DKR-KABUM-17-TSA-028: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|fulltitle=
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|totalvolumes=25
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourceauthor=
|sourceauthortib=
|associatedpeople=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|deity=
|volumenumber=TSA
|cycle=rang byung pad+ma snying thig
|cycletib=རང་བྱུང་པདྨ་སྙིང་ཐིག་
|parentcycle=
|parentcycletib=
|volumenumber=017
|volnumtib=༡༧
|volyigtib=ཙ་
|totalvolumes=25
|beginfolioline=1a
|rectonotes=
|versonotes=rang byung pad+ma snying thig
|textnuminvol=028
|textnuminvol=028
|pdflink=File:DKR-KABUM-17-TSA-028.pdf
|pdflink=File:DKR-KABUM-17-TSA-028.pdf

Revision as of 15:28, 7 December 2022

Wylie title ' DKR-KABUM-17-TSA-028.pdf
Location dil mgo mkhyen brtse bka' 'bum
Volume 17, Text 28, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
[edit]
༄༅། རང་བྱུང་པདྨའི་སྙིང་ཐིག་ལས། རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་དབང་ཆོག་འཇུག་བདེ་རྡོ་རྗེའི་ཡེ་ཤེས་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ།


༄༅། དཔལ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ལ་ཕྱག་འཚལ་ལོ། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སྤྲིན། །རྡོ་རྗེའི་གསང་བ་མི་ཟད་རྒྱན་རྫོགས་པའི། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །རིགས་ཀུན་ཁྱབ་བདག་བླ་མར་མཆོག་ཏུ་གུས། །དེ་ཡི་རྡོ་རྗེ་བཞི་དབྱིངས་སུ། །འཇུག་འདོད་སྐལ་བཟང་སྨིན་པའི་ཐབས། །ཟབ་ལམ་སྒོ་འབྱེད་རིམ་པ་ཡི། །ལས་རིམ་འཇུག་བདེའི་བཙས་སུ་དབྱེ། །འདིར་རྒྱུད་དང་གྲུབ་པའི་མན་ངག་གི་དབྱེ་བསྡུའི་རྩ་བའི་དབང་བཞི། རྡོ་རྗེ་གསུམ་གྱི་བྱིན་རླབས། བརྡ་དང་རིག་པའི་རྩལ་དབང༌། རྗེས་གནང་དང་རིག་གཏད་ཀྱི་ཆོ་ག་སོགས་རྣམ་བཞག་མང་དུ་མཆིས་པ་ཀུན་གྱི་འཕྲོ་གཞིའི་སྙིང་པོ་དབང་སྟེ། དེ་ལའང་རྒྱས་པ་དང༌། འབྲིང་བསྡུས། སྙིང་པོ་སོགས་རྒྱ་ཆེར་བསྟན་པ་ཐམས་ཅད་ལག་ཏུ་ལེན་པ་ལ་ཡང༌། དབང་བསྐུར་བ་པོ་སློབ་དཔོན། བསྐུར་བྱའི་དབང་གི་ཆོ་ག །བསྐུར་ཡུལ་སློབ་མའི་མཚན་ཉིད་རྣམས་ཚོགས་པ་གལ་ཆེ་བ་གསང་བ་སྤྱི་ཡི་གནད་ཤེས་པར་བྱས་ནས། དབང་གི་ཆོ་ག་དངོས་ལ་སྦྱོར་བ་ཉེར་བསྡོགས། དངོས་གཞི་དབང༌། རྗེས་ཀྱི་ལས་རིམ་བཅས་གསུམ་མོ། །དང་པོ་ནི། གཞུང་དང་མཐུན་པའི་གནས་དབེན་པར་དུས་ཡར་ངོའི་ཚེས་བཅུ་ལ་སོགས་པ་སྐབས་སུ་བབས་པ་ན་གཙང་མའི་ཁང་བུར་རྒྱན་བཀོད་ལེགས་པར་བྱས་པའི་གོང་དུ་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་སུམ་རིམ་དུ་འབྱོར་ན་གཞུང་མཐུན་དཀྱིལ་འཁོར་རས་བྲིས་དང་རྡུལ་ཚོན་གང་འོས། མ་འབྱོར་ཚེ་ཚོམ་བུ་གཙོ་འཁོར་ལྔ་ཅན་སྟེང་མཉྫིའི་ཁར་བུམ་པ་རྒྱན་ལྡན་སོ་ལྔའི་རྫས་ཀྱིས་གཏམས་པའི་ཆུས་སུམ་གཉིས་བཀང་བ། བྷནྡྷ་མཚན་ལྡན་བདུད་རྩི་རིལ་བུས་སྦགས་པའི་ཆང་གིས་བཀང་བའི་ཁར་མཁར་བའི་མེ་ལོང་སིནྡྷཱུ་རའི་རྡུལ་གྱིས་བགོས་པར་དབུས་སུ་ཧྲཱིཿཡིག །ཕྱོགས་བཞིར་ཐིག་ལེ་བཞིར་ཧ་རི་ནི་སས་མཚན་པ་དར་དམར་གྱིས་ཁ་བཀབ་པ་རྣམས་བརྩེགས་མར་བཤམས། རྒྱབ་ཏུ་བླ་མའི་གཏོར་ཆེན་རི་རབ་སྟེང་རིན་ཆེན་ཟུར་བརྒྱད་ཉི་ཟླའི་ཁར་དཔལ་གཏོར་རྒྱན་ལྡན་དར་གདུགས་ཀྱི་སྤྲས་པ་དང༌། གུ་རུ་རྡོ་རྗེ་འཆང༌། ཐོད་ཕྲེང་སྡེ་ལྔ། མཚན་བརྒྱད་ཀྱི་ཙཀླི་བཅས་བུམ་པའི་མདུན་དུ་བཀོད། རྟ་ཕག་ཡབ་ཡུམ། གིང་ཆེན་ཡབ་ཡུམ། སྔགས་བྱང་བཅས་ལྷོ་དང༌། ཕག་མོའི་སྐུ། མེ་ལོང་བཅས་ནུབ་ཏུ་བཀོད། བྱང་དུ་བཀའ་སྲུང་གི་གཏོར་མ་དཔུང་རོང་ལ་འཁོར་བརྒྱད་ཀྱིས་བསྐོར་ཞིང་ཐེབས་ཀྱུ་རིལ་བུས་གཏམས་པ་དར་གདུགས་མཐིང་ག་བཅས་བཀོད། གཞན་ཡང་ཚེ་འབྲང༌། ཚེ་ཆང༌། ཚེ་རིལ། ཚེ་མདའ་བཅས། ཉེར་སྤྱོད་ཀྱི་མཆོད་པ། སྨན་རཀ །ཆད་བརྟན། ཚོགས་ཀྱི་དམ་རྫས། དཀར་བགེགས། མིག་དར་མེ་ཏོག །ལས་བུམ་སོགས་འདུ་བྱ་ཞིང་བཀོད་མཛེས་སུ་བསྟར་བའོ། །གཉིས་པ་དབང་གི་རིམ་པ་དངོས་ལའང་བདག་མདུན་བུམ་སྒྲུབ། དབང་གི་བྱ་བ་གཉིས་ཀྱི་དང་པོ་ནི། ཚིག་བདུན་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་ཕྲིན་ལས་དངོས་གྲུབ་སྙིང་པོ་ལྟར་སྐྱབས་སེམས་ནས་བརྩམས་ལས་གཞུང་བསྲང༌། རྩ་བ་གསུམ་གྱི་བཟླས་དམིགས་བསྙེན་སྒྲུབ་ལས་སྦྱོར་གྱི་རིམ་པ་ལྟར་མཐར་ཆགས་སུ་བྱ་དགོས་པས་དང་པོ་རིག་འཛིན་བླ་མའི་བྱིན་རླབས་དབང་ལེན་གྱི་བཟླས་པ་ཚིག་བདུན་གསོལ་འདེབས་ཉེར་གཅིག །བཛྲ་གུ་རུ་སུམ་བརྒྱ། ཐོད་ཕྲེང་རྩལ་དེ་མཚུངས། ཐོད་ཕྲེང་སྡེ་ལྔ་དང་མཚན་བརྒྱད་བྱེ་བྲག་པའི་བཟླས་པ་རྣམས་དབང་གི་སྐབས་འདིར་མ་བྱས་ཀྱང་རུང༌། ཡི་དམ་རྟ་མགྲིན་གྱི་བཟླས་པ་སུམ་བརྒྱ། བཀའ་བརྒྱད་གཞན་རྣམས་བརྒྱ། མཁའ་འགྲོའི་བཟླས་པ་སུམ་བརྒྱ། ཆོས་སྲུང་གི་བཟླས་པ་ཉེར་གཅིག་ཙམ་བྱ། རྣམ་རྒྱལ་བུམ་པ་ལ་དམིགས་ཏེ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང༔ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས༔ རྩ་གསུམ་བླ་མའི་ལྷ་ཚོགས་རྣམས༔ སྣང་སྟོང་ཆུ་ཟླ་ལྟ་བུར་གསལ༔ རང་གི་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྙོམས་འཇུག་བྱང་སེམས་བདུད་རྩི་ཡི༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཞེས་དམིགས་ལ་རྩ་བ་གསུམ་ཀའི་བཟླས་པ་མང་ཉུང་གོང་གི་འགྲོས་ལྟར་སྐབས་ཕྱེད་པར་བཟླ། ལས་བུམ་ལ་དམིགས་པས། ལས་བུམ་དུ་སྐད་ཅིག་གི་རྟ་མགྲིན་དམར་པོ་གཡས་པདྨའི་དབྱུག་ཏོ་དང༌། གཡོན་མེ་ཡི་ཞགས་པ་ཐོགས་པར་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྡུལ་ཕྲ་རབ་བབ་པས་བུམ་པ་གང་བར་བསམ་ལ། ཨོཾ་ཧ་ཡ་གྲཱྀ་བ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། ཨོཾ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཾ་ཏ་ཁཱ་ཧི༔ ཏ་ན་ག་ན་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཞེས་མཆོད་པ་དང༌། ཧྲཱིཿ ཆོས་དབྱིངས་ཟག་མེད་དགོངས་པ་མཁའ་ལྟར་ཁྱབ༔ ཡེ་ཤེས་སྒྱུ་འཕྲུལ་བཀོད་པ་བསམ་ལས་འདས༔ སྲིད་ཞིའི་རྒུད་སེལ་བདེ་ཆེན་མཆོག་སྩོལ་མཛད༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་བསྟོད༔ བསྟོད་པ་བཅས་བསྡུས་ཙམ་བྱས་ལ་ཡིག་བརྒྱ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཆུ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། བཀའ་སྲུང་དང་ཚོགས་མཆོད་བསྐང་བཤགས་བཅས་བྱས་ལ། བདག་འཇུག་གི་ཆོ་གའམ། རིག་པའི་མེ་ཏོག་དོར་ལ་སློབ་མ་འཇུག་པར་གནང་བ་ནོད། གཉིས་པ་དབང་གི་བྱ་བ་ནི། དད་བརྩོན་སྣོད་དང་ལྡན་པའི་སློབ་མ་ཟུང་དུ་མ་གྱུར་པ་སྒོ་དྲུང་དུ་འཁོད་པར་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བཅས་ལས་བྱང་ལྟར་བྱས་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་འདིར་ཆོས་ཀྱི་དབྱིངས་གདོད་ནས་རྣམ་པར་དག་པའི་ཡེ་ཤེས་ཀྱི་དགོངས་པ་ལས་ནམ་ཡང་མི་གཡོ་བཞིན་དུ་ཐུགས་རྗེ་འགག་པ་མེད་པའི་རང་རྩལ་མཁའ་ཁྱབ་གདུལ་བྱའི་ཡུལ་ལ་ཕྱོགས་དུས་རྒྱུན་མི་ཆད་པར་ཆོས་ཉིད་ཀྱིས་འཇུག་སྟེ། གང་འདུལ་འགྲོ་བའི་དོན་རྩོལ་མེད་དུ་མཛད་པའི་ཚེ་གདུལ་དཀའི་འགྲོ་བ་ལ་ཐུགས་རྗེ་སྨོན་ལམ་གྱི་བྱེད་པ་དུས་གསུམ་རྣམ་འདྲེན་ཀུན་ལས་ཆེས་ཁྱད་པར་དུ་འཕགས་པ་ནི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཏེ། བདག་ཉིད་ཆེན་པོ་དེའི་ཡེ་ཤེས་ཀྱི་གསང་བ་ཟབ་མོ་ནི་གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། སངས་རྒྱས་གདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་བྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏཱ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་གསུངས་པ་ལྟར་ཕྱོགས་དུས་སངས་རྒྱས་ཀུན་དང་རྣམ་དབྱེར་མ་མཆིས་པས་སོ་སྐྱེ་ལྟ་ཅི་འཕགས་པ་སློབ་པས་ཀྱང་རྗེས་སུ་དཔོག་པར་མི་ནུས་ཤིང༌། གདུལ་བྱ་ཕྱོགས་རེའི་མཛད་པ་ཞིང་འདིར་ཐུན་མོང་གི་སྣང་ཆར་སྐུ་ཚེ་འདི་ཉིད་ཁོ་ནའི་རྣམ་ཐར་ལ་ཡང་ཡོངས་སུ་གྲགས་པའི་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་སྤྲུལ་གཞི་མགོན་པོ་ཚེ་དཔག་མེད་ཡབ་ཡུམ་གྱིས་དངོས་སུ་རྗེས་སུ་བཟུང་སྟེ་ཚེ་དབང་རིག་པ་འཛིན་པའི་གོ་འཕང་མངོན་དུ་མཛད། བལ་ཡུལ་ཡང་ལེ་ཤོད་དུ་ཡང་དག་ཧེ་རུ་ཀ་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ས་ལ་གཤེགས། ཧེ་རུ་ཀ་དཔལ་ཤྲཱི་སེངྷ་ལས་རྫོགས་པ་ཆེན་པོའི་དགོངས་བརྒྱུད་གཅིག་ཆར་ཏུ་སད་པ་རིག་པ་རྩལ་གྱི་དབང་ཐོབ། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་དུ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེས་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་ཀུན་འདུས་ཀྱི་རྒྱུད་ལུང་མན་ངག་གི་གླེགས་བམ་གྱི་སྒྲོམ་བུ་གཏད་ནས་རྡོ་རྗེ་ཐེག་པའི་གསང་མཛོད་མཐའ་དག་ལ་མངའ་དབང་བསྒྱུར་བས། ཆེ་མཆོག་ཧེ་རུ་ཀ་དཔལ་དགུ་དང་གཉིས་སུ་མེད་པའི་བཀའ་བབ་རིག་འཛིན་བརྒྱད་ཀྱིས་ཀྱང་ཞབས་ལ་གཏུགས་ཏེ་ཆོས་ཀྱི་སྐྱེས་ཕུལ། ཤེས་བྱ་རིག་པའི་གནས་ཐམས་ཅད་རང་རང་གི་སློབ་དཔོན་གྱིས་བརྡ་བསྟན་པ་ཙམ་གྱིས་མཁྱེན་པའི་དཀྱིལ་འཁོར་དུ་ཆུད་ཅིང་འཆད་རྩོད་རྩོམ་པའི་ཕྲིན་ལས་རྒྱ་ཆེ་མུ་མེད་དུ་བསྐྱངས། མངོན་ཤེས་དང་རྫུ་འཕྲུལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་དབང་ཐོབ་པས་མཁའ་འགྲོ་དང་ཆོས་སྐྱོང་བྲན་དུ་བཀོལ། ཟ་ཧོར་དང་ཨོ་རྒྱན་གྱི་ཡུལ་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྤྲོས་པ་ཆེན་པོ་ཚོམ་བུ་ཚོགས་སུ་སྒྲུབ་པས་སྣོད་བཅུད་ཧེ་རུ་ཀའི་རྡོ་རྗེའི་ཞིང་དུ་བསྒྱུར་བས་ཐ་མལ་གྱི་སྐྱེ་འགྲོ་སྟོང་པར་མཛད། མཁའ་འགྲོ་བདུད་འདུལ་དྲག་མོའི་རིག་སྔགས་ཀྱི་མེ་དབལ་གྱིས་མུ་སྟེགས་སྟོན་པ་ལྔ་བརྒྱ་བསྒྲལ་བ་སོགས་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་མཐའ་ཡས་པ་མཛད་བཞིན་སྐུ་ལྔ་ལྷུན་གྲུབ་རྡོ་རྗེའི་ས་ལ་ཕེབས་པ་དང༌། བྱང་ཕྱོགས་གངས་ཅན་གྱི་གདུལ་བྱ་ཐུགས་རྗེས་བཟུང་ནས་མ་རུངས་པའི་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ཡེ་ཤེས་ཕྱག་རྒྱའི་བཀའ་རྟགས་ཀྱི་ཟིལ་འོག་ཏུ་བཅུག་ནས་བསྟན་པའི་སྲུང་མར་ཕོག །ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་རུ་གནོན་གྱི་ལྷ་ཁང་ས་གནད་ཀྱི་མེ་བཙའ་དུ་མ་བཞེངས། མདོ་སྔགས་དགེ་འདུན་གྱི་སྡེ་གཉིས་བཙུགས། ལོ་པཎ་བརྒྱ་རྩ་བརྒྱད་ཞལ་འཛོམ་སྟེ་རྗེ་འབངས་ཐུན་མོང་གི་གདུལ་བྱར་སྡེ་སྣོད་གསུམ་གྱི་ཆོས་འཁོར་དང༌། རྡོ་རྗེ་ཐེག་པ་མན་ངག་ལྟ་བའི་ཕྲེང་བ་ཙམ་དང༌། ལས་ཅན་སྙིང་གི་བུ་དགུ་སོགས་ཐུན་མིན་ལ་མཆིམས་ཕུ་བྲག་དམར་བྲེ་གུའི་ཀེའུ་ཚང་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དང༌། བར་ཁང་གཡུ་ཞལ་ཅན་ན་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱ། གཞོ་སྟོད་ཏི་སྒྲོའི་ཚོགས་ཁང་དུ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག །ཁྲ་འབྲུག་བྱམས་པ་མི་འགྱུར་ན་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སོགས་གསང་ཆེན་རྡོ་རྗེའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཨུ་རྒྱན་མཁའ་འགྲོའི་གྲོང་ཁྱེར་དང་གཉིས་སུ་མེད་པས་ལས་ཅན་མཐའ་དག་སྨིན་གྲོལ་རྡོ་རྗེའི་ས་ལ་བཀོད་ནས་སྟོན་འཁོར་དགོངས་པ་དབྱེར་མེད་དུ་བྱིན་གྱིས་བརླབས་ཏེ་ནུབ་ཕྱོགས་འཕུར་འགྲོའི་གྲོང་ཁྱེར་ལས་ལྷག་པར་མཛད་དེ་གྲུབ་ཐོབ་ཀྱི་ཚངས་ཆེན་པོ་བརྡོལ། མ་འོངས་རྩོད་དུས་ཕྱི་མའི་གདུལ་བྱའི་དོན་དུ་གངས་ཅན་མཐའ་དབུས་ཀུན་ཏུ་ཞབས་ཀྱིས་བཅག་ནས་རི་བྲག་མཚོ་གསུམ་གདོད་ནས་གྲུབ་པའི་རྡོ་རྗེའི་གནས་ཡུལ་དང་གཉིས་སུ་མེད་པའི་ལྷག་པར་གནས་ཏེ་སྒྲུབ་པའི་གནས་སུ་བྱིན་གྱིས་བརླབས། ཆོས་ནོར་རྫས་ཀྱི་གཏེར་ཁ་དུ་མས་རི་བྲག་མཚོ་གསུམ་ལ་རྒྱས་བཏབ་སྟེ་བསྟན་འགྲོར་ཕན་བདེའི་བཙས་སུ་བསྐྲུན། རྩོད་དུས་ཀྱི་འགྱུར་བ་རེའི་སྐབས་སུ་རྟེན་འབྲེལ་དང་སྨོན་ལམ་དུས་སུ་བབ་པའི་སྤྲུལ་པའི་རིག་འཛིན་རེ་བྱོན་ནས་གང་ལ་གང་འཚམས་ཀྱི་གདུལ་སྐལ་དང་མཐུན་པའི་ཆོས་རེས་སྨིན་གྲོལ་ལ་བཀོད་དེ་བསྟན་འགྲོའི་ཕན་བདེའི་སྲོག་རྩ་སྦོམ་པོར་མཛད་པ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་སྟེ། མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ་དེ་ནི་ཕྱོགས་དུས་སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་ཀྱི་སྐུ་གཅིག་པུར་ངེས་པར་རྡོ་རྗེའི་ཐ་ཚིག་གིས་ཞལ་གྱིས་བཞེས་པའི་ཚུལ། རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། དུས་གསུམ་བླ་མ་ཐོད་པ་རྩལ༔ རྒྱལ་ཀུན་འདུས་པ་དེ་ཁོ་ན༔ ཞི་བར་སྣང་བ་སྤྱན་རས་གཟིགས༔ ཁྲོ་བོ་དབང་ཆེན་དྲག་པོ་རྩལ༔ དངོས་གྲུབ་ཀུན་གྱི་བདག་ཉིད་ཆེ༔ རྡོ་རྗེ་ཕག་མོ་ལ་སོགས་པའི༔ མཁའ་འགྲོ་རྣམས་དང་ལྷན་ཅིག་རོལ༔ ཕྲིན་ལས་རབ་མྱུར་དངོས་གྲུབ་ཆེ༔ ཞེས་གསུངས་པ་ལྟར་བསྒྲུབ་བྱ་རྩ་བ་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་བསྒྲུབ་གཞི་རིག་འཛིན་བླ་མ་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་མེས་རྡོ་རྗེ་ཐོད་ཕྲེང་རྩལ་གཅིག་གི་ཡེ་ཤེས་ཆེན་པོའི་རོལ་པར་ཤེས་པས། སྒྲུབ་བྱེད་བྱིན་རླབས་བླ་མའི་ཐུགས་སྒྲུབ་སྙིང་པོ་སྲོག་གི་ཏི་ཀ་ལྟར་ལམ་དུ་བྱེད་པ་འདིའང༌། གངས་ཅན་བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ་འཇམ་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཆོས་ཀྱི་གཏེར་མཛོད་རྡོ་རྗེའི་དོ་ཧ་ལས་རྩ་གསུམ་ལམ་ཁྱེར་རྡོ་རྗེའི་ཐོལ་གླུ་ཟབ་གསང་སྦས་པའི་སྣང་བ་ཉི་ཟླའི་སྤྲིན་གྱི་འཇོ་སྒེག་ལས་འཕྲོས་པའི་རྡོ་རྗེའི་གསང་བ་ཆེན་པོ་རྨད་དུ་བྱུང་བ་སྟེ། རྩ་གསུམ་དབྱེར་མེད་འཁོར་ལོའི་མགོན་པོ་མཆོག་དེས་གསང་གསུམ་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་ཡེ་ཤེས་ཀྱི་གཟི་བྱིན་དད་བརྒྱའི་འདབ་སྟོང་གི་བཅུད་དུ་ལེན་པའི་སྐལ་བཟང་ཆ་ཙམ་ཐོབ་པ་བདག་ཉིད་པདྨ་གར་དབང་བདེ་ཆེན་མདོ་སྔགས་གླིང་པ་ཉིད་རང་ལོ་སོ་དྲུག་པའི་སྟེང་དུ་སོན་པའི་ཚེ་གསོལ་འདེབས་ལེའུ་བདུན་མའི་ལུང་བཀླགས་པས་ལོ་རྒྱུས་ཡིག་ཆུང་གི་རྐྱེན་ལྟ་བུས་རིག་གསང་ཡེ་ཤེས་ཀྱི་སྒྲོམ་ནས་ཤར་བའི་བྱིན་རླབས་བླ་མའི་སྒྲུབ་པ་དངོས་གྲུབ་སྙིང་པོ་ཞེས་གཙོ་བོ་དཀྱིལ་འཁོར་ཀུན་བདག་མཚོ་སྐྱེས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལ་བརྟེན་ནས་བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀྱི་རྩ་བ་གསུམ་ཀའི་བསྐྱེད་རྫོགས་ཀྱང་ཞར་བྱུང་དུ་རྫོགས་པའི་ཟབ་ཆོས་རྨད་དུ་བྱུང་བའི་སྨིན་བྱེད་ཀྱི་དབང་བསྐུར་བསྒྲུབ་པ་ལ་ཐོག་མར་སྔོན་འགྲོ་འཇུག་པའི་ཆོས་རྣམས་ཞུ་བའི་དོན་དུ་མཎྜལ་ཕུལ། ཨོཾ་ཙཀྵུ་བནྡྷ་བཱ་ར་མ་ཎཱ་ཡ་སྭཱ་ཧཱ། ཞེས་མིག་དར་བཅིངས། ཨཱཿཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གཏད་ལ། སློབ་དཔོན་ཉིད་རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་སུ་གསལ་བའི་ཡིད་ཆེས་ཀྱི་དད་མོས་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀྱཻ༔ མ་བླ་མ་སངས་རྒྱས་རིན་པོ་ཆེ༔ མ་ཧཱ་གུ་རུ་པདྨ་འབྱུང༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རྡོ་རྗེའི་དཀྱིལ་འཁོར་གཞུག་ཏུ་གསོལ༔ རྡོ་རྗེའི་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ཆོ་འཕྲུལ་ནི་ཕྱི་ལྟར་དཀོན་མཆོག་གསུམ། ནང་ལྟར་རྩ་བ་གསུམ། གསང་བ་སྐུ་གསུམ་བླ་ན་མེད་པའི་ཁྱབ་བདག་ཆེན་པོར་རྫོགས་པས་ཁམས་གསུམ་སེམས་ཅན་ཀུན་གྱི་འདྲེན་པའི་དེད་དཔོན་མཆོག་ཏུ་མོས་པ་རྩེ་གཅིག་པས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་བདག་སོགས་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་སྒོ་གསུམ་འདུན་པ་གཅིག་དྲིལ་གྱིས་མི་སློབ་ལམ་མངོན་དུ་མ་གྱུར་བར་སྐྱབས་སུ་འགྲོ་བར་མོས་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སོགས། མ་རིག་རྟོག་འཁྲུལ་གྱིས་སྒྲིབ་པས་མེད་སྣང་འཁོར་བའི་གྲོང་ཁྱེར་ལུ་གུ་རྒྱུད་དུ་འཁྱམས་པའི་སེམས་ཅན་རྣམས་གནས་ལུགས་དོན་གྱི་བླ་མ་སྐུ་བཞིའི་དབང་ཕྱུག་གི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་བྱང་ཆུབ་སྤྱོད་པ་རྒྱ་མཚོ་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པ་མགོན་པོའི་རྣམ་ཐར་རྨད་དུ་བྱུང་བའི་རྗེས་སུ་སློབ་སྙམ་དུ་སེམས་རྣམ་པ་གཉིས་བསྐྱེད་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔སོགས། བསོད་ནམས་ཀྱི་ཞིང་རྨད་དུ་བྱུང་བ་སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་ཤར་བ་ལ་རང་བཞིན་ཡོངས་གྲུབ་ཆེན་པོའི་མོས་གུས་ཀྱིས་བསགས་སྦྱང་གི་ཐབས་རྨད་དུ་བྱུང་བ་ནི་རྡོ་རྗེའི་ཏིང་ངེ་འཛིན་གྱི་རོལ་མོ་འབྱམས་ཀླས་པས་རྒྱུད་སྨིན་གྲོལ་གྱི་སྣོད་རུང་དུ་དག་པར་བགྱིའོ་སྙམ་པས་རྗེས་ཟློས་ལན་གསུམ། བླ་མ་རྩ་གསུམ་ལྷ་ཚོགས་ལ༔སོགས། སྤང་བྱ་འཇིགས་རུང་སྲིད་པའི་གཡང་ལས་སྒྲོལ་བྱེད་སོ་ཐར་གྱི་སྡོམ་པའི་ངེས་འབྱུང༌། བླང་བྱ་ཞི་བ་ཕྱོགས་གཅིག་གི་མཐའ་ལས་སྐྱོབས་པའི་བྱང་སེམས་ཀྱི་ངོ་བོ་གཞན་ཕན། མཐའ་གཉིས་བླང་དོར་གྱི་མཚན་རྟོག་ཐམས་ཅད་དབྱིངས་སུ་སྡོམ་པའི་རྡོ་རྗེ་ཐེག་པའི་དག་མཉམ་ཆེན་པོའི་དགོངས་སྤྱོད་ཀྱི་ཀློང་ལས་མི་འདའ་བར་སྡོམ་པ་རྒྱ་མཚོ་མཐའ་ཡས་པའི་གནང་བཀག་ལ་འགལ་འདུར་མི་སྤྱོད་ཅིང་དམ་ཚིག་གི་བསླབ་པའི་གནས་མཐའ་དག་རྫོགས་པར་བཟུང་བར་བགྱི་སྙམ་པས་རྗེས་ཟློས་ལན་གསུམ། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་གིས་དེང་བཟུང་བྱང་ཆུབ་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་དམ་ཚིག་རྣམས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏོང་ན༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དེ་དག་གི་སྔོན་འགྲོ་ཕྱི་འཇུག་གི་རིམ་པ་རྣམས་སོང་ནས། ནང་འཇུག་གི་དང་པོ་ཡེ་ཤེས་དབབ་པའི་གཞི་ཀུན་བཟང་རྡོ་རྗེ་སེམས་དཔའི་དམ་ཚིག་རྡོ་རྗེའི་མནའ་ཆུ་འདི་ཉིད་ལྕེ་ལ་བྱིན་པ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་གཅིག་ཏུ་འདྲེས་ཏེ་གནད་ལ་བཀར་བས་འདའ་ཉམས་ཀྱི་གཡང་ལས་སྐྱོབ་པའི་དཔང་པོ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས། ནང་མཆོད་ཀྱི་བདུད་རྩི་བྱིན་ལ། ཧོཿ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ ཡེ་ཤེས་སེམས་དཔའི་ངོ་བོ་སྟེ༔ བསྲུང་ན་དངོས་གྲུབ་མཆོག་ཐོབ་ཅིང༔ ཉམས་པས་བརླག་པར་གདོན་མི་ཟ༔ ས་མ་ཡ་ཨུ་ད་ཀ་ཋ་ཋ༔ དམ་ཚིག་ཉམས་པའི་ཉེས་དམིགས་བསྒྲགས་པས་བཀའ་གཉན་པར་ཤེས་པར་བྱས་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཀོད་ལ། ཧོཿ རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ ཉམས་གྱུར་ཉེས་པ་བརྗོད་མི་ལངས༔ བསྒྲིམ་ཏེ་རབ་ཏུ་སྲུང་བར་བྱ༔ ས་མ་ཡ་ཧོཿ རྡོ་རྗེ་སློབ་དཔོན་བཀའ་གཉན་པར་བསྟན་ཏེ་རྡོ་རྗེའི་ཐ་ཚིག་ལས་འདའ་མི་རུང་བར་བསྒོས་ནས་དམ་ལ་བཞག་པ་ནི། རྡོ་རྗེ་གདེངས་ཏེ། ཧཱུྃ༔ ང་ནི་དཔལ་ལྡན་ཧེ་རུ་ཀ༔ དཀྱིལ་འཁོར་ཀུན་གྱི་བདག་པོ་སྟེ༔ ནམ་ཡང་བཀའ་ལས་མ་འདའ་བར༔ སྙིང་དང་མིག་བཞིན་གཅེས་པར་སྲུངས༔ ས་མ་ཡ་རཀྵནྟུ༔ ཁེ་ཉེན་ཆེན་པོ་རྡོ་རྗེའི་གསང་བ་ཟབ་མོར་འཇུག་པའི་སྒོ་དབང་གིས་སྨིན་པར་མཛད་ན་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་གཉན་པོ་སྲུང་སྡོམ་ལས་ནམ་ཡང་མི་འདའ་སྙམ་པས་གསོལ་བ་གདབ་ཅིང་ཁས་བླང་བ་འདིའི་རྗེས་ཟློས་མཛོད། རིགས་རྣམས་ཀུན་བདག་ཆེ་བའི་མཆོག༔ ནམ་ཡང་བཀའ་ལས་མི་འདའ་བར༔ རྡོ་རྗེ་ཐེག་པའི་གཞུང་བཞིན་དུ༔ དངོས་གྲུབ་དམ་པ་ངེས་པར་བསྒྲུབ༔ དེ་ནས་རིགས་ཀྱི་ལྷ་སྐལ་བརྟག་པའི་ཕྱིར་མེ་ཏོག་འབུལ་བའི་ཐོག་མར་དཀྱིལ་འཁོར་གྱི་སྒོ་དབྱེ་བར་གསོལ་བ་འདེབས་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ༔ ཅེས་གསོལ་བ་བཏབ་པས་སྒོ་སྲུང་དཔའ་བོ་མཁའ་འགྲོས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེས་པར་མོས་ཤིག །དེ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཁྱེད་རང་དང་ཚེ་རབས་སྔོན་ནས་འབྲེལ་བའི་རིགས་ཀྱི་ལྷ་གང་ཡིན་པ་ལ་ཕོག་པར་ཤོག་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧཱུྃ༔ བསྐལ་པ་གོང་ནས་ལས་ཀྱི་འཕྲོ་ལྡན་པའི༔ ཡི་དམ་རྒྱལ་བའི་གཙོ་མཆོག་ཐོད་ཕྲེང་རྩལ༔ ལྷ་མཆོག་ཁྱེད་ལ་རིག་པའི་མེ་ཏོག་འབུལ༔ གཉིས་མེད་ངང་དུ་ཐུགས་རྗེས་བཟུང་དུ་གསོལ༔ པྲ་ཏཱི་ཙྪ་ཧོཿ ཞེས་དཀྱིལ་འཁོར་ལ་དངོས་སུ་དོར་བའམ། ཕྱག་རྒྱའི་དཀྱིལ་འཁོར་དུ་འདོར་དུ་གཞུག །དབུས་སུ་བབས་ན་དེ་བཞིན་གཤེགས་པའི་རིགས་བུདྡྷ་གུ་རུ། ཤར་དུ་བཛྲ། ལྷོར་རཏྣ། ནུབ་ཏུ་པདྨ། བྱང་དུ་ཀརྨ་ཞེས་སོ་སོའི་རིགས་དང་མཐུན་པའི་མིང་གདགས། སླར་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཅིངས་པའི་མོས་པ་གྱིས། ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཧཱུྃ་ཞེས་མེ་ཏོག་དང་ལྷ་གཉིས་སུ་མེད་པ་སྤྱི་བོ་ནས་ཐིམ་པར་གྱུར། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་ཆོ་ག་དངོས་ལ། བཅུད་བཟང་པོ་བླུགས་པ་ལ་སྣོད་དག་པ་སྔོན་དུ་འགྲོ་དགོས་པ་ལྟར་གཞི་སྒོ་གསུམ་གྱི་གནད་གཅུན་པས་དམིགས་པ་འདི་བཞིན་དུ་གསལ་ཐོབ་མཛོད། འདི་ལྟར་སྣང་སྲིད་གཉིས་བསྡུས་ཀྱི་འཁྲུལ་ཆོས་ཐམས་ཅད་གདོད་ནས་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་ཀློང་ཆེན་པོར་ཀ་ནས་དག་སྟེ་སྤང་བླང་བྱ་རྩོལ་བྲལ་བའི་ཀློང་ལས། ཅིར་སྣང་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་ཆོ་འཕྲུལ་ཟག་མེད་བདེ་བ་ཆེན་པོ་འབའ་ཞིག་གི་བདག་ཉིད་དུ་འབྱམས་སུ་ཀླས་པའི་འཆར་ཆ། སྣོད་བཅུད་ངེས་པ་ལྔ་ལྡན་པདྨོ་བཀོད་པ་དབང་དྲག་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་ལྷུན་གྱིས་རྫོགས་པའི་དབུས་སུ་པད་ཉི་བདུད་བཞིའི་གདན་ལ་རྡོ་རྗེའི་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་སློབ་མ་རེ་རེ་བཞིན་ཡི་དམ་ཀུན་འདུས་དབང་ཆེན་པདྨ་ཧེ་རུ་ཀ་སྐུ་མདོག་དམར་གསལ་བསྐལ་པའི་མེ་ལྟར་འབར་བའི་གཟི་བྱིན་ཅན་ཁྲོ་འཛུམ་གར་དགུའི་ཉམས་ལྡན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ལྗགས་འདྲིལ་མཆེ་བའི་མྱུ་གུ་ཡིད་ཙམ་མངོན་པ། དབུ་ལ་ཐོད་སྐམ་རིགས་ལྔས་བརྒྱན་ཅིང་རལ་པ་མེ་ལྟར་འབར་བའི་ཀློང་དུ་རྟ་ཞལ་ལྗང་གུ་ཞུར་ཅན་གདོང་ནམ་མཁའ་ལ་གཏད་དེ་རྟ་སྐད་དྲག་ཏུ་འཚེར་བ། ཕྱག་གཡས་དབང་སྡུད་ཀྱི་ཕྱག་རྒྱས་གྲི་གུག་ནམ་མཁར་འཕྱར་ཞིང༌། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་གོས་ཡོངས་སུ་རྫོགས་པ་ཞབས་གཉིས་བརྐྱང་བསྐུམ་གྱིས་འགྱིང་བ། ཡུམ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོ་དུས་ཀྱི་མུན་པའི་མདོག་ཅན་གཅེར་བུ་བྷ་ག་ནུ་མ་རབ་ཏུ་རྒྱས་པ་སྒེག་བཞད་ཁྲོས་པའི་ཉམས་ཅན། ཕྱག་གཉིས་གྲི་ཐོད་འཛིན་པས་ཡབ་དང་བརྐྱང་བསྐུམ་གྱིས་སྦྱོར་ཞིང༌། རལ་པ་ཐུར་དུ་འཕྱང་བའི་དབུས་སུ་ཕག་ཞལ་ངུར་བ། རུས་པའི་ཕྱག་རྒྱ་དྲུག་གིས་སྤྲས་པ་བདེ་ཆེན་འཁྲིགས་པའི་ཀློང་ན་བཞུགས་པ་སྣང་སྟོང་སྒྱུ་མ་འོད་ཀྱི་གཟུགས་ཅན་དུ་གསལ་བའི་ཐུགས་ཀའི་དབུས་སུ་འོད་དམར་གྱི་གཡུང་དྲུང་གཡོན་དུ་འཁོར་བའི་ལྟེ་བར་རྡོ་རྗེ་ཕག་མོ་དམར་མོ་གར་བྱེད་པ། གྲྭ་བཞིར་ཧ་རི་ནི་སའི་ཡིག་འབྲུ་བཞིས་མཚན་པ་གསལ་ལ་རྩེ་གཅིག་ཏུ་སེམས་ཟུངས་ཤིག །སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་སུ་མོས་པས་གདུང་ཤུགས་བསྐྱེད་པ་དང་ཆབས་ཅིག་ལྟེ་བའི་ཕག་མོས་གར་དྲག་ཏུ་འཁྲབ་པས་གཡུང་དྲུང་ཀྱང་ཤུགས་དྲག་པོ་འཁོར་བས་ཕག་མོ་དང་རིགས་བཞིའི་མཁའ་འགྲོའི་ས་བོན་ལས་བདེ་བ་ཆེན་པོའི་འོད་ཟེར་གྱི་སྣང་བ་ཞིང་རབ་འབྱམས་ཀུན་ཏུ་ཁྱབ་པར་བརྡལ་ཏེ་སྐུ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་མཐའ་དག་དང༌། ཁྱད་པར་རྔ་ཡབ་དཔལ་རིའི་ཞིང་དུ་བཞུགས་པའི་གུ་རུ་རིན་པོ་ཆེ་ལ་འཁོར་རྩ་གསུམ་དམ་ཅན་ཌཱ་ཀི་དཔའ་བོ་རྒྱ་མཚོའི་ཚོགས་ཆེན་པོས་གནམ་ས་བར་སྣང་ཀུན་ཏུ་མེར་མེར་ཤིག་ཤིག་གཡོ་བས་སྣོད་བཅུད་ཐམས་ཅད་སྤྲིན་ལྟར་ཁོལ་ནས་སྐུ་སྔགས་ཕྱག་མཚན་འོད་ཟེར་མེ་ཕྲེང་གི་ཚོགས་དང་བཅས་སྤོས་ཀྱི་དྲི་ལྡང༌། བཤུག་གླུ་རོལ་མོ་ཧཱུྃ་དང་ཕེཾ་སྒྲ་དི་རི་རི་སྒྲོག་པ་ཆར་བབ་པ་བཞིན་དུ་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་བཙན་ཐབས་སུ་འབར་བར་མོས་ཤིག །སྤོས་རོལ་ཌཱ་དྲིལ་དང་བཅས་གདུང་ཤུགས་བསྐྱེད་ལ། ཧཱུྃ་ཧྲཱིཿ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རང་བྱུང་སངས་རྒྱས་ཐོད་ཕྲེང་རྩལ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ གདུང་བས་ཐུགས་དམ་རྒྱུད་བསྐུལ་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ལུས་ལ་སྐུ་ཡི་དབང་བསྐུར་ཕྱིར༔ རྡོ་རྗེའི་བྲོ་གར་ལམས་སེ་ལམ༔ ངག་ལ་གསུང་གི་བྱིན་རླབས་ཕྱིར༔ ཧཱུྃ་ཕཊ་བརྡ་གླུ་དི་རི་རི༔ ཡིད་ལ་ཡེ་ཤེས་ངོ་སྤྲད་ཕྱིར༔ མཁྱེན་བརྩེའི་དགོངས་པ་ཏ་ལ་ལ༔ གཉིས་སུ་མེད་པར་བྱིན་རློབས་ལ༔ དབང་གི་ཡེ་ཤེས་ད་ལྟ་སྩོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ་ཨཿ དེ་ལྟར་དབབ་པས་ཕེབས་པའི་རྟགས་བྱུང་ན་དགོངས་པས་གཟིར་ཞིང་མ་ཕེབས་ན་སྤོག་པའི་ཆོ་ག་ནི། སྙིང་གའི་གཡུང་དྲུང་དྲག་ཏུ་འཁོར༔ བཟོད་མེད་བདེ་བས་རྟ་མཆོག་དཔལ༔ གར་མཛད་སྣང་སྲིད་ཡམ་ཡམ་གཡོས༔ ཞིང་ཁམས་ཀུན་བཞུགས་རྩ་གསུམ་ལྷའི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ ཆར་ཆེན་དྲག་ཏུ་བབས་པ་བཞིན༔ བྱོན་ནས་སློབ་མར་ཐིམ་པར་དམིགས༔ ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་བྱ། ཨ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛ་ཛཿཞེས་བཏགས་ཌཱ་དྲིལ་དྲག་ཏུ་འཁྲོལ༔ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་འཕེལ་འགྲིབ་མེད་པར་བརྟན་པར་བྱས་པར་མོས་མཛོད། ཏིཥྛ་བཛྲས་སྤྱི་བོར་རྡོ་རྗེ་བཞག་ལ་རྒྱས་བཏབ་བོ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །ལེགས་འོང་བུ་ཁྱོད་སྐལ་བ་བཟང༔ མ་རིག་ལིང་ཏོག་ང་ཡིས་བསལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ལྟོས༔ དམ་ཚིག་རྩེ་གཅིག་ཐུབ་པར་སྲུངས༔ ཛྙཱ་ན་ཙཀྵུཿཔྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་མིག་དར་བསལ། དེ་ལྟར་གློ་བུར་གྱི་སྒྲིབ་པ་བསལ་ནས་རྣམ་དག་ཡེ་ཤེས་ཀྱི་མིག་ཐོབ་པས་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར་འོག་མིན་པདྨ་དྲྭ་བའི་ཕོ་བྲང་ཆེན་པོའི་དབུས་སུ་ཡི་དམ་ཀུན་འདུས་དབང་ཆེན་རྟ་མཆོག་རོལ་པ་ལ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོ་ཡབ་ཡུམ་གྱི་འཁོར་དུ་གིང་ཆེན་སྡེ་བཞི་གཙོ་བོའི་སྤྱི་གཙུག་ཏུ་པདྨ་ཀུན་ཏུ་འཆང་བའི་གུ་རུ་ཐོད་ཕྲེང་སྡེ་ལྔ་མཚན་བརྒྱད་སྤྲུལ་འཁོར་དང་བཅས་པ་རྩ་གསུམ་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་མོས་ལ་དད་གུས་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པ་དང༌། གཟུགས་བརྙན་དཔེའི་དཀྱིལ་འཁོར་འདི་མཚོན་བྱེད་དུ་བྱས་ནས་མཚོན་བྱ་དོན་དམ་རང་རིག་བླ་མ་ཆོས་སྐུའི་དཀྱིལ་འཁོར་ཇི་བཞིན་དུ་མཐོང་ཞིང་རྟོགས་གོམས་ཀྱི་སྦྱོར་བ་ལ་བརྩོན་པར་མཛོད་ཅིག །ལྟོས་ཤིག་ལྟོས་ཤིག་ད་ལྟོས་ཤིག༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ ཁྱོད་ནི་རྣལ་འབྱོར་རིགས་སུ་འཁྲུངས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་བུ་ཁྱོད་སྐལ་བཟང་འགྱུར༔ དེ་དག་གིས་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་རིམ་པས་རྒྱུད་སྣོད་རུང་དུ་བྱས་ནས། དངོས་གཞི་དབང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་ལ། སྐབས་འདིར་རྡོ་རྗེའི་གསུང་ལས། དེ་ལྟར་ཟབ་པའི་ཡང་རྩེ་གསང་སྔགས་ཀྱི༔ འཇུག་སྒོ་སྙིང་པོ་དབང་གི་རིམ་པ་སྟེ༔ དེ་ཡང་བླ་མ་ཡི་དམ་དབྱེར་མེད་པའི༔ ཚུལ་ལ་བརྟེན་ན་བྱིན་རླབས་ལྷག་པར་ཆེ༔ འདི་ནི་ཀུན་དང་མཐུན་ལས་ཁྱད་འཕགས་པའི༔ བྱེ་བྲག་ཆོས་རྣམས་གསལ་བར་བསྟན་པ་སྟེ༔ ཞེས་གསུངས་པ་ལྟར་ཐོག་མར་བྱིན་རླབས་ཀྱི་རྩ་བ་རིག་འཛིན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་བརྟེན་ནས་བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་བས་རྒྱུད་སྡེ་རྒྱ་མཚོའི་དབང་བཞིའི་སྙིང་པོ་སྨིན་ལམ་ཡོངས་རྫོགས་སུ་བསྐུར་བས་གོ་ཕྱེ་བ་དང༌། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པའི་གསང་བ་གསུམ་ལ་བརྟེན་ནས་ནང་ནུས་པ་འཇུག་པའི་དབང་གི་བྱིན་རླབས་སྦྱིན་པ་དང༌། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོ་ལ་བརྟེན་ནས་བརྡ་ཡི་དབང་གིས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཟབ་མོའི་ནུས་རྩལ་འཕོ་བ་དང༌། རྒྱུད་གསུམ་ཆོས་སྲུང་དམ་ཅན་རྒྱ་མཚོའི་མེས་པོ་དཔལ་མགོན་མ་ནིང་ནག་པོ་ལྕམ་དྲལ་ལ་བརྟེན་ནས་རྒྱུད་གསུམ་དྲེགས་བྱེད་བཀའ་ཡི་ཕོ་ཉར་གཏད་པ་དང༌། སླར་ཡང་རྩ་གསུམ་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས་གཏོར་མ་ལ་རྟེན་པའི་དབང་བཞི་ཆིག་རྫོགས་སུ་བསྐུར་བས་ཡེ་ཤེས་མ་བསྐྱེད་པ་སྐྱེད་ཅིང་སྐྱེས་པ་གོང་འཕེལ་གྱིས་དབང་གི་ནུས་པ་ཤིན་ཏུ་བརྟན་པར་བྱ་བ། མཐའ་རྟེན་བཀྲ་ཤིས་ཚེའི་དབང་བཅས་དྲུག་ཡོད་པའི་དང་པོ་ནི། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། རྡུལ་ཚོན་མེ་ལོང་བུམ་པ་དང༌། །གཏོར་མ་ལ་སོགས་རྫས་དག་ལ། །བརྟེན་ནས་མཚན་ཉིད་ཀུན་ལྡན་པའི༑ །བླ་མའི་བྱིན་རླབས་དབང་བསྐུར་ན། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པའི་དེ་ཉིད་དབང་བཞི་ཐོབ། །ཅེས་གསུངས་པའི་དགོངས་པ་ལྟར་བུམ་པ་ལ་སོགས་པའི་དབང་རྫས་ལྔ་པོ་རེ་རེ་བཞིན་གནས་གསུམ་དུ་བཞག་ནས་མཐར་ཚིག་དོན་ངོ་སྤྲད་དེ་རིམ་པ་བཞིན་དབང་བཞིའི་བདག་ཉིད་ཅན་དུ་བསྐུར་བ་ལ་རྣམ་པ་ཉི་ཤུའི་བྱང་ཆུབ་པ་རིག་འཛིན་བླ་མའི་ཟླུམ་པོ་བཞི་དབང་བསྐུར་བར་བྱ་བ་སྟེ། བླ་མ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཀྱིལ་འཁོར་ཀུན་བདག་ཧེ་རུ་ཀ༔ དཔའ་བོ་ཆེན་པོ་དགོངས་སུ་གསོལ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་ཀྱིས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། ཐོག་མར་བུམ་པའི་དབང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་དང་ལྷན་ཅིག་ཏུ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧཱུྃ༔ བུམ་པ་ཟླུམ་པོ་དབྱིངས་ཀྱི་གཞལ་མེད་ཁང༔ ལྷ་ཚོགས་ཡེ་ཤེས་བདུད་རྩིའི་བཅུད་དུ་འཁྱིལ༔ གཉིས་མེད་རྡོ་རྗེ་ཆུ་ཡིས་དབང་བསྐུར་བས༔ སྒྲིབ་དག་ཡོན་ཏན་མ་ལུས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་སྔགས་ལན་གསུམ་བརྗོད་ལ་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱ། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན། སྙིང་གར་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་ཉམས་སྐྱོང་དུ་གཞུག །དེ་ལྟར་བུམ་པ་སྤྱི་བོར་བཞག་ཅིང་ཁྲུས་བྱས་པ་བུམ་དབང༌། མགྲིན་པར་བཞག་ཅིང་བུམ་ཆུ་སྦྱིན་པ་གསང་དབང༌། སྙིང་གར་གཏད་ཅིང་ཚིག་དོན་ངོ་སྤྲད་པ་ནི། སེམས་ཉིད་སྤྲོས་པ་དང་བྲལ་བར་མཚོན་པའི་བུམ་པ་ཟླུམ་པོ་སྐྱེ་མེད་རྟོགས་པ་དོན་དམ་མཚོན་བྱེད་ཆུས་བཀང་སྟེ་དབང་བསྐུར་བས། དུག་གསུམ་བག་ཆགས་དང་བཅས་པ་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ལུས་ལྷར་སྨིན་པར་བྱེད་པ་སྐུ་བུམ་པ་ལ་རྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་ལྟར་བུམ་དབང་ནི་ཕྱི་ཕན་པའི་དབང་ཞེས་ས་བོན་ལ་ཡོད་པའི་ནུས་པ་སྨིན་བྱེད་ཀྱི་རྐྱེན་ཆུ་ལུད་དྲོད་གཤེར་ལྟ་བུ་སྟེ་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བྱ་བྱེད་དང་བཅས་པ་ལ། སྦྱོང་བྱེད་དབང་རྫས་བུམ་པའི་དབང་གི་ཡན་ལག་ཏུ་རྡོ་རྗེ་དྲིལ་བུ་མིང་དབང་དང་བཅས་པ་ལྔར་ཕྱེས་ནས་རིགས་ལྔའི་གཙོ་བོའི་བདག་ཉིད་ཅན་གྱིས་དབང་བྱིན་པས། སྦྱངས་འབྲས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ་པས། སྦྱང་བྱ་ཟག་བཅས་ཀྱི་ཕུང་ཁམས་དུག་ལྔ་དང་བཅས་པ་དག་པར་བྱེད་པའི་བདག་ཉིད་ཅན་དུ་སྟེ། དེ་ཐམས་ཅད་ཀྱང་བསྡུ་ན་བུམ་དབང་གཅིག་ལ་འདུ་བས་རིགས་ཐམས་ཅད་ཀྱི་ཁྱབ་བདག་དཀྱིལ་འཁོར་གྱི་གཙོ་བོའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོར་རིགས་ལྔ་ཐམས་ཅད་འདུ་བས་ཁྱབ་བྱ་རིགས་ལྔ་ལ། ཁྱབ་བྱེད་དྲུག་པ་ཧེ་རུ་ཀའི་རིགས་ཀྱི་འཁོར་ལོས་བསྒྱུར་བ་ནི་དཔལ་ལྡན་བླ་མ་སྟེ་དེའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བུམ་པའི་བཅུད་དུ་བསྐྱིལ་བ་སྤྱི་བོར་བཞག་པ་སྐུ། མགྲིན་པར་བུམ་བཅུད་མྱོང་བ་གསུང༌། བུམ་ཆུའི་རྒྱུན་གྱིས་ལུས་ཐམས་ཅད་གང་སྟེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་ཐུགས། གོས་ཀྱི་དྲི་མ་དག་པས་ཚོན་མདོག་རང་བཞིན་གྱིས་གསལ་བ་བཞིན་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ནུས་པ་སད་པ་ཡོན་ཏན། ཕུང་ཁམས་ཐ་མལ་གྱི་རྟོག་པ་དང་བྲལ་བས་གདན་གསུམ་ལྷའི་འཁོར་ལོའི་དཀྱིལ་འཁོར་དུ་ཤེས་པ་ཕྲིན་ལས་ཀྱི་བྱིན་རླབས་མངོན་དུ་སད་པས་སྐུ་དང་གསུང་སྣང་བཅས། ཐུགས་སྣང་མེད་ཀྱི་རྡོ་རྗེའི་དམ་ཚིག་ཆེན་པོ་མངོན་དུ་གྱུར་པས་ལུས་ངག་ཡིད་གསུམ་ཐ་མལ་སྒོ་གསུམ་གྱི་རྟོག་པ་དང་བྲལ་བས་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་མོར་འབྱམས་ཀླས་པ་ནི་རྡོ་རྗེ་རྒྱལ་པོའི་དབང་དང་བཅས་པའི་ཡོན་ཏན་གཅིག་ཅར་དུ་རྫོགས་པར་གྱུར་པའོ། །རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ཐོག་མར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། རྡོ་རྗེ་སློབ་དཔོན་གྱི་སྐུ་ཡི་གནས་ཐམས་ཅད་ནས་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། ཁྱེད་རང་རྣམས་ལ་ཐིམ་པས་ལྷ་སོ་སོའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མེད་པར་བྱིན་གྱིས་རློབ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཧྲཱིཿ དང་པོའི་སངས་རྒྱས་པདྨ་ཀུན་ཏུ་འཆང༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ༔ བདེ་ཆེན་རྡོ་རྗེའི་བླ་མས་དབང་བསྐུར་བས༔ བྱིན་རླབས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨཱ་ཀ་ར་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥཉྩི་ཨོཾ༔ ཧྲཱིཿ རང་བྱུང་ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས༔ རྡོ་རྗེ་རིན་ཆེན་པདྨ་ཀརྨ་ཡི༔ རིགས་མཆོག་ཐོད་ཕྲེང་སྡེ་ལྔས་དབང་བསྐུར་བས༔ ཕུང་ཁམས་ཉོན་མོངས་ཡེ་ཤེས་ལྔར་དག་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཚོགས་བརྒྱད་གནས་དག་ཡེ་ཤེས་ཀློང་དགུའི་ལྷ༔ སྤྲུལ་པའི་མཚན་མཆོག་བརྒྱད་ཀྱིས་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ་པ་ཡི༔ སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ནིརྨ་ཀཱ་ཡ་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ལྷ་དབང་ཡོངས་རྫོགས་བསྐུར། དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཆོས་ཐམས་ཅད་བླ་མ་རིག་འཛིན་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྐུ་རྡོ་རྗེ་སྣང་སྟོང་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་ནོ། ཞེས་རྟོགས་པ་བསྐྱེད། གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པའི་སླད་དུ་སློབ་དཔོན་དང་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ཧྲཱིཿཡིག་གི་མཐར་འཁོད་པས་གསུང་བཟླས་པ་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་དང་བཅས་ཏེ་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ། རྡོ་རྗེའི་རིགས་སྔགས་ལན་གསུམ་གྱིས་གསོལ་བ་བཏབ་པས་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ན་བཞུགས་པའི་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་སྤྲིན་འཁྲིགས་པ་བཞིན་བཞུགས་པར་བསམ་ལ་རྡོ་རྗེའི་ཚིག་བདུན་པའི་གསོལ་འདེབས་ལན་གསུམ་གསུང་བར་ཞུ། ཧཱུྃ༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ལན་གསུམ། སྣང་སྲིད་བླ་མ་རྩ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ་དག་པ་རབ་འབྱམས་ཡོངས་གྲུབ་ཆེན་པོའི་མོས་གུས་ཀྱིས་གདུང་ཤུགས་བསྐྱེད་དེ་གསོལ་བ་བཏབ་པས་དེ་ཐམས་ཅད་ཀྱི་གནས་གསུམ་ནས་སྐུ་སྔགས་ཕྱག་མཚན་གྱི་ཚོགས་འོད་ཟེར་དཀར་དམར་མཐིང་གའི་ཟེར་ཐག་ལས་སྤྲོས་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞིའི་རྟོགས་པ་བསྐྱེད། སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་མོས་ལ་བཛྲ་གུ་རུའི་ཛཔ་དབྱངས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྣོད་བཅུད་བླ་མ་སྐུ་གསུམ་གྱི་དཀྱིལ་འཁོར་དུ་ཤར་བ་ཐམས་ཅད་སྐུ་རྡོ་རྗེའི་གར། གསུང་སྔགས་ཀྱི་ཛཔ་དབྱངས། ཐུགས་འོད་གསལ་གྱི་དགོངས་པའི་རྩལ་བསྐྱེད་ཐུན་མོང་ཁྱད་པར་གྱི་ལས་བཞིའི་ཕྲིན་ལས་རབ་འབྱམས་རྩོལ་མེད་ལྷུན་གྱིས་གྲུབ་པར་བསམ་ལ་ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ལན་གསུམ་བྱ། དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག་སྟེ་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿ གྲགས་སྟོང་སྐྱེ་མེད་རང་བྱུང་རྡོ་རྗེའི་གསུང༔ སྙིང་པོ་ཛཔ་ཀྱི་ཚུལ་དུ་རང་ཤར་བ༔ འགྱུར་མེད་རྡོ་རྗེའི་སྔགས་ཀྱིས་དབང་བསྐུར་བས༔ བསྙེན་སྒྲུབ་ལས་ཀྱི་དངོས་གྲུབ་མཆོག་ཐོབ་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ སྔགས་བྱང་མགྲིན་པར་བཞག །དེང་ཕྱིན་ཆད་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གཞོམ་མེད་གསུང་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་དགོངས་པ་ངོ་སྤྲད་པའི་སླད་དུ། ལྷ་སྔགས་ཀྱི་མཚོན་པའི་སྤྲོས་པ་ཐམས་ཅད་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་བྱས་ནས། སེམས་ཀྱི་གཤིས་སྟོང་ཉིད་དུ་རྗེན་ནེ། གདངས་རིག་རྩལ་དུ་ལམ་མེ། དེ་གཉིས་དབྱེར་མེད་པར་ཉམས་སུ་མྱོང་བཞིན་དུ་བརྗོད་པའི་མཐའ་ཐམས་ཅད་ལས་འདས་པ་བདེན་གཉིས་ཟུང་འཇུག་ལྷག་པའི་ཆོས་སྐུ་ཆེན་པོའི་དབྱིངས་སུ་འཛིན་མེད་དུ་མཉམ་པར་ཞོག་མཛོད། ཅེས་གདམས་ལ་དཔོན་སློབ་གཉིས་ཀས་མཉམ་པར་བཞག །དེ་མཚོན་པའི་ཕྱིར་མེ་ལོང་དྭངས་པ་བསྟན་ཏེ། ཧྲཱིཿ བདེ་སྟོང་གཉིས་མེད་ཡེ་ཤེས་ཐམས་ཅད་པ༔ མ་འདྲེས་གསལ་སྟོང་མཚན་མའི་ཆོས་ལས་འདས༔ དམིགས་གཏད་ཀུན་བྲལ་ཡེ་ཤེས་ཕྱག་རྒྱའི་གཟུགས༔ སྣང་སྟོང་སྒྱུ་མའི་བརྡ་འདིས་ཤེས་པར་གྱིས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཁམས་གསུམ་གྱི་རྣམ་པར་རྟོག་པའི་འཇུག་ལྡང་ཐམས་ཅད་རིག་སྟོང་དབྱེར་མེད་བསམ་གྱིས་མི་ཁྱབ་པ་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བླ་མ་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྣམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་ཞུགས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང༌། གནས་སྐབས་ལྷ་སྔགས་ཆོས་སྐུའི་རྣལ་འབྱོར་སྒོམ་པ་ལ་དབང་ཞིང་མཐར་ཐུག་རྡོ་རྗེ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་བྱས་པ་ཡིན་ནོ། །བདུད་རྩིའི་དབང་བསྐུར་བའི་སླད་དུ། བླ་མ་འཆི་མེད་ཐོད་ཕྲེང་རྩལ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ཏེ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བར་མོས་མཛོད། ཧྲཱིཿ བྷནྫ་ཟླུམ་པོ་རང་བྱུང་བདེ་ཆེན་སྣོད༔ ལྷག་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས༔ སངས་རྒྱས་ཀུན་གྱི་ངོ་བོས་དབང་བསྐུར་བས༔ གསང་བ་ཡོངས་རྫོགས་ཕྱག་རྒྱའི་མཆོག་འགྲུབ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ ལན་གསུམ། དེ་ལྟར་ཐོད་པ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་ནས་བདུད་རྩི་བླུད་པ་གསང་དབང༌། སྙིང་གར་བཞག་ནས་ཚིག་དོན་ངོ་སྤྲད་པ་ནི། སེམས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་མཚོན་པའི་ཐོད་པ་ཟླུམ་པོའི་ནང་དུ། གཞི་ཉོན་མོངས་ལྔ་རྣམ་པ་ཤ་ལྔ་ངོ་བོ་ཡེ་ཤེས་ལྔར་རང་རིག་པ་སྐུ་ལྔའི་བདག་ཉིད་འཆི་མེད་ཀྱི་གོ་འཕང་བརྙེས་པ་མཚོན་པ་བདུད་རྩིས་བཀང་སྟེ་དབང་བསྐུར་བས་རྣམ་རྟོག་དག་པར་ཤེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། ངག་སྔགས་སུ་སྨིན་པར་བྱེད་པ་གསུང་གསང་བ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གསང་དབང་དང་རྗེས་སུ་འབྲེལ་བར་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པ་སྒྲུབ་སྡེ་བརྒྱད་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྦྱིན་པ་སྟེ། སྤྱིར་ནུས་པ་འཇུག་པའི་དབང་ནི་ས་བོན་ལ་མྱུ་གུ་བསྐྱེད་པའི་ནུས་པ་བདེ་མྱུར་སད་བྱེད་ཀྱི་ཐབས་ཐུན་མོང་མ་ཡིན་པ་དབང་འདིས་བྱེད་པས་ནང་ནུས་པ་འཇུག་པའི་དབང་ཞེས་བྱ་བ་རྒྱས་པ་དབང་བཞིའི་རིམ་པར་དབྱེ་བ་ཡང་དོན་དུ་དཀྱིལ་འཁོར་གྱི་བདག་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་སྒོ་གསུམ་བྱ་བྱེད་དང་བཅས་པ་ལ་ཞུགས་པས་བསྒྲུབ་བྱའི་ལྷའི་རྡོ་རྗེའི་གསང་བ་གསུམ་དང་སྒོ་གསུམ་ཐ་མི་དད་པར་བྱེད་པ་དོན་གཅིག་ཀྱང་བསྐུར་བྱའི་དབང་རྫས་སྐུ་གསུང་ཐུགས་རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་པས་སྔར་རིག་འཛིན་བླ་མ་སྤྲུལ་སྐུའི་གསང་བ་གསུམ་གྱི་བྱིན་ནུས་དེ་ཉིད་གཟུགས་སྐུ་མཐར་ཐུག་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་སྐུ་དང༌། རྣམ་པ་ཐམས་ཅད་པའི་བདག་ཉིད་ཅན་གྱི་གསུང༌། བདེ་སྟོང་རྡོ་རྗེ་སེམས་དཔའི་ཐུགས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་རྡོ་རྗེའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དུ་སད་ཅིང་སྨིན་པར་བྱས་པ་དང༌། དེའི་འདྲ་འབག་སྐུ་བསྐྱེད་རིམ། གསུང་བསྙེན་སྒྲུབ་ལས་གསུམ། ཐུགས་དེ་ཁོ་ན་ཉིད་ཀྱི་ལམ་སྒོམ་པ་དང༌། འཆད་ཉན་གྱི་ལས་ཀུན་ལ་དབང་བསྒྱུར་ནུས་པ་སྟེ་སྤྲོས་པ་བསྡུས་པའི་ཚུལ་གྱིས་རྡོ་རྗེ་གསུམ་གྱི་དབང་བསྐུར་ཞེས་གསུང་པ་ཉིད་ཡི་དམ་ཡོངས་འདུས་རྟ་མཆོག་རོལ་པའི་དཀྱིལ་འཁོར་ལ་རྟེན་ནས་བསྐུར་དགོས་པའི་རྒྱུ་མཚན་ཀྱང༌། རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། སངས་རྒྱས་ཀུན་གྱི་དངོས་གྲུབ་འབྱུང་བའི་ཞལ༔ རྟ་ཞལ་ཕྱུང་སྟེ་པདྨ་དྲག་པོ་རྩལ༔ འཇིག་རྟེན་མཐུ་ཆེན་ཀུན་གྱི་གཤེད་དུ་སྣང༔ བླ་མ་དབང་ཆེན་དྲག་པོ་རྩལ་དེ་ཡི༔ ཡེ་ཤེས་བརྒྱད་ལས་སྒྲུབ་སྡེ་བརྒྱད་དུ་སྟོན༔ ཡི་དམ་ཀུན་གྱི་ཁྱབ་བྱེད་བདག་གིས་བཤད༔ ཅེས་གསུངས་པ་ལྟར་གསུང་རྡོ་རྗེ་དབང་ཆེན་པདྨ་ཧེ་རུ་ཀ་ཆེན་པོ་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་ཏེ། འདི་ལྟར་སྣོད་བཅུད་ཀྱི་སྐྱེད་སྡུད་གནས་པ་ཐམས་ཅད་རླུང་གིས་བྱེད་ཅིང༌། ཐོག་མའི་གཞི་ལས་འཁྲུལ་གྲོལ་གྱི་སྒོ་ཡང་རླུང་གིས་བྱས་པས་སྲིད་པ་ནི་གཡོ་ཞིང་འགྱུར་བའི་རང་བཞིན་ཅན་དུ་སྟེ་དེ་ཉིད་འཕོ་མེད་དུ་བསྡམས་པས་མི་འགྱུར་རྟག་པ་དམ་པ་བདེ་བ་ཆེན་པོའི་གོ་འཕང་མངོན་དུ་གྱུར་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་འབྲས་ཆོས་ཉེར་ལྔའི་བྱེ་བྲག་གཞོམ་མེད་གསུང་རྡོ་རྗེ་ནཱ་དའི་རྒྱུད་ཉིད་ལྷའི་ཕྱག་རྒྱར་བཞེངས་པ་གསུང་རྡོ་རྗེ་གར་དབང་པདྨའི་རིགས་ཀྱི་ཁྲོ་བོ་ནི། དབང་ཆེན་རྟ་མཆོག་རོལ་པ་སྟེ་དེ་ནི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་ལྷའི་ཕྱག་རྒྱར་བཞེངས་པས་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཡང་ཡིན་པས་ཚུལ་དེའི་རྡོ་རྗེ་གསུམ་གྱི་དབང་བསྐུར་བ་གསང་བའི་དབང་དང་རྗེས་འབྲེལ་དུ་སྦྱིན་པ་ཡང་རྒྱུ་མཚན་དང་བཅས་པ་སྟེ། དང་པོ་སྐུ་རྡོ་རྗེ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་དང་སློབ་མ་དབང་གི་རྒྱལ་པོའི་གསལ་སྣང་ལྷག་པར་བསྐྱེད་པའི་མདུན་གྱི་རྟ་མཆོག་རོལ་པ་དཔའ་བོ་རིགས་བཞི་དང་བཅས་པ་ལས་འོད་ཟེར་འཕྲོས་མཁའ་ཁྱབ་དག་པའི་ཞིང་རབ་འབྱམས་སུ་བརྡལ། དེ་ཐམས་ཅད་བདེ་ཆེན་ཡེ་ཤེས་རྣམ་པ་ཐམས་ཅད་པའི་མཆོད་པས་མཉེས་པར་བྱས། སྣང་སྟོང་སྐུ་ཡི་བྱིན་རླབས་ཐམས་ཅད་རྟ་མཆོག་རོལ་པ་རིགས་བཞི་དཔའ་བོ་དང་བཅས་པའི་སྐུ་ཡི་རྣམ་པར་བསྡུས་ཏེ་མདུན་དཀྱིལ་ལ་ཐིམ་པས་གཟི་བྱིན་མཆོག་ཏུ་འབར་བ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པས་ཡི་དམ་ཞི་ཁྲོ་ཡོངས་འདུས་ཆེ་མཆོག་དབང་གི་རྒྱལ་པོའི་སྐུ་ཡི་བྱིན་རླབས་ཞུགས་པར་མོས་ཤིག །རྟ་ཕག་གི་སྐུ་དཔྲལ་བར་བཞག་ལ། ཧྲཱིཿ བདེ་ཆེན་འབར་བ་པདྨ་དབང་གི་ཞིང༔ རིགས་ཀྱི་གཙོ་བོ་རྟ་མཆོག་ཧེ་རུ་ཀ༔ ཡེ་ཤེས་སྒྱུ་མ་ཕྱག་རྒྱའི་སྐུ་འདི་ཡི༔ སྣང་སྟོང་གཉིས་མེད་རྡོ་རྗེའི་དབང་ཐོབ་ཤོག༔ ཨོཾ་པདྨ་ཧེ་རུ་ཀ་ཧྱ་གྲཱྀ་བ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཔའ་བོ་རིགས་བཞིའི་སྐུ་གནས་བཞིར་བཞག ཧྲཱིཿ རྡོ་རྗེ་བཞི་དབྱིངས་དགའ་བཞིའི་དེ་ཁོ་ན༔ རིགས་བཞིའི་དཔའ་བོ་ཌཱ་ཀི་ཡབ་ཡུམ་གྱི༔ གཉིས་མེད་ཕྱག་རྒྱ་མཆོག་གིས་དབང་བསྐུར་བས༔ ལས་བཞི་རབ་འབྱམས་སྒྲུབ་པའི་དབང་ཐོབ་ཤོག༔ ར་ཙ་ཧྲི་ཡ་ཧ་རི་ནི་ས་སརྦ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་རྟ་མཆོག་རོལ་པ་རིགས་བཞིའི་དཔའ་བོ་དང་བཅས་པའི་སྐུ་ཡི་དབང་བསྐུར་བས་རྒྱུ་ལུས་ཀྱི་སྒྲིབ་པ། འབྲས་བུ་ལུས་ལ་རྟེན་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། སྐུ་རྒྱལ་བ་རྟག་པ་འཇམ་དཔལ། གསུང་གར་གྱི་དབང་ཕྱུག་རྟ་མགྲིན། ཐུགས་རྡོ་རྗེ་འཛིན་པ་ཡང་དག །ཕྲིན་ལས་རྟ་ཡི་རྒྱལ་པོ་རྡོ་རྗེ་ཕུར་པའི་སྐུ་ཡི་བྱིན་རླབས་ཞུགས། བསྐྱེད་རིམ་ཚུལ་བཞིའི་རྣལ་འབྱོར་སྒོམ་པ་ལ་དབང༌། ལུས་མཁའ་ཁྱབ་ཡེ་ཤེས་རྡོ་རྗེ་རྡུལ་བྲལ་དྭངས་མའི་ལྷ་སྐུར་སྨིན་པའི་དབང་ཐོབ་པ་ཡིན་ནོ། །གཉིས་པ་གསུང་རྡོ་རྗེ་བཟླས་པའི་ལུང་སྦྱིན་པ་ལ། ཐོག་མར་རྟ་མགྲིན་གྱི་ཐུགས་ཀར་སྤྲུལ་གཞི་ཡེ་ཤེས་སེམས་དཔའ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཧེ་རུ་ཀའི་ཆ་བྱད་ཅན་གྱི་འཁོར་དུ་ཐོད་ཕྲེང་རིགས་བཞི་བཅས་གསལ་བ་ལ་མོས་གུས་བྱས་པས་ཐུགས་ཀར་པད་ཉིའི་སྟེང་ཐུགས་སྲོག་རིགས་ལྔའི་ས་བོན་རང་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དག་པའི་ཞིང་རབ་འབྱམས་སུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་མཆོད། གྲགས་སྟོང་གསུང་རྡོ་རྗེའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་གསུང་སྔགས་ཀྱི་ཕྲེང་བའི་རྣམ་པར་བསྡུས་ཏེ་མདུན་བསྐྱེད་ལྷ་སོ་སོའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཚོགས་བདེ་ཆེན་ཡེ་ཤེས་ཀྱི་གཟི་བྱིན་འབར་བའི་འོད་ཀྱིས་མ་དག་པའི་སྣོད་བཅུད་སྦྱངས། སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་འབྱམས་ཀླས་པའི་ལྷ་ཚོགས་ཀུན་གྱིས་རྡོ་རྗེའི་སྔགས་ཀྱི་སྒྲ་དབྱངས་འུར་ལྡིར་གྱི་སྒྲོག་པས་དངོས་གྲུབ་ཀྱི་གནས་ལ་བསྐུལ། དེ་རྣམས་ཀྱི་ཐུགས་སྲོག་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་མར་མེའི་ཕྲེང་བ་བཞིན་བྱུང་བ་ཞལ་ནས་ཐོན་སློབ་མའི་ཁར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་གསུང་གི་བྱིན་རླབས་ཞུགས་པར་མོས་ལ་རྩ་བའི་བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ལན་གསུམ། སླར་ཡང་ཡི་དམ་རྟ་མཆོག་ཧེ་རུ་ཀའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ། གསང་གནས། ལྟེ་འོག །རྡོ་རྗེ་ནོར་བུའི་རྩེ། སྣམས། སྤྱི་བོའི་གཙུག་རྣམས་སུ་གཤིན་རྗེ། རྟ་མགྲིན། ཡང་དག །ཆེ་མཆོག །ཕུར་པ། མ་མོ། དྲེགས་འདུལ། དྲག་སྔགས། རིག་འཛིན་བླ་མའི་སྔགས་ཕྲེང་སྤྲོ་བསྡུས་བྱིན་རླབས་བསྡུ་བསྟིམ་གྱིས་སྣང་སྲིད་བླ་མ་ལྷ་ཡི་ཞིང་དུ་རྫོགས་པས་དངོས་གྲུབ་གཉིས་ལ་དབང་ཐོབ་པར་མོས་ལ་སྒྲུབ་པའི་སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ ལན་གསུམ་གྱི་འགྲེས་ཏེ་སྔགས་ཐོག་མཐའ་འདྲ་བ་ལ། ཧྱ་གྲཱྀ་ཝ། རྟ་མགྲིན། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཡང་དག །མ་ཧཱ་ཀྲོ་དྷཱ་ཆེ་མཆོག །ཀརྨ་ཀཱི་ལི་ཀཱི་ལ་ཡ་ཕུར་པ། མ་མ་ཡོ་གི་ནི་ཀྲོ་དྷཱི་མ་མོ། བཛྲ་ཙཎྜ་དྲེགས་འདུལ། ཀྲོ་དྷཱ་མ་ཧཱ་བཱ་ལ་སྟོབས་ལྡན་ནག་པོ། མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་རིག་འཛིན་བླ་མ་རྣམས་ཀྱི་སྔགས་ལན་གསུམ་གསུམ་བཟླ། དེ་ཉིད་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་རྒྱས་གདབ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧྲཱིཿ འགགས་མེད་རྡོ་རྗེ་དབྱངས་ཀྱི་གསང་བའི་སྔགས༔ རང་བྱུང་ཡེ་ཤེས་བདག་ཉིད་དངོས་གྲུབ་དཔལ༔ འཛིན་པ་གྲགས་སྟོང་གསུང་གིས་དབང་བསྐུར་བས༔ ལས་དང་དངོས་གྲུབ་ཐོགས་མེད་འགྲུབ་པར་ཤོག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ཡི་དམ་རྟ་མཆོག་རོལ་པ་སྒྲུབ་སྡེ་བརྒྱད་དང་བཅས་པའི་གསུང་བཟླས་པའི་ལུང་བྱིན་ཏེ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས། རྒྱུ་ངག་གི་སྒྲིབ་པ་དག །འབྲས་བུ་ངག་དང་རླུང་ལ་བརྟེན་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཡི་དམ་རྒྱུད་སྡེ་རྒྱ་མཚོའི་གསུང་གི་བྱིན་རླབས་ཞུགས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་བྱ་བ་ལ་དབང༌། ངག་གཞོམ་མེད་རྡོ་རྗེ་དབྱངས་ཀྱི་ཚངས་པའི་གསུང་དུ་སྨིན་པའི་སྐལ་པ་ཅན་དུ་དབང་ཐོབ་པ་ཡིན་ནོ། །གསུམ་པ་ཐུགས་རྡོ་རྗེ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དགོངས་པའི་བྱིན་རླབས་འཕོ་བའི་དབང་བསྐུར་བ་ནི། སྣོད་བཅུད་ལྷ་དང་དཀྱིལ་འཁོར་དུ་ཤར་བ་ཐམས་ཅད་འོད་དུ་ཞུ་ནས་དམིགས་མེད་སྤྲོས་བྲལ་གྱི་དབྱིངས་སུ་ཐིམ་པས། སྣང་རིག་རྟོག་གསུམ་དབྱེར་མེད་ཆོས་ཉིད་ཀྱི་བདེ་བ་ཆེན་པོ་སྨྲ་བསམ་བརྗོད་དུ་མེད་པའི་ངང་ལ་མཉམ་པར་ཞོག་ཅིག །ཧྲཱིཿ མཆོག་ཏུ་མི་འགྱུར་བདེ་བའི་དེ་ཁོ་ན༔ རྣམ་ཀུན་མཆོག་ལྡན་དབྱིངས་དང་གཉིས་སུ་མེད༔ ཟུང་འཇུག་ལྷན་ཅིག་སྐྱེས་པའི་དབང་བསྐུར་བས༔ དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ངེས་པ་དོན་གྱི་དབང་ཆེན་རྟ་མཆོག་རོལ་པ་དཔལ་ཆེན་སྒྲུབ་སྡེ་བརྒྱད་དང་བཅས་པ་རང་བྱུང་རིག་པའི་གཤིས་སུ་ཡེ་རྫོགས་ཆེན་པོའི་དགོངས་པ་ངོ་སྤྲད་པ་ཐུགས་རྡོ་རྗེའི་དབང་བྱིན་པས་རྒྱུ་ཡིད་ཀྱི་སྒྲིབ་པ་དག །འབྲས་བུ་སེམས་ལ་བརྟེན་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། རབ་འབྱམས་ཡི་དམ་ཞི་ཁྲོའི་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་བྱིན་རླབས་ཞུགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། ཡིད་འཁྲུལ་མེད་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་དགོངས་པའི་ཀློང་དུ་གྲོལ་བའི་དབང་དང་བྱིན་རླབས་ཁྱད་པར་ཅན་ཐོབ་པའོ། །མེ་ལོང་གི་དབང་བསྐུར་བའི་སླད་དུ། སྣང་སྟོང་དབྱེར་མེད་ཆོས་དབྱིངས་ཡུམ་གྱི་ཆུ་སྐྱེས་མཚོན་པའི་མེ་ལོང་སིན་དྷཱུ་རའི་ཐིག་ལེ་དང་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿ མེ་ལོང་ཟླུམ་པོ་སྟོང་གསལ་ཡེ་ཤེས་གཟུགས༔ བདེ་ཆེན་རྡོ་རྗེའི་ཕོ་ཉ་རྨད་བྱུང་བ༔ ཐབས་མཆོག་ཡེ་ཤེས་ཕྱག་རྒྱ་འདི་གཏད་པས༔ ལྷན་སྐྱེས་དགའ་བཞིའི་དེ་ཉིད་མངོན་འགྱུར་ཤོག༔ པདྨ་བྷཉྫ་མོ་ཀྵ་ཧོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧོཿ ལན་གསུམ། དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་བཅས་པདྨ་ཅན་གྱི་ཕྱག་རྒྱའི་གཟུགས་སུ་བཞེངས་པ་མེ་ལོང་སིན་དྷཱུ་རའི་ཐིག་ལེས་བརྒྱན་པ་སྤྱི་བོར་བཞག་ཅིང་དཔྲལ་བར་ཐིག་ལེ་བཀོད་པ་བུམ་དབང༌། མགྲིན་པར་བཞག་ཅིང་ཐིག་ལེ་བྱས་པ་གསང་དབང༌། སྙིང་གར་བཞག་ཅིང་ཐིག་ལེ་བྱས་ཏེ་རིག་པ་གསལ་ལ་མ་འགག་པར་ངོ་སྤྲད་པ་ནི། སེམས་ཉིད་ཆོས་སྐུ་དྲི་མེད་མཚོན་བྱེད་མེ་ལོང་གཡའ་དག་ཟླུམ་པོ་ལ། ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཟུགས་བརྙན་ཅིར་ཡང་ཤར་བར་མཚོན་པའི་ཚོམ་བུ་སྔགས་ཀྱིས་བརྒྱན་པས་དབང་བསྐུར་བས་གསལ་བ་ལ་སྟོང་པས་རྒྱས་ཐེབ་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། སེམས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། འདུ་ཤེས་གསུམ་ལྡན་གྱིས་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་དེ་དག་མངོན་དུ་བྱས་པར་མོས་པ་ནི་ཡིད་ཐུགས་སུ་སྨིན་པར་བྱེད་པ་ཤེས་རབ་ཡེ་ཤེས་ལ་རྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་རྗེས་སུ་འབྲེལ་བ་མཁའ་འགྲོའི་བརྡ་ཡི་དབང་བཞི་སྦྱིན་པ་ནི། ཧེ་རུ་ཀའི་ངེས་པ་བརྗོད་པའི་རྒྱུད་ལས། མན་ངག་ཤིན་ཏུ་རྙེད་དཀའ་སྟེ། །དཔའ་བོའི་བརྡ་ཡི་སྐད་དུ་ནི། །ང་ཡི་རྒྱུད་དུ་སྦས་པ་ཡིན། །ཞེས་གསུང་པ་ལྟར་གསང་སྔགས་ཟབ་མོའི་དོན་གྱི་བརྡ་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱས་པས་རྡོ་རྗེའི་རིགས་ཅན་གྱི་གང་ཟག་ཐམས་ཅད་གྲོལ་བར་བྱེད་པའི་རྒྱུད་དང་སྒྲུབ་ཐབས་མཁའ་འགྲོ་རྣམས་ལ་ཡོངས་སུ་གྲགས་པས་ན། འདིར་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་དབང༌། བརྡ་ལ་བརྟེན་ནས་བསྐུར་བ་སྟེ། དེ་ཡང་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་ཟབ་མོ་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་གི་འབྱུང་གནས་ཏེ། ཡེ་ཤེས་ནམ་མཁའི་གཟུགས་ཅན་དེ་མངོན་དུ་བྱེད་པ་ལ། རྣམ་བཅས་བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མ་བརྡ་དོན་རྟགས་ཀྱི་མཁའ་འགྲོ་ཕྱི་ནང་གསང་བའི་ཚུལ་གྱིས་སྒྲུབ་པ་ཐབས་ཟབ་པའི་མཐར་ཐུག་པ་སྟེ། དེ་ཉིད་ཉམས་སུ་ལེན་པའང་དབང་གིས་ཐོག་མར་རྒྱུད་དག་ཅིང་སྨིན་དགོས་པར་གསུངས་པས་མཁའ་འགྲོ་བརྡ་ཡི་དབང་ཆེན་ཤེས་རབ་ཡེ་ཤེས་ཀྱི་རྗེས་འབྲེལ་དུ་འབོག་པ་ལ། དོན་གྱི་མཁའ་འགྲོ་སྨྲ་བསམ་བརྗོད་པ་ཀུན་བྲལ་ལྷན་སྐྱེས་ཡེ་ཤེས་ཆེན་པོའི་གསང་བ་ཉིད། རྣམ་པ་རྟགས་ཀྱི་ཕྱག་རྒྱ་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་སྟོང་གཟུགས་རྡུལ་བྲལ་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་རྡོ་རྗེ་ཕག་མོར་བཞེངས་པ་ཉིད། སྣང་སྟོང་གཉིས་མེད་མཁའ་འགྲོའི་སྐུ་མེ་ལོང་དུ་འཆར་བའི་སྟོང་གཟུགས་ཀྱི་བརྡ་འདི་ལ་རྟེན་ནས་ངོ་སྤྲད་པས། འཁོར་འདས་ཡོངས་ལ་ཁྱབ་ཅིང་ཞི་ཁྲོ་འདོད་རྒུར་བསྒྱུར་བ་མཁའ་འགྲོ་སྒྱུ་མའི་སྣང་སྟོང་སྐུ་བུམ་པའི་དབང་གི་བརྡ་བསྟན་པར་མོས་ཤིག །ཕག་མོའི་སྐུ་མེ་ལོང་དུ་འཆར་བ་བསྟན་ཏེ། ཧྲཱིཿ སྣང་ཞིང་སྟོང་པའི་ཡེ་ཤེས་སྐུ༔ གསལ་བ་མ་འགག་རང་བྱུང་བ༔ རྡོ་རྗེའི་བརྡ་འདིས་མཚོན་བྱོས་ལ༔ སྣང་སྲིད་རྒྱལ་བའི་ཞིང་དུ་ལྟོས༔ མ་ཧཱ་སུ་ཁ་ཛྙཱ་ན་ཀཱ་ཡ་ཨོཾ༔ དེས་སྣང་སྲིད་དག་པ་རབ་འབྱམས་རྒྱལ་བའི་ཞིང་འོག་མིན་མཁའ་སྤྱོད་རྡོ་རྗེ་ཕག་མོའི་སྐུ་ཡི་དཀྱིལ་འཁོར་དུ་ངོ་སྤྲད་པས་བུམ་པའི་དབང་ཐོབ། ལུས་རྣམ་སྨིན་གྱི་སྒྲིབ་པ་དག །སྣང་བ་འདོད་ཁམས་ཀྱི་གྲོང་ཁྱེར་དག་པས་ས་འོག་ཏུ་སྤྱོད་པའི་ཕོ་ཉ་མོ་རྣམས་དང་སྐལ་པ་མཉམ་པར་བྱས། ལམ་གཏུམ་མོ་དང་སྒྱུ་ལུས་སྒོམ་པ་ལ་དབང༌། སྣ་ཚོགས་ཡུམ་ཆེན་སྤྲུལ་སྐུ་རྡོ་རྗེ་ཕག་མོའི་གོ་འཕང་མངོན་དུ་བྱས་པའོ། །འདི་ལྟར་དྲིལ་བུའི་སྒྲ་འདི་སྐྱེ་འགག་གནས་པ་དང་བྲལ་ཡང་རྟེན་འབྲེལ་གྱིས་སྒྲར་གྲགས་པའི་དུས་ནས་སྟོང་པ་ཉིད་དང་འདུ་འབྲལ་མེད་པར་གནས་པ་བཞིན་གྲགས་སྟོང་གསུང་གི་རྡོ་རྗེ་ཕག་མོ་བརྡ་འདིས་ངོ་སྤྲད་པས་གསུང་གསང་བའི་དབང་རྫོགས་པར་མོས་མཛོད། དྲིལ་བུ་དཀྲོལ་བ་དང་བཅས། ཧྲཱིཿ གྲག་ཅིང་སྟོང་པ་རྡོ་རྗེའི་སྒྲ༔ ཐོག་མཐའ་གང་དུའང་མི་གནས་པ༔ ཡེ་ཤེས་དབྱིངས་ཀྱི་རང་གཟུགས་འདི༔ བརྡ་ཡིས་མཚོན་ཏེ་རྟོགས་པར་གྱིས༔ ཤཱུནྱ་ཏཱ་ནཱ་ད་བཛྲ་ཝཱ་ཀ་ཧྲཱིཿ དེས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་གསུང་སྔགས་ཀྱི་སྒྲ་གདངས་སུ་ངོ་སྤྲད་པས་གསང་བའི་དབང་ཐོབ། ངག་འཕོ་བཅས་ཀྱི་སྒྲིབ་པ་སྦྱངས། ཕྱེད་སྣང་གཟུགས་ཁམས་ཀྱི་གྲོང་ཁྱེར་དག་པ་ས་སྤྱོད་ཀྱི་ཕོ་ཉ་མོ་རྣམས་དང་སྐལ་པ་མཉམ་པར་བྱས། ལམ་འོད་གསལ་དང་རྨི་ལམ་སྒོམ་པ་ལ་དབང༌། བདེ་བ་ཆེན་པོ་ལོངས་སྐུ་རྡོ་རྗེ་ཕག་མོའི་གོ་འཕང་མངོན་དུ་བྱས་པའོ། །གཞི་ལུས་རྟ་མཆོག་རོལ་པ་སྐད་ཅིག་གི་མཁའ་འགྲོ་ཀུན་འདུས་རྡོ་རྗེ་ཕག་མོའི་སྐུར་གསལ་བའི་ལུས་དབུས་དབུ་མ་མཚན་ཉིད་བཞི་ལྡན་གྱི་མར་སྣེའི་ཨ་ཐུང་གཡས་གཡོན་རོ་རྐྱང་གི་རླུང་གིས་བསྐུལ་བས། བདེ་བའི་རང་གཟུགས་དྲོད་ཀྱི་རེག་བྱ་དང་ལྡན་པ་གློག་གི་ཟེགས་མ་ལྟར་འབར་བས་སྤྱི་བོའི་ཧཾ་བསྐུལ། དྭངས་མའི་ཐིག་ལེ་གཡོས་པ་འཁོར་ལོ་བཞིར་རིམ་ཅན་དུ་བབ་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་ཐོག་མར་རླུང་རོ་སུམ་ཕྲུགས་སུ་བསལ་ཞིང་དྲག་རླུང་བུམ་པ་ཅན་ཟུངས་ཤིག །བླ་མས། ཧྲཱིཿ བདེ་སྟོང་རྣམ་པ་ཐམས་ཅད་པ༔ སྔགས་ཀྱིས་མངོན་དུ་གྱུར་ན་ཡང༔ གཉིས་མེད་ཡེ་ཤེས་དེ་ཁོ་ན༔ རང་བྱུང་གསང་བར་ལྷུན་གྱིས་གྲུབ༔ མ་ཧཱ་སུ་ཁ་ཨ་ཏི་ཧོཿ ཞེས་བརྗོད་ལ་བདེ་སྟོང་གི་ཉམས་སྐྱོང་དུ་གཞུག །དེས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོ་རྡོ་རྗེའི་ཡེ་ཤེས་ཀྱི་གསང་བར་ངོ་སྤྲད་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་འཁྲུལ་རྟོག་གི་དྲི་མ་སྦྱངས། མི་སྣང་གཟུགས་མེད་ཀྱི་གྲོང་ཁྱེར་དག་པ་མཁའ་སྤྱོད་ཀྱི་ཕོ་ཉ་མོ་རྣམས་དང་སྐལ་པ་མཉམ་པར་བྱས། ལམ་བར་དོ་དང་འཕོ་བ་སྒོམ་པ་ལ་དབང༌། སྟོང་པ་ཆེན་པོ་ཆོས་སྐུ་རྡོ་རྗེ་ཕག་མོའི་གོ་འཕང་མངོན་དུ་བྱས་པའོ། །དེ་ལྟར་སྐུ་གསུམ་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རྣམ་པ་ཇི་ལྟར་སྣང་བ་ཐམས་ཅད་ཆོས་དབྱིངས་རང་བྱུང་གསང་བ་ཆེན་པོའི་དབྱིངས་དང་གཉིས་སུ་མི་ཕྱེད་པར་ལ་བཟླ་བས་མཉམ་ཉིད་གསང་བ་ཆེན་པོའི་གཤིས་ལུགས་སུ་མཉམ་པར་བཞག་པའི་དོན་ངོ་སྤྲོད་འདི་ལ་གསན་འཚལ། ཧྲཱིཿ རྣམ་བཅས་ཐམས་ཅད་ཕྱག་རྒྱ་ཆེ༔ སྐྱེ་འགག་གནས་བྲལ་ཡེ་ཤེས་དང༔ གཉིས་སུ་མེད་པའི་ངོ་བོ་ནི༔ དོན་གྱི་རྡོ་རྗེ་ཕག་མོའོ༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེ་ལྟར་མཚོན་བྱེད་བརྡ་ཡི་དབང་རྣམས་ཀྱིས་མཚོན་བྱ་དོན་གྱི་རྡོ་རྗེ་ཕག་མོའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒོ་གསུམ་དང་དབྱེར་མེད་དུ་ངོ་སྤྲད་པས། མཚོན་འབྲས་དབྱིངས་རིག་དོན་གྱི་ཡིན་ལུགས་མངོན་དུ་གྱུར་ནས་དབང་བཞི་པ་ཐོབ། འཕོ་བཅས་མཚན་མའི་སྒྲིབ་པ་དག །ཁམས་གསུམ་དག་པ་གནས་གསུམ་མཁའ་འགྲོའི་གྲོང་ཁྱེར་གྱི་ཕོ་ཉ་མོ་རྣམས་དང་སྐལ་པ་མཉམ་པར་བྱས། ལམ་འཕོ་མེད་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། ཟུང་འཇུག་གཉིས་སུ་མེད་པ་ངོ་བོ་ཉིད་ཀྱི་ཕག་མོའི་གོ་འཕང་མངོན་དུ་བྱས་པའོ། །གཏོར་མའི་དབང་བསྐུར་བའི་སླད་དུ། གཏོར་སྣོད་དབྱིངས་ཀྱི་བྷནྡྷ་ཡངས་པར། གཏོར་མའི་ངོ་བོ་རིག་པ་ཡེ་ཤེས་ལྔ་ལ་གུ་རུ་རྩ་བ་གསུམ་གྱི་ལྷ་ཚོགས་རང་ཤར་བའི་རྟེན་དང་བརྟེན་པར་བཅས་པ་གནས་གསུམ་དུ་བཞག་ཅིང་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿ གཏོར་སྣོད་ཟླུམ་པོ་དབང་གི་གཞལ་མེད་ཁང༔ གཏོར་ཆེན་ཡེ་ཤེས་ལྷ་ཡི་ཕྱག་རྒྱར་གསལ༔ དངོས་གྲུབ་སྒྲུབ་པའི་རྫས་ཀྱིས་དབང་བསྐུར་བས༔ ཡེ་ཤེས་གསང་བ་རབ་འབྱམས་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཛྙཱ་ན་སརྦ་ཨ་བྷི་ ཥིཉྩ་ཨཿ ལན་གསུམ། དེ་ལྟར་གཏོར་མ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་གཏད་དེ་གཏོར་ཟན་མྱང་བ་གསང་དབང༌། སྙིང་གར་གཏད་དེ་ཚིག་དོན་ངོ་སྤྲད་པ་ནི། དབྱིངས་སྟོང་པ་ཉིད་མཚོན་པའི་གཏོར་སྣོད་དུ་རིག་པ་ཡེ་ཤེས་ལྔ་མཚོན་པའི་གཏོར་ཆེན་རྩ་བ་གསུམ་གྱི་རྣམ་པ་དམ་རྫས་བདུད་རྩིའི་རང་བཞིན། འདོད་ཡོན་སྣ་ཚོགས་པའི་སྤྲིན་ཕུང་འཕྲོ་བའི་དབང་བསྐུར་བས། དབྱིངས་རིག་ཟུང་དུ་འཇུག་པའི་ཕྱག་རྒྱ་གཉན་པོའི་གཟི་བྱིན་གྱིས་མ་མོ་མཁའ་འགྲོ་རྣམས་དབང་དུ་སྡུད་ཅིང་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་ནི་དབང་བཞི་པ་སྟེ། སྤང་རྟོགས་ཡོངས་རྫོགས་སུ་བྱེད་པ་ཡོན་ཏན་གཏོར་མ་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །གུ་རུའི་སྐུ་འབག་གི་དབང་བསྐུར་བའི་སླད་དུ་སྐུ་གཟུགས་འདི་ཉིད་ཆོས་དབྱིངས་སྐྱེ་བ་མེད་པ་ལས་རང་ཤར་བའི་ལོངས་སྤྱོད་རྫོགས་སྐུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གང་འདུལ་སྤྲུལ་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་སྤྲོ་བའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་བཞག་ཅིང་གདུང་བའི་གླུས་ཐུགས་དམ་བསྐུལ་ཏེ་ཚིག་དོན་ངོ་སྤྲད་དེ་དབང་བསྐུར་བའི་མོས་པ་མཛོད། ཧྲཱིཿ སྔོན་ཚེ་པད་འབྱུང་ཁྱོད་དང་ཐུགས་དམ་གཅིག༔ ད་ལྟ་བདག་ཅག་མོས་པའི་སྟངས་འཛིན་ཕྱིར༔ སྣང་སྲིད་ཀུན་ཁྱབ་ཡེ་ཤེས་ཕྱག་རྒྱའི་གཟུགས༔ བྱིན་རླབས་ནུས་པ་བླ་མའི་སྐུ་འབག་འདི༔ མཐོང་ཐོས་དྲན་པས་མཆོག་ཐུན་དངོས་གྲུབ་སྟེར༔ རྡོ་རྗེའི་ཞལ་བཞེས་བསླུ་མེད་དེང་བསྐུལ་ན༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༔ དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ལན་གསུམ། དེ་ལྟར་སྐུ་འབག་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་པ་གསང་དབང༌། སྙིང་གར་བཞག་སྟེ་བླ་མ་དང་རང་སེམས་དབྱེར་མེད་དུ་ངོ་སྤྲད་པ་ནི། སེམས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྟོང་གསལ་རང་རིག་འདུས་མ་བྱས་པ་གདོད་མ་ནས་བླ་མ་སྐུ་བཞིའི་ངོ་བོར་བཞུགས་པ་མཚོན་པར་བྱེད་པ་གུ་རུའི་སྐུ་འབག་གི་དབང་བསྐུར་བས། རང་རིག་ངོ་བོ་སྒྲིབ་གཉིས་ཀྱི་འཆིང་བས་ཡེ་ནས་གོས་མ་མྱོང་བ་མཚོན་བྱ་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་དང་རོ་གཅིག་ཏུ་བཞུགས་ཀྱང༌། རྣམ་འགྱུར་གློ་བུར་གྱི་དྲི་མ་སྦྱང་བའི་ཕྱིར་མཚོན་བྱེད་བརྡ་ཡི་བླ་མས་བདག་དང་སློབ་མའི་རྒྱུད་བྱིན་གྱིས་བརླབས་པར་ཤེས་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དེས་བདེ་གསལ་མི་རྟོག་པའི་ཉམས་སྐྱེས་པ་དབང་བཞི་པ་སྟེ། འགྲོ་འདུལ་ལས་རབ་འབྱམས་འགྲུབ་པ་ཕྲིན་ལས་སྐུ་འབག་ལ་བརྟེན་པའི་དབང་བཞི་རྫོགས་པ་ཡིན་ནོ། །དེ་རྣམས་ཀྱི་རྩ་བའི་དབང་རྣམ་པ་ལྔ་ལ་ནང་གསེས་ཀྱི་ལྡོག་ཆ་དབང་བཞིའི་ངེས་པས་ཕྱེ་བས་རྣམ་པ་ཉི་ཤུའི་བྱང་ཆུབ་པ་ཞེས་བྱ་སྟེ། སྤྱི་དབང་འབྲིང་པོའི་ཚུལ་དུ་བླ་མའི་དབང་ཆེན་རབ་འབྱམས་ཆིག་རྫོགས་སུ་བསྐུར་བའི་རྗེས་ཡི་དམ་གྱི་དབང་བཞི་དང་མཁའ་འགྲོའི་བརྡ་དབང་བཅས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་ཏུ་ཐོབ་པར་གྱུར་པ་ཡིན་ནོ། །བཞི་པ་ཆོས་སྲུང་མ་ནིང་ནག་པོ་ལྕམ་དྲལ་རྒྱུད་གསུམ་དྲེགས་བྱེད་བཀའ་ཡི་ཕོ་ཉར་གཏད་པ་ལ། མདུན་གྱི་གཏོར་མ་འདི་ཉིད་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཆེན་པོར་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག །སྤྱན་གསུམ་དམར་ཟླུམ། མཆེ་བ་བརྩིགས་ཤིང་ལྗགས་འདྲིལ་བ། ཕྱག་གཉིས་པ་གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང༌། གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྦྲུལ་ནག་པོའི་རལ་པ་ཐུར་དུ་འཕྱང་བ། དུར་ཁྲོད་འཇིགས་པའི་ཆས་རྣམས་ཡོངས་སུ་རྫོགས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གི་རོ་ཡི་གདན་ལ་བཞུགས་པའི་གཡོན་དུ་ཡུམ་ཆེན་ཨེ་ཀ་ཛཱ་ཊི་སྔོན་མོ། གཅེར་བུ་འཇའ་སྤྲིན་གྱི་སྟོད་གཡོགས་དང༌། སྟག་ཤམ་ཐོད་སྐམ་གྱི་ཕྲེང་བས་བརྒྱན་པ། སྤྱན་གཅིག་རལ་གཅིག་མཆེ་གཅིག་ནུ་གཅིག་དང་ལྡན་པ། ཞིང་དབྱུག་དང་དགྲ་སྙིང་འཛིན་པ་ཡབ་ཡུམ་གྱི་སྐུ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་ཆེན་སྡེ་ལྔ། འདོད་ཁམས་དབང་ཕྱུག་རེ་མ་ཏི། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལྷ་སྨན་ཚེ་རིང་མཆེད་ལྔ། བོད་སྐྱོང་བརྟན་མ་བཅུ་གཉིས། བཀའ་སྡོད་དྲེགས་པ་སྡེ་བརྒྱད། སྣང་སྲིད་མ་མོ་མཁའ་འགྲོ། གནས་གཏེར་གཞི་ཡི་སྲུང་མ་སོགས་ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་རྒྱ་མཚོ་སྲས་དང་ཕོ་ཉར་བཅས་ཏེ་བཞུགས་པ། སློབ་དཔོན་དང་སློབ་མ་གཉིས་ཀ་དབང་ཆེན་རྟ་མཆོག་རོལ་པ་ཡབ་ཡུམ་དུ་གསལ་བའི་སྙེམས་པ་དང༌། སློབ་དཔོན་གྱིས་བཀའ་བསྒོས་པས། ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་སྐུའི་གནས་གསུམ་གྱི་ཡིག་འབྲུ་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་གསུམ་ལས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་སྤྲོས། སློབ་མའི་གནས་གསུམ་དུ་ཐིམ་པས་ཡེ་ཤེས་ཀྱི་མགོན་པོ་ལྕམ་དྲལ་གྱི་སྐུ་གསུང་ཐུགས་ཀྱི་མཐུ་སྟོབས་དང་ནུས་པ་ལ་དབང་བར་བྱས་པས། བཀའ་སྡོད་རྒྱུད་གསུམ་དྲེགས་པ་སྡེ་བརྒྱད་དང་བཅས་པས་ཅི་བགྱིས་བཀའ་ལ་ཉན་ཅིང་བྲན་དང་འབངས་སུ་ཁོལ་བར་མོས་མཛོད། ཧཱུྃ༔ ཐབས་ཀྱི་དཔའ་བོ་མགོན་པོ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཀྱི་མ་མོ་མཁའ་འགྲོའི་ཚོགས༔ གཉིས་མེད་མཐུ་ཆེན་སྡེ་བརྒྱད་དྲེགས་ཚོགས་ཀུན༔ དཔལ་གྱི་བཀའ་བཞིན་ཐོགས་མེད་ཕྲིན་ལས་མཛོད༔ ས་མ་ཡ་སརྦ་ཀརྨ་ཀུ་རུ་ཧོཿ གཏོར་མ་གནས་གསུམ་དུ་བཞག །རྗེས་དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར་མགོན་པོ་ལྕམ་དྲལ་གྱི་དྭངས་མའི་སྲོག་སྙིང་བདུད་རྩིའི་རྣམ་པར་བྱུང་བ་རོལ་པས་དམ་ཚིག་གཅིག་ཏུ་བསྲེས་པའི་མོས་པ་མཛོད། བཀའ་སྲུང་གཏོར་མ་ནང་མཆོད་ཀྱིས་བཤལ་བའི་བདུད་རྩི་སྦྱིན། སླར་ཡང་སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་སྲུང་མ་འཁོར་དང་བཅས་པའི་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས་པར་མོས་མཛོད། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ། ཡུམ་ཆེན་ཨེ་ཀ་ཛཱ་ཊི། བཀའ་སྡོད་རྒྱུད་གསུམ་དྲེགས་པ་སྡེ་བརྒྱད་གནས་གཏེར་གཞི་ཡི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདིའི་སྲུང་མ་མཛོད་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང༌། རྣམ་བཞིའི་ཕྲིན་ལས་ཐམས་ཅད་གཡེལ་བ་མེད་པར་སྒྲུབ་པར་མཛད་དུ་གསོལ། ཐུན་མོང་མ་ཡིན་པའི་སློབ་མ་ཡིན་ན་གོང་གི་དམ་བསྲེ་བ་དང༌། གཏོར་མའི་ལྷ་འཇིག་རྟེན་པ་རྣམས་གཤེགས། ཡེ་ཤེས་མགོན་པོ་ལྕམ་དྲལ་རྣམས་འོད་དུ་ཞུ་ནས་སློབ་མའི་ལྟེ་བ་ནས་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ། གཏོར་དབང་སྤྱི་འགྲོས་ལ་དམ་བསྲེ་འོད་ཞུ་བཅས་བྱ་མི་དགོས་སོ། སླར་ཡང་རྩ་གསུམ་ཡོངས་རྫོགས་ཀྱི་དོན་དབང་མདོར་བསྡུས་པ་གཏོར་མ་ལ་རྟེན་ནས་དབང་བསྐུར་བ་ལ། རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས། བདེ་བར་གཤེགས་པ་ཐམས་ཅད་ནི༔ རྩ་བ་གསུམ་གྱི་ངང་དུ་རྫོགས༔ སངས་རྒྱས་ཐོག་མ་བླ་མ་སྟེ༔ སངས་རྒྱས་ཀུན་ཀྱང་བླ་མར་བསྟེན༔ ཞེས་གསུངས་པ་ལྟར་རྩ་གསུམ་ཀུན་འདུས་ལ་བརྟེན་ནས་དོན་དབང་མདོར་བསྡུས་གཏོར་མའི་དབང་བསྐུར་བ་ལ། སྤྱིར་གཏོར་མ་བསྙེན་སྒྲུབ་ཀྱི་དུས་སུ་དཀྱིལ་འཁོར་དུ་ཤེས་པ། མཆོད་པའི་དུས་སུ་འདོད་ཡོན་དུ་ཤེས་པ། དབང་གི་དུས་ལྷར་ཤེས་པ། རྗེས་དངོས་གྲུབ་ཏུ་ཤེས་པ་རྣམས་སུ་ཡོད་པ་ལས། འདིར་དབང་དུས་སུ་ལྷར་ཤེས་པར་བྱ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་རིན་ཆེན་འབར་བ་འདི་ཉིད་ཕྱི་ལྟར་རིན་པོ་ཆེ་འབར་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་རྩ་བ་གསུམ་གྱི་ལྷ་ཚོགས་ཐོ་བརྩེགས་སུ་བཞུགས་ཤིང༌། སྐུ་གསུམ། ཐོད་ཕྲེང་རིགས་ལྔ། མཚན་བརྒྱད་སོགས་རིག་འཛིན་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས། གཙོ་འཁོར་ཐམས་ཅད་ཀྱི་གནས་བཞིར་ཨོཾ་ཨཱཿཧཱུྃ་དང་ཧྲཱིཿཡིག་གིས་མཚན་པ་ལས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་མདོག་ཅན་དཔག་ཏུ་མེད་པ་བྱུང༌། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། ལུས་ངག་ཡིད་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི་འགལ་རྐྱེན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ཞིང༌། གནས་སྐབས་སུ་དབང་བཞིའི་ལམ་སྒོམ་པ་ལ་དབང༌། མཐར་ཐུག་སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་པའི་མོས་པ་དུང་དུང་མཛོད། ཧྲཱིཿ སྣོད་བཅུད་ཡོངས་རྫོགས་རྡོ་རྗེའི་བ་ལིཾ་ཏ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་རྣམ་པར་ཤར༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབང་བསྐུར་བས༔ བྱིན་རླབས་དངོས་གྲུབ་ལས་ཀུན་འགྲུབ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་བརྗོད་ཅིང་གཏོར་མ་གནས་གསུམ་དུ་བཞག །རྗེས་དངོས་གྲུབ་ཏུ་ཤེས་པའི་ཕྱིར། གཏོར་མའི་ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་རང་བཞིན་བདུད་རྩིའི་བཅུད་དུ་འཁྱིལ་བ་མྱངས་པས་རྩ་ཁམས་ཐམས་ཅད་ལ་ཁྱབ། ཟག་མེད་ཀྱི་བདེ་བས་རྒྱུད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྤྲད་ལ། གཏོར་ཟན་དངོས་སམ། མཐའ་སྐོར་གྱི་ཐེབས་ཀྱུ་བདུད་རྩི་དང་སྦྱར་བ་སྦྱིན། མཐའ་བརྟེན་འཆི་མེད་ཚེའི་དབང་བསྐུར་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་གསུམ་ཚེ་ཡི་ལྷ་ཚོགས་དང༌། །དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས། །བདག་ལ་བརྩེ་བས་ཉེར་དགོངས་ཏེ། །འཆི་མེད་ཚེ་ཡི་དབང་མཆོག་སྩོལ། །དངོས་གཞིའི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་མདའ་དར་གཡབ་ལ། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་ཆད་ཉམས་ཡར་བ་དང༌། །ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །གསང་བ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་སྡུས། །བདག་དང་སྒྲུབ་པའི་རྫས་ལ་སྟིམས། །རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ ཞེས་ཚེ་འགུགས་བསྐུལ། ཚེའི་འབྲང་རྒྱས་ཐོགས་ལ། དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས་སྐུའི་དབང་བསྐུར་བའི་སླད་དུ་ཚེའི་འབྲང་རྒྱས་འདི་ཉིད་རྩ་གསུམ་ཚེ་ལྷ་རབ་འབྱམས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་བྱིན་གྱིས་བརླབས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ལམ་གསུམ་གྱི་བཅུད་དང་དྭངས་མ་དགེ་མཚན་མ་ལུས་པ་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་སྤྱན་དྲངས། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས། སྐུ་རྡོ་རྗེ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཚེ་བུམ་སྤྱི་བོར་བཞག་ལ། བཀྲ་ཤིས་འོད་གསལ་སྙིང་པོའི་བུམ་པ་ན། །འཆི་མེད་པདྨ་ཚེ་ཡི་ལྷ་ཚོགས་བཞུགས། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །མི་ཕྱེད་རྡོ་རྗེ་སྐུ་ཡི་ཚེ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཚེ་ཡི་བདུད་རྩི་ཐོགས་ལ། གསུང་གི་དབང་བསྐུར་བའི་སླད་དུ་འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་པ་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་བ་འདི་ཉིད་མགྲིན་པར་བཞག་ཅིང་མྱོང་བ་ལ་བརྟེན་ནས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་ཐིམ་སྟེ། གསུང་རྡོ་རྗེ་མི་ཤིགས་པ་ནཱ་དའི་སྲོག་ཏུ་གྱུར་པའི་མོས་པ་མཛོད། ཨཱཿ འཁོར་འདས་བརྟན་གཡོའི་དྭངས་བཅུད་མ་ལུས་ཀུན། །འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིར་བསྐྱིལ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འགག་མེད་པདྨ་གསུང་གི་ཚེ་ཐོབ་ཤོག །སྔགས་མཐར། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ཅིང་མགྲིན་པར་བཞག་ལ་བདུད་རྩི་བྱིན། ཚེ་རིལ་ཐོགས་ལ། ཐུགས་ཀྱི་དབང་བསྐུར་བའི་སླད་དུ་སྲིད་པ་དང་ཞི་བའི་ཚེ་བཅུད་རིལ་བུའི་གཟུགས་སུ་ཤར་བ་སྙིང་གར་མྱོང་བ་ལ་བརྟེན་ནས་སྙིང་དབུས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་འདྲེས། ལུས་ཀྱི་ཟུངས་དང་སེམས་ཀྱི་རྟེན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ། སྲིད་ཞིའི་སྙིང་པོ་མི་འགྱུར་ཚེ་ཡི་རྫས། །བྱང་ཆུབ་སེམས་ཀྱི་ཐིག་ལེར་དབྱེར་མེད་པ། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །འོད་གསལ་སྙིང་པོ་ཐུགས་ཀྱི་ཚེ་ཐོབ་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་སྙིང་གར་བཞག་ལ་རིལ་བུ་སྦྱིན། ཚེ་རྒྱས་གདབ་པར་བྱ་བའི་སླད་དུ་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་གྱུར་ཏེ་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པ་དང་ལྷན་ཅིག་ཏུ་འོད་གསལ་གཉུག་མ་ཁྱབ་གདལ་གྱི་དབྱིངས་སུ་མཉམ་པར་བཞག་པས་ཅིས་ཀྱང་མི་ཆོད་མི་ཤིགས་པ་འཆི་མེད་གདོད་མའི་གནས་ལུགས་མངོན་དུ་གྱུར་པའི་མོས་པ་མཛོད། ཨ། སྤྲོས་པས་སྲིད་ཞི་ཁྱབ་པའི་ཚེ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༌། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག །བཛྲ་ཛྙཱ་ན་རཀྵ་ཨ་ཨ། ཞེས་བརྗོད་ཅིང་ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག །སྤྲོ་ན་མཐའ་རྟེན་བཀྲ་ཤིས་རྫས་རྟགས་སྣ་བདུན་བཅས་སྦྱིན། གང་ལྟར་ཡང་ཤིས་བརྗོད་རྒྱས་པར་བྱ། ཡང་སྐབས་འགའ་ཞིག་ཏུ་ཚེ་དབང་ཁོ་ན་བསྐུར་ན་ཁྲུས་བགེགས་བསྐྲད་ཚེ་ཡི་དབང་གི་གསོལ་གདབ་སྐྱབས་སེམས་བསགས་སྦྱང་རྗེས་བྱིན་འབེབས་མཐར་ཚེ་འགུགས་ཚེ་འབྲང་ཚེ་རིལ་ཚེ་ཆང་རྒྱས་བཏབ་མཐར་དབྱུང་བ་ལས་ལོ་རྒྱུས། དེ་ལ་འདིར་གང་གསན་བྱའི་ཆོས་ནི། གསང་སྔགས་སྔ་འགྱུར་རྡོ་རྗེའི་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པའི་ནང་ཚན་ཉེ་བརྒྱུད་གཏེར་མའི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་བཞུགས་པ་ལས་གཏེར་འབྱིན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་རྡོ་རྗེ་གསུམ་གྱི་བྱིན་རླབས་ལས་སྣང་བའི་རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོའི་འཆི་མེད་ཚེ་ཡི་དབང་བསྐུར་བ་ལ་མཎྜལ་ཕུལ་སོགས་མཚམས་སྦྱོར་ཀྱང་མདོར་བསྡུས་བྱས་པས་འགྲུབ་བོ། །དེ་དག་གིས་ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་བཅུད། རྩ་གསུམ་གཅིག་དྲིལ་དུ་སྒྲུབ་པའི་གསེང་ལམ། ཟབ་འདྲིལ་ཁྱེར་བདེ་ངོ་མཚར་རྨད་དུ་བྱུང་བའི་ཐུགས་ཏིག་གི་ཟླུམ་པོ་བཞིའི་དབང་བསྐུར། ཡི་དམ་དབང་ཆེན་རྟ་མཆོག་སྒྲུབ་པ་བཀའ་བརྒྱད་དབྱེར་མེད་པའི་རྡོ་རྗེ་བཞིའི་དབང་བཞི། མཁའ་འགྲོ་རྡོ་རྗེ་ཕག་མོའི་བརྡ་དབང་ཟབ་རྒྱ་ཅན། ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་གཏོར་མའི་བཀའ་གཏད། དོན་དབང་མདོར་བསྡུས་གཏོར་མ་ལ་བརྟེན་ནས་བསྐུར་བ། མཐའ་རྟེན་བཀྲ་ཤིས་ཚེ་དབང་བཅས་ཀྱི་རིམ་པ་ལེགས་པར་གྲུབ་པ་སྟེ། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླང་པའི་དམ་ཚིག་དང་སྡོམ་པ་སྲུང་སྡོམ་གྱི་འདུན་པ་དྲག་པོས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འཁོར་ལོའི་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་བས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་རྒྱས་བཏབ། གསུམ་པ་རྗེས་ཀྱི་ལས་རིམ་འཕྲོས་དོན་དང་བཅས་པ་ནི། ཆོ་གའི་མཐའ་རྒྱས་ཚོགས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་ཅིང་ལྷག་མ་བསྔོ། སྲུང་མའི་གཏོར་འབུལ་དང༌། རྗེས་ཀྱི་ལས་རིམ་ཕྲིན་ལས་ལྟར་མཐར་དབྱུང་བར་བྱའོ། །དེ་དག་གི་རྩ་བའི་དབང་བསྐུར་ཡོངས་རྫོགས་མཐར་ཆགས་སུ་རྒྱས་པར་བསྐུར་བ་སྟེ། དུས་བཟང་ཚེས་བཅུའི་མཆོད་པ་ལྟ་བུར་དངོས་གྲུབ་ལེན་པའི་ཆོ་ག་དང་རྗེས་སུ་འབྲེལ་བ་དང༌། ཆོས་འབྲེལ་ཙམ་གྱི་ཆེད་གཏོར་དབང་རྐྱང་པ་ཁོ་ན་བསྐུར་ན། སྦྱོར་བའི་སྐབས་སུ་གཏོར་མ་དང་སྨན་རཀ་ཉེར་སྤྱོད་ཙམ་ལས་བཅའ་བཤམ་གཞན་མི་དགོས་ཤིང༌། མཚམས་སྦྱོར་གྱི་ཁྱད་པར། ཕྱོགས་དུས་སངས་རྒྱས་ཀུན་དང་རྣམ་དབྱེར་མ་མཆིས་པ་དང༌། བོད་ཡུལ་གྱི་གདུལ་བྱ་རྣམས་ལ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པ་སྟེ། དེ་ལྟ་བུའི་འཁོར་ལོ་མགོན་པོ་སོགས་ནས། དངོས་གཞི་དབང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པར་བྱ་བ་ལ་རྩ་གསུམ་ཆོས་སྲུང་དང་བཅས་པའི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་བྱ་བ་དང༌། དོན་དབང་མདོར་བསྡུས་སྨིན་བྱེད་ཀུན་གྱི་སྙིང་པོ་གཏོར་མ་ལ་བརྟེན་ནས་རྩ་བ་གསུམ་གྱི་དབང་བཞི་ཆིག་རྫོགས་སུ་སྒྲུབ་པ་སྟེ་གཉིས་ལས། སྐབས་སུ་བབ་པ་ཕྱི་མ་སྟེ། རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས་སོགས་ནས། དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཅེས་པའི་བར་གོང་ལྟར་བྱའོ། །ལས་ཉོན་ཆུ་མཚོར་དད་བརྒྱའི་འདབ་གྲོལ་བར། །ལྷ་དང་བླ་མ་དགྱེས་པའི་ཉིན་བྱེད་ཀྱིས། །བྲན་ལས་རིག་རྩལ་ཆེས་བཟང་སྦྲང་རྩིའི་སྐྱེས། །སྐལ་བཟང་བུང་བའི་བསྙེལ་གསོས་བྲིས་པ་གང༌། །དཔང་གྱུར་འཇམ་མགོན་ཟླ་བ་དབྱིངས་ནུབ་པའི། །རང་བྲིས་རང་བསྒྲིགས་མི་བྱེད་ཀ་མེད་ཀྱིས། །བཀླག་ཆོག་དབང་གི་ཆོ་ག་འཇུག་བདེའི་བཙས། །ཆོས་མཐུན་གྲོགས་ཀྱིས་བསྐུལ་བཞིན་བྲིས་པ་འདིས། །རབ་དགེ་དྲི་མེད་ཡིད་འོང་ནོར་བུའི་སྤྲིན། བསྟན་འགྲོའི་མཁའ་ལམ་ཁྱབ་པའི་དཔལ་ཡོན་གྱིས། །ཕན་བདེའི་སྦྲང་ཆར་ཟད་མི་ཤེས་འཇོ་བཞིན། དགེ་མཚན་དབྱར་གྱི་དགའ་སྟོན་དར་བབ་ཤོག །ཅེས་པའང་ཆོས་འདིར་དོན་གཉེར་ཅན་ལ་ཉེར་མཁོའི་ཕྱག་ཆར་མཐོང་བ་དང༌། བློ་གསལ་དད་མོས་དགེ་བ་ཨུ་རྒྱན་གཞན་ཕན་དང༌། སྒྲུབ་བརྩོན་བསླབ་པ་གསུམ་ལྡན་བླ་མ་ཀུན་དགའ་ཚེ་དབང་བསྟན་འཕེལ། ཟབ་གཏེར་སྤྱོད་པ་པད་རྒྱལ་གླིང་པ་སོགས་ནས་རྟེན་དང་བཅས་བསྐུལ་ངོར་ལྷོ་ཕྱོགས་སྨན་ལྗོངས་ནགས་ཚལ་རྒྱས་པའི་རྒྱལ་ཁབ། ཆོས་སྲིད་ལུགས་བརྒྱའི་དཔལ་གྱིས་མཛེས་པའི་ཕོ་བྲང་གི་ལྟེ་བ་བདེ་ཆེན་ཆོས་གླིང་གི་བ་གམ་གསུམ་པར་གནས་འཆའ་བའི་སྐབས་པདྨ་གར་དབང་མདོ་སྔགས་གླིང་པ་རང་བྱུང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་བྲིས་ཏེ་ཆུ་བྱི་སྣྲོན་ཟླའི་འཕེལ་ཚེས་ལྔ་ལ་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་དྷརྨ་མ་ཏིའི་དུས་ཀྱི་མཆོད་པའི་ཉིན་གྲུབ་པར་བགྱིས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་ངེས་པར་དབུགས་དབྱུང་བའི་རྒྱུར་གྱུར་ཅིག། །།
[edit]

@#/_rang byung pad+ma'i snying thig las/_rtsa gsum kun 'dus gu ru'i thugs sgrub dngos grub snying po'i dbang chog 'jug bde rdo rje'i ye shes mchog sbyin zhes bya ba bzhugs so/


@#/_dpal rdo rje'i bla ma pad+ma saM b+ha wa la phyag 'tshal lo/_/rab 'byams rtsa gsum rgyal ba'i dkyil 'khor sprin/_/rdo rje'i gsang ba mi zad rgyan rdzogs pa'i/_/byin rlabs dngos grub phrin las kun gyi gter/_/rigs kun khyab bdag bla mar mchog tu gus/_/de yi rdo rje bzhi dbyings su/_/'jug 'dod skal bzang smin pa'i thabs/_/zab lam sgo 'byed rim pa yi/_/las rim 'jug bde'i btsas su dbye/_/'dir rgyud dang grub pa'i man ngag gi dbye bsdu'i rtsa ba'i dbang bzhi/_rdo rje gsum gyi byin rlabs/_brda dang rig pa'i rtsal dbang*/_rjes gnang dang rig gtad kyi cho ga sogs rnam bzhag mang du mchis pa kun gyi 'phro gzhi'i snying po dbang ste/_de la'ang rgyas pa dang*/_'bring bsdus/_snying po sogs rgya cher bstan pa thams cad lag tu len pa la yang*/_dbang bskur ba po slob dpon/_bskur bya'i dbang gi cho ga_/bskur yul slob ma'i mtshan nyid rnams tshogs pa gal che ba gsang ba spyi yi gnad shes par byas nas/_dbang gi cho ga dngos la sbyor ba nyer bsdogs/_dngos gzhi dbang*/_rjes kyi las rim bcas gsum mo/__/dang po ni/_gzhung dang mthun pa'i gnas dben par dus yar ngo'i tshes bcu la sogs pa skabs su babs pa na gtsang ma'i khang bur rgyan bkod legs par byas pa'i gong du rtsa ba gsum gyi rten bkram pa'i spyan sngar stegs sum rim du 'byor na gzhung mthun dkyil 'khor ras bris dang rdul tshon gang 'os/_ma 'byor tshe tshom bu gtso 'khor lnga can steng many+dzi'i khar bum pa rgyan ldan so lnga'i rdzas kyis gtams pa'i chus sum gnyis bkang ba/_b+han+d+ha mtshan ldan bdud rtsi ril bus sbags pa'i chang gis bkang ba'i khar mkhar ba'i me long sin+d+hU ra'i rdul gyis bgos par dbus su hrIHyig_/phyogs bzhir thig le bzhir ha ri ni sas mtshan pa dar dmar gyis kha bkab pa rnams brtsegs mar bshams/_rgyab tu bla ma'i gtor chen ri rab steng rin chen zur brgyad nyi zla'i khar dpal gtor rgyan ldan dar gdugs kyi spras pa dang*/_gu ru rdo rje 'chang*/_thod phreng sde lnga/_mtshan brgyad kyi tsakli bcas bum pa'i mdun du bkod/_rta phag yab yum/_ging chen yab yum/_sngags byang bcas lho dang*/_phag mo'i sku/_me long bcas nub tu bkod/_byang du bka' srung gi gtor ma dpung rong la 'khor brgyad kyis bskor zhing thebs kyu ril bus gtams pa dar gdugs mthing ga bcas bkod/_gzhan yang tshe 'brang*/_tshe chang*/_tshe ril/_tshe mda' bcas/_nyer spyod kyi mchod pa/_sman raka_/chad brtan/_tshogs kyi dam rdzas/_dkar bgegs/_mig dar me tog_/las bum sogs 'du bya zhing bkod mdzes su bstar ba'o/__/gnyis pa dbang gi rim pa dngos la'ang bdag mdun bum sgrub/_dbang gi bya ba gnyis kyi dang po ni/_tshig bdun dang brgyud 'debs sngon du 'gro bas phrin las dngos grub snying po ltar skyabs sems nas brtsams las gzhung bsrang*/_rtsa ba gsum gyi bzlas dmigs bsnyen sgrub las sbyor gyi rim pa ltar mthar chags su bya dgos pas dang po rig 'dzin bla ma'i byin rlabs dbang len gyi bzlas pa tshig bdun gsol 'debs nyer gcig_/badz+ra gu ru sum brgya/_thod phreng rtsal de mtshungs/_thod phreng sde lnga dang mtshan brgyad bye brag pa'i bzlas pa rnams dbang gi skabs 'dir ma byas kyang rung*/_yi dam rta mgrin gyi bzlas pa sum brgya/_bka' brgyad gzhan rnams brgya/_mkha' 'gro'i bzlas pa sum brgya/_chos srung gi bzlas pa nyer gcig tsam bya/_rnam rgyal bum pa la dmigs te/_bum pa b+h+rU~M las gzhal yas khang:_mtshan nyid thams cad yongs su rdzogs:_rtsa gsum bla ma'i lha tshogs rnams:_snang stong chu zla lta bur gsal:_rang gi thugs srog sngags phreng las:_'od zer mchod pa'i tshul du 'phros:_snyoms 'jug byang sems bdud rtsi yi:_bum pa yongs su gang bar gyur:_zhes dmigs la rtsa ba gsum ka'i bzlas pa mang nyung gong gi 'gros ltar skabs phyed par bzla/_las bum la dmigs pas/_las bum du skad cig gi rta mgrin dmar po g.yas pad+ma'i dbyug to dang*/_g.yon me yi zhags pa thogs par gsal ba'i sku las rdo rje bdud rtsi'i rdul phra rab bab pas bum pa gang bar bsam la/_oM ha ya gr-I ba hU~M phaT:_ces brgya rtsa brgyad las mi nyung bar bzla/_thun mthar dbyangs gsal rten snying dang*/_oM:_kun bzang sgyu 'phrul drwa ba yi:_mchod pa'i phyag rgya chen po ni:_sems kyi yid bzhin sprin chen po:_bla ma rtsa gsum lha la 'bul:_bzhes nas mchog thun dngos grub dang:_byin rlabs ma lus bstsal du gsol:_oM AHhU~M badz+ra gu ru d+he wa DA ki ni d+harma pA la maN+Da la sa pa ri wA ra ar+g+haM nas shab+da rU pa shab+da gan+d+he rA sa spar+she AHhU~M:_ma hA pany+tsa a mr-i ta rak+ta b+ha liM ta khA hi:_ta na ga na d+harma d+hA tu pU dza hoH_zhes mchod pa dang*/_hrIH_chos dbyings zag med dgongs pa mkha' ltar khyab:_ye shes sgyu 'phrul bkod pa bsam las 'das:_srid zhi'i rgud sel bde chen mchog stsol mdzad:_rtsa gsum dkyil 'khor lha tshogs kun la bstod:_bstod pa bcas bsdus tsam byas la yig brgya bzla/_oM AHhU~M gis mchod yon phul ba'i rkyen gyis bum pa'i lha bde stong chen po'i ngo bor 'od du zhu nas chu ye shes kyi bdud rtsi'i rang bzhin du gyur/_bka' srung dang tshogs mchod bskang bshags bcas byas la/_bdag 'jug gi cho ga'am/_rig pa'i me tog dor la slob ma 'jug par gnang ba nod/_gnyis pa dbang gi bya ba ni/_dad brtson snod dang ldan pa'i slob ma zung du ma gyur pa sgo drung du 'khod par khrus bya/_bgegs bskrad/_srung 'khor bcas las byang ltar byas la/_lo rgyus kyi khyad par/_de la 'dir chos kyi dbyings gdod nas rnam par dag pa'i ye shes kyi dgongs pa las nam yang mi g.yo bzhin du thugs rje 'gag pa med pa'i rang rtsal mkha' khyab gdul bya'i yul la phyogs dus rgyun mi chad par chos nyid kyis 'jug ste/_gang 'dul 'gro ba'i don rtsol med du mdzad pa'i tshe gdul dka'i 'gro ba la thugs rje smon lam gyi byed pa dus gsum rnam 'dren kun las ches khyad par du 'phags pa ni gu ru rin po che pad+ma 'byung gnas te/_bdag nyid chen po de'i ye shes kyi gsang ba zab mo ni gu ru nyid kyi rdo rje'i gsung las/_sangs rgyas gdul zhing khyad par 'phags pa ru:_'gro re'i mdun du sprul sku'i ston pa byon:_sngon tshe snang ba mtha' yas 'od dpag med:_ri bo tA lar mgon po spyan ras gzigs:_d+ha na ko shar pad+ma 'byung gnas sku:_mtshon tshul tsam la gsum du snang gyur kyang:_don la dbyer med so sor tha mi dad:_chos dbyings gnas su kun tu bzang po dang:_stug po bkod par rdo rje 'chang chen po:_rdo rje gdan du thub pa chen po nyid:_gnyis med pad+ma nga ru lhun gyis grub:_'gro don kun las byin rlabs rmad po che:_zhes gsungs pa ltar phyogs dus sangs rgyas kun dang rnam dbyer ma mchis pas so skye lta ci 'phags pa slob pas kyang rjes su dpog par mi nus shing*/_gdul bya phyogs re'i mdzad pa zhing 'dir thun mong gi snang char sku tshe 'di nyid kho na'i rnam thar la yang yongs su grags pa'i bkra shis brag phug mA ra ti kar sprul gzhi mgon po tshe dpag med yab yum gyis dngos su rjes su bzung ste tshe dbang rig pa 'dzin pa'i go 'phang mngon du mdzad/_bal yul yang le shod du yang dag he ru ka bsgrubs pas phyag rgya chen po'i rig 'dzin gyi sa la gshegs/_he ru ka dpal shrI seng+ha las rdzogs pa chen po'i dgongs brgyud gcig char tu sad pa rig pa rtsal gyi dbang thob/_dur khrod chen po bsil ba tshal gyi mchod rten bde byed brtsegs pa'i drung du mkha' 'gro las kyi dbang mo ches sgrub sde chen po bka' brgyad kun 'dus kyi rgyud lung man ngag gi glegs bam gyi sgrom bu gtad nas rdo rje theg pa'i gsang mdzod mtha' dag la mnga' dbang bsgyur bas/_che mchog he ru ka dpal dgu dang gnyis su med pa'i bka' bab rig 'dzin brgyad kyis kyang zhabs la gtugs te chos kyi skyes phul/_shes bya rig pa'i gnas thams cad rang rang gi slob dpon gyis brda bstan pa tsam gyis mkhyen pa'i dkyil 'khor du chud cing 'chad rtsod rtsom pa'i phrin las rgya che mu med du bskyangs/_mngon shes dang rdzu 'phrul rig pa brtul zhugs kyi spyod pa la dbang thob pas mkha' 'gro dang chos skyong bran du bkol/_za hor dang o rgyan gyi yul du bka' 'dus chos kyi rgya mtsho spros pa chen po tshom bu tshogs su sgrub pas snod bcud he ru ka'i rdo rje'i zhing du bsgyur bas tha mal gyi skye 'gro stong par mdzad/_mkha' 'gro bdud 'dul drag mo'i rig sngags kyi me dbal gyis mu stegs ston pa lnga brgya bsgral ba sogs tshar gcod dang rjes 'dzin gyi phrin las mtha' yas pa mdzad bzhin sku lnga lhun grub rdo rje'i sa la phebs pa dang*/_byang phyogs gangs can gyi gdul bya thugs rjes bzung nas ma rungs pa'i lha srin gdug pa can thams cad dam la btags/_ye shes phyag rgya'i bka' rtags kyi zil 'og tu bcug nas bstan pa'i srung mar phog_/lugs gsum mi 'gyur lhun gyis grub pa'i gtsug lag khang sogs ru gnon gyi lha khang sa gnad kyi me btsa' du ma bzhengs/_mdo sngags dge 'dun gyi sde gnyis btsugs/_lo paN brgya rtsa brgyad zhal 'dzom ste rje 'bangs thun mong gi gdul byar sde snod gsum gyi chos 'khor dang*/_rdo rje theg pa man ngag lta ba'i phreng ba tsam dang*/_las can snying gi bu dgu sogs thun min la mchims phu brag dmar bre gu'i ke'u tshang du bde gshegs sgrub pa bka' brgyad dang*/_bar khang g.yu zhal can na thugs sgrub bye ba phrag brgya/_gzho stod ti sgro'i tshogs khang du rdzogs pa chen po mkha' 'gro snying thig_/khra 'brug byams pa mi 'gyur na bka' 'dus chos kyi rgya mtsho sogs gsang chen rdo rje'i chos kyi 'khor lo bskor bas u rgyan mkha' 'gro'i grong khyer dang gnyis su med pas las can mtha' dag smin grol rdo rje'i sa la bkod nas ston 'khor dgongs pa dbyer med du byin gyis brlabs te nub phyogs 'phur 'gro'i grong khyer las lhag par mdzad de grub thob kyi tshangs chen po brdol/_ma 'ongs rtsod dus phyi ma'i gdul bya'i don du gangs can mtha' dbus kun tu zhabs kyis bcag nas ri brag mtsho gsum gdod nas grub pa'i rdo rje'i gnas yul dang gnyis su med pa'i lhag par gnas te sgrub pa'i gnas su byin gyis brlabs/_chos nor rdzas kyi gter kha du mas ri brag mtsho gsum la rgyas btab ste bstan 'gror phan bde'i btsas su bskrun/_rtsod dus kyi 'gyur ba re'i skabs su rten 'brel dang smon lam dus su bab pa'i sprul pa'i rig 'dzin re byon nas gang la gang 'tshams kyi gdul skal dang mthun pa'i chos res smin grol la bkod de bstan 'gro'i phan bde'i srog rtsa sbom por mdzad pa la sangs rgyas las kyang bka' drin che ba ste/_mtsho skyes rdo rje 'chang chen po de ni phyogs dus skyabs gnas rgya mtsho'i ye shes kyi sku gcig pur nges par rdo rje'i tha tshig gis zhal gyis bzhes pa'i tshul/_rtsa gsum kun 'dril snying po'i rgyud las/_dus gsum bla ma thod pa rtsal:_rgyal kun 'dus pa de kho na:_zhi bar snang ba spyan ras gzigs:_khro bo dbang chen drag po rtsal:_dngos grub kun gyi bdag nyid che:_rdo rje phag mo la sogs pa'i:_mkha' 'gro rnams dang lhan cig rol:_phrin las rab myur dngos grub che:_zhes gsungs pa ltar bsgrub bya rtsa ba gsum gyi dkyil 'khor thams cad bsgrub gzhi rig 'dzin bla ma sku gsum dbyer med bde ba chen po zhi khro rab 'byams rgyal ba'i spyi mes rdo rje thod phreng rtsal gcig gi ye shes chen po'i rol par shes pas/_sgrub byed byin rlabs bla ma'i thugs sgrub snying po srog gi ti ka ltar lam du byed pa 'di'ang*/_gangs can bstan pa yongs rdzogs kyi shing rta 'jam mgon thams cad mkhyen gzigs chen po'i mgrin pa longs spyod 'khor lo'i chos kyi gter mdzod rdo rje'i do ha las rtsa gsum lam khyer rdo rje'i thol glu zab gsang sbas pa'i snang ba nyi zla'i sprin gyi 'jo sgeg las 'phros pa'i rdo rje'i gsang ba chen po rmad du byung ba ste/_rtsa gsum dbyer med 'khor lo'i mgon po mchog des gsang gsum sgyu 'phrul rdo rje bkod pa'i ye shes kyi gzi byin dad brgya'i 'dab stong gi bcud du len pa'i skal bzang cha tsam thob pa bdag nyid pad+ma gar dbang bde chen mdo sngags gling pa nyid rang lo so drug pa'i steng du son pa'i tshe gsol 'debs le'u bdun ma'i lung bklags pas lo rgyus yig chung gi rkyen lta bus rig gsang ye shes kyi sgrom nas shar ba'i byin rlabs bla ma'i sgrub pa dngos grub snying po zhes gtso bo dkyil 'khor kun bdag mtsho skyes rdo rje 'chang gi sku gsung thugs kyi gsang ba mi zad rgyan gyi 'khor lo la brten nas byin rlabs dngos grub phrin las kyi rtsa ba gsum ka'i bskyed rdzogs kyang zhar byung du rdzogs pa'i zab chos rmad du byung ba'i smin byed kyi dbang bskur bsgrub pa la thog mar sngon 'gro 'jug pa'i chos rnams zhu ba'i don du maN+Dal phul/_oM tsak+Shu ban+d+ha bA ra ma NA ya swA hA/_zhes mig dar bcings/_AHkhaM wI ra hU~M gis me tog gtad la/_slob dpon nyid rtsa gsum kun 'dus rdo rje thod phreng rtsal dngos su gsal ba'i yid ches kyi dad mos dang bcas pas gsol ba gdab pa 'di'i rjes zlos lan gsum mdzod/_kyai:_ma bla ma sangs rgyas rin po che:_ma hA gu ru pad+ma 'byung:_dkyil 'khor kun gyi khyab bdag che:_rdo rje'i dkyil 'khor gzhug tu gsol:_rdo rje'i bla ma'i sku gsung thugs ye shes rnam pa thams cad pa'i cho 'phrul ni phyi ltar dkon mchog gsum/_nang ltar rtsa ba gsum/_gsang ba sku gsum bla na med pa'i khyab bdag chen por rdzogs pas khams gsum sems can kun gyi 'dren pa'i ded dpon mchog tu mos pa rtse gcig pas mdun bskyed dkyil 'khor gyi lha tshogs dang gnyis su med par bzhugs pa'i spyan sngar bdag sogs mkha' khyab kyi 'gro ba rnams sgo gsum 'dun pa gcig dril gyis mi slob lam mngon du ma gyur bar skyabs su 'gro bar mos la 'di'i rjes zlos lan gsum mdzod/_na mo:_bla ma sangs rgyas rin po che:_sogs/_ma rig rtog 'khrul gyis sgrib pas med snang 'khor ba'i grong khyer lu gu rgyud du 'khyams pa'i sems can rnams gnas lugs don gyi bla ma sku bzhi'i dbang phyug gi go 'phang la dgod par bya/_de'i ched du byang chub spyod pa rgya mtsho rdzogs smin sbyangs pa mthar phyin pa mgon po'i rnam thar rmad du byung ba'i rjes su slob snyam du sems rnam pa gnyis bskyed pas 'di'i rjes zlos lan gsum mdzod/_hoH_nam mkha' mnyam pa'i sems can rnams:sogs/_bsod nams kyi zhing rmad du byung ba snang srid bla ma'i dkyil 'khor du shar ba la rang bzhin yongs grub chen po'i mos gus kyis bsags sbyang gi thabs rmad du byung ba ni rdo rje'i ting nge 'dzin gyi rol mo 'byams klas pas rgyud smin grol gyi snod rung du dag par bgyi'o snyam pas rjes zlos lan gsum/_bla ma rtsa gsum lha tshogs la:sogs/_spang bya 'jigs rung srid pa'i g.yang las sgrol byed so thar gyi sdom pa'i nges 'byung*/_blang bya zhi ba phyogs gcig gi mtha' las skyobs pa'i byang sems kyi ngo bo gzhan phan/_mtha' gnyis blang dor gyi mtshan rtog thams cad dbyings su sdom pa'i rdo rje theg pa'i dag mnyam chen po'i dgongs spyod kyi klong las mi 'da' bar sdom pa rgya mtsho mtha' yas pa'i gnang bkag la 'gal 'dur mi spyod cing dam tshig gi bslab pa'i gnas mtha' dag rdzogs par bzung bar bgyi snyam pas rjes zlos lan gsum/_o rgyan gdung 'dzin rgyal ba'i sras:_rdo rje slob dpon dgongs su gsol:_bdag gis deng bzung byang chub bar:_so sor thar dang byang chub sems:_rig 'dzin nang gi dam tshig rnams:_yang dag nyid du bzung byas te:_srog gi phyir yang mi gtong na:_bdag la byin gyis brlab tu gsol:_de dag gi sngon 'gro phyi 'jug gi rim pa rnams song nas/_nang 'jug gi dang po ye shes dbab pa'i gzhi kun bzang rdo rje sems dpa'i dam tshig rdo rje'i mna' chu 'di nyid lce la byin pa snying dbus mi shigs pa'i thig le dang gcig tu 'dres te gnad la bkar bas 'da' nyams kyi g.yang las skyob pa'i dpang po ye shes sems dpa'i tshul du bzhugs par mos/_nang mchod kyi bdud rtsi byin la/_hoH_'di ni dam tshig bdud rtsi'i chu:_ye shes sems dpa'i ngo bo ste:_bsrung na dngos grub mchog thob cing:_nyams pas brlag par gdon mi za:_sa ma ya u da ka Tha Tha:_dam tshig nyams pa'i nyes dmigs bsgrags pas bka' gnyan par shes par byas nas dam la bzhag pa ni/_rdo rje spyi bor bkod la/_hoH_rdo rje theg pa'i dkyil 'khor du:_'jug par dka' la khe nyen che:_nyams gyur nyes pa brjod mi langs:_bsgrim te rab tu srung bar bya:_sa ma ya hoH_rdo rje slob dpon bka' gnyan par bstan te rdo rje'i tha tshig las 'da' mi rung bar bsgos nas dam la bzhag pa ni/_rdo rje gdengs te/_hU~M:_nga ni dpal ldan he ru ka:_dkyil 'khor kun gyi bdag po ste:_nam yang bka' las ma 'da' bar:_snying dang mig bzhin gces par srungs:_sa ma ya rak+Shan+tu:_khe nyen chen po rdo rje'i gsang ba zab mor 'jug pa'i sgo dbang gis smin par mdzad na dbang srog rgyud la 'dzin pa dam tshig gnyan po srung sdom las nam yang mi 'da' snyam pas gsol ba gdab cing khas blang ba 'di'i rjes zlos mdzod/_rigs rnams kun bdag che ba'i mchog:_nam yang bka' las mi 'da' bar:_rdo rje theg pa'i gzhung bzhin du:_dngos grub dam pa nges par bsgrub:_de nas rigs kyi lha skal brtag pa'i phyir me tog 'bul ba'i thog mar dkyil 'khor gyi sgo dbye bar gsol ba 'debs par mos la sngags 'di'i rjes zlos mdzod/_b+h+rU~M dz+nyA na pra be sha ya phaT:_ces gsol ba btab pas sgo srung dpa' bo mkha' 'gros dkyil 'khor gyi sgo shag gis phyes par mos shig_/de nas sngar byin pa'i me tog de nyid khyed rang dang tshe rabs sngon nas 'brel ba'i rigs kyi lha gang yin pa la phog par shog cig snyam pas 'di'i rjes zlos dang bcas te 'dor bar zhu/_hU~M:_bskal pa gong nas las kyi 'phro ldan pa'i:_yi dam rgyal ba'i gtso mchog thod phreng rtsal:_lha mchog khyed la rig pa'i me tog 'bul:_gnyis med ngang du thugs rjes bzung du gsol:_pra tI ts+tsha hoH_zhes dkyil 'khor la dngos su dor ba'am/_phyag rgya'i dkyil 'khor du 'dor du gzhug_/dbus su babs na de bzhin gshegs pa'i rigs bud+d+ha gu ru/_shar du badz+ra/_lhor rat+na/_nub tu pad+ma/_byang du karma zhes so so'i rigs dang mthun pa'i ming gdags/_slar me tog de nyid sngags kyi phreng bar byas te khyed rang gi spyi bor bcings pa'i mos pa gyis/_kA ya wAka tsit+ta sid+d+hi hU~M zhes me tog dang lha gnyis su med pa spyi bo nas thim par gyur/_nang 'jug gi dngos gzhi ye shes dbab pa'i cho ga dngos la/_bcud bzang po blugs pa la snod dag pa sngon du 'gro dgos pa ltar gzhi sgo gsum gyi gnad gcun pas dmigs pa 'di bzhin du gsal thob mdzod/_'di ltar snang srid gnyis bsdus kyi 'khrul chos thams cad gdod nas ye shes 'du 'bral med pa'i dgongs klong chen por ka nas dag ste spang blang bya rtsol bral ba'i klong las/_cir snang sgyu 'phrul rdo rje bkod pa'i cho 'phrul zag med bde ba chen po 'ba' zhig gi bdag nyid du 'byams su klas pa'i 'char cha/_snod bcud nges pa lnga ldan pad+mo bkod pa dbang drag pad+ma 'od kyi zhing khams chen por lhun gyis rdzogs pa'i dbus su pad nyi bdud bzhi'i gdan la rdo rje'i hrIHyig yongs su gyur pa las slob ma re re bzhin yi dam kun 'dus dbang chen pad+ma he ru ka sku mdog dmar gsal bskal pa'i me ltar 'bar ba'i gzi byin can khro 'dzum gar dgu'i nyams ldan zhal gcig phyag gnyis spyan gsum pa/_zhal gdangs ljags 'dril mche ba'i myu gu yid tsam mngon pa/_dbu la thod skam rigs lngas brgyan cing ral pa me ltar 'bar ba'i klong du rta zhal ljang gu zhur can gdong nam mkha' la gtad de rta skad drag tu 'tsher ba/_phyag g.yas dbang sdud kyi phyag rgyas gri gug nam mkhar 'phyar zhing*/_g.yon pas thod pa khrag gis gang ba thugs kar 'dzin pa/_sku la dur khrod kyi chas gos yongs su rdzogs pa zhabs gnyis brkyang bskum gyis 'gying ba/_yum mkha' 'gro kun 'dus rdo rje phag mo dus kyi mun pa'i mdog can gcer bu b+ha ga nu ma rab tu rgyas pa sgeg bzhad khros pa'i nyams can/_phyag gnyis gri thod 'dzin pas yab dang brkyang bskum gyis sbyor zhing*/_ral pa thur du 'phyang ba'i dbus su phag zhal ngur ba/_rus pa'i phyag rgya drug gis spras pa bde chen 'khrigs pa'i klong na bzhugs pa snang stong sgyu ma 'od kyi gzugs can du gsal ba'i thugs ka'i dbus su 'od dmar gyi g.yung drung g.yon du 'khor ba'i lte bar rdo rje phag mo dmar mo gar byed pa/_grwa bzhir ha ri ni sa'i yig 'bru bzhis mtshan pa gsal la rtse gcig tu sems zungs shig_/slob dpon rdo rje thod phreng rtsal dngos su mos pas gdung shugs bskyed pa dang chabs cig lte ba'i phag mos gar drag tu 'khrab pas g.yung drung kyang shugs drag po 'khor bas phag mo dang rigs bzhi'i mkha' 'gro'i sa bon las bde ba chen po'i 'od zer gyi snang ba zhing rab 'byams kun tu khyab par brdal te sku gsum rgyal ba zhi khro rab 'byams mtha' dag dang*/_khyad par rnga yab dpal ri'i zhing du bzhugs pa'i gu ru rin po che la 'khor rtsa gsum dam can DA ki dpa' bo rgya mtsho'i tshogs chen pos gnam sa bar snang kun tu mer mer shig shig g.yo bas snod bcud thams cad sprin ltar khol nas sku sngags phyag mtshan 'od zer me phreng gi tshogs dang bcas spos kyi dri ldang*/_bshug glu rol mo hU~M dang pheM sgra di ri ri sgrog pa char bab pa bzhin du byon nas sgo gsum la sib sib thim pas bde ba chen po'i ye shes btsan thabs su 'bar bar mos shig_/spos rol DA dril dang bcas gdung shugs bskyed la/_hU~M hrIH_yul gyi ming ni rnga yab gling:_zangs mdog dpal gyi ri bo nas:_rang byung sangs rgyas thod phreng rtsal:_rtsa gsum rgya mtsho'i 'khor dang bcas:_gdung bas thugs dam rgyud bskul na:_da lta nyid du gshegs su gsol:_lus la sku yi dbang bskur phyir:_rdo rje'i bro gar lams se lam:_ngag la gsung gi byin rlabs phyir:_hU~M phaT brda glu di ri ri:_yid la ye shes ngo sprad phyir:_mkhyen brtse'i dgongs pa ta la la:_gnyis su med par byin rlobs la:_dbang gi ye shes da lta stsol:_phyi nang gsang ba'i bar chad sol:_mchog thun dngos grub 'grub par mdzod:_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AHdz+nyA na a be sha ya a a aH_de ltar dbab pas phebs pa'i rtags byung na dgongs pas gzir zhing ma phebs na spog pa'i cho ga ni/_snying ga'i g.yung drung drag tu 'khor:_bzod med bde bas rta mchog dpal:_gar mdzad snang srid yam yam g.yos:_zhing khams kun bzhugs rtsa gsum lha'i:_thugs rgyud rang dbang med par bskul:_char chen drag tu babs pa bzhin:_byon nas slob mar thim par dmigs:_thod phreng rtsal gyi dzapa dbyangs bya/_a ral+li pheM pheM hriM hriM dza dzaHzhes btags DA dril drag tu 'khrol:_de ltar byin dbab pa'i ye shes kyi rgyun byang chub ma thob bar du 'phel 'grib med par brtan par byas par mos mdzod/_tiSh+Tha badz+ras spyi bor rdo rje bzhag la rgyas btab bo/_slob dpon gyi thugs ka nas ye shes kyi 'od zer gser gyi thur ma lta bu byung nas khyed rang rnams kyi ma rig pa'i sgrib g.yogs dang mig dar lhan cig bsal bar mos shig_/legs 'ong bu khyod skal ba bzang:_ma rig ling tog nga yis bsal:_rtsa ba gsum gyi dkyil 'khor ltos:_dam tshig rtse gcig thub par srungs:_dz+nyA na tsak+ShuHpra be sha ya phaT:_ces brjod mig dar bsal/_de ltar glo bur gyi sgrib pa bsal nas rnam dag ye shes kyi mig thob pas rtsa gsum kun 'dus kyi dkyil 'khor 'og min pad+ma drwa ba'i pho brang chen po'i dbus su yi dam kun 'dus dbang chen rta mchog rol pa la mkha' 'gro kun 'dus rdo rje phag mo yab yum gyi 'khor du ging chen sde bzhi gtso bo'i spyi gtsug tu pad+ma kun tu 'chang ba'i gu ru thod phreng sde lnga mtshan brgyad sprul 'khor dang bcas pa rtsa gsum lha tshogs rten dang brten par bcas pa mngon sum du mthong bar mos la dad gus dang spro ba rgya chen po bskyed pa dang*/_gzugs brnyan dpe'i dkyil 'khor 'di mtshon byed du byas nas mtshon bya don dam rang rig bla ma chos sku'i dkyil 'khor ji bzhin du mthong zhing rtogs goms kyi sbyor ba la brtson par mdzod cig_/ltos shig ltos shig da ltos shig:_dkyil 'khor bzang po 'di la ltos:_da ni dad pa rab tu skyed:_khyod ni rnal 'byor rigs su 'khrungs:_sngags dang phyag rgyas byin gyis rlobs:_dngos grub bu khyod skal bzang 'gyur:_de dag gis sngon 'gro phyi nang gi 'jug pa'i rim pas rgyud snod rung du byas nas/_dngos gzhi dbang gi ye shes khyad par can rgyud la bskyed pa la/_skabs 'dir rdo rje'i gsung las/_de ltar zab pa'i yang rtse gsang sngags kyi:_'jug sgo snying po dbang gi rim pa ste:_de yang bla ma yi dam dbyer med pa'i:_tshul la brten na byin rlabs lhag par che:_'di ni kun dang mthun las khyad 'phags pa'i:_bye brag chos rnams gsal bar bstan pa ste:_zhes gsungs pa ltar thog mar byin rlabs kyi rtsa ba rig 'dzin bla ma rdo rje thod phreng rtsal la brten nas bla ma'i dbang chen rab 'byams chig rdzogs su bskur bas rgyud sde rgya mtsho'i dbang bzhi'i snying po smin lam yongs rdzogs su bskur bas go phye ba dang*/_dngos grub kyi rtsa ba yi dam yongs 'dus dbang chen rta mchog rol pa'i gsang ba gsum la brten nas nang nus pa 'jug pa'i dbang gi byin rlabs sbyin pa dang*/_phrin las kyi rtsa ba mkha' 'gro kun 'dus rdo rje phag mo la brten nas brda yi dbang gis sku gsung thugs kyi ye shes zab mo'i nus rtsal 'pho ba dang*/_rgyud gsum chos srung dam can rgya mtsho'i mes po dpal mgon ma ning nag po lcam dral la brten nas rgyud gsum dregs byed bka' yi pho nyar gtad pa dang*/_slar yang rtsa gsum rab 'byams rgya mtsho'i dkyil 'khor yongs rdzogs la brten nas gtor ma la rten pa'i dbang bzhi chig rdzogs su bskur bas ye shes ma bskyed pa skyed cing skyes pa gong 'phel gyis dbang gi nus pa shin tu brtan par bya ba/_mtha' rten bkra shis tshe'i dbang bcas drug yod pa'i dang po ni/_rig 'dzin 'dus pa rtsa ba'i rgyud las/_rdul tshon me long bum pa dang*/_/gtor ma la sogs rdzas dag la/_/brten nas mtshan nyid kun ldan pa'i|_/bla ma'i byin rlabs dbang bskur na/_/dkyil 'khor kun gyi snying po mchog_/bzhi pa'i de nyid dbang bzhi thob/_/ces gsungs pa'i dgongs pa ltar bum pa la sogs pa'i dbang rdzas lnga po re re bzhin gnas gsum du bzhag nas mthar tshig don ngo sprad de rim pa bzhin dbang bzhi'i bdag nyid can du bskur ba la rnam pa nyi shu'i byang chub pa rig 'dzin bla ma'i zlum po bzhi dbang bskur bar bya ba ste/_bla ma sku bzhi'i dbang phyug rdo rje 'chang chen po la gsol ba 'debs pa 'di'i rjes zlos mdzod/_dkyil 'khor kun bdag he ru ka:_dpa' bo chen po dgongs su gsol:_rdo rje bzhi yi ye shes kyis:_smin cing grol bar mdzad du gsol:_lan gsum/_thog mar bum pa'i dbang gi slad du slob dpon gyi thugs ka nas 'od zer 'phros/_dbang gi lha nam mkha' gang bar spyan drangs pa dang lhan cig tu bkra shis pa'i rnam pa du ma dang ldan pas rin po che'i bum pa bdud rtsi'i chu rgyun gyis gang ba gnas gsum du bzhag cing tshig don ngo sprad de dbang bskur ba'i mos pa mdzod/_hU~M:_bum pa zlum po dbyings kyi gzhal med khang:_lha tshogs ye shes bdud rtsi'i bcud du 'khyil:_gnyis med rdo rje chu yis dbang bskur bas:_sgrib dag yon tan ma lus thob par shog:_oM sarba ta thA ga ta sa ma ya shrI ye hU~M:_zhes sngags lan gsum brjod la bum pa spyi bor bzhag cing khrus bya/_mgrin par bzhag cing bum chu sbyin/_snying gar bzhag cing tshig don ngo sprad de nyams skyong du gzhug_/de ltar bum pa spyi bor bzhag cing khrus byas pa bum dbang*/_mgrin par bzhag cing bum chu sbyin pa gsang dbang*/_snying gar gtad cing tshig don ngo sprad pa ni/_sems nyid spros pa dang bral bar mtshon pa'i bum pa zlum po skye med rtogs pa don dam mtshon byed chus bkang ste dbang bskur bas/_dug gsum bag chags dang bcas pa dag par shes pa ni shes rab ye shes kyi dbang*/_des bde gsal mi rtog pa'i nyams skyes pa ni dbang bzhi pa ste/_lus lhar smin par byed pa sku bum pa la rten pa'i dbang bzhi rdzogs pa yin no/__/de ltar bum dbang ni phyi phan pa'i dbang zhes sa bon la yod pa'i nus pa smin byed kyi rkyen chu lud drod gsher lta bu ste sbyang gzhi phung khams skye mched dbang yul bya byed dang bcas pa la/_sbyong byed dbang rdzas bum pa'i dbang gi yan lag tu rdo rje dril bu ming dbang dang bcas pa lngar phyes nas rigs lnga'i gtso bo'i bdag nyid can gyis dbang byin pas/_sbyangs 'bras de bzhin gshegs pa thams cad kyi sku gsung thugs yon tan phrin las dang bcas pa'i byin rlabs yongs su rdzogs pa thob pas/_sbyang bya zag bcas kyi phung khams dug lnga dang bcas pa dag par byed pa'i bdag nyid can du ste/_de thams cad kyang bsdu na bum dbang gcig la 'du bas rigs thams cad kyi khyab bdag dkyil 'khor gyi gtso bo'i gsang ba mi zad rgyan gyi 'khor lor rigs lnga thams cad 'du bas khyab bya rigs lnga la/_khyab byed drug pa he ru ka'i rigs kyi 'khor los bsgyur ba ni dpal ldan bla ma ste de'i bde stong gnyis su med pa'i ye shes kyi bdud rtsi bum pa'i bcud du bskyil ba spyi bor bzhag pa sku/_mgrin par bum bcud myong ba gsung*/_bum chu'i rgyun gyis lus thams cad gang ste bde stong gnyis su med pa'i ye shes nyams su myong ba thugs/_gos kyi dri ma dag pas tshon mdog rang bzhin gyis gsal ba bzhin ye shes kyi rtsa rlung thig le'i nus pa sad pa yon tan/_phung khams tha mal gyi rtog pa dang bral bas gdan gsum lha'i 'khor lo'i dkyil 'khor du shes pa phrin las kyi byin rlabs mngon du sad pas sku dang gsung snang bcas/_thugs snang med kyi rdo rje'i dam tshig chen po mngon du gyur pas lus ngag yid gsum tha mal sgo gsum gyi rtog pa dang bral bas snang grags rig pa lha sngags ye shes kyi rol mor 'byams klas pa ni rdo rje rgyal po'i dbang dang bcas pa'i yon tan gcig car du rdzogs par gyur pa'o/__/rjes 'brel du sku gsung thugs kyi dbang bskur ba la thog mar lha sku phyag rgya'i dbang bskur ba'i slad du/_rdo rje slob dpon gyi sku yi gnas thams cad nas rig 'dzin bla ma'i lha tshogs rnams mar me gcig las gnyis mched kyi tshul du byon/_khyed rang rnams la thim pas lha so so'i ye shes kyi sku dang dbyer med par byin gyis rlob pa'i mos pa mdzod/_ces brda sbyar la/_hrIH_dang po'i sangs rgyas pad+ma kun tu 'chang:_dkyil 'khor kun gyi khyab bdag he ru ka:_bde chen rdo rje'i bla mas dbang bskur bas:_byin rlabs yon tan yongs su rdzogs par shog:_oM AHhU~M badz+ra gu ru pad+mA ka ra sarba sid+d+hi hU~M:_kA ya a b+hi Shany+tsi oM:_hrIH_rang byung ye shes lnga ldan bde bar gshegs:_rdo rje rin chen pad+ma karma yi:_rigs mchog thod phreng sde lngas dbang bskur bas:_phung khams nyon mongs ye shes lngar dag shog:_oM AHhU~M gu ru sarba ta thA ga ta bud+d+ha badz+ra rat+na pad+ma karma thod phreng rtsal sarba sid+d+hi hU~M:_kA ya a b+hi Shiny+tsa oM:_hrIH_tshogs brgyad gnas dag ye shes klong dgu'i lha:_sprul pa'i mtshan mchog brgyad kyis dbang bskur bas:_'gro 'dul phrin las bsam mi khyab pa yi:_sgyu 'phrul rdo rje bkod pa'i dbang thob shog_/oM AHhU~M badz+ra gu ru nirma kA ya sarba sid+d+hi hU~M:_kA ya a b+hi Shiny+tsa oM:_zhes lha dbang yongs rdzogs bskur/_deng phyin chad 'di ltar snang ba'i chos thams cad bla ma rig 'dzin sku gsum sgyu 'phrul drwa ba chen po'i sku rdo rje snang stong lha'i 'khor lor rnam par dag pa yin no/__zhes rtogs pa bskyed/_gsung bzlas pa sngags kyi lung sbyin pa'i slad du slob dpon dang dkyil 'khor pa rnams kyi thugs ka'i sa bon sngags phreng dang bcas pa las sngags phreng gnyis pa byung*/_zhal nas thon/_khyed rang rnams kyi zhal du zhugs/_thugs ka'i sa bon hrIHyig gi mthar 'khod pas gsung bzlas pa sngags kyi byin rlabs ma lus pa rgyud la zhugs pa'i mos pa dang bcas te bsnyen pa'i sngags 'di'i rjes zlos mdzod/_oM AHhU~M badz+ra gu ru pad+ma sid+d+hi hU~M:_lan gsum/_rdo rje'i rigs sngags lan gsum gyis gsol ba btab pas sku gsum dag pa'i zhing rab 'byams na bzhugs pa'i bla ma rtsa ba gsum gyi lha tshogs nam mkha' gang bar spyan drangs te mdun gyi nam mkhar sprin 'khrigs pa bzhin bzhugs par bsam la rdo rje'i tshig bdun pa'i gsol 'debs lan gsum gsung bar zhu/_hU~M:_u rgyan yul gyi nub byang mtshams:_sogs lan gsum/_snang srid bla ma rtsa gsum gyi dkyil 'khor lha tshogs la dag pa rab 'byams yongs grub chen po'i mos gus kyis gdung shugs bskyed de gsol ba btab pas de thams cad kyi gnas gsum nas sku sngags phyag mtshan gyi tshogs 'od zer dkar dmar mthing ga'i zer thag las spros te rang gi gnas gsum du thim pas dbang bzhi thob/_sgrib bzhi dag_/lam bzhi'i rtogs pa bskyed/_sku bzhi'i sa bon rgyud la bzhag par mos la badz+ra gu ru'i dzapa dbyangs lan gsum mdzod/_oM AHhU~M badz+ra gu ru pad+ma sid+d+hi hU~M:_snod bcud bla ma sku gsum gyi dkyil 'khor du shar ba thams cad sku rdo rje'i gar/_gsung sngags kyi dzapa dbyangs/_thugs 'od gsal gyi dgongs pa'i rtsal bskyed thun mong khyad par gyi las bzhi'i phrin las rab 'byams rtsol med lhun gyis grub par bsam la thod phreng rtsal gyi dzapa dbyangs lan gsum mdzod/_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AH_lan gsum bya/_de brtan par bya ba'i slad du sngags kyi phreng ba mgrin par bzhag ste dbang bskur ba'i mos pa mdzod/_hrIH_grags stong skye med rang byung rdo rje'i gsung:_snying po dzapa kyi tshul du rang shar ba:_'gyur med rdo rje'i sngags kyis dbang bskur bas:_bsnyen sgrub las kyi dngos grub mchog thob shog:_wAka a b+hi Shiny+tsa AH_sngags byang mgrin par bzhag_/deng phyin chad brtan g.yo'i sgra skad thams cad grags stong gzhom med gsung rdo rje'i ngo bor rnam par dag pa yin no/__/thugs 'od gsal de kho na nyid kyi dgongs pa ngo sprad pa'i slad du/_lha sngags kyi mtshon pa'i spros pa thams cad rang rig skad cig ma'i rang rtsal du ngo shes par byas nas/_sems kyi gshis stong nyid du rjen ne/_gdangs rig rtsal du lam me/_de gnyis dbyer med par nyams su myong bzhin du brjod pa'i mtha' thams cad las 'das pa bden gnyis zung 'jug lhag pa'i chos sku chen po'i dbyings su 'dzin med du mnyam par zhog mdzod/_ces gdams la dpon slob gnyis kas mnyam par bzhag_/de mtshon pa'i phyir me long dwangs pa bstan te/_hrIH_bde stong gnyis med ye shes thams cad pa:_ma 'dres gsal stong mtshan ma'i chos las 'das:_dmigs gtad kun bral ye shes phyag rgya'i gzugs:_snang stong sgyu ma'i brda 'dis shes par gyis:_tsit+ta a b+hi Shiny+tsa hU~M:_deng phyin chad khams gsum gyi rnam par rtog pa'i 'jug ldang thams cad rig stong dbyer med bsam gyis mi khyab pa thugs rdo rje'i ngo bor rnam par dag pa yin no/__/zhes rtogs pa bskyed/_de ltar na de rnams kyi sgo nas bla ma sku gsum sgyu 'phrul drwa ba'i lha tshogs rnams kyi gsang ba gsum gyi byin rlabs khyad par can rgyud la zhugs/_khyed rang rnams kyi lus ngag yid gsum gyi 'gal rkyen sdig sgrib bar chad thams cad nye bar zhi ba dang*/_gnas skabs lha sngags chos sku'i rnal 'byor sgom pa la dbang zhing mthar thug rdo rje gsum gyi go 'phang mngon du byed pa'i skal pa dang ldan par byas pa yin no/__/bdud rtsi'i dbang bskur ba'i slad du/_bla ma 'chi med thod phreng rtsal yab yum snyoms par zhugs pa'i mkha' gsang nas byung ba'i kun+da byang chub kyi sems lhan cig skyes pa'i ye shes kyi rten du gyur pa thod pa'i bdud rtsi dang ro gcig tu sbyar te gnas gsum du bzhag cing tshig don ngo sprad de dbang bskur bar mos mdzod/_hrIH_b+han+dza zlum po rang byung bde chen snod:_lhag pa'i byang chub sems kyi bdud rtsis gtams:_sangs rgyas kun gyi ngo bos dbang bskur bas:_gsang ba yongs rdzogs phyag rgya'i mchog 'grub shog:_oM AHhU~M badz+ra gu ru pad+ma sid+d+hi hU~M:_bo d+hi tsit+ta a b+hi Shiny+tsa AH_lan gsum/_de ltar thod pa spyi bor bzhag pa bum dbang*/_mgrin par bzhag nas bdud rtsi blud pa gsang dbang*/_snying gar bzhag nas tshig don ngo sprad pa ni/_sems chos dbyings thig le nyag gcig mtshon pa'i thod pa zlum po'i nang du/_gzhi nyon mongs lnga rnam pa sha lnga ngo bo ye shes lngar rang rig pa sku lnga'i bdag nyid 'chi med kyi go 'phang brnyes pa mtshon pa bdud rtsis bkang ste dbang bskur bas rnam rtog dag par shes pa ni shes rab ye shes kyi dbang*/_des bde gsal mi rtog pa'i nyams skyes pa ni dbang bzhi pa ste/_ngag sngags su smin par byed pa gsung gsang ba la brten pa'i dbang bzhi rdzogs pa yin no/__/gsang dbang dang rjes su 'brel bar yi dam yongs 'dus dbang chen rta mchog rol pa sgrub sde brgyad dang bcas pa'i sku gsung thugs kyi dbang bskur sbyin pa ste/_spyir nus pa 'jug pa'i dbang ni sa bon la myu gu bskyed pa'i nus pa bde myur sad byed kyi thabs thun mong ma yin pa dbang 'dis byed pas nang nus pa 'jug pa'i dbang zhes bya ba rgyas pa dbang bzhi'i rim par dbye ba yang don du dkyil 'khor gyi bdag po'i sku gsung thugs ye shes rdo rje'i byin rlabs sgo gsum bya byed dang bcas pa la zhugs pas bsgrub bya'i lha'i rdo rje'i gsang ba gsum dang sgo gsum tha mi dad par byed pa don gcig kyang bskur bya'i dbang rdzas sku gsung thugs rdo rje'i phyag rgya gnas gsum du bzhag pas sngar rig 'dzin bla ma sprul sku'i gsang ba gsum gyi byin nus de nyid gzugs sku mthar thug mkha' khyab nam mkha'i rdo rje'i sku dang*/_rnam pa thams cad pa'i bdag nyid can gyi gsung*/_bde stong rdo rje sems dpa'i thugs sangs rgyas longs spyod rdzogs pa'i rdo rje'i gsang ba mi zad rgyan gyi 'khor lo'i ye shes rang snang gi dkyil 'khor du sad cing smin par byas pa dang*/_de'i 'dra 'bag sku bskyed rim/_gsung bsnyen sgrub las gsum/_thugs de kho na nyid kyi lam sgom pa dang*/_'chad nyan gyi las kun la dbang bsgyur nus pa ste spros pa bsdus pa'i tshul gyis rdo rje gsum gyi dbang bskur zhes gsung pa nyid yi dam yongs 'dus rta mchog rol pa'i dkyil 'khor la rten nas bskur dgos pa'i rgyu mtshan kyang*/_rtsa gsum kun 'dril snying po'i rgyud las/_sangs rgyas kun gyi dngos grub 'byung ba'i zhal:_rta zhal phyung ste pad+ma drag po rtsal:_'jig rten mthu chen kun gyi gshed du snang:_bla ma dbang chen drag po rtsal de yi:_ye shes brgyad las sgrub sde brgyad du ston:_yi dam kun gyi khyab byed bdag gis bshad:_ces gsungs pa ltar gsung rdo rje dbang chen pad+ma he ru ka chen po nyid 'khor 'das kun gyi spyi dpal te/_'di ltar snod bcud kyi skyed sdud gnas pa thams cad rlung gis byed cing*/_thog ma'i gzhi las 'khrul grol gyi sgo yang rlung gis byas pas srid pa ni g.yo zhing 'gyur ba'i rang bzhin can du ste de nyid 'pho med du bsdams pas mi 'gyur rtag pa dam pa bde ba chen po'i go 'phang mngon du gyur pa ni mya ngan las 'das pa ste/_de'i 'bras chos nyer lnga'i bye brag gzhom med gsung rdo rje nA da'i rgyud nyid lha'i phyag rgyar bzhengs pa gsung rdo rje gar dbang pad+ma'i rigs kyi khro bo ni/_dbang chen rta mchog rol pa ste de ni bde ba chen po mchog tu mi 'gyur ba'i ye shes chen po lha'i phyag rgyar bzhengs pas srid zhi'i spyi dpal chen po yang yin pas tshul de'i rdo rje gsum gyi dbang bskur ba gsang ba'i dbang dang rjes 'brel du sbyin pa yang rgyu mtshan dang bcas pa ste/_dang po sku rdo rje phyag rgya'i dbang bskur ba la mdun bskyed dang slob ma dbang gi rgyal po'i gsal snang lhag par bskyed pa'i mdun gyi rta mchog rol pa dpa' bo rigs bzhi dang bcas pa las 'od zer 'phros mkha' khyab dag pa'i zhing rab 'byams su brdal/_de thams cad bde chen ye shes rnam pa thams cad pa'i mchod pas mnyes par byas/_snang stong sku yi byin rlabs thams cad rta mchog rol pa rigs bzhi dpa' bo dang bcas pa'i sku yi rnam par bsdus te mdun dkyil la thim pas gzi byin mchog tu 'bar ba las ye shes kyi sku gnyis pa re spros nas khyed rang gi dpral bar thim pas yi dam zhi khro yongs 'dus che mchog dbang gi rgyal po'i sku yi byin rlabs zhugs par mos shig_/rta phag gi sku dpral bar bzhag la/_hrIH_bde chen 'bar ba pad+ma dbang gi zhing:_rigs kyi gtso bo rta mchog he ru ka:_ye shes sgyu ma phyag rgya'i sku 'di yi:_snang stong gnyis med rdo rje'i dbang thob shog:_oM pad+ma he ru ka h+ya gr-I ba kA ya a b+hi Shiny+tsa oM:_dpa' bo rigs bzhi'i sku gnas bzhir bzhag_hrIH_rdo rje bzhi dbyings dga' bzhi'i de kho na:_rigs bzhi'i dpa' bo DA ki yab yum gyi:_gnyis med phyag rgya mchog gis dbang bskur bas:_las bzhi rab 'byams sgrub pa'i dbang thob shog:_ra tsa hri ya ha ri ni sa sarba a b+hi Shiny+tsa oM:_de ltar rta mchog rol pa rigs bzhi'i dpa' bo dang bcas pa'i sku yi dbang bskur bas rgyu lus kyi sgrib pa/_'bras bu lus la rten pa'i nad gdon sdig sgrib thams cad sbyangs/_sku rgyal ba rtag pa 'jam dpal/_gsung gar gyi dbang phyug rta mgrin/_thugs rdo rje 'dzin pa yang dag_/phrin las rta yi rgyal po rdo rje phur pa'i sku yi byin rlabs zhugs/_bskyed rim tshul bzhi'i rnal 'byor sgom pa la dbang*/_lus mkha' khyab ye shes rdo rje rdul bral dwangs ma'i lha skur smin pa'i dbang thob pa yin no/__/gnyis pa gsung rdo rje bzlas pa'i lung sbyin pa la/_thog mar rta mgrin gyi thugs kar sprul gzhi ye shes sems dpa' gu ru rdo rje thod phreng rtsal he ru ka'i cha byad can gyi 'khor du thod phreng rigs bzhi bcas gsal ba la mos gus byas pas thugs kar pad nyi'i steng thugs srog rigs lnga'i sa bon rang sngags kyis bskor ba las 'od zer 'phros pas dag pa'i zhing rab 'byams su bzhugs pa'i rgyal ba sras dang bcas pa mchod/_grags stong gsung rdo rje'i byin rlabs dang nus mthu thams cad gsung sngags kyi phreng ba'i rnam par bsdus te mdun bskyed lha so so'i thugs srog sngags phreng dang bcas pa la thim/_dkyil 'khor gyi lha tshogs bde chen ye shes kyi gzi byin 'bar ba'i 'od kyis ma dag pa'i snod bcud sbyangs/_snang grags rig pa lha sngags ye shes kyi rol pa 'byams klas pa'i lha tshogs kun gyis rdo rje'i sngags kyi sgra dbyangs 'ur ldir gyi sgrog pas dngos grub kyi gnas la bskul/_de rnams kyi thugs srog sa bon sngags phreng dang bcas pa las sngags phreng mar me'i phreng ba bzhin byung ba zhal nas thon slob ma'i khar zhugs/_snying gar ye shes sems dpa'i thugs srog sngags phreng dang bcas pa la thim pas yi dam zhi khro rab 'byams kyi gsung gi byin rlabs zhugs par mos la rtsa ba'i bsnyen pa'i sngags 'di'i rjes zlos mdzod/_oM AHhU~M badz+ra gu ru pad+ma kro d+ha h+ya gr-I wa hU~M:_lan gsum/_slar yang yi dam rta mchog he ru ka'i dpral mgrin thugs ka lte ba/_gsang gnas/_lte 'og_/rdo rje nor bu'i rtse/_snams/_spyi bo'i gtsug rnams su gshin rje/_rta mgrin/_yang dag_/che mchog_/phur pa/_ma mo/_dregs 'dul/_drag sngags/_rig 'dzin bla ma'i sngags phreng spro bsdus byin rlabs bsdu bstim gyis snang srid bla ma lha yi zhing du rdzogs pas dngos grub gnyis la dbang thob par mos la sgrub pa'i sngags 'di rnams kyi rjes zlos lan gsum gsum mdzod/_oM AHhU~M badz+ra gu ru ya mAn+ta ka sarba sid+d+hi hU~M phaT:_lan gsum gyi 'gres te sngags thog mtha' 'dra ba la/_h+ya gr-I wa/_rta mgrin/_ru lu ru lu hU~M b+h+yo hU~M/_yang dag_/ma hA kro d+hA che mchog_/karma kI li kI la ya phur pa/_ma ma yo gi ni kro d+hI ma mo/__badz+ra tsaN+Da dregs 'dul/_kro d+hA ma hA bA la stobs ldan nag po/_ma hA gu ru rdo rje thod phreng rtsal rig 'dzin bla ma rnams kyi sngags lan gsum gsum bzla/_de nyid brtan par bya ba'i slad du sngags phreng mgrin par bzhag ste rgyas gdab par mos shig_/sngags byang mgrin par bzhag la/_hrIH_'gags med rdo rje dbyangs kyi gsang ba'i sngags:_rang byung ye shes bdag nyid dngos grub dpal:_'dzin pa grags stong gsung gis dbang bskur bas:_las dang dngos grub thogs med 'grub par shog:_wAka a b+hi Shiny+tsa AH_de ltar yi dam rta mchog rol pa sgrub sde brgyad dang bcas pa'i gsung bzlas pa'i lung byin te rdo rje'i sngags kyi dbang bskur bas/_rgyu ngag gi sgrib pa dag_/'bras bu ngag dang rlung la brten pa'i nad gdon sdig sgrib thams cad sbyangs/_yi dam rgyud sde rgya mtsho'i gsung gi byin rlabs zhugs/_bsnyen sgrub las gsum gyi bzlas brjod bya ba la dbang*/_ngag gzhom med rdo rje dbyangs kyi tshangs pa'i gsung du smin pa'i skal pa can du dbang thob pa yin no/__/gsum pa thugs rdo rje de kho na nyid kyi ye shes dgongs pa'i byin rlabs 'pho ba'i dbang bskur ba ni/_snod bcud lha dang dkyil 'khor du shar ba thams cad 'od du zhu nas dmigs med spros bral gyi dbyings su thim pas/_snang rig rtog gsum dbyer med chos nyid kyi bde ba chen po smra bsam brjod du med pa'i ngang la mnyam par zhog cig_/hrIH_mchog tu mi 'gyur bde ba'i de kho na:_rnam kun mchog ldan dbyings dang gnyis su med:_zung 'jug lhan cig skyes pa'i dbang bskur bas:_don gyi ye shes mngon du 'gyur bar shog:_tsit+ta a b+hi Shiny+tsa hU~M:_des nges pa don gyi dbang chen rta mchog rol pa dpal chen sgrub sde brgyad dang bcas pa rang byung rig pa'i gshis su ye rdzogs chen po'i dgongs pa ngo sprad pa thugs rdo rje'i dbang byin pas rgyu yid kyi sgrib pa dag_/'bras bu sems la brten pa'i nad gdon sdig sgrib thams cad sbyangs/_rab 'byams yi dam zhi khro'i thugs kyi gsang ba bsam mi khyab pa'i byin rlabs zhugs/_thugs 'od gsal de kho na nyid kyi rnal 'byor sgom pa la dbang*/_yid 'khrul med bde stong lhan cig skyes pa'i ye shes bsam gyis mi khyab pa'i dgongs pa'i klong du grol ba'i dbang dang byin rlabs khyad par can thob pa'o/__/me long gi dbang bskur ba'i slad du/_snang stong dbyer med chos dbyings yum gyi chu skyes mtshon pa'i me long sin d+hU ra'i thig le dang bcas pa gnas gsum du bzhag cing tshig don ngo sprad de dbang bskur ba'i mos pa mdzod/_hrIH_me long zlum po stong gsal ye shes gzugs:_bde chen rdo rje'i pho nya rmad byung ba:_thabs mchog ye shes phyag rgya 'di gtad pas:_lhan skyes dga' bzhi'i de nyid mngon 'gyur shog:_pad+ma b+hany+dza mo k+Sha hoH_oM AHhU~M badz+ra gu ru pad+ma sid+d+hi hU~M:_ma hA mu dra a b+hi Shiny+tsa hoH_lan gsum/_de ltar bde stong gnyis su med pa'i ye shes kyi rnam bcas pad+ma can gyi phyag rgya'i gzugs su bzhengs pa me long sin d+hU ra'i thig les brgyan pa spyi bor bzhag cing dpral bar thig le bkod pa bum dbang*/_mgrin par bzhag cing thig le byas pa gsang dbang*/_snying gar bzhag cing thig le byas te rig pa gsal la ma 'gag par ngo sprad pa ni/_sems nyid chos sku dri med mtshon byed me long g.ya' dag zlum po la/_kun rdzob sgyu ma lta bu dang*/_rnam kun mchog ldan gyi stong nyid gzugs brnyan cir yang shar bar mtshon pa'i tshom bu sngags kyis brgyan pas dbang bskur bas gsal ba la stong pas rgyas theb par shes pa shes rab ye shes kyi dbang*/_sems bde gsal mi rtog pa'i nyams skyes pa ni dbang bzhi pa ste/_'du shes gsum ldan gyis phyag rgya dang snyoms par zhugs pas de dag mngon du byas par mos pa ni yid thugs su smin par byed pa shes rab ye shes la rten pa'i dbang bzhi rdzogs pa yin no/__/gsum pa shes rab ye shes kyi dbang dang rjes su 'brel ba mkha' 'gro'i brda yi dbang bzhi sbyin pa ni/_he ru ka'i nges pa brjod pa'i rgyud las/_man ngag shin tu rnyed dka' ste/_/dpa' bo'i brda yi skad du ni/_/nga yi rgyud du sbas pa yin/_/zhes gsung pa ltar gsang sngags zab mo'i don gyi brda la brten nas khong du chud par byas pas rdo rje'i rigs can gyi gang zag thams cad grol bar byed pa'i rgyud dang sgrub thabs mkha' 'gro rnams la yongs su grags pas na/_'dir phrin las kyi rtsa ba mkha' 'gro'i dbang*/_brda la brten nas bskur ba ste/_de yang rnam kun mchog ldan gyi dbyings zab mo ni mchog dang thun mong gi dngos grub mtha' dag gi 'byung gnas te/_ye shes nam mkha'i gzugs can de mngon du byed pa la/_rnam bcas bde ba chen po'i ye shes sgyu ma brda don rtags kyi mkha' 'gro phyi nang gsang ba'i tshul gyis sgrub pa thabs zab pa'i mthar thug pa ste/_de nyid nyams su len pa'ang dbang gis thog mar rgyud dag cing smin dgos par gsungs pas mkha' 'gro brda yi dbang chen shes rab ye shes kyi rjes 'brel du 'bog pa la/_don gyi mkha' 'gro smra bsam brjod pa kun bral lhan skyes ye shes chen po'i gsang ba nyid/_rnam pa rtags kyi phyag rgya chos dbyings rdo rje btsun mo'i stong gzugs rdul bral ye shes kyi sku bde ba chen po rdo rje phag mor bzhengs pa nyid/_snang stong gnyis med mkha' 'gro'i sku me long du 'char ba'i stong gzugs kyi brda 'di la rten nas ngo sprad pas/_'khor 'das yongs la khyab cing zhi khro 'dod rgur bsgyur ba mkha' 'gro sgyu ma'i snang stong sku bum pa'i dbang gi brda bstan par mos shig_/phag mo'i sku me long du 'char ba bstan te/_hrIH_snang zhing stong pa'i ye shes sku:_gsal ba ma 'gag rang byung ba:_rdo rje'i brda 'dis mtshon byos la:_snang srid rgyal ba'i zhing du ltos:_ma hA su kha dz+nyA na kA ya oM:_des snang srid dag pa rab 'byams rgyal ba'i zhing 'og min mkha' spyod rdo rje phag mo'i sku yi dkyil 'khor du ngo sprad pas bum pa'i dbang thob/_lus rnam smin gyi sgrib pa dag_/snang ba 'dod khams kyi grong khyer dag pas sa 'og tu spyod pa'i pho nya mo rnams dang skal pa mnyam par byas/_lam gtum mo dang sgyu lus sgom pa la dbang*/_sna tshogs yum chen sprul sku rdo rje phag mo'i go 'phang mngon du byas pa'o/__/'di ltar dril bu'i sgra 'di skye 'gag gnas pa dang bral yang rten 'brel gyis sgrar grags pa'i dus nas stong pa nyid dang 'du 'bral med par gnas pa bzhin grags stong gsung gi rdo rje phag mo brda 'dis ngo sprad pas gsung gsang ba'i dbang rdzogs par mos mdzod/_dril bu dkrol ba dang bcas/_hrIH_grag cing stong pa rdo rje'i sgra:_thog mtha' gang du'ang mi gnas pa:_ye shes dbyings kyi rang gzugs 'di:_brda yis mtshon te rtogs par gyis:_shUn+ya tA nA da badz+ra wA ka hrIH_des brtan g.yo'i sgra skad thams cad grags stong gsung sngags kyi sgra gdangs su ngo sprad pas gsang ba'i dbang thob/_ngag 'pho bcas kyi sgrib pa sbyangs/_phyed snang gzugs khams kyi grong khyer dag pa sa spyod kyi pho nya mo rnams dang skal pa mnyam par byas/_lam 'od gsal dang rmi lam sgom pa la dbang*/_bde ba chen po longs sku rdo rje phag mo'i go 'phang mngon du byas pa'o/__/gzhi lus rta mchog rol pa skad cig gi mkha' 'gro kun 'dus rdo rje phag mo'i skur gsal ba'i lus dbus dbu ma mtshan nyid bzhi ldan gyi mar sne'i a thung g.yas g.yon ro rkyang gi rlung gis bskul bas/_bde ba'i rang gzugs drod kyi reg bya dang ldan pa glog gi zegs ma ltar 'bar bas spyi bo'i haM bskul/_dwangs ma'i thig le g.yos pa 'khor lo bzhir rim can du bab pas dga' bzhi'i ye shes nyams su myong bar mos la thog mar rlung ro sum phrugs su bsal zhing drag rlung bum pa can zungs shig_/bla mas/_hrIH_bde stong rnam pa thams cad pa:_sngags kyis mngon du gyur na yang:_gnyis med ye shes de kho na:_rang byung gsang bar lhun gyis grub:_ma hA su kha a ti hoH_zhes brjod la bde stong gi nyams skyong du gzhug_/des rtog tshogs thams cad bde ba chen po rdo rje'i ye shes kyi gsang bar ngo sprad pas shes rab ye shes kyi dbang thob/_yid 'khrul rtog gi dri ma sbyangs/_mi snang gzugs med kyi grong khyer dag pa mkha' spyod kyi pho nya mo rnams dang skal pa mnyam par byas/_lam bar do dang 'pho ba sgom pa la dbang*/_stong pa chen po chos sku rdo rje phag mo'i go 'phang mngon du byas pa'o/__/de ltar sku gsum rdo rje phag mo'i sku gsung thugs kyi dkyil 'khor gyi rnam pa ji ltar snang ba thams cad chos dbyings rang byung gsang ba chen po'i dbyings dang gnyis su mi phyed par la bzla bas mnyam nyid gsang ba chen po'i gshis lugs su mnyam par bzhag pa'i don ngo sprod 'di la gsan 'tshal/_hrIH_rnam bcas thams cad phyag rgya che:_skye 'gag gnas bral ye shes dang:_gnyis su med pa'i ngo bo ni:_don gyi rdo rje phag mo'o:_d+harma d+hA tu a a aH_de ltar mtshon byed brda yi dbang rnams kyis mtshon bya don gyi rdo rje phag mo'i sku gsung thugs kyi rdo rje sgo gsum dang dbyer med du ngo sprad pas/_mtshon 'bras dbyings rig don gyi yin lugs mngon du gyur nas dbang bzhi pa thob/_'pho bcas mtshan ma'i sgrib pa dag_/khams gsum dag pa gnas gsum mkha' 'gro'i grong khyer gyi pho nya mo rnams dang skal pa mnyam par byas/_lam 'pho med de kho na nyid phyag rgya chen po sgom pa la dbang*/_zung 'jug gnyis su med pa ngo bo nyid kyi phag mo'i go 'phang mngon du byas pa'o/__/gtor ma'i dbang bskur ba'i slad du/_gtor snod dbyings kyi b+han+d+ha yangs par/_gtor ma'i ngo bo rig pa ye shes lnga la gu ru rtsa ba gsum gyi lha tshogs rang shar ba'i rten dang brten par bcas pa gnas gsum du bzhag cing tshig don ngo sprad de dbang bskur ba'i mos pa mdzod/_hrIH_gtor snod zlum po dbang gi gzhal med khang:_gtor chen ye shes lha yi phyag rgyar gsal:_dngos grub sgrub pa'i rdzas kyis dbang bskur bas:_ye shes gsang ba rab 'byams don rtogs shog:_oM AHhU~M badz+ra gu ru pad+ma sid+d+hi hU~M:_dz+nyA na sarba a b+hi ________Shiny+tsa aH_lan gsum/_de ltar gtor ma spyi bor bzhag pa bum dbang*/_mgrin par gtad de gtor zan myang ba gsang dbang*/_snying gar gtad de tshig don ngo sprad pa ni/_dbyings stong pa nyid mtshon pa'i gtor snod du rig pa ye shes lnga mtshon pa'i gtor chen rtsa ba gsum gyi rnam pa dam rdzas bdud rtsi'i rang bzhin/_'dod yon sna tshogs pa'i sprin phung 'phro ba'i dbang bskur bas/_dbyings rig zung du 'jug pa'i phyag rgya gnyan po'i gzi byin gyis ma mo mkha' 'gro rnams dbang du sdud cing lhan skyes kyi ye shes mtshon pa shes rab ye shes kyi dbang*/_des bde gsal mi rtog pa'i nyams skyes pa ni dbang bzhi pa ste/_spang rtogs yongs rdzogs su byed pa yon tan gtor ma la brten pa'i dbang bzhi rdzogs pa yin no/__/gu ru'i sku 'bag gi dbang bskur ba'i slad du sku gzugs 'di nyid chos dbyings skye ba med pa las rang shar ba'i longs spyod rdzogs sku rtsa gsum kun 'dus o rgyan snang srid zil gnon gang 'dul sprul pa'i sprin phung mkha' khyab tu spro ba'i ye shes kyi sku dngos su gsal ba khyed rang rnams kyi gnas gsum du bzhag cing gdung ba'i glus thugs dam bskul te tshig don ngo sprad de dbang bskur ba'i mos pa mdzod/_hrIH_sngon tshe pad 'byung khyod dang thugs dam gcig:_da lta bdag cag mos pa'i stangs 'dzin phyir:_snang srid kun khyab ye shes phyag rgya'i gzugs:_byin rlabs nus pa bla ma'i sku 'bag 'di:_mthong thos dran pas mchog thun dngos grub ster:_rdo rje'i zhal bzhes bslu med deng bskul na:_sku gsung thugs kyi byin gyis brlab pa dang:_dbang dang dngos grub ma lus bstsal du gsol:_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M aH_kA ya a b+hi Shiny+tsa oM:_wAka a b+hi Shiny+tsa AH_tsit+ta a b+hi Shiny+tsa hU~M:_sarba a b+hi Shiny+tsa hrIH_lan gsum/_de ltar sku 'bag ye shes kyi sku dngos su gsal ba spyi bor bzhag pa bum dbang*/_mgrin par bzhag pa gsang dbang*/_snying gar bzhag ste bla ma dang rang sems dbyer med du ngo sprad pa ni/_sems nyid bsam gyis mi khyab pa'i ye shes stong gsal rang rig 'dus ma byas pa gdod ma nas bla ma sku bzhi'i ngo bor bzhugs pa mtshon par byed pa gu ru'i sku 'bag gi dbang bskur bas/_rang rig ngo bo sgrib gnyis kyi 'ching bas ye nas gos ma myong ba mtshon bya don gyi kun bzang pad+ma 'byung gnas dang ro gcig tu bzhugs kyang*/_rnam 'gyur glo bur gyi dri ma sbyang ba'i phyir mtshon byed brda yi bla mas bdag dang slob ma'i rgyud byin gyis brlabs par shes pa shes rab ye shes kyi dbang*/_des bde gsal mi rtog pa'i nyams skyes pa dbang bzhi pa ste/_'gro 'dul las rab 'byams 'grub pa phrin las sku 'bag la brten pa'i dbang bzhi rdzogs pa yin no/__/de rnams kyi rtsa ba'i dbang rnam pa lnga la nang gses kyi ldog cha dbang bzhi'i nges pas phye bas rnam pa nyi shu'i byang chub pa zhes bya ste/_spyi dbang 'bring po'i tshul du bla ma'i dbang chen rab 'byams chig rdzogs su bskur ba'i rjes yi dam gyi dbang bzhi dang mkha' 'gro'i brda dbang bcas dbang bzhi'i mngon par rtogs pa'i byin rlabs thod rgal tu thob par gyur pa yin no/__/bzhi pa chos srung ma ning nag po lcam dral rgyud gsum dregs byed bka' yi pho nyar gtad pa la/_mdun gyi gtor ma 'di nyid dur khrod thod mkhar 'bar ba'i gzhal yas khang chen por sna tshogs pad+ma dang nyi ma'i steng du dpal ye shes kyi mgon po ma ning nag po sku mdog mthing nag gtum zhing khros pa'i nyams can zhal gcig_/spyan gsum dmar zlum/_mche ba brtsigs shing ljags 'dril ba/_phyag gnyis pa g.yas 'bar ba'i ru mtshon rnon po gnam du 'phyar zhing*/_g.yon gdug pa can gyi snying dang zhags pa 'dzin pa/_sbrul nag po'i ral pa thur du 'phyang ba/_dur khrod 'jigs pa'i chas rnams yongs su rdzogs pa/_zhabs gnyis g.yas bskum g.yon brkyang gi ro yi gdan la bzhugs pa'i g.yon du yum chen e ka dzA Ti sngon mo/_gcer bu 'ja' sprin gyi stod g.yogs dang*/_stag sham thod skam gyi phreng bas brgyan pa/_spyan gcig ral gcig mche gcig nu gcig dang ldan pa/_zhing dbyug dang dgra snying 'dzin pa yab yum gyi sku las sku gsung thugs yon tan phrin las kyi mgon chen sde lnga/_'dod khams dbang phyug re ma ti/_zhing skyong dur khrod kyi ma mo/_lha sman tshe ring mched lnga/_bod skyong brtan ma bcu gnyis/_bka' sdod dregs pa sde brgyad/_snang srid ma mo mkha' 'gro/_gnas gter gzhi yi srung ma sogs ye shes dang 'jig rten gyi chos skyong rgya mtsho sras dang pho nyar bcas te bzhugs pa/_slob dpon dang slob ma gnyis ka dbang chen rta mchog rol pa yab yum du gsal ba'i snyems pa dang*/_slob dpon gyis bka' bsgos pas/_ye shes kyi mgon po lcam dral 'khor dang bcas pa'i sku'i gnas gsum gyi yig 'bru oM dkar/_AHdmar/_hU~M mthing gsum las sku sngags phyag mtshan gyi rnam pa spros/_slob ma'i gnas gsum du thim pas ye shes kyi mgon po lcam dral gyi sku gsung thugs kyi mthu stobs dang nus pa la dbang bar byas pas/_bka' sdod rgyud gsum dregs pa sde brgyad dang bcas pas ci bgyis bka' la nyan cing bran dang 'bangs su khol bar mos mdzod/_hU~M:_thabs kyi dpa' bo mgon po he ru ka:_shes rab dbyings kyi ma mo mkha' 'gro'i tshogs:_gnyis med mthu chen sde brgyad dregs tshogs kun:_dpal gyi bka' bzhin thogs med phrin las mdzod:_sa ma ya sarba karma ku ru hoH_gtor ma gnas gsum du bzhag_/rjes dam tshig gcig tu bsre ba'i phyir mgon po lcam dral gyi dwangs ma'i srog snying bdud rtsi'i rnam par byung ba rol pas dam tshig gcig tu bsres pa'i mos pa mdzod/_bka' srung gtor ma nang mchod kyis bshal ba'i bdud rtsi sbyin/_slar yang slob dpon gyis bka' bsgos pa'i tshe srung ma 'khor dang bcas pa'i bka' bzhin sgrub par zhal gyis bzhes par mos mdzod/_dpal ye shes kyi mgon po ma ning nag po/_yum chen e ka dzA Ti/_bka' sdod rgyud gsum dregs pa sde brgyad gnas gter gzhi yi bdag po 'khor dang bcas pa rnams kyis/_rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' dang dam las ma 'da' bar rigs kyi bu 'di'i srung ma mdzod la lus dang grib ma bzhin du 'grogs te/_'gal rkyen bar chad mi mthun pa'i phyogs thams cad zhi zhing*/_mthun rkyen phun sum tshogs pa'i bsam sbyor thams cad yid bzhin du 'grub pa dang*/_rnam bzhi'i phrin las thams cad g.yel ba med par sgrub par mdzad du gsol/_thun mong ma yin pa'i slob ma yin na gong gi dam bsre ba dang*/_gtor ma'i lha 'jig rten pa rnams gshegs/_ye shes mgon po lcam dral rnams 'od du zhu nas slob ma'i lte ba nas snying ga'i hU~M gi zhabs kyu la thim par bsam/_gtor dbang spyi 'gros la dam bsre 'od zhu bcas bya mi dgos so/__slar yang rtsa gsum yongs rdzogs kyi don dbang mdor bsdus pa gtor ma la rten nas dbang bskur ba la/_rtsa gsum kun 'dril snying po'i rgyud las/_bde bar gshegs pa thams cad ni:_rtsa ba gsum gyi ngang du rdzogs:_sangs rgyas thog ma bla ma ste:_sangs rgyas kun kyang bla mar bsten:_zhes gsungs pa ltar rtsa gsum kun 'dus la brten nas don dbang mdor bsdus gtor ma'i dbang bskur ba la/_spyir gtor ma bsnyen sgrub kyi dus su dkyil 'khor du shes pa/_mchod pa'i dus su 'dod yon du shes pa/_dbang gi dus lhar shes pa/_rjes dngos grub tu shes pa rnams su yod pa las/_'dir dbang dus su lhar shes par bya ba yin pas dmigs pa 'di bzhin du mdzod/_gtor ma rin chen 'bar ba 'di nyid phyi ltar rin po che 'bar ba'i gzhal med khang yangs shing rgya che ba tshad dang mtshan nyid thams cad yongs su rdzogs pa'i dbus su/_nang ltar rtsa ba gsum gyi lha tshogs tho brtsegs su bzhugs shing*/_sku gsum/_thod phreng rigs lnga/_mtshan brgyad sogs rig 'dzin sgyu 'phrul drwa ba'i lha tshogs sprin ltar gtibs pa/_chos skyong srung ma rnams kyis las mdzad pa'i phyogs dus skyabs yul rgya mtsho'i rten dang brten pa'i dkyil 'khor yongs rdzogs su shar ba khyed rang rnams kyi spyi bor spyan drangs shing byin gyis brlabs pa la brten nas/_gtso 'khor thams cad kyi gnas bzhir oM AHhU~M dang hrIHyig gis mtshan pa las 'od zer dkar dmar mthing ga sna tshogs pa'i mdog can dpag tu med pa byung*/_khyed rang rnams kyi gnas bzhir thim pas phyi nang gsang ba de kho na nyid kyi dbang bzhi stan thog gcig tu thob/_lus ngag yid gsum cha mnyam gyi sgo nas bsags pa'i 'gal rkyen sdig sgrib bar du gcod pa thams cad nye bar zhi zhing*/_gnas skabs su dbang bzhi'i lam sgom pa la dbang*/_mthar thug sku bzhi'i go 'phang thob pa'i skal pa can du byas pa'i mos pa dung dung mdzod/_hrIH_snod bcud yongs rdzogs rdo rje'i ba liM ta:_rtsa gsum dkyil 'khor lha yi rnam par shar:_sku gsung thugs dang ye shes dbang bskur bas:_byin rlabs dngos grub las kun 'grub par shog:_oM AHhU~M badz+ra gu ru pad+ma d+he wa d+hA ki ni d+harma pA la kA ya wAka tsit+ta a b+hi Shiny+tsa oM AHhU~M hrIH_zhes brjod cing gtor ma gnas gsum du bzhag_/rjes dngos grub tu shes pa'i phyir/_gtor ma'i lha 'od du zhu ba'i gtor zan dngos grub kyi rang bzhin bdud rtsi'i bcud du 'khyil ba myangs pas rtsa khams thams cad la khyab/_zag med kyi bde bas rgyud gang*/_mchog dang thun mong gi dngos grub ma lus pa thob pa'i mos pa mdzod/_ces brda sprad la/_gtor zan dngos sam/_mtha' skor gyi thebs kyu bdud rtsi dang sbyar ba sbyin/_mtha' brten 'chi med tshe'i dbang bskur ba la gsol ba 'debs pa 'di'i rjes zlos lan gsum mdzod/_rtsa gsum tshe yi lha tshogs dang*/_/dbyer med rdo rje slob dpon gyis/_/bdag la brtse bas nyer dgongs te/_/'chi med tshe yi dbang mchog stsol/_/dngos gzhi'i dbang bskur ba la/_thog mar tshe 'gugs shing bcud bsdu ba'i slad du rtsa gsum tshe yi lha tshogs rnams kyi sku las 'od zer kha dog lnga ldan dang*/_lha mo mgyogs ma'i sprul pa nyi zer gyi rdul ltar spros pas khyed rang rnams kyi bla tshe chad nyams yar ba dang*/_'byung ba bzhi'i dwangs ma/_'khor 'das kyi bcud dang dge mtshan thams cad 'chi med tshe'i bdud rtsi 'od zer kha dog sna tshogs pa'i rnam par spyan drangs khyed rang rnams kyi spyi bo nas zhugs/_lus kyi nang thams cad gang bas 'chi med tshe'i dngos grub thob/_mdun gyi tshe rdzas rnams la thim pas rdo rje tshe'i bcud len du gyur pa'i mos pa mdzod/_ces dang mda' dar g.yab la/_hrIH_'od gsal chos sku'i pho brang nas/_/longs spyod yongs rdzogs sprul pa'i sku/_/'chi med pad+ma thod phreng rtsal/_/rtsa gsum rgya mtsho'i 'khor dang bcas/_/sgrub la tshe dbang mchog stsol phyir/_/thugs dam bskul lo dbyings nas bzhengs/_/rnal 'byor bdag cag 'khor bcas kyi/_/bla tshe chad nyams yar ba dang*/_/phyi snod 'byung ba bzhi yi bcud/_/nang bcud 'gro ba'i tshe bsod dpal/_/gsang ba rgyal ba sras bcas kyi/_/mkhyen brtse nus pa'i yon tan kun/_/'od zer bdud rtsi'i rnam par sdus/_/bdag dang sgrub pa'i rdzas la stims/_/rgas med lang tsho'i dngos grub stsol/_/nad med bde ba'i dngos grub stsol/_'chi med tshe yi dngos grub stsol/_ye shes mchog gi dngos grub stsol/_oM AHhU~M badz+ra gu ru pad+ma sid+d+hi A yu She hU~M nr-i dzaH_zhes tshe 'gugs bskul/_tshe'i 'brang rgyas thogs la/_de ltar tshe 'gugs shing bcud bsdus nas sku'i dbang bskur ba'i slad du tshe'i 'brang rgyas 'di nyid rtsa gsum tshe lha rab 'byams su gsal ba khyed rang rnams kyi spyi bor spyan drangs shing byin gyis brlabs pas thugs ka nas 'od zer 'phros/_'khor 'das lam gsum gyi bcud dang dwangs ma dge mtshan ma lus pa 'chi med tshe'i bdud rtsi'i rnam par spyan drangs/_spyi bo nas zhugs/_lus kyi nang thams cad gang*/_dus ma yin pa'i 'chi ba'i 'jigs pa bag chags dang bcas pa sbyangs/_sku rdo rje 'chi med tshe'i dngos grub ma lus pa thob pa'i mos pa mdzod/_tshe bum spyi bor bzhag la/_bkra shis 'od gsal snying po'i bum pa na/_/'chi med pad+ma tshe yi lha tshogs bzhugs/_/deng 'dir skal ldan khyod la dbang bskur bas/_/mi phyed rdo rje sku yi tshe thob shog_/oM AHhU~M badz+ra gu ru pad+ma sid+d+hi A yu She hU~M nr-i dzaHkA ya a b+hi Shiny+tsa oM/_tshe yi bdud rtsi thogs la/_gsung gi dbang bskur ba'i slad du 'khor 'das brtan g.yo'i dwangs bcud ma lus pa thams cad byang chub sems kyi bdud rtsir 'khyil ba 'di nyid mgrin par bzhag cing myong ba la brten nas rlung gi 'ching ba dbu ma'i dbyings su thim ste/_gsung rdo rje mi shigs pa nA da'i srog tu gyur pa'i mos pa mdzod/_AH_'khor 'das brtan g.yo'i dwangs bcud ma lus kun/_/'chi med byang chub sems kyi bdud rtsir bskyil/_/deng 'dir skal ldan khyod la sbyin pa yis/_/'gag med pad+ma gsung gi tshe thob shog_/sngags mthar/_wAka a b+hi Shiny+tsa AH_zhes brjod cing mgrin par bzhag la bdud rtsi byin/_tshe ril thogs la/_thugs kyi dbang bskur ba'i slad du srid pa dang zhi ba'i tshe bcud ril bu'i gzugs su shar ba snying gar myong ba la brten nas snying dbus mi shigs pa'i thig ler ro gcig tu 'dres/_lus kyi zungs dang sems kyi rten du gyur te ye shes rdo rje'i srog la dbang thob pa'i mos pa mdzod/_hU~M/_srid zhi'i snying po mi 'gyur tshe yi rdzas/_/byang chub sems kyi thig ler dbyer med pa/_/deng 'dir skal ldan khyod la sbyin pa yis/_/'od gsal snying po thugs kyi tshe thob shog_/sngags mthar/_tsit+ta a b+hi Shiny+tsa hU~M/_zhes brjod cing snying gar bzhag la ril bu sbyin/_tshe rgyas gdab par bya ba'i slad du tshe mda' rin chen 'bar ba spyi bor rgya gram du bkod pas lus la rdo rje'i go cha zhu lugs su gyur te tshe srog rdo rje'i brag ltar brtan par byas pa dang lhan cig tu 'od gsal gnyug ma khyab gdal gyi dbyings su mnyam par bzhag pas cis kyang mi chod mi shigs pa 'chi med gdod ma'i gnas lugs mngon du gyur pa'i mos pa mdzod/_a/_spros pas srid zhi khyab pa'i tshe/_/bsdus pas thig le nyag gcig klong*/_/'pho 'gyur med par rgyas btab pas/_/ye shes chen po'i srog 'grub shog_/badz+ra dz+nyA na rak+Sha a a/_zhes brjod cing tshe mda' spyi bor rgya gram du bzhag_/spro na mtha' rten bkra shis rdzas rtags sna bdun bcas sbyin/_gang ltar yang shis brjod rgyas par bya/_yang skabs 'ga' zhig tu tshe dbang kho na bskur na khrus bgegs bskrad tshe yi dbang gi gsol gdab skyabs sems bsags sbyang rjes byin 'bebs mthar tshe 'gugs tshe 'brang tshe ril tshe chang rgyas btab mthar dbyung ba las lo rgyus/_de la 'dir gang gsan bya'i chos ni/_gsang sngags snga 'gyur rdo rje'i theg pa la bka' gter dag snang gi babs so gsum du bzhugs pa'i nang tshan nye brgyud gter ma'i phyogs su gtogs pa yin/_de la'ang bka' srol mi 'dra ba du ma zhig bzhugs pa las gter 'byin grub thob yongs kyi rgyal po 'jam dbyangs bla ma mkhyen brtse'i dbang po'i rdo rje gsum gyi byin rlabs las snang ba'i rtsa gsum kun 'dus gu ru'i thugs sgrub dngos grub snying po'i 'chi med tshe yi dbang bskur ba la maN+Dal phul sogs mtshams sbyor kyang mdor bsdus byas pas 'grub bo/__/de dag gis o rgyan dus gsum mkhyen pa'i thugs bcud/_rtsa gsum gcig dril du sgrub pa'i gseng lam/_zab 'dril khyer bde ngo mtshar rmad du byung ba'i thugs tig gi zlum po bzhi'i dbang bskur/_yi dam dbang chen rta mchog sgrub pa bka' brgyad dbyer med pa'i rdo rje bzhi'i dbang bzhi/_mkha' 'gro rdo rje phag mo'i brda dbang zab rgya can/_chos skyong ma mgon lcam dral gyi gtor ma'i bka' gtad/_don dbang mdor bsdus gtor ma la brten nas bskur ba/_mtha' rten bkra shis tshe dbang bcas kyi rim pa legs par grub pa ste/_gnas skabs de dag tu thob cing khas blang pa'i dam tshig dang sdom pa srung sdom gyi 'dun pa drag pos 'di'i rjes zlos lan gsum mdzod/_gtso bos ji ltar sogs/_dbang bskur zab mo legs par thob pa'i bka' drin gtang rag gi yon du maN+Dal phul/_slar yang lus longs spyod dge tshogs rgya mtsho dang bcas pa 'khor lo'i bsgyur ba'i rgyal srid kyi 'byor pa ltar sprul te phul bas cha shas nas longs spyad du gsol snyam pas 'di'i rjes zlos lan gsum mdzod/_deng nas brtsams te sogs/_de ltar dbang thob pa'i dge ba'i rtsa ba rnams byang chub snying por yongs su bsngo ba 'di lhan cig tu gnang bar zhu/_bsod nams 'di yis sogs dge ba'i rtsa ba byang chub snying por yongs su rgyas btab/_gsum pa rjes kyi las rim 'phros don dang bcas pa ni/_cho ga'i mtha' rgyas tshogs kyi dga' ston la longs spyod cing lhag ma bsngo/_srung ma'i gtor 'bul dang*/_rjes kyi las rim phrin las ltar mthar dbyung bar bya'o/__/de dag gi rtsa ba'i dbang bskur yongs rdzogs mthar chags su rgyas par bskur ba ste/_dus bzang tshes bcu'i mchod pa lta bur dngos grub len pa'i cho ga dang rjes su 'brel ba dang*/_chos 'brel tsam gyi ched gtor dbang rkyang pa kho na bskur na/_sbyor ba'i skabs su gtor ma dang sman raka nyer spyod tsam las bca' bsham gzhan mi dgos shing*/_mtshams sbyor gyi khyad par/_phyogs dus sangs rgyas kun dang rnam dbyer ma mchis pa dang*/_bod yul gyi gdul bya rnams la bka' drin sangs rgyas las kyang lhag pa ste/_de lta bu'i 'khor lo mgon po sogs nas/_dngos gzhi dbang gi ye shes khyad par can rgyud la bskyed par bya ba la rtsa gsum chos srung dang bcas pa'i dbang dang byin rlabs yongs rdzogs su bya ba dang*/_don dbang mdor bsdus smin byed kun gyi snying po gtor ma la brten nas rtsa ba gsum gyi dbang bzhi chig rdzogs su sgrub pa ste gnyis las/_skabs su bab pa phyi ma ste/_rtsa gsum kun 'dril snying po'i rgyud las sogs nas/_dngos grub ma lus pa thob pa'i mos pa mdzod/_ces pa'i bar gong ltar bya'o/__/las nyon chu mtshor dad brgya'i 'dab grol bar/_/lha dang bla ma dgyes pa'i nyin byed kyis/_/bran las rig rtsal ches bzang sbrang rtsi'i skyes/_/skal bzang bung ba'i bsnyel gsos bris pa gang*/_/dpang gyur 'jam mgon zla ba dbyings nub pa'i/_/rang bris rang bsgrigs mi byed ka med kyis/_/bklag chog dbang gi cho ga 'jug bde'i btsas/_/chos mthun grogs kyis bskul bzhin bris pa 'dis/_/rab dge dri med yid 'ong nor bu'i sprin/_bstan 'gro'i mkha' lam khyab pa'i dpal yon gyis/_/phan bde'i sbrang char zad mi shes 'jo bzhin/_dge mtshan dbyar gyi dga' ston dar bab shog_/ces pa'ang chos 'dir don gnyer can la nyer mkho'i phyag char mthong ba dang*/_blo gsal dad mos dge ba u rgyan gzhan phan dang*/_sgrub brtson bslab pa gsum ldan bla ma kun dga' tshe dbang bstan 'phel/_zab gter spyod pa pad rgyal gling pa sogs nas rten dang bcas bskul ngor lho phyogs sman ljongs nags tshal rgyas pa'i rgyal khab/_chos srid lugs brgya'i dpal gyis mdzes pa'i pho brang gi lte ba bde chen chos gling gi ba gam gsum par gnas 'cha' ba'i skabs pad+ma gar dbang mdo sngags gling pa rang byung 'od gsal rdo rje thugs mchog rtsal gyis bris te chu byi snron zla'i 'phel tshes lnga la thams cad mkhyen gzigs 'jam mgon bla ma d+harma ma ti'i dus kyi mchod pa'i nyin grub par bgyis pa 'dis kyang 'gro kun bla ma sku bzhi'i dkyil 'khor du nges par dbugs dbyung ba'i rgyur gyur cig/_//

Footnotes

Other Information