞི་ཡང༔ བཞེངས་སྟབས་གར་བསྒྱུར་ལྕགས་ཀྱུ་དང༔ ལྕགས་སྒྲོག་དྲིལ་བུ་གཡོན་པདྨ༔ འཛིན་པ་པད་ཟླའི་སྟེང་དུ་རོལ༔ གཞན་ཡང་ཕྱི་ནང་བར་ཁྱམས་སུ༔ རབ་འབྱམས་རྩ་གསུམ་ལྷའི་འཁོར་ལོ༔ དཔག་མེད་ཏིལ་གྱི་གོང་བུ་བཞིན༔ མ་འདྲེས་མཁའ་ལ་འཇའ་ལྟར་ཤར༔ གནས་གསུམ་ལས་བྱུང་ཡིག་འབྲུ་ཡི༔ འོད་ཀྱིས་གསང་གསུམ་བྱིན་རླབས་བསྡུས༔ ཡེ་ཤེས་རིགས་ལྔས་དབང་བསྐུར་ཞིང༔ རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨྃ་ཧཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཧཱུྃ༔ ཡེ་ཤེས་རང་སྣང་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཆེན་པོའི་ཕོ་བྲང་ནས༔ རིགས་ཀྱི་དབང་ཕྱུག་རྣལ་འབྱོར་མ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཨོཾ༔ ལྷར་སྣང་དམ་ཚིག་འཁོར་ལོ་ལ༔ ཡེ་ཤེས་ཕྱག་རྒྱ་སེམས་དཔའི་ཚུལ༔ ཕྲིན་ལས་ཐུགས་རྗེའི་ཕྱག་རྒྱ་ལས༔ མི་འདའ་བརྟན་པར་བཞུགས་སུ་གསོལ༔ ཏིཥྛ་ལྷན༔ བདེ་ཆེན་དབྱིངས་ཕྱུག་ཡུམ་ཆེན་མོ༔ ཡེ་ཤེས་ལྔ་ཡི་སྒྱུ་མའི་གར༔ རིགས་ཀྱི་འཁོར་ལོའི་དབང་ཕྱུག་ལ༔ གཉིས་མེད་གུས་པའི་ཡིད་ཀྱིས་འདུད༔ ན་མོ་ན་མ་མི༔ ཧཱུྃ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་བླ་མེད་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་རྨད་བྱུང་བས༔ ངོ་མཚར་མཆོད་པ་ཆེན་པོར་བཞེས༔ ཨོཾ་བཛྲ་ཨརྒྷྃ་ནས། ཤབྡ་མ་ཧཱ་པཱུ་ཛ་ཧོ༔ སརྦ་པཉྩ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྷརྨ་དྷཱ་ཏུ་ཨཱཿ ཧཱུྃ༔ དག་པ་ཆེན་པོ་ཡེ་ཤེས་ལྔ༔ བདེ་ཆེན་དགྱེས་དགུར་རོལ་པ་ལས༔ རྡོ་རྗེ་བཙུན་མོ་བཅོམ་ལྡན་འདས༔ རིགས་ཀྱི་དབང་ཕྱུག་རྣམས་ལ་བསྟོད༔ ཐུགས་ཀར་རིན་ཆེན་ཙིཏྟའི་དབུས༔ ཉི་ཟླའི་གྭའུར་ས་བོན་ཧཱུྃ༔ སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས༔ སྤྲོ་བསྡུས་དོན་གཉིས་བསྒྲུབ་པར་བསམ༔ ཨོཾ་དྷརྨ་དྷ་ཏི་ཤྭ་རི་བཛྲ་ས་མ་ཡ་སྟྭཾ༔ ཏིང་ངེ་འཛིན་ལས་མི་འཕྲོ་བའི༔ ཡིད་ཀྱིས་འབུམ་ཕྲག་བཞི་བཟླས་འགྲུབ༔ དམ་ཚིག་ཡེ་ཤེས་གཉིས་མེད་པའི༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་གྱིས༔ གཟུགས་སྣང་ལྷ་ལ་སྒྲ་གྲགས་སྔགས༔ དྲན་རྟོགས་བདེ་སྟོང་རོལ་མོ་ཆེས༔ ཡེ་ཤེས་ཕྱག་རྒྱ་སད་པ་ཡི༔ དངོས་གྲུབ་མཐའ་དག་འགྲུབ་པར་བསམ༔ བསྙེན་སྔགས་ཤམ་བུར་འདི་བཏགས་བཟླ༔ ཛྙཱ་ན་བཛྲ་སིདྡྷི་ཧཱུྃ༔ འབུམ་བཞིའི་དངོས་གྲུབ་མཆོག་ཐོབ་འགྱུར༔ གཙོ་བོའི་འོད་ཀྱིས་རིགས་བཞི་བསྐུལ༔ ཞི་རྒྱས་དབང་དྲག་དངོས་གྲུབ་ཀྱི༔ ཐུན་མོང་ཁྱད་པར་ཕྲིན་ལས་ཚོགས༔ ཡིད་བཞིན་འགྲུབ་པར་བསམ་ལ་ཤམ༔ ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊ྄༔ ཅེས་བཏགས་ཁྲི་བཟླས་རྟགས་མཐོང་འགྱུར༔ དེ་ནས་ཁྲོ་བོར་སྒྲུབ་པ་ཡི༔ དངོས་གྲུབ་ཉེ་བར་བསྙེན་འདོད་ན༔ སྣང་སྲིད་ཡེ་ཤེས་འཁོར་ལོ་ཆེའི༔ རྟེན་དང་རྟེན་པའི་མངོན་རྟོགས་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧྃ༔ ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟར༔ བདག་ཏུ་འཛིན་པའི་བློ་ལས་འདས༔ གཉིས་མེད་ཡེ་ཤེས་རྒྱལ་བའི་ཐུགས༔ དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཏིང་འཛིན་དེ་ཡི་ངང་ཉིད་ལས༔ མ་རྟོགས་འཁྲུལ་པའི་སེམས་ཅན་ལ༔ དམིགས་མེད་སྙིང་རྗེ་ཆེན་པོའི་གདངས༔ མཁའ་ལྟར་མཉམ་པ་ཉིད་དུ་བརྡལ༔ སྟོང་དང་རིག་པ་དབྱེར་མེད་པའི༔ འཁོར་འདས་མ་ལུས་འབྱུང་བའི་རྒྱུ༔ ཡེ་ཤེས་སྲོག་གི་སྙིང་པོ་ནི༔ ཡི་གེ་ཡིད་བཞིན་སྤྲིན་དུ་ཤར༔ ཧཱུྃ༔ མ་བཅོས་དྭངས་མའི་ས་བོན་ལས༔ འཕྲོས་པའི་འོད་ཀྱིས་སྣང་སྲིད་སྦྱངས༔ དག་པ་ཆེན་པོའི་རྡོ་རྗེའི་ཞིང༔ ཐིག་ལེ་གཅིག་ཏུ་བརྡལ་བའི་དབུས༔ རྡོ་རྗེ་སྲུང་བའི་འཁོར་ལོ་ཆེ༔ ཡངས་ཤིང་རྒྱ་ཆེའི་ནང་ཉིད་དུ༔ ཨེ་ཡྃ་ར་སུྃ་ཀེཾ་རཾ་ལས༔ མཁའ་དབྱིངས་ཆོས་ཀྱི་འབྱུང་གནས་སྔོ༔ ཤུགས་དྲག་རླུང་གི་རྒྱ་གྲམ་བརྟན༔ དམར་གྱི་རྒྱ་མཚོ་གྲུ་གསུམ་འཁྱིལ༔ ཞིང་ཆེན་མྃ་སའི་ས་གཞི་བརྩེགས༔ ཀེང་རུས་འབར་བའི་རི་རབ་རྩེར༔ བསྐལ་པའི་མེ་འབར་རླུང་ནག་འཚུབ༔ དེ་སྟེང་ལྟེ་བར་རྒྱ་གྲམ་སྟེང༔ དུར་ཁྲོད་དྲག་པོའི་གཞལ་ཡས་ཁང༔ མི་མགོའི་བརྩིགས་པ་བརྗིད་དང་ལྡན༔ རྒྱུ་མ་རུས་པའི་དྲ་བས་མཛེས༔ ཞིང་ཆེན་མགོ་བོའི་ཕ་གུ་དང༔ དྲག་པོ་ལྷ་ཀླུའི་ཀ་གདུང་བྲེས༔ ལྷ་ཆེན་མགོ་བོའི་ལྟེ་བ་ལ༔ དབུས་ཕྱུར་ཙིཏྟའི་ཏོག་གིས་བརྗིད༔ ཡེ་ཤེས་རང་སྣང་དག་པ་ཆེའི༔ བཀོད་པ་ཅིར་ཡང་འཆར་བ་ཡི༔ དག་པ་ཞིང་ཁམས་ཆེན་པོ་ནི༔ དབྱིབས་དང་རྒྱན་བཀོད་བློ་ལས་འདས༔ སྒོ་བཞིར་རྟ་བབ་རི་དྭགས་དང༔ ཆོས་འཁོར་རྡོ་རྗེའི་གདུགས་ཀྱིས་མཛེས༔ སྣ་ཚོགས་པདྨ་དུར་ཁྲོད་བརྒྱད༔ གཞོམ་མེད་རྡོ་རྗེའི་རྭ་བས་བསྐོར༔ དབུས་སུ་གནམ་ལྕགས་འཁོར་ལོ་ནི༔ རྩིབས་བརྒྱད་ལྟེ་བ་ཆོས་ཀྱི་འབྱུང༔ རྡོ་རྗེའི་བྲག་ཆེན་པདྨ་དང༔ ཉི་ཟླ་ལྷ་ཆེན་ཕོ་མོ་ཡི༔ ཁྲི་ལ་ཐུགས་ཀྱི་ས་བོན་བབ༔ ཧཱུྃ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་གྱུར་སྐད་ཅིག་གིས༔ རྡོ་རྗེ་རྩེ་ལྔ་འོད་དུ་འབར༔ གཉིས་སུ་མེད་པའི་ཆོས་ཉིད་ཀྱི༔ རང་བཞིན་འོད་ཀྱི་ཕུང་པོ་ཤར༔ བཛྲ་ཀྲོ་དྷི་ཤྭ་རི་དྷརྨ་དྷཱ་ཏུ་ཨཱ་ཧྃ༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ བདག་ཉིད་གནམ་ཞལ་དབྱིངས་ཕྱུག་མ༔ མཐིང་ནག་རྡོ་རྗེའི་ལང་ཚོ་སྒེག༔ ཡེ་ཤེས་གཟི་བྱིན་ཆེས་ཆེར་རྒྱས༔ དབུ་དགུ་མཐིང་དཀར་དམར་ལ་རྔམས༔ དེ་སྟེང་རྩ་ཞལ་དབུས་རྣམས་སྨུག༔ གཡས་སེར་ལྗང་དང་གཡོན་དམར་སྔོ༔ སྤྱི་བོར་རྡོ་རྗེའི་ཏོག་གིས་བརྗིད༔ ཁམ་ནག་རལ་པ་གྱེན་དུ་བརྫེས༔ ཐོད་སྐམ་དབུར་བརྒྱན་རྩེ་ཕྲན་མཛེས༔ ཞལ་རྣམས་ཡེ་ཤེས་སྤྱན་གསུམ་ལྡན༔ སྡང་མིག་དྲག་པོ་གློག་ལྟར་འཁྱུགས༔ མཆེ་གཙིགས་ལྗགས་བསྒྲིལ་ཕཻཾ་སྒྲ་སྒྲོགས༔ བཅོ་བརྒྱད་ཕྱག་གིས་རྡོ་རྗེ་དང༔ དུང་ཁྲག་ཐུགས་ཀར་རྔམས་པར་འཛིན༔ གཡས་བརྒྱད་གནས་ཀྱི་མ་མོ་དང༔ གཡོན་བརྒྱད་ཡུལ་གྱི་ཕྲ་མན་བསྣམས༔ བདེ་ཆེན་འབར་བའི་གཟི་འོད་ཀྱིས༔ ཁྱབ་པར་བརྡལ་བའི་སྐུ་ཡི་དབྱིབས༔ དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས༔ ཞབས་བཞི་རྔམས་པའི་སྟབས་སུ་བགྲད༔ གཟིག་ཤམ་ཐོད་ཕྲེང་སྐུ་ལ་གསོལ༔ སྲིད་དང་ཞི་བ་མ་ལུས་པའི༔ ཡེ་ཤེས་འོད་ཀྱི་སྙིང་པོའི་སྐུ༔ སྣང་སྟོང་མཁའ་ཁྱབ་འདུས་མ་བྱས༔ ཡེ་ཤེས་རྡོ་རྗེའི་ངོ་བོར་བཞེངས༔ སྐུ་ལས་བྱུང་བའི་འོད་ཟེར་གྱིས༔ བརྟན་གཡོའི་དངོས་པོ་ཐམས་ཅད་བཞུས༔ དྭངས་མ་ཐུགས་ཀར་ཐིམ་པ་དང༔ རྒྱལ་བའི་ཡེ་ཤེས་བསམ་མི་ཁྱབ༔ རིགས་ལྔ་སྒྱུ་མ་ཡུམ་གྱི་གཙོ༔ གང་འདུལ་ཉིད་དུ་སྣང་བ་ལས༔ མཁའ་ལས་ཧཱུྃ་སྤྲོས་རྩིབས་བརྒྱད་བབ༔ ཤར་དུ་མ་ཧཱ་རུ་ཏྲའི་སྟེང༔ ཞེ་སྡང་དག་པའི་ཌཱ་ཀི་མ༔ བཛྲ་ཀྲོ་དྷཱི་ཤྭ་རི་མཐིང༔ ལྷོ་རུ་ང་རྒྱལ་དག་པའི་མ༔ རཏྣ་བཻ་ཏ་ཟ་བྱེད་སེར༔ ནུབ་ཏུ་འདོད་ཆགས་དག་པའི་མ༔ པདྨ་གཟི་ལྡན་ཁྲོ་མོ་དམར༔ བྱང་དུ་ཕྲག་དོག་དག་པའི་མ༔ ཀརྨ་འཁོར་ལོ་རྒྱས་འདེབས་ལྗང༔ ཤར་ལྷོ་མངོན་རྫོགས་རྒྱལ་མོ་ནི༔ མཐིང་ནག་འབར་བའི་ཆོ་འཕྲུལ་ཅན༔ ལྷོ་ནུབ་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་ཞི་མ་ཁྲོ་བོའི་ཉམས༔ བདེ་ཆགས་གར་གྱི་སྟངས་སྟབས་ཅན༔ རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན༔ མེ་ཏོག་རྒྱས་པའི་དོ་ཤལ་བཅས༔ བདེ་དྲོད་འོད་ཕུང་ཀློང་ན་རོལ༔ ནུབ་བྱང་ཁམས་གསུམ་སྤྱི་འདུལ་ནག༔ མི་བཟད་ཁྲོ་མོའི་གཏུམ་རྔམས་འབར༔ བྱང་ཤར་དྲེགས་འདུལ་རྡོ་རྗེའི་ཡུམ༔ མཐིང་ནག་འབར་བའི་ཁྲོ་གཏུམ་རྔམས༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་རང་མདོག༔ དང་པོས་ཁ་ཊྭཱྃ་བྷནྡྷ་སྟེ༔ བར་པས་མདུང་ཐུང་གྲི་གུག་ཕྱར༔ ཐ་མས་ཞིང་དབྱུག་རྔེའུ་ཆུང༔ ཞབས་བཞི་བརྐྱང་བསྐུམ་ལོག་འདྲེན་བརྫིས༔ རིག་འཛིན་མ་གཏོགས་ཁྲོ་མོའི་ཚོགས༔ དཔལ་དང་དུར་ཁྲོད་དྲག་པོའི་རྒྱན༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང༔ ཀུན་ཀྱང་རིགས་བཞིའི་འཁོར་གྱི་ཚོགས༔ གཙོ་བོ་མཚུངས་པ་དགའ་བཞིའི་གཟུགས༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷའི༔ ཤེས་རབ་སྟོང་ཉིད་ཕྱག་རྒྱ་ཀུན༔ འབུམ་ཕྲག་ཌཱ་ཀིའི་ཚུལ་དུ་གསལ༔ སྒོ་བཞིར་ཁྲོ་མོ་དཀར་སེར་དམར༔ ལྗང་གུ་ཕྱག་རྒྱ་བཞི་འཛིན་པ༔ ཐོད་ཁྲག་འཐུང་ཞིང་གར་སྟབས་བསྒྱུར༔ ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་རིགས༔ མཁའ་འགྲོ་འབུམ་ཕྲག་ཡངས་པས་བསྐོར༔ ཀུན་ཀྱང་སྣང་སྟོང་ཆུ་ཟླ་ལྟར༔ མ་འདྲེས་ཡོངས་རྫོགས་དཀྱིལ་འཁོར་ལྷ༔ ཉི་དང་འོད་ཟེར་ཇི་བཞིན་དུ༔ རང་བྱུང་རང་ཤར་ཆེན་པོར་རྫོགས༔ ཨོཾ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཾཿཨཿཨ་བྷི་ཥིཉྩ་ཧཱུྃ༔ རང་གི་ཕུང་ཁམས་སྐྱེ་མཆེད་ཉིད༔ ངོ་བོ་ཡེ་ཤེས་ལྷའི་འཁོར་ལོ༔ འདུ་འབྲལ་མེད་པའི་ངང་ཉིད་ལས༔ ཏིང་འཛིན་གཟེར་གྱིས་རྩེ་གཅིག་གདབ༔ ས་མ་ཡ༔ གཉིས་པ་ལས་ཀྱི་རིམ་པ་ནི༔ ཧཱུྃ༔ མཐའ་དབུས་མེད་པ་ཆོས་ཀྱི་དབྱིངས༔ ཡེ་ཤེས་ཀློང་དགུའི་འཁོར་ལོ་ཆེ༔ རང་བྱུང་རང་ཤར་ཕྱག་རྒྱའི་གཟུགས༔ མཁའ་འགྲོ་མི་ཟད་འབར་བའི་སྤྲིན༔ དཔལ་ཆེན་བཀའ་བརྒྱད་བཅོམ་ལྡན་འདས༔ དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་བཞེངས༔ དུར་ཁྲོད་དྲག་པོའི་གནས་འདི་རུ༔ ཡེ་ཤེས་སྒྱུ་མ་རོལ་ཞིང་གཤེགས༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ གཉིས་སུ་མེད་པར་དབང་ཡང་བསྐུར༔ ལོག་འདྲེན་བདུད་དང་རུ་ཏྲ་ཐུལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཧཱུྃ༔ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང༔ བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན༔ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ༔ བཏང་སྙོམས་དྲིལ་བུས་ཤིན་ཏུ་དགྱེས་པ་བསྐྱེད༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་པས༔ བྱམས་དང་སྙིང་རྗེས་དགྲ་ཟིན་མི་མངའ་ཡང༔ ཉོན་མོངས་ལོག་པར་ལྟ་བ་འཇོམས་མཛད་པའི༔ དཔལ་འབར་མ་སྲིང་ཧེ་རུ་ཀ་ལ་འདུད༔ ན་མ་མི༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧཱུྃ་ཧྲཱིཿ ཧེ་རུ་ཀ་དཔལ་འབར་བའི་སྐུ༔ མི་བཟད་དགྱེས་པ་སྐྱེད་པའི་ཕྱིར༔ དཔལ་གྱི་མཆོད་པ་འབུལ་བ་ནི༔ ཕྱག་རྒྱ་བཅུ་དྲུག་གར་གྱིས་མཆོད༔ འདོད་ཡོན་ཉེར་སྤྱོད་རྫས་ཀྱིས་མཆོད༔ བདེ་སྟོང་ཏིང་འཛིན་རྟོགས་པས་མཆོད༔ ཡེ་ཤེས་བདུད་རྩི་སྨན་གྱིས་མཆོད༔ དམར་ཆེན་རཀྟའི་སྐྱེམས་ཀྱིས་མཆོད༔ རོ་ལྡན་བ་ལིཾ་ཏ་ཡིས་མཆོད༔ གསང་མཆོད་སྦྱོར་སྒྲོལ་ལས་ཀྱིས་མཆོད༔ གཉིས་མེད་མཉམ་པའི་ཚུལ་གྱིས་མཆོད༔ མཆོད་དང་མཆོད་བྱ་ལས་འདས་པའི༔ དེ་ཉིད་སྒྱུ་མ་ལྟ་བུར་མཆོད༔ དགྱེས་པ་ཆེན་པོའི་ཡེ་ཤེས་ཀྱིས༔ གཉིས་མེད་མཉམ་པའི་ཚུལ་གྱིས་རོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནི་མཎྜལ་ས་པ་རི་ཝཱ་ར་བཛྲ་རཱ་ག་ནཱིརྟི་ཧོ༔ མ་ཧཱ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཧོཿ ཛྙཱ་ན་དྷཱ་ཏུ་ཧོ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧོ༔ མ་ཧཱ་ཏ་ན་ག་ན་ཧོ༔ མ་ཧཱ་སུ་ཁ་ཨཿ ཧཱུྃ་བྷྱོ༔ ཆོས་སྐུ་འོད་གསལ་ཀུན་བཟང་མོ༔ བདེ་ཆེན་སྒྱུ་མ་རིགས་ཀྱི་རྒྱལ༔ བཅོམ་ལྡན་འདས་མ་ཕ་རོལ་ཕྱིན༔ དཀྱིལ་འཁོར་དབང་ཕྱུག་མ་ལ་བསྟོད༔ ཁམས་གསུམ་དག་པ་ཡེ་ཤེས་དགུའི༔ ཀློང་ཆེན་མཁའ་འགྲོའི་དབང་ཕྱུག་མ༔ འབར་བའི་ཆོ་འཕྲུལ་མི་ཟད་པའི༔ ཡེ་ཤེས་ཕྱག་རྒྱའི་ཚོགས་ལ་བསྟོད༔ བདེ་སྟོང་རྡོ་རྗེའི་ཐབས་མཆོག་གིས༔ རྣལ་འབྱོར་སྐྱོང་ཞིང་ཉམས་པ་སྒྲོལ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཅན༔ འབུམ་ཕྲག་ཡངས་པའི་ཚོགས་ལ་བསྟོད༔ གསུམ་པ་བཟླས་པའི་རིམ་པ་ལ༔ བདག་ཉིད་གནམ་ཞལ་དབྱིངས་ཕྱུག་མའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཆེ༔ བཟང་མོ་མཐིང་སྐྱ་མཉམ་བཞག་ཅན༔ གཅེར་བུ་རྒྱན་མེད་འོད་སྐུར་གསལ༔ ཐུགས་དབུས་རིན་ཆེན་ཟུར་བརྒྱད་སྨུག༔ ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག༔ ཉི་མ་ལ་གནས་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་དོན་གཉིས་སྒྲུབ་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭཱ་རི་དྷཱ་ཏི་ཤྭ་རི་གུ་ཧྱེ་ཛྙཱ་ན་ཧཱུྃ༔ སྲོག་སྡོམ་གཟེར་བཞིའི་ཏིང་འཛིན་གྱིས༔ འབུམ་བཞི་བཟླས་པས་དངོས་གྲུབ་ཐོབ༔ ཐུགས་ཀའི་སྔགས་ལས་སྔགས་ཕྲེང་བྱུང༔ ཞལ་ནས་བྱུང་སྟེ་འཁོར་ཚོགས་ཀྱི༔ ཞལ་དང་ལྟེ་བ་ལས་བརྒྱུད་དེ༔ ཐུགས་ཀར་འཁོར་བའི་འོད་ཟེར་གྱིས༔ ལས་དང་དངོས་གྲུབ་སྒྲུབ་པར་གྱུར༔ ཨོཾ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་མ་མ་ཀྲོ་དྷཱི་ཤྭཱ་རི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལས་བཞིའི་དམིགས་པའི་གཟེར་བཏབ་སྟེ༔ སྒྲུབ་པའི་སྔགས་ལ་ཤམ་བུ་གདགས༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིིཾ་ཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧྲཱིཿ མཱ་ར་ཡ་ཕཊ྄༔ སྒྲུབ་པ་འབུམ་བཞི་ལས་སྦྱོར་ཁྲི༔ བཟླས་པས་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག །གཉིས་པ་ནང་ལྟར་སྒྲུབ་པ་ཡི༔ ཏིང་འཛིན་ལས་ཀྱི་རིམ་པ་ནི༔ ཏིང་འཛིན་གསུམ་གྱིས་ཁོག་དབུབ་སྟེ༔ ལྷ་སྔགས་བཟླས་པའི་རྣལ་འབྱོར་བསྒོམས༔ ཧཱུྃ༔ འབར་བའི་དབྱིངས་ལས་ས་བོན་ཧཱུྃ༔ མཐིང་ནག་འོད་ཀྱི་ཆོ་འཕྲུལ་ལས༔ སྣང་སྲིད་དག་པ་ཡེ་ཤེས་གསུམ༔ བདེ་དང་གསལ་དང་མི་རྟོག་པའི༔ དབྱིངས་སུ་ཁམས་གསུམ་དག་པ་ལས༔ འབྱུང་ལྔའི་རིགས་ཀྱི་ཡུམ་ལྔའི་མཁའ༔ བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ༔ ཟེའུ་འབྲུ་རི་རབ་མཛེས་པ་ལ༔ བདེ་བའི་ཡེ་ཤེས་འོད་དུ་འབར༔ སྟེང་དུ་རང་བྱུང་གཞལ་ཡས་ཁང༔ དྲག་པོའི་དཀྱིལ་འཁོར་ཆེན་པོ་ནི༔ རྒྱན་བཀོད་ལོངས་སྤྱོད་ལྷུན་གྱིས་གྲུབ༔ གྲུ་བཞི་སྒོ་བཞི་བརྩེགས་པ་དང༔ ཕ་གུ་དྲྭ་ཕྱེད་མདའ་ཡབ་དང༔ པུ་ཤུ་དབུས་ཕྱུར་ཏོག་གིས་བརྗིད༔ ཕྱི་ནི་རིན་ཆེན་བཀོད་པའི་རྒྱན༔ ནང་དུ་ཁྲག་འཐུང་དྲག་པོའི་དལ༔ རྨད་བྱུང་ཞིང་གི་ངོ་མཚར་དུ༔ ལྷུན་གྲུབ་དག་པ་ཆེན་པོའི་གཞིར༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ མ་བདུད་དྲེག་པ་བསྣོལ་བའི་སྟེང༔ ཧཱུྃ་བབ་ཡོངས་གྱུར་སྐད་ཅིག་གིས༔ མངོན་རྫོགས་དཔལ་ཆེན་ཧེ་རུ་ཀ༔ མཐིང་ནག་གཡས་དཀར་གཡོན་དམར་ཞལ༔ ཕྱག་དྲུག་ཙིཏྟ་ཐོད་ཁྲག་དང༔ བྱ་ཁྱུང་ཞིང་དབྱུག་སྟོང་གི་རྔ༔ ཁ་ཊྭཱྃ་འཛིན་ཞིང་ཞབས་བཞི་བགྲད༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་པའི༔ ཡུམ་ནི་བདག་ཉིད་མུ་ཁ་ལེ༔ མཐིང་ནག་གཡས་ཀྱིས་ནམ་མཁའ་འདེགས༔ གཡོན་པས་ས་གཞི་གནོན་པ་ཡི༔ མཁའ་བཞི་བདེ་སྟོང་གཅིག་ཏུ་འཁྱིལ༔ རྩིབས་བཞིར་བཛྲ་རཏྣ་དང༔ པདྨ་ལས་ཀྱི་ཧེ་རུ་ཀའི༔ མངོན་རྫོགས་མཐིང་སེར་དམར་དང་ལྗང༔ ཞལ་གསུམ་འབར་བའི་ཁྲོ་བོའི་ཉམས༔ ཕྱག་དྲུག་རྡོ་རྗེ་དུང་ཁྲག་དང༔ ཞིང་དབྱུག་གསང་བའི་རྔེའུ་ཆུང༔ ཐ་མས་ཕྲ་མེན་ཞིང་སྙོད་པ༔ བརྐྱང་བསྐུམ་ཞབས་བཞི་བགྲད་པའི་ཡུམ༔ རྟག་པའི་རྒྱལ་མོ་ཆེན་མོ་བཞི༔ ཁ་ཊྭཱྃ་ཙིཏྟ་ཐོག་པས་རོལ༔ རྒྱན་དང་ཆ་ལུགས་གཙོ་དང་མཚུངས༔ སྐུ་ཡི་ཡེ་ཤེས་རོལ་པ་ལས༔ ལས་ཀྱི་མ་མོ་འབུམ་ཕྲག་ཡངས༔ གསུང་གི་ཆོ་འཕྲུལ་མི་ཟད་པས༔ འཇིག་རྟེན་མ་མོ་འབུམ་ཕྲག་དང༔ ཐུགས་ཀྱི་བདེ་སྟོང་ཏིང་འཛིན་གྱིས༔ ཡེ་ཤེས་མ་མོ་འབུམ་ཕྲག་ཚོགས༔ གང་འདུལ་རོལ་པས་འཁོར་འདས་སྒྲོལ༔ མྱང་འདས་ཡོན་ཏན་གཞི་ལ་རྫོགས༔ རྗེ་མོ་སྨན་མོ་ཤ་ཟ་དང༔ ཤུགས་འགྲོ་ཞིང་སྔགས་ལྷན་ཅིག་སྐྱེས༔ ཕྲ་མེན་བྲན་དང་ཕོ་ཉ་དང༔ མ་སྲིང་མཁའ་འགྲོ་བྲན་གྱི་ཚུལ༔ འབུམ་ཕྲག་ཡངས་པ་ཆེན་པོའི་འཁོར༔ ཕྱི་ནང་མེད་པར་ཀུན་ཏུ་རྒྱུ༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་ཅན༔ འཕེལ་འགྲིབ་བྲལ་བའི་ཚུལ་དུ་ཤར༔ འདུ་འབྲལ་མེད་པ་རང་ལ་རྫོགས༔ ལུས་ནི་རྡོ་རྗེའི་ཡེ་ཤེས་སྐུ༔ སྣང་སྟོང་རྩ་ཡི་དྲྭ་བ་སྟེ༔ འདོད་ཁམས་དག་པ་སྐུ་ཡི་དབྱིངས༔ འཁོར་ལོ་དྲུག་གི་དབྱིངས་སུ་རྫོགས༔ ངག་ནི་རྡོ་རྗེ་ནཱ་དའི་དབྱངས༔ གསལ་སྟོང་རླུང་གི་དེ་ཉིད་སྟེ༔ གཟུགས་ཁམས་དག་པ་ཚངས་པའི་དབྱངས༔ གཞོམ་མེད་ནཱ་དའི་ངོ་བོར་ཤར༔ སེམས་ཉིད་ལྷན་སྐྱེས་ལྷ་མོའི་ཐུགས༔ བདེ་སྟོང་འཕོ་མེད་ཐིག་ལེའི་ཚུལ༔ གཟུགས་མེད་དག་པ་ཡེ་ཤེས་ཁམས༔ སྨྲ་བསམ་བརྗོད་བྲལ་ངོ་བོར་ཤར༔ ཨོཾ་བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཡེ་ཤེས་རིགས་ལྔ་མཉམ་སྦྱོར་བའི༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོའི༔ ཕུང་ཁམས་དུག་ལྔ་དག་པ་ཡི༔ གདན་གསུམ་དབང་བསྐུར་ཡོངས་སུ་རྫོགས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ སྤྱན་དྲངས་བཞུགས་བསྟིམ་ཕྱག་མཆོད་བསྟོད༔ སྦྱར་ཞིང་བཟླས་པའི་དེ་ཉིད་ནི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ ཙིཏྟའི་དབྱིབས་ནང་ཡེ་ཤེས་སེམས༔ ཧེ་རུ་ཀ་དཔལ་ཞལ་གཅིག་པ༔ ཕྱག་གཉིས་ཐུགས་ཀར་འཁྱུད་རྒྱ་ཅན༔ པད་ཉི་ལ་བཞེངས་ཐུགས་ཀར་ཧཱུྃ༔ རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར༔ སྔགས་ཀྱི་བསྐོར་ལས་སྤྲོ་བསྡུ་ཡི༔ ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་གྱིས༔ དོན་གཉིས་ཕྲིན་ལས་སྒྲུབ་པར་གྱུར༔ ཨོཾ་གུ་ཧྱེ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཞལ་ནང་མཁའ༔ སྦྱོར་མཚམས་སྔགས་ཀྱི་ཕྲེང་བ་ཡིས༔ བཟོད་མེད་བདེ་བསྐྱེད་ཨ་ཧཾ་སྒྲས༔ སངས་རྒྱས་སྲས་བཅས་ཆགས་པས་བསྐུལ༔ སྣོད་བཅུད་བདེ་སྟོང་ཟིལ་གྱིས་བཞུས༔ དྭངས་མ་རང་ལ་ཐིམ་པ་ཡིས༔ རྩ་རླུང་ཐིག་ལེ་གདོས་བཅས་སྦྱངས༔ ཡེ་ཤེས་བདེ་གསལ་མི་རྟོག་པ༔ སྐུ་གསུམ་ཕྱག་རྒྱའི་ཐིག་ལེར་སད༔ བདེ་སྟོང་བསམ་མི་ཁྱབ་པ་ཡི༔ ཡེ་ཤེས་ཆེན་པོ་འབྱམས་སུ་ཀླས༔ ཨོཾ་གུ་ཧྱེ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ༔ གནས་ལྔའི་འཁོར་ལོའི་འོད་ཟེར་གྱིས༔ ནད་གདོན་གཟུང་འཛིན་དབྱིངས་སུ་ཞི༔ ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས༔ ཁམས་གསུམ་རླུང་སེམས་དབང་དུ་བསྡུས༔ བདུད་བགེགས་གཉིས་སྣང་བར་ཆད་བསྒྲལ༔ ཐུན་མོང་ཁྱད་པར་ཕྲིན་ལས་བཞིའི༔ དངོས་གྲུབ་རབ་འབྱམས་འགྲུབ་པར་བསམ༔ སྔགས་ལ་ཤམ་བུ་སྦྱར་བ་ཡིས༔ ལས་ཀུན་འགྲུབ་པར་གདོན་མི་ཟ༔ བསྙེན་པ་ཟླ་དྲུག་སྒྲུབ་པ་བཞི༔ ལས་སྦྱོར་ཞག་ནི་སུམ་ཅུ་སྟེ༔ བརྩོན་པས་དངོས་ཉམས་རྨི་ལམ་དུ༔ སྒྲུབ་པའི་དྲོད་ཚད་རྙེད་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔༔༔བརྡ་ཡིག༔༔ གསུམ་པ་གསང་བ་ལྟར་སྒྲུབ་པས༔ ལྷན་སྐྱེས་ཡེ་ཤེས་བསྐྱེད་པ་ནི༔ ཨཿ སེམས་ཉིད་སྟོང་པ་ཆེན་པོ་ནི༔ འཁོར་འདས་མ་ལུས་འབྱུང་བའི་དབྱིངས༔ ངག་ཚིག་གཞོམ་མེད་དེ་ཉིད་དུ༔ དབུ་མའི་སྲོག་རྫོགས་ཀུན་སྣང་ཚུལ༔ ཟུང་འཇུག་རྡོ་རྗེ་ཕུང་པོའི་གྲོང༔ དྭངས་མར་ཞུ་བའི་ཐིག་ལེ་ཆེ༔ ཧཱུྃ་མཐིང་ཡེ་ཤེས་སྲོག་གི་བཅུད༔ ཧ་རི་ནི་སའི་སྒྲ་གདང་ཅན༔ འབུམ་ཕྲག་མཁའ་འགྲོའི་ཏི་ལ་ཀ༔ འཕེལ་འགྲིབ་མེད་པ་འཆར་བ་ལས༔ རང་ལུས་དག་པ་ལྷའི་གཞལ་ཡས༔ རྣམ་ཐར་སྒོ་གསུམ་ཆོས་འབྱུང་དབུས༔ རྐང་པ་རླུང་གི་དཀྱིལ་འཁོར་ཏེ༔ སུམ་མདོར་མེ་ཡི་དཀྱིལ་འཁོར་ཉིད༔ ལྟོ་བ་གསལ་དག་ཞི་གནས་ཆུ༔ ལྟེ་བ་ས་དཀྱིལ་རི་རབ་སྟེང༔ ནང་འབྱུང་དག་པའི་བརྩེགས་པ་དང༔ རྩ་ཀུན་ཡེ་ཤེས་རྒྱན་གྱི་ཚུལ༔ ཡེ་ཤེས་རླུང་གི་སྣང་བ་གསལ༔ བདེ་སྟོང་ཐིག་ལེ་དག་པའི་དཔྱིད༔ ཆོས་འབྱུང་པདྨ་འདབ་བཞིའི་སྟེར༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རང་སེམས་དག་པ་ཁྲོས་མ་ནག༔ ཞལ་གཅིག་ཕྱག་གཉིས་ཞབས་བརྐྱང་བསྐུམ༔ སྤྱན་གསུམ་བགྲད་ཅིང་མཆེ་བཞི་གཙིགས༔ ལྗགས་འདྲིལ་ཕཊ྄་དང་ཕཻཾ་སྒྲ་སྒྲོགས༔ ཐོད་སྐམ་དབུར་རྒྱན་རལ་པའི་གསེབ༔ རྟོག་མེད་ཕག་ཞལ་ངུར་སྒྲ་འབྱིན༔ མགོ་ཕྲེང་ཞིང་གླང་སྟག་ཤམ་ཀླུབས༔ རུས་པའི་ཕྱག་རྒྱས་བརྒྱན་པ་ཡི༔ སྐུ་རྒྱས་བྷ་ག་ལང་ཚོ་མཁྲེགས༔ ནུ་འབུར་གཞོན་ནུ་མ་ཡི་ཚུལ༔ ཡེ་ཤེས་མེ་དཔུང་དབུས་ན་རོལ༔ སྤྱི་བོར་སངས་རྒྱས་མཁའ་འགྲོ་མ༔ རྣམ་པར་སྣང་མཛད་འཁོར་ལོས་བསྒྱུར༔ རྩིབས་ལ་སྐུ་ཡི་འཁོར་ལོ་ཆེའི༔ མཁའ་འགྲོ་མ་ནི་དཀར་གསལ་མཛེས༔ མགྲིན་པར་པདྨ་མཁའ་འགྲོ་མ༔ དམར་མོ་སྒྲ་སྒྲོགས་གསུང་གི་རིགས༔ རྩིབས་ལ་གསུང་གི་འཁོར་ལོ་ཡི༔ མཁའ་འགྲོ་དམར་གསལ་བརྒྱད་ཀྱི་བསྐོར༔ ཐུགས་ཀར་རྡོ་རྗེ་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་ནམ་མཁའི་མདོག༔ འཁོར་དུ་མཁའ་སྤྱོད་ཐུགས་ཀྱི་ཚུལ༔ ཌཱ་ཀ་བརྒྱད་ཀྱི་ཚོམ་བུས་བསྐོར༔ ལྟེ་བར་རིན་ཆེན་མཁའ་འགྲོ་མ༔ སེར་མོ་དོན་འགྲུབ་གཙོ་བོ་ལ༔ གསེར་མདོག་འཁོར་བརྒྱད་ཕྲ་ལ་དྭངས༔ གསང་གནས་ལས་ཀྱི་མཁའ་འགྲོ་མ༔ སྣ་ཚོགས་མཐར་ཕྱིན་འཁོར་ཚོགས་བརྒྱད༔ ལྗང་གསལ་ཀུན་ཀྱང་དུར་ཁྲོད་ཆས༔ གྲི་ཐོད་ཁ་ཊྭཱྃ་མཆན་དུ་བཅངས༔ ཞི་ཆགས་ཁྲོ་བརྗིད་གཏུམ་པའི་ཚུལ༔ ཤིན་ཏུ་ཕྲ་ལ་འོད་ཟེར་འབར༔ སྟོང་གསུམ་ཡུངས་འབྲུའི་ཚུལ་ཉིད་དུ༔ འབུམ་ཕྲག་འཁོར་གྱི་སྤྲིན་ཕུང་འཕྲོ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ རྡོ་རྗེ་ལུས་ཀྱི་ཕྱི་མོ་ཆེ༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པའི༔ ཡེ་ཤེས་གཅིག་གི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ ལས་ཀྱི་རིམ་པ་རྫོགས་པ་དང༔ བོགས་འབྱིན་བཟླས་པའི་རྣལ་འབྱོར་ནི༔ རླུང་སྔགས་སེམས་གསུམ་དབྱེར་མེད་པས༔ སྲོག་གི་འཛིན་ཕུར་འདི་ལྟར་གདབ༔ འཁོར་ལོ་ལྔ་ཡི་ལྟེ་བ་རུ༔ རིགས་ལྔའི་མཁའ་འགྲོའི་ཐུགས་ཀ་རུ༔ ཉི་ཟླའི་གྭའུར་ས་བོན་གསལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་ཟེར་སྤྲོ་བསྡུས་འཕགས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ བརྟན་གཡོའི་ཐ་མལ་ཞེན་རྟོག་སྦྱངས༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་རོལ་མོ་འབྱམས་སུ་ཀླས༔ ཨོཾ་བཛྲ་བྷཱ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ བཟླས་པ་ངག་ཡིད་རླུང་དང་སྦྱར༔ ཡེ་ཤེས་སྐྱེ་བརྟན་འཕེལ་བ་ཡི༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་ཚོགས་པ༔ རྣལ་འབྱོར་ཕོ་མོའི་བྱིན་གྱིས་བརླབ༔ རྃ་ཡྃ་ཁྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པ་ལས༔ རིག་པའི་ཡེ་ཤེས་རྃ་ཡྃ་ཁྃ༔ མེ་རླུང་ཆུ་ཡིས་བསྲེག་གཏོར་བཀྲུས༔ དངོས་འཛིན་མཚན་མའི་རྟོག་པ་སྦྱངས༔ སླར་ཡང་རྡོ་རྗེའི་འབྲུ་གསུམ་ལས༔ ཨོཾ་ལས་ཡེ་ཤེས་ཀ་པཱ་ལ༔ ཨཱཿལས་ཤ་ལྔ་བདུད་རྩི་ལྔ༔ ཧཱུྃ་གིས་སྦྱངས་རྟོགས་སྦར་བ་ལས༔ འདོད་ཡོན་བསམ་མི་ཁྱབ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཞིང་རྣམས་སྤྱན་འདྲེན་པ༔ ཧཱུྃ༔ མཁའ་ཁྱབ་རྒྱལ་བ་སྲས་དང་བཅས༔ གཤེགས་བྱོན་བཞུགས་པར་མི་དམིགས་ཀྱང༔ ཐུགས་རྗེ་སྨོན་ལམ་ཐ་ཚིག་གིས༔ ཡེ་ཤེས་རོལ་པས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ དང་པོ་ཕུད་ཀྱི་མཆོད་པ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་ནི༔ ཡེ་ཤེས་ལྔ་ཡི་ཟེར་མདངས་ལས༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ བར་དུ་བཤགས་པས་ཉམས་ཆག་སྦྱངས༔ བདག་ཅག་གསང་སྔགས་སྒོར་ཞུགས་ཏེ༔ ཉམས་ཆག་ཉེས་པར་སྤྱོད་པའི་ཚོགས༔ ཡེ་ཤེས་བདུད་རྩིས་བསྐང་ཞིང་བཤགས༔ དག་ཅིང་ཚངས་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་ལ༔ ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ ནྲྀ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ྄༔ ཉམས་པ་བསྒྲལ་བའི་ཤ་ཁྲག་རུས༔ དུག་གསུམ་རྒྱན་གྱི་རོལ་མོ་ཆེ༔ འབར་བའི་དཀྱིལ་འཁོར་ཞལ་དུ་བསྟབ༔ དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ དམ་ཚིག་རྫས་ཀྱི་དངོས་པོ་ཀུན༔ གཙང་དམེའི་རྟོག་པས་མ་བཅིངས་པར༔ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ༔ ཞེན་མེད་དགྱེས་པའི་ཚུལ་གྱིས་རོལ༔ ལྷག་མ་བསྡུས་ཏེ་བྱིན་གྱིས་བརླབ༔ ཧྲཱིཾཿཕཻཾ༔ སྔོན་ཚེ་དཔལ་གྱི་དཀྱིལ་འཁོར་དུ༔ གསང་སྔགས་བླ་ན་མེད་པ་ཡི༔ མཚན་ཙམ་འཛིན་པའི་སྐྱེས་བུ་ལ༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པས༔ ལས་རྣམས་བྱ་བར་ཁས་བླངས་བཞིན༔ ལྷག་མའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧིཿ སྨོན་ལམ་གདབ་ཅིང་གླུ་གར་བྱ༔ གཉིས་པ་གཏོར་མ་སྐྱོང་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ༔ བདེ་གཤེགས་སྒྲུབ་སྡེ་ཆེན་པོ་བརྒྱད༔ བདེ་ཆེན་ཌཱ་ཀིའི་སྐུར་བཞེངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ སྔོན་ཚེ་ཀུན་བཟང་ཧེ་རུ་ཀས༔ སྒྲ་ཚིག་བྱ་རྩོལ་ལས་འདས་པའི༔ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ བར་དུ་བདེ་ཆེན་རང་སྣང་ཞིང༔ འོག་མིན་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དུས་གསུམ་དུས་མེད་ཆོས་བསྟན་ཚེ༔ ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ ཐ་མ་གདུལ་བྱ་དུས་བབ་ཚེ༔ ལས་སྨོན་ལྡན་པའི་སྐྱེས་བུ་ལ༔ སྨིན་གྲོལ་ཆོས་ཀྱི་མདོ་གཏད་པའི༔ དམ་ཚིག་བཞིན་དུ་ཕྲིན་ལས་མཛོད༔ ས་མ་ཡ་ཧོ༔ བྷྱོ༔ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བཤལ་ཆུ་ཕམ་ཕབ་འདི་གསོལ་ལ༔ མཐའ་དམག་དམ་སྲིའི་ཆོ་འཕྲུལ་བཟློག༔ འདོད་པའི་འབྲས་བུ་མཆིས་པར་མཛོད༔ ཌཱ་ཀི་ནི་ཁཱ་ཧིཿ གསུམ་པ་ལས་མཇུག་བྲོ་ཡིས་བསྡུ༔ ཧཱུྃ༔ བརྟུལ་ཞུགས་རོལ་པ་རྡོ་རྗེའི་བྲོ༔ འབར་བ་གཏུམ་ཆེན་རྔམས་པའི་ཚོགས༔ སྣང་སྲིད་དབང་བསྒྱུར་ཆེན་པོའི་བྲོ༔ གཟིར་མནན་བསྒྲལ་བའི་ཆོ་ག་རྫོགས༔ སྟྃ་བྷ་ཡ་ནན༔ བཞི་པ་མཆོད་བསྟོད་དངོས་གྲུབ་བླངས༔ ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་ནས༔ དཔལ་ཆེན་འབར་བ་མཁའ་འགྲོའི་དལ༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད༔ ལུས་ངག་ཡིད་ལ་དབང་མཆོག་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་བསྐྱེད་རིམ་བསྡུ་བ་ནི༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ འོད་གསལ་ཐུགས་ཀྱི་དབྱིངས་སུ་བསྡུ༔ སྤྲོས་བྲལ་ཡེ་ཤེས་ཕྱག་རྒྱ་ཆེའི༔ འགག་མེད་དག་པ་རབ་འབྱམས་ཤར༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་དགེ་བ་བསྔོ་བ་ནི༔ སྣང་བཅས་ལྷ་སྔགས་ཏིང་འཛིན་དང༔ དམིགས་མེད་འོད་གསལ་བསྒོམས་པའི་མཐུས༔ འགྲོ་ཀུན་དཔལ་ཆེན་སྐུ་གསུང་ཐུགས༔ གཉིས་སུ་མེད་པར་བྱང་ཆུབ་ཤོག༔ བདུན་པ་ཤིས་པས་དགེ་བར་བྱ༔ ཨོཾ༔ ཡེ་ཤེས་དབྱིངས་ལས་འབར་བའི་སྐུ༔ གང་འདུལ་རོལ་པའི་བཀྲ་ཤིས་ཤོག༔ སྐྱེ་འགག་བྲལ་བ་རྡོ་རྗེའི་སྒྲ༔ ཀུན་ཁྱབ་ཆེན་པོའི་བཀྲ་ཤིས་ཤོག༔ དམིགས་མེད་མཁྱེན་བརྩེའི་སྣང་བ་གསལ༔ ཟབ་རྒྱས་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཐུན་མོང་ལས་བཞིའི་ཕྲིན་ལས་ཀྱིས༔ སྣོད་བཅུད་དགེ་བའི་བཀྲ་ཤིས་ཤོག༔ བླ་མེད་མཆོག་གི་དངོས་གྲུབ་ཀྱིས༔ དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག༔ ཟབ་ཅིང་གསང་བ་སྙིང་པོའི་རྒྱུད༔ ཀུན་གྱི་མཐར་ཐུག་སྒྲུབ་བཀའ་བརྒྱད༔ ཤེས་རབ་ཌཱ་ཀི་ལྟར་སྒྲུབ་པའི༔ ཕྱི་ནང་གསང་བའི་ཚུལ་བསྟན་པ༔ མཚོ་རྒྱལ་ཐུགས་དམ་ནར་མར་གདམས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང༔ དམ་འཛིན་ལྷ་ཡི་སྲས་ལ་གཏད༔ དུས་ཀྱི་ཐ་མར་སོན་པ་ན༔ གདུལ་བྱ་ཡོངས་ལ་སྨན་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་བརྒྱད་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ལས༔ བསྐྱེད་རིམ་ལས་ཀྱི་བྱང་བུ་རྫོགས༔ གུ་ཧྱ༔ ཁ་ཐམ༔}} | ||
</onlyinclude> | </onlyinclude> |
Revision as of 16:12, 13 December 2022
🚧 This website is under continued development. We appreciate your patience!
བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ལས༔ ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་ལས་བྱང་༔
Wylie title | bka' brgyad bde gshegs kun 'dus las: yum bka' DA ki'i srog tig gi las byang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 22, Text 10, Pages 113-127 (Folios 1a to 15b3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Bka' brgyad bde gshegs kun 'dus las yum bka' DA ki'i srog tig gi las byang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 113-127. Delhi: Shechen Publications, 1994. | |
Genre | Activity Manual - las byang | |
Cycle | ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig) | |
Parent Cycle | བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus) | |
Deity | nam mkha'i dbyings kyi dbang phyug ma |