DKR-KABUM-09-TA-024: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྩ་གསུམ་ཚེའི་ཟབ་པ་ལས། བདག་འཇུག་འཆི་མེད་བདུད་རྩིའི་བུམ་བཟང་། | |||
|fulltitle=rtsa gsum tshe'i zab pa las/ bdag 'jug 'chi med bdud rtsi'i bum bzang | |||
|citation=[[Khyentse, Dilgo]]. ''Rtsa gsum tshe'i zab pa las bdag 'jug 'chi med bdud rtsi'i bum bzang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 9: 201-207. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Self-Initiation - bdag 'jug | |||
|terma=Yes | |||
|dkroutline=Three | |||
|cycle=zab bdun rtsa gsum tshe'i zab pa | |||
|cycletib=ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ | |||
|parentcycle=thugs dam zab pa skor bdun | |||
|parentcycletib=ཐུགས་དམ་ཟབ་པ་སྐོར་བདུན་ | |||
|language=Tibetan | |language=Tibetan | ||
| | |volumenumber=009 | ||
| | |volnumtib=༩ | ||
|volyigtib=ཏ་ | |||
|totalvolumes=25 | |||
|textnuminvol=024 | |textnuminvol=024 | ||
|pagenumbers=201-207 | |||
|totalpages=13 | |||
|beginfolioline=1a | |||
|endfolioline=7a3 | |||
|totalfolios=7 | |||
|multivolumework=No | |||
|rectonotes=bdag 'jug | |||
|versonotes=rtsa gsum tshe zab | |||
|colophontib=།ཞེས་པའང་འཕགས་ཡུལ་མན་དྲའི་རྒྱལ་ཁབ་དང་ཉེ་བའི་ཆར་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་ཚུལ་འདིའི་སྒྲུབ་ཆེན་ལོ་ལྟར་གནང་བ་ཉེར་མཁོར་གྱུར་པས་འདི་ལྟར་བྲིས་ཞེས་མཁྱེན་བརྩེའི་བདག་ཉིད་གྲུབ་སྲས་ཨོ་ཌཱི་ཡ་ན་སྐུ་མཆེད་དང༌། མཆོད་དཔོན་ངག་དབང་སྦྱིན་པ། མཚུངས་མེད་མཁྱེན་ཡོན་མངའ་བ་བྱང་འདྲེན་པདྨ་བཀྲ་ཤིས་ནས་ཡང་ཡང་བསྐུལ་བ་བཞིན་བསམ་སྦྱོར་དག་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནས། ཀ་ཋི་མན་ཊུའི་རྒྱལ་ཁབ་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་དུ་སྦྱར་བས་འབྲེལ་ཚད་འཆི་མེད་ཚེ་དང་ཡེ་ཤེས་འདོད་རྒུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །། | |||
|colophonwylie=/zhes pa'ang 'phags yul man dra'i rgyal khab dang nye ba'i char pad+ma'i e waM chos sgar rten mchog 'gyur med gling du tshul 'di'i sgrub chen lo ltar gnang ba nyer mkhor gyur pas 'di ltar bris zhes mkhyen brtse'i bdag nyid grub sras o DI ya na sku mched dang*/_mchod dpon ngag dbang sbyin pa/_mtshungs med mkhyen yon mnga' ba byang 'dren pad+ma bkra shis nas yang yang bskul ba bzhin bsam sbyor dag pas rig 'dzin gong ma'i phyag bzhes ltar sngags btsun 'gyur med theg mchog bstan pa'i rgyal mtshan nas/_ka Thi man Tu'i rgyal khab bka' rnying bshad sgrub dar rgyas gling du sbyar bas 'brel tshad 'chi med tshe dang ye shes 'dod rgu'i dpal la spyod pa'i rgyur gyur cig_/dge legs 'phel//_// | |||
|pdflink=File:DKR-KABUM-09-TA-024.pdf | |pdflink=File:DKR-KABUM-09-TA-024.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྩ་གསུམ་ཚེའི་ཟབ་པ་ལས། བདག་འཇུག་འཆི་མེད་བདུད་རྩིའི་བུམ་བཟང་བཞུགས། ། | {{TibP|༄༅། །རྩ་གསུམ་ཚེའི་ཟབ་པ་ལས། བདག་འཇུག་འཆི་མེད་བདུད་རྩིའི་བུམ་བཟང་བཞུགས། །<br><br> | ||
༄༅། །ན་མོ་གུ་རུ་ཨ་མཱ་ར་བཛྲ་ཀཱ་ཡ་ཡ། དེ་ལ་འདིར་རྩ་གསུམ་ཚེའི་ཟབ་པའི་བདག་འཇུག་བྱ་བར་འདོད་པས། སྟེགས་ཟུར་པར་རིགས་ལྔའི་བུམ་པ་རིགས་མཐུན་གྱི་མགུལ་ཆིངས་ཅན་དང༌། རྣམ་བུམ་ཆུང་བ། དབུ་རྒྱན། རྡོ་རྗེ། དྲིལ་བུ། ཅོད་པན་ཁ་དོག་ལྔ་པ། གསང་ཐོད། རིག་ཙག་གམ་མེ་ལོང་སིན་དྷཱུ་རའི་ཐིག་ལེ་མཱུྃ་ཡིག་བྲིས་པ། ཤེལ་རྡོ། ཚེ་འབྲང་ཚེ་རིལ་ཆང་བཅས་འདུ་བྱས་ལ། བདག་མདུན་བསྐྱེད་བཟླས་དང༌། ཚེ་སྐོར་ཕྲིན་ལས་རྒྱས་དང་འབྲེལ་ན། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་སོགས། ཚེ་གཟུངས་ཤམ་བུ་ཅན་ཅི་ནུས་དང༌། པད་ཕྲེང་སྐབས་བསྙེན་པའི་དབུར་ཛཔ྄་ཁང་ཕྱེས་ལ་རིགས་ལྔའི་བཟླས་པ་ཆ་སྙོམས་པར་བྱ། བུམ་པ་འཆི་མེད་རྡོ་རྗེའི་གཞལ་ཡས་ཁང་གི་ནང་དུ་རིགས་ལྔ་ཚེ་དཔག་མེད་མགྱོགས་མ་བཞི་དང་བཅས་པ་མཁའ་ལ་འཇའ་སྤྲིན་ལྡངས་པ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །རིགས་ལྔའི་བཟླས་པ་བྱ། རྒྱས་བསྡུས་གང་ལྟར་ཐུན་མཐར། ཚེ་འགུགས་པད་ཞགས་ཚང་བར་བྱ། མཆོད་བསྟོད་དངོས་གྲུབ་གསོལ། ལས་བུམ། ཨོྃ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ལ། ཇི་ལྟར་བལྟམས་པས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས་བགེགས་བསྐྲད། ཨོཾ་བཛྲ་ཀྲོ་དྷཙཀྲ་བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་ཀུ་རུ་ཧཱུྃ༔ གིས་སྲུང་འཁོར་བསྒོམས། མཎྜལ་ཕུལ། ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ། མིག་དར། ཨ་ཁཾ་ཝི་ར་ཧཱུྃ༔ གིས་མེ་ཏོག་གཏད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ༔ རབ་ཏུ་འཆང་བ་འདྲེན་པའི་གཙོ་བོ་མཆོག༔ བདེ་བར་གཤེགས་པའི་སྲས་སུ་བདག་མཛོད་ཅིག༔ ཅེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷས་གནང་བ་བསྩལ་བར་མོས་ལ། ཧོཿ བདེ་བར་གཤེགས་པ་ཚེ་བདག་རིགས་ལྔ་ཡི༔ དཀྱིལ་འཁོར་འདི་རུ་འཇུག་པ་ཤིན་ཏུ་དཀའ༔ དད་པས་འཇུག་པ་རྣམས་ལ་བདག་གིས་གནང༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཐུབ་པར་གྱིས༔ ན་མོཿ བླ་མ་རིག་འཛིན་སོགས། བརླབ་ཏུ་གསོལ༔ ལན་གསུམ་གྱིས་བསགས་སྦྱངས་བྱ། ཧོཿ བདེ་གཤེགས་བླ་མ་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དེང་ནས་བཟུང་སྟེ་བྱང་ཆུབ་བར༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ སྤྱད་བྱ་མི་སྤང་དང་ལེན་ཤེས་བྱ་ལྔ༔ བསྒྲུབ་བྱའི་དམ་ཚིག་མི་སྤང་སྲོག་བཞིན་བསྲུང༔ བདེ་གཤེགས་རིགས་མཆོག་བདག་ལ་བསྩལ་དུ་གསོལ༔ ཞེས་སྡོམ་པ་བཟུང༌། བཛྲ་ས་མ་ཡ་ཧཱུྃ༔ གིས་དམ་ཚིག་འབོག །ཕྲེང་བ་མགོར་བཞག་ལ། བཛྲ་ས་མ་ཡ་རཀྵ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག །དམ་ཆུ་འཐུང་ལ། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཡེ་ཤེས་པ་དབབ་པ་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། བདག་དང་འདིར་ཚོགས་རྣལ་འབྱོར་རྣམས༔ སྐད་ཅིག་པདྨ་ཚེ་དཔག་མེད༔ སོགས། རྡོ་རྗེ་རྒྱ་གྲམ་མགོར་བཀོད། ཏིཥྛ་བཛྲས་བརྟན་པར་བྱེ་མེ་ཏོག་དོར་བ་ནི། ཧོཿ དབྱིངས་ནི་རྣམ་པར་དག་པ་གཅིག་ཡིན་ལ༔ གང་དུ་མི་གནས་སོ་སོར་མ་མཆིས་ཀྱང༔ སྣང་བའི་ཆ་ལས་ཡེ་ཤེས་ལྔར་སྟོན་པའི༔ བདག་ཉིད་གང་ལ་འབྲེལ་བ་དེར་འབབ་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར། ཧོཿ བསྐལ་པ་སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ ཡེ་ཤེས་རིགས་པའི་མེ་ཏོག་འདི་ཕུལ་བས༔ རང་རིག་ལྷ་དང་དབྱེར་མེད་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པྲ་ཏཱི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་སླར་སྤྱི་བོར་བཀོད། གསེར་གྱི་ཐུར་མས་དབྱེ་ཚུལ་བཅས། ཧོ༔ དཔལ་ཆེན་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མ་རིག་འཐུག་པོའི་ལིང་ཏོག་དབྱེ་བར་མཛད༔ སྔོན་གྱི་རྒྱལ་བས་སེམས་དཔའི་མིག་ཕྱེས་ལྟར༔ རིག་པ་ཡེ་ཤེས་དང་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་གསེར་གྱི་ཐུར་མས་མིག་ཕྱིས་པས་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཞེས་གདོང་གཡོགས་བསལ། མཎྜལ་ཕུལ། དཀྱིལ་འཁོར་གཙོ་བོ་བླ་མ་དགོངས་སུ་གསོལ༔ བདག་ཉིད་ཡེ་ཤེས་དཀྱིལ་འཁོར་འདིར་ཞུགས་ཤིང༔ བདེ་བར་གཤེགས་པ་ཡུམ་དང་བཅས་པ་ཡི༔ གོ་འཕང་བླ་ན་མེད་པ་ཐོབ་པའི་ཕྱིར༔ རྡོ་རྗེའི་དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་གདན་གསུམ་ཚང་བའི་དབང་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། རྒྱས་སྐབས་བུམ་པ་ལྔ་རེ་རེ་བཞིན་བླངས་ཏེ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས༴ དབུས་བུམ་སྤྱི་བོར་བཞག་སྟེ་བུམ་ཆུ་མྱང༌། ཧཱུྃ༔ མེ་ལོང་ཡེ་ཤེས༴ ཤར་བུམ་དཔྲལ་བ། ཧཱུྃ༔ མཉམ་ཉིད་ཡེ་ཤེས༴ ལྷོ་བུམ་རྣ་ལྟག་གཡས། ཧཱུྃ༔ སོར་རྟོག་ཡེ་ཤེས༴ ནུབ་བུམ་ལྟག་པ། ཧཱུྃ༔ བྱ་གྲུབ་ཡེ་ཤེས༴ བྱང་བུམ་རྣ་ལྟག་གཡོན་དུ་བཞག་པད་ཕྲེང་སྐབས། ཚེའི་དབང་ཆོག་བདུད་རྩིའི་བུམ་པ་བཞིན་བུམ་ལྔའི་དབང་ལེན་སྦྱར་དགོས། མཆན། །བསྡུས་པའི་སྐབས། རྣམ་རྒྱལ་ཆེན་པོའི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་རྣམ་ལྔའི་བུམ་པ་རུ༔ རྒྱལ་བ་རིགས་ལྔའི་ལྷ་ཚོགས་བཞུགས༔ ཚེ་བཅུད་འདུས་པའི་དབང་བསྐུར་བས༔ ལུས་ནང་གང་སྟེ་སྙིང་ག་ཡི༔ གྭའུ་ཁ་བྱེ་ས་བོན་ཐིམ༔ རིགས་ལྔ་ཕྱ་ག་མཚན་ཁ་འགྲིགས་ཏེ༔ ཕྱག་རྒྱས་ལུ་གུ་རྒྱུད་དུ་བཅིངས༔ གསང་བ་མི་ཟད་རྒྱན་ཐོབ་ཤོག༔ ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན། ཨཀྵོ་བྷྱཿ རཏྣ་སཾ་བྷ་ཝ། པདྨ་དྷ་ར། ཨ་མོ་གྷ་ཨ་པ་རི་མི་ཏ་སོགས། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨཱ་ཡུ་རྫྙཱ་ན་ཨ་བྷི་ཥིཉྩ་ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ རྗེས་འབྲེལ་རིག་པའི་དབང་ལྔ་ལས། རྣམ་རྒྱལ་བུམ་པ་ཆུང་བ་སྤྱི་བོར་བཞག་ལ། ཧཱུྃ རྒྱལ་བ་ཀུན་གི་མེ་ལོང་ཡེ་ཤེས་ལས༔ རྣམ་པར་རྒྱལ་བའི་རང་བྱུང་བུམ་པ་འདི༔ མ་རིག་དྲི་མའི་ཚོགས་གཏོར་མི་བསྐྱོད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨཀྵོ་བྷྱཿ ཀ་ལ་ཤ་ཨ་བྷི་ཥིཉྩཧཱུྃ༔ ཅོད་པན་སྤྱི་བོར་བཅིངས་ཏེ། ཏྲཱྃཿ རྒྱལ་བ་ཀུན་གྱི་མཉམ་ཉིད་ཡེ་ཤེས་ལས༔ ཀུན་ལས་ཁྱད་འཕགས་རིན་ཆེན་པྲོག་ཞུ་འབར༔ ང་རྒྱལ་དྲི་མའི་ཚོགས་དག་ཅོད་པན་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་ཨཱརྫྙཱ་ན་ཚེ་བྷྲཱུྃ༔ རཏྣ་སཾ་བྷ་ཝ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལག་གཡས་སུ་གཏད་ལ། ཧྲཱིཿ རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས་ལས༔ མི་འགྱུར་མི་ཤིགས་ཐབས་ཀྱི་རང་བཞིན་ཏེ༔ འདོད་ཆགས་དྲི་མའི་ཚོགས་དག་རྡོ་རྗེ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ པདྨ་དྷཱ་ར་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ལག་གཡོན་དུ་གཏད་ལ། ཨཱཿ རྒྱལ་བ་ཀུན་གྱི་བྱ་གྲུབ་ཡེ་ཤེས་ལས༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་ཤེས་རབ་སྟེ༔ ཕྲག་དོག་དྲི་མའི་ཚོགས་དག་དྲིལ་བུ་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ནམ་མིང་དྲིལ་ཐོགས་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་ལས༔ ཡེ་ཤེས་རྡོ་རྗེའི་མིང་ནི་བླ་ན་མེད༔ གཏི་མུག་ལ་སོགས་དྲི་མའི་ཚོགས་དག་པའི༔ ས་གསུམ་ཀུན་ཏུ་གྲགས་པ་རྡོ་རྗེའི་མིང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ བུདྡྷ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་དྷཱར་མི་ཨ་བྷི་ཥིཉྩ་མི༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས། ཉོན་མོངས་མ་རིག་པའི་དྲི་མ་དག །ཕུང་པོའི་ཚོགས་ལྔ་པོ་གནས་འགྱུར། ཡེ་ཤེས་ཆེན་པོ་ལྔ་མངོན་དུ་བྱས། རིགས་ལྔ་ཚེ་དཔག་མེད་པའི་གོ་འཕང་མྱུར་དུ་འཐོབ་པའི་ས་བོན་ནུས་མཐུ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་སླད་དུ་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཟག་མེད་རྡོ་རྗེ་བདུད་རྩིའི་རྒྱུན་ལྕེ་ལ་བཞག་པས་ལུས་ཐམས་ཅད་གང་བདེ་དྲོད་ཀྱིས་འཕོ་བའི་རྟོག་པ་དབུ་མར་དག་པར་མོས་ཤིག །བྷནྡྷའི་བདུད་རྩི་མྱངས་ལ། ཧཱུྃ༔ རྒྱལ་ཀུན་འདུས་པ་མཉམ་སྦྱོར་བདེ་བའི་བཅུད༔ དཀར་དམར་བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས༔ བུ་ཡི་རྩ་ཁམས་རྣམས་ལ་དབང་བསྐུར་བས༔ རྩ་རླུང་བདེ་དྲོད་རབ་འབར་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རྩོལ་བ་དང་བཅས་པའི་དྲི་མ་དག །རང་བྱིན་རླབས་ཀྱི་ལམ་བསྒོམ་པ་ལ་དབང༌། འགག་མེད་གསུང་གི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་གསུམ་པའི་སླད་དུ་ཚེ་ལམ་ཕྱག་རྒྱ་པདྨ་ཅན་དང་འདུ་ཤེས་གསུམ་གྱིས་རོལ་པས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བར་མོས། རིག་ཙཀ་གཏད་ལ། ཧོཿ འདི་ནི་བདེ་ཆེན་གསང་བའི་ལམ་ཤུགས་མྱུར༔ འདི་སྤངས་འབྲས་བུ་བླ་མེད་ཐོབ་འདོད་མིན༔ ཚངས་པར་སྤྱོད་པ་མཐའ་རུ་ཕྱིན་པའི་ཕྱིར༔ འདོད་ཆགས་རྣམ་དག་བདེ་སྟོང་འཛིན་པ་བྲལ༔ བདེ་ཆེན་ནམ་མཁའ་གང་བ་འཕེལ་འགྱུར་བའི༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཀརྨ་མུ་དྲ་ཨབྷི་ཥིཉྩ་ཧཱུྃ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དེ་ལྟར་བདེ་ཆེན་བྷ་གའི་དཀྱིལ་འཁོར་དུ་གསུམ་པའི་དབང་བསྐུར་བ་ཐོབ། ཡིད་འཁྲུལ་རྟོག་རང་ག་མའི་དྲི་མ་དག །གཞན་ལུས་བདེ་བ་ཆེན་པོའི་ལམ་བསྒོམ་པ་ལ་དབང༌། འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་བྱས་པ་ཡིན་ནོ། །དབང་བཞི་པའི་ཆེད་དུ་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་མོས་མཛོད། ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེ་ལྟར་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་བ་ཐོབ། གཉིས་སུ་དྲི་མ་དག །ཀ་དག་བྱ་རྩོལ་བྲལ་བའི་ལམ་བསྒོམ་ལ་དབང༌། འཕོ་ཆེན་གཞོན་ནུ་བུམ་པའི་པུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་ཚེ་འབྲང་རྡོ་རྗེའི་གཞལ་མེད་ཁང་རིན་པོ་ཆེ་ཟ་མ་ཏོག་གི་སྙིང་པོར་ཚེ་ལྷའི་ལྷ་ཚོགས་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩི་བདེ་བ་ཆེན་པོའི་འཁོར་ལོ་ལྔའི་ཐིག་ལེར་ཞུགས་པའི་འཇའ་ལུས་རྡོ་རྗེའི་སྐུར་རྒྱས་གདབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག ཨོཾ༔ མི་འགྱུར་ཚེ་ཡི་གཞལ་ཡས་ཕྱི་ནང་མེད༔ མི་ཤིགས་ཚེ་ཡི་ལྷ་ཚོགས་བགྲེས་རྒུད་བྲལ༔ རྟག་བརྟན་ཚེ་ཡི་བདུད་རྩི་བབ་པའི་རྒྱུན༔ གཞོམ་མེད་རྡོ་རྗེའི་ལུས་ལ་དབང་བསྐུར་རོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་འཆི་མེད་རྡོ་རྗེ་བདུད་རྩིའི་རྒྱུན་རྩ་རླུང་ཐིག་ལེའི་ཁམས་ཁྱབ་པར་ཞུགས་པས་ངག་གཞོམ་མེད་ནཱ་དའི་སྒྲ་རུ་རྒྱས་གདབ་པར་མོས་ཤིག །ཚེ་ཆང་རོལ་ལ། ཨཱཿ ཡེ་ནས་འགྱུར་བ་མེད་པ་ཚེ་ཡི་གལ༔ ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་རྣམས་ལ་རྒྱས་གདབ་པས༔ བདེ་ཆེན་ཡེ་ཤེས་ཚེ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲུྃ་ཨཱཿ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཡི་རིལ་བུ་ཡེ་ཤེས་སེམས་དཔའ་དཀར་གསལ་ཉུངས་འབྲུ་ཙམ་སྙིང་དབུས་ཉི་ཟླའི་ག་འུར་འདུ་འབྲལ་མེད་པར་སྐྱེ་ཤི་བགྲེས་རྒུད་དང་བྲལ་བར་བྱིན་གྱིས་བརླབས་བས་ཡིད་འོད་གསལ་ཡེ་ཤེས་འཁོར་ལོར་རྒྱས་གདབ་པར་མོས་ཤིག །ཚེ་རིལ་སྙིང་གར་གཏུགས་ཤིང་མྱངས་ཏེ། ཧཱུྃ༔ ཚེ་ཡི་རིལ་བུ་ཉི་ཟླའི་གྭའུ་རུ༔ མི་འགྱུར་ཡེ་ཤེས་སེམས་དཔའ་ཉུངས་འབྲུ་ཙམ༔ རྟག་པ་དུ་སེམས་ཀྱི་ཁམས་སུ་བཞུགས༔ འཁོར་བ་མ་སྟོངས་བར་དུ་རྒྱས་གདབ་བོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པས་བདེན་ཚིག་དང་བཅས་མེ་ཏོག་ཆར་དུ་བསྙིལ་བས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་པར་མོས་ཤིག བྷྲཱུྃ༔ རང་རིག་དབང་གྱུར་ཚེ་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་ལྔ་ཡི་སྣང་བ་ནུབ་པ་མེད༔ མི་འགྱུར་སྐུ་དང་འགག་མེད་ཚངས་པའི་དབྱངས༔ མི་ཤིག་ཐུགས་རྗེའི་ཚེ་དང་ལྡན་པར་ཤོག༔ གང་ལ་བསམ་པ་དེ་བཞིན་མྱུར་འགྲུབ་ཅིང༔ ཡབ་ཡུམ་སློབ་དཔོན་རྟག་ཏུ་མི་འབྲལ་ཞིང༔ ལོངས་སྤྱོད་ཚེ་དང་བསོད་ནམས་སྙན་གྲགས་རྒྱས༔ འཇིག་རྟེན་ཀུན་ལས་འཕགས་པའི་བཀྲ་ཤིས་ཤོག༔ ལན་གསུམ་བརྗོད་ལ་མེ་ཏོག་འཐོར། གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དབང་གིས་སྨིན་ཅིང་དམ་ཚིག་རྣམ་པར་དག །སོགས་སྨོན་ལམ་བྱའོ། །ཞེས་པའང་འཕགས་ཡུལ་མན་དྲའི་རྒྱལ་ཁབ་དང་ཉེ་བའི་ཆར་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་ཚུལ་འདིའི་སྒྲུབ་ཆེན་ལོ་ལྟར་གནང་བ་ཉེར་མཁོར་གྱུར་པས་འདི་ལྟར་བྲིས་ཞེས་མཁྱེན་བརྩེའི་བདག་ཉིད་གྲུབ་སྲས་ཨོ་ཌཱི་ཡ་ན་སྐུ་མཆེད་དང༌། མཆོད་དཔོན་ངག་དབང་སྦྱིན་པ། མཚུངས་མེད་མཁྱེན་ཡོན་མངའ་བ་བྱང་འདྲེན་པདྨ་བཀྲ་ཤིས་ནས་ཡང་ཡང་བསྐུལ་བ་བཞིན་བསམ་སྦྱོར་དག་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནས། ཀ་ཋི་མན་ཊུའི་རྒྱལ་ཁབ་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་དུ་སྦྱར་བས་འབྲེལ་ཚད་འཆི་མེད་ཚེ་དང་ཡེ་ཤེས་འདོད་རྒུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ༄༅། །ན་མོ་གུ་རུ་ཨ་མཱ་ར་བཛྲ་ཀཱ་ཡ་ཡ། དེ་ལ་འདིར་རྩ་གསུམ་ཚེའི་ཟབ་པའི་བདག་འཇུག་བྱ་བར་འདོད་པས། སྟེགས་ཟུར་པར་རིགས་ལྔའི་བུམ་པ་རིགས་མཐུན་གྱི་མགུལ་ཆིངས་ཅན་དང༌། རྣམ་བུམ་ཆུང་བ། དབུ་རྒྱན། རྡོ་རྗེ། དྲིལ་བུ། ཅོད་པན་ཁ་དོག་ལྔ་པ། གསང་ཐོད། རིག་ཙག་གམ་མེ་ལོང་སིན་དྷཱུ་རའི་ཐིག་ལེ་མཱུྃ་ཡིག་བྲིས་པ། ཤེལ་རྡོ། ཚེ་འབྲང་ཚེ་རིལ་ཆང་བཅས་འདུ་བྱས་ལ། བདག་མདུན་བསྐྱེད་བཟླས་དང༌། ཚེ་སྐོར་ཕྲིན་ལས་རྒྱས་དང་འབྲེལ་ན། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་སོགས། ཚེ་གཟུངས་ཤམ་བུ་ཅན་ཅི་ནུས་དང༌། པད་ཕྲེང་སྐབས་བསྙེན་པའི་དབུར་ཛཔ྄་ཁང་ཕྱེས་ལ་རིགས་ལྔའི་བཟླས་པ་ཆ་སྙོམས་པར་བྱ། བུམ་པ་འཆི་མེད་རྡོ་རྗེའི་གཞལ་ཡས་ཁང་གི་ནང་དུ་རིགས་ལྔ་ཚེ་དཔག་མེད་མགྱོགས་མ་བཞི་དང་བཅས་པ་མཁའ་ལ་འཇའ་སྤྲིན་ལྡངས་པ་ལྟར་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །རིགས་ལྔའི་བཟླས་པ་བྱ། རྒྱས་བསྡུས་གང་ལྟར་ཐུན་མཐར། ཚེ་འགུགས་པད་ཞགས་ཚང་བར་བྱ། མཆོད་བསྟོད་དངོས་གྲུབ་གསོལ། ལས་བུམ། ཨོྃ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ལ། ཇི་ལྟར་བལྟམས་པས་ཁྲུས་བྱ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་སོགས་བགེགས་བསྐྲད། ཨོཾ་བཛྲ་ཀྲོ་དྷཙཀྲ་བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཀྵ་ཀུ་རུ་ཧཱུྃ༔ གིས་སྲུང་འཁོར་བསྒོམས། མཎྜལ་ཕུལ། ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ། མིག་དར། ཨ་ཁཾ་ཝི་ར་ཧཱུྃ༔ གིས་མེ་ཏོག་གཏད། ཧོཿ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཀུན་གྱི་དངོས༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་རྡོ་རྗེ༔ རབ་ཏུ་འཆང་བ་འདྲེན་པའི་གཙོ་བོ་མཆོག༔ བདེ་བར་གཤེགས་པའི་སྲས་སུ་བདག་མཛོད་ཅིག༔ ཅེས་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་ལྷས་གནང་བ་བསྩལ་བར་མོས་ལ། ཧོཿ བདེ་བར་གཤེགས་པ་ཚེ་བདག་རིགས་ལྔ་ཡི༔ དཀྱིལ་འཁོར་འདི་རུ་འཇུག་པ་ཤིན་ཏུ་དཀའ༔ དད་པས་འཇུག་པ་རྣམས་ལ་བདག་གིས་གནང༔ བདེ་གཤེགས་རིགས་ཀྱི་དམ་ཚིག་ཐུབ་པར་གྱིས༔ ན་མོཿ བླ་མ་རིག་འཛིན་སོགས། བརླབ་ཏུ་གསོལ༔ ལན་གསུམ་གྱིས་བསགས་སྦྱངས་བྱ། ཧོཿ བདེ་གཤེགས་བླ་མ་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དེང་ནས་བཟུང་སྟེ་བྱང་ཆུབ་བར༔ རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ སྤྱད་བྱ་མི་སྤང་དང་ལེན་ཤེས་བྱ་ལྔ༔ བསྒྲུབ་བྱའི་དམ་ཚིག་མི་སྤང་སྲོག་བཞིན་བསྲུང༔ བདེ་གཤེགས་རིགས་མཆོག་བདག་ལ་བསྩལ་དུ་གསོལ༔ ཞེས་སྡོམ་པ་བཟུང༌། བཛྲ་ས་མ་ཡ་ཧཱུྃ༔ གིས་དམ་ཚིག་འབོག །ཕྲེང་བ་མགོར་བཞག་ལ། བཛྲ་ས་མ་ཡ་རཀྵ་ཧཱུྃ༔ རྡོ་རྗེ་སྙིང་གར་བཞག །དམ་ཆུ་འཐུང་ལ། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཡེ་ཤེས་པ་དབབ་པ་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། བདག་དང་འདིར་ཚོགས་རྣལ་འབྱོར་རྣམས༔ སྐད་ཅིག་པདྨ་ཚེ་དཔག་མེད༔ སོགས། རྡོ་རྗེ་རྒྱ་གྲམ་མགོར་བཀོད། ཏིཥྛ་བཛྲས་བརྟན་པར་བྱེ་མེ་ཏོག་དོར་བ་ནི། ཧོཿ དབྱིངས་ནི་རྣམ་པར་དག་པ་གཅིག་ཡིན་ལ༔ གང་དུ་མི་གནས་སོ་སོར་མ་མཆིས་ཀྱང༔ སྣང་བའི་ཆ་ལས་ཡེ་ཤེས་ལྔར་སྟོན་པའི༔ བདག་ཉིད་གང་ལ་འབྲེལ་བ་དེར་འབབ་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དོར། ཧོཿ བསྐལ་པ་སྔོན་ནས་འབྲེལ་བའི་ལྷ་མཆོག་ལ༔ ཡེ་ཤེས་རིགས་པའི་མེ་ཏོག་འདི་ཕུལ་བས༔ རང་རིག་ལྷ་དང་དབྱེར་མེད་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་ཤོག༔ པྲ་ཏཱི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ། མེ་ཏོག་སླར་སྤྱི་བོར་བཀོད། གསེར་གྱི་ཐུར་མས་དབྱེ་ཚུལ་བཅས། ཧོ༔ དཔལ་ཆེན་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས༔ མ་རིག་འཐུག་པོའི་ལིང་ཏོག་དབྱེ་བར་མཛད༔ སྔོན་གྱི་རྒྱལ་བས་སེམས་དཔའི་མིག་ཕྱེས་ལྟར༔ རིག་པ་ཡེ་ཤེས་དང་དུ་དབྱེ་བར་བྱ༔ བཛྲ་ཙཀྵུཿཔྲ་ཝེ་ཤ་ཡ་ཕཊ༔ ཅེས་གསེར་གྱི་ཐུར་མས་མིག་ཕྱིས་པས་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་མོས་ཤིག །ཞེས་གདོང་གཡོགས་བསལ། མཎྜལ་ཕུལ། དཀྱིལ་འཁོར་གཙོ་བོ་བླ་མ་དགོངས་སུ་གསོལ༔ བདག་ཉིད་ཡེ་ཤེས་དཀྱིལ་འཁོར་འདིར་ཞུགས་ཤིང༔ བདེ་བར་གཤེགས་པ་ཡུམ་དང་བཅས་པ་ཡི༔ གོ་འཕང་བླ་ན་མེད་པ་ཐོབ་པའི་ཕྱིར༔ རྡོ་རྗེའི་དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་གདན་གསུམ་ཚང་བའི་དབང་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ལ། རྒྱས་སྐབས་བུམ་པ་ལྔ་རེ་རེ་བཞིན་བླངས་ཏེ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས༴ དབུས་བུམ་སྤྱི་བོར་བཞག་སྟེ་བུམ་ཆུ་མྱང༌། ཧཱུྃ༔ མེ་ལོང་ཡེ་ཤེས༴ ཤར་བུམ་དཔྲལ་བ། ཧཱུྃ༔ མཉམ་ཉིད་ཡེ་ཤེས༴ ལྷོ་བུམ་རྣ་ལྟག་གཡས། ཧཱུྃ༔ སོར་རྟོག་ཡེ་ཤེས༴ ནུབ་བུམ་ལྟག་པ། ཧཱུྃ༔ བྱ་གྲུབ་ཡེ་ཤེས༴ བྱང་བུམ་རྣ་ལྟག་གཡོན་དུ་བཞག་པད་ཕྲེང་སྐབས། ཚེའི་དབང་ཆོག་བདུད་རྩིའི་བུམ་པ་བཞིན་བུམ་ལྔའི་དབང་ལེན་སྦྱར་དགོས། མཆན། །བསྡུས་པའི་སྐབས། རྣམ་རྒྱལ་ཆེན་པོའི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཡེ་ཤེས་རྣམ་ལྔའི་བུམ་པ་རུ༔ རྒྱལ་བ་རིགས་ལྔའི་ལྷ་ཚོགས་བཞུགས༔ ཚེ་བཅུད་འདུས་པའི་དབང་བསྐུར་བས༔ ལུས་ནང་གང་སྟེ་སྙིང་ག་ཡི༔ གྭའུ་ཁ་བྱེ་ས་བོན་ཐིམ༔ རིགས་ལྔ་ཕྱ་ག་མཚན་ཁ་འགྲིགས་ཏེ༔ ཕྱག་རྒྱས་ལུ་གུ་རྒྱུད་དུ་བཅིངས༔ གསང་བ་མི་ཟད་རྒྱན་ཐོབ་ཤོག༔ ཨོཾ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན། ཨཀྵོ་བྷྱཿ རཏྣ་སཾ་བྷ་ཝ། པདྨ་དྷ་ར། ཨ་མོ་གྷ་ཨ་པ་རི་མི་ཏ་སོགས། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨཱ་ཡུ་རྫྙཱ་ན་ཨ་བྷི་ཥིཉྩ་ཨོྃ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ རྗེས་འབྲེལ་རིག་པའི་དབང་ལྔ་ལས། རྣམ་རྒྱལ་བུམ་པ་ཆུང་བ་སྤྱི་བོར་བཞག་ལ། ཧཱུྃ རྒྱལ་བ་ཀུན་གི་མེ་ལོང་ཡེ་ཤེས་ལས༔ རྣམ་པར་རྒྱལ་བའི་རང་བྱུང་བུམ་པ་འདི༔ མ་རིག་དྲི་མའི་ཚོགས་གཏོར་མི་བསྐྱོད་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཨཀྵོ་བྷྱཿ ཀ་ལ་ཤ་ཨ་བྷི་ཥིཉྩཧཱུྃ༔ ཅོད་པན་སྤྱི་བོར་བཅིངས་ཏེ། ཏྲཱྃཿ རྒྱལ་བ་ཀུན་གྱི་མཉམ་ཉིད་ཡེ་ཤེས་ལས༔ ཀུན་ལས་ཁྱད་འཕགས་རིན་ཆེན་པྲོག་ཞུ་འབར༔ ང་རྒྱལ་དྲི་མའི་ཚོགས་དག་ཅོད་པན་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་ཨཱརྫྙཱ་ན་ཚེ་བྷྲཱུྃ༔ རཏྣ་སཾ་བྷ་ཝ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལག་གཡས་སུ་གཏད་ལ། ཧྲཱིཿ རྒྱལ་བ་ཀུན་གྱི་སོར་རྟོག་ཡེ་ཤེས་ལས༔ མི་འགྱུར་མི་ཤིགས་ཐབས་ཀྱི་རང་བཞིན་ཏེ༔ འདོད་ཆགས་དྲི་མའི་ཚོགས་དག་རྡོ་རྗེ་ཡིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ པདྨ་དྷཱ་ར་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ལག་གཡོན་དུ་གཏད་ལ། ཨཱཿ རྒྱལ་བ་ཀུན་གྱི་བྱ་གྲུབ་ཡེ་ཤེས་ལས༔ སངས་རྒྱས་དབྱངས་ཀྱི་རྗེས་འགྲོ་ཤེས་རབ་སྟེ༔ ཕྲག་དོག་དྲི་མའི་ཚོགས་དག་དྲིལ་བུ་ཆེས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ཀརྨ་ཨ་མོ་གྷ་སིདྡྷི་ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ནམ་མིང་དྲིལ་ཐོགས་ལ། ཨོཾ༔ རྒྱལ་བ་ཀུན་གྱི་ཆོས་དབྱིངས་ཡེ་ཤེས་ལས༔ ཡེ་ཤེས་རྡོ་རྗེའི་མིང་ནི་བླ་ན་མེད༔ གཏི་མུག་ལ་སོགས་དྲི་མའི་ཚོགས་དག་པའི༔ ས་གསུམ་ཀུན་ཏུ་གྲགས་པ་རྡོ་རྗེའི་མིང༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བུདྡྷ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ བུདྡྷ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་དྷཱར་མི་ཨ་བྷི་ཥིཉྩ་མི༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས། ཉོན་མོངས་མ་རིག་པའི་དྲི་མ་དག །ཕུང་པོའི་ཚོགས་ལྔ་པོ་གནས་འགྱུར། ཡེ་ཤེས་ཆེན་པོ་ལྔ་མངོན་དུ་བྱས། རིགས་ལྔ་ཚེ་དཔག་མེད་པའི་གོ་འཕང་མྱུར་དུ་འཐོབ་པའི་ས་བོན་ནུས་མཐུ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་སླད་དུ་རྣམ་སྣང་ཚེ་དཔག་མེད་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཟག་མེད་རྡོ་རྗེ་བདུད་རྩིའི་རྒྱུན་ལྕེ་ལ་བཞག་པས་ལུས་ཐམས་ཅད་གང་བདེ་དྲོད་ཀྱིས་འཕོ་བའི་རྟོག་པ་དབུ་མར་དག་པར་མོས་ཤིག །བྷནྡྷའི་བདུད་རྩི་མྱངས་ལ། ཧཱུྃ༔ རྒྱལ་ཀུན་འདུས་པ་མཉམ་སྦྱོར་བདེ་བའི་བཅུད༔ དཀར་དམར་བྱང་ཆུབ་སེམས་ཀྱི་བདུད་རྩི་འདིས༔ བུ་ཡི་རྩ་ཁམས་རྣམས་ལ་དབང་བསྐུར་བས༔ རྩ་རླུང་བདེ་དྲོད་རབ་འབར་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་རྩོལ་བ་དང་བཅས་པའི་དྲི་མ་དག །རང་བྱིན་རླབས་ཀྱི་ལམ་བསྒོམ་པ་ལ་དབང༌། འགག་མེད་གསུང་གི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་གསུམ་པའི་སླད་དུ་ཚེ་ལམ་ཕྱག་རྒྱ་པདྨ་ཅན་དང་འདུ་ཤེས་གསུམ་གྱིས་རོལ་པས་དགའ་བ་བཅུ་དྲུག་ཉམས་སུ་མྱོང་བར་མོས། རིག་ཙཀ་གཏད་ལ། ཧོཿ འདི་ནི་བདེ་ཆེན་གསང་བའི་ལམ་ཤུགས་མྱུར༔ འདི་སྤངས་འབྲས་བུ་བླ་མེད་ཐོབ་འདོད་མིན༔ ཚངས་པར་སྤྱོད་པ་མཐའ་རུ་ཕྱིན་པའི་ཕྱིར༔ འདོད་ཆགས་རྣམ་དག་བདེ་སྟོང་འཛིན་པ་བྲལ༔ བདེ་ཆེན་ནམ་མཁའ་གང་བ་འཕེལ་འགྱུར་བའི༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ་པར་ཤོག༔ ཀརྨ་མུ་དྲ་ཨབྷི་ཥིཉྩ་ཧཱུྃ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དེ་ལྟར་བདེ་ཆེན་བྷ་གའི་དཀྱིལ་འཁོར་དུ་གསུམ་པའི་དབང་བསྐུར་བ་ཐོབ། ཡིད་འཁྲུལ་རྟོག་རང་ག་མའི་དྲི་མ་དག །གཞན་ལུས་བདེ་བ་ཆེན་པོའི་ལམ་བསྒོམ་པ་ལ་དབང༌། འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་བྱས་པ་ཡིན་ནོ། །དབང་བཞི་པའི་ཆེད་དུ་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་མོས་མཛོད། ལྟ་བ་རང་ལུགས་ངང་དུ་བཞག༔ སྒོམ་པ་བྱར་མེད་ངང་དུ་གནས༔ སྤྱོད་པ་སྤང་བླང་བྲལ་བ་ཡིན༔ འབྲས་བུ་རེ་དོགས་མེད་པར་འགྲུབ༔ དྷརྨ་དྷཱ་ཏུ༔ དེ་ལྟར་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་བ་ཐོབ། གཉིས་སུ་དྲི་མ་དག །ཀ་དག་བྱ་རྩོལ་བྲལ་བའི་ལམ་བསྒོམ་ལ་དབང༌། འཕོ་ཆེན་གཞོན་ནུ་བུམ་པའི་པུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་ཚེ་འབྲང་རྡོ་རྗེའི་གཞལ་མེད་ཁང་རིན་པོ་ཆེ་ཟ་མ་ཏོག་གི་སྙིང་པོར་ཚེ་ལྷའི་ལྷ་ཚོགས་བཞུགས་པའི་སྐུ་ལས་འཆི་མེད་བདུད་རྩི་བདེ་བ་ཆེན་པོའི་འཁོར་ལོ་ལྔའི་ཐིག་ལེར་ཞུགས་པའི་འཇའ་ལུས་རྡོ་རྗེའི་སྐུར་རྒྱས་གདབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག ཨོཾ༔ མི་འགྱུར་ཚེ་ཡི་གཞལ་ཡས་ཕྱི་ནང་མེད༔ མི་ཤིགས་ཚེ་ཡི་ལྷ་ཚོགས་བགྲེས་རྒུད་བྲལ༔ རྟག་བརྟན་ཚེ་ཡི་བདུད་རྩི་བབ་པའི་རྒྱུན༔ གཞོམ་མེད་རྡོ་རྗེའི་ལུས་ལ་དབང་བསྐུར་རོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨོཾ༔ ཨོཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་འཆི་མེད་རྡོ་རྗེ་བདུད་རྩིའི་རྒྱུན་རྩ་རླུང་ཐིག་ལེའི་ཁམས་ཁྱབ་པར་ཞུགས་པས་ངག་གཞོམ་མེད་ནཱ་དའི་སྒྲ་རུ་རྒྱས་གདབ་པར་མོས་ཤིག །ཚེ་ཆང་རོལ་ལ། ཨཱཿ ཡེ་ནས་འགྱུར་བ་མེད་པ་ཚེ་ཡི་གལ༔ ཐབས་ཤེས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས༔ རྩ་རླུང་ཐིག་ལེ་རྣམས་ལ་རྒྱས་གདབ་པས༔ བདེ་ཆེན་ཡེ་ཤེས་ཚེ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲུྃ་ཨཱཿ ཝཱཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཡི་རིལ་བུ་ཡེ་ཤེས་སེམས་དཔའ་དཀར་གསལ་ཉུངས་འབྲུ་ཙམ་སྙིང་དབུས་ཉི་ཟླའི་ག་འུར་འདུ་འབྲལ་མེད་པར་སྐྱེ་ཤི་བགྲེས་རྒུད་དང་བྲལ་བར་བྱིན་གྱིས་བརླབས་བས་ཡིད་འོད་གསལ་ཡེ་ཤེས་འཁོར་ལོར་རྒྱས་གདབ་པར་མོས་ཤིག །ཚེ་རིལ་སྙིང་གར་གཏུགས་ཤིང་མྱངས་ཏེ། ཧཱུྃ༔ ཚེ་ཡི་རིལ་བུ་ཉི་ཟླའི་གྭའུ་རུ༔ མི་འགྱུར་ཡེ་ཤེས་སེམས་དཔའ་ཉུངས་འབྲུ་ཙམ༔ རྟག་པ་དུ་སེམས་ཀྱི་ཁམས་སུ་བཞུགས༔ འཁོར་བ་མ་སྟོངས་བར་དུ་རྒྱས་གདབ་བོ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པས་བདེན་ཚིག་དང་བཅས་མེ་ཏོག་ཆར་དུ་བསྙིལ་བས་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་པར་མོས་ཤིག བྷྲཱུྃ༔ རང་རིག་དབང་གྱུར་ཚེ་ལ་ལོངས་སྤྱོད་ཅིང༔ ཡེ་ཤེས་ལྔ་ཡི་སྣང་བ་ནུབ་པ་མེད༔ མི་འགྱུར་སྐུ་དང་འགག་མེད་ཚངས་པའི་དབྱངས༔ མི་ཤིག་ཐུགས་རྗེའི་ཚེ་དང་ལྡན་པར་ཤོག༔ གང་ལ་བསམ་པ་དེ་བཞིན་མྱུར་འགྲུབ་ཅིང༔ ཡབ་ཡུམ་སློབ་དཔོན་རྟག་ཏུ་མི་འབྲལ་ཞིང༔ ལོངས་སྤྱོད་ཚེ་དང་བསོད་ནམས་སྙན་གྲགས་རྒྱས༔ འཇིག་རྟེན་ཀུན་ལས་འཕགས་པའི་བཀྲ་ཤིས་ཤོག༔ ལན་གསུམ་བརྗོད་ལ་མེ་ཏོག་འཐོར། གཙོ་བོས་ཇི་ལྟར་སོགས། མཎྜལ། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དབང་གིས་སྨིན་ཅིང་དམ་ཚིག་རྣམ་པར་དག །སོགས་སྨོན་ལམ་བྱའོ། །ཞེས་པའང་འཕགས་ཡུལ་མན་དྲའི་རྒྱལ་ཁབ་དང་ཉེ་བའི་ཆར་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་ཚུལ་འདིའི་སྒྲུབ་ཆེན་ལོ་ལྟར་གནང་བ་ཉེར་མཁོར་གྱུར་པས་འདི་ལྟར་བྲིས་ཞེས་མཁྱེན་བརྩེའི་བདག་ཉིད་གྲུབ་སྲས་ཨོ་ཌཱི་ཡ་ན་སྐུ་མཆེད་དང༌། མཆོད་དཔོན་ངག་དབང་སྦྱིན་པ། མཚུངས་མེད་མཁྱེན་ཡོན་མངའ་བ་བྱང་འདྲེན་པདྨ་བཀྲ་ཤིས་ནས་ཡང་ཡང་བསྐུལ་བ་བཞིན་བསམ་སྦྱོར་དག་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནས། ཀ་ཋི་མན་ཊུའི་རྒྱལ་ཁབ་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་དུ་སྦྱར་བས་འབྲེལ་ཚད་འཆི་མེད་ཚེ་དང་ཡེ་ཤེས་འདོད་རྒུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 49: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-09-TA]] | [[Category:DKR-KABUM-Volume-09-TA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 12:39, 22 November 2022
Wylie title | rtsa gsum tshe'i zab pa las/ bdag 'jug 'chi med bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 9, Text 24, Pages 201-207 (Folios 1a to 7a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Rtsa gsum tshe'i zab pa las bdag 'jug 'chi med bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 201-207. Delhi: Shechen Publications, 1994. | |
Genre | Self-Initiation - bdag 'jug | |
Cycle | ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (zab bdun rtsa gsum tshe'i zab pa) | |
Parent Cycle | ཐུགས་དམ་ཟབ་པ་སྐོར་བདུན་ (thugs dam zab pa skor bdun) | |
Colophon |
།ཞེས་པའང་འཕགས་ཡུལ་མན་དྲའི་རྒྱལ་ཁབ་དང་ཉེ་བའི་ཆར་པདྨའི་ཨེ་ཝཾ་ཆོས་སྒར་རྟེན་མཆོག་འགྱུར་མེད་གླིང་དུ་ཚུལ་འདིའི་སྒྲུབ་ཆེན་ལོ་ལྟར་གནང་བ་ཉེར་མཁོར་གྱུར་པས་འདི་ལྟར་བྲིས་ཞེས་མཁྱེན་བརྩེའི་བདག་ཉིད་གྲུབ་སྲས་ཨོ་ཌཱི་ཡ་ན་སྐུ་མཆེད་དང༌། མཆོད་དཔོན་ངག་དབང་སྦྱིན་པ། མཚུངས་མེད་མཁྱེན་ཡོན་མངའ་བ་བྱང་འདྲེན་པདྨ་བཀྲ་ཤིས་ནས་ཡང་ཡང་བསྐུལ་བ་བཞིན་བསམ་སྦྱོར་དག་པས་རིག་འཛིན་གོང་མའི་ཕྱག་བཞེས་ལྟར་སྔགས་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནས། ཀ་ཋི་མན་ཊུའི་རྒྱལ་ཁབ་བཀའ་རྙིང་བཤད་སྒྲུབ་དར་རྒྱས་གླིང་དུ་སྦྱར་བས་འབྲེལ་ཚད་འཆི་མེད་ཚེ་དང་ཡེ་ཤེས་འདོད་རྒུའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །། | |
/zhes pa'ang 'phags yul man dra'i rgyal khab dang nye ba'i char pad+ma'i e waM chos sgar rten mchog 'gyur med gling du tshul 'di'i sgrub chen lo ltar gnang ba nyer mkhor gyur pas 'di ltar bris zhes mkhyen brtse'i bdag nyid grub sras o DI ya na sku mched dang*/_mchod dpon ngag dbang sbyin pa/_mtshungs med mkhyen yon mnga' ba byang 'dren pad+ma bkra shis nas yang yang bskul ba bzhin bsam sbyor dag pas rig 'dzin gong ma'i phyag bzhes ltar sngags btsun 'gyur med theg mchog bstan pa'i rgyal mtshan nas/_ka Thi man Tu'i rgyal khab bka' rnying bshad sgrub dar rgyas gling du sbyar bas 'brel tshad 'chi med tshe dang ye shes 'dod rgu'i dpal la spyod pa'i rgyur gyur cig_/dge legs 'phel//_// |