DKR-KABUM-22-ZA-006: Difference between revisions
From Khyentse Lineage - A Tsadra Foundation Project
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=ZA | |||
|textnuminvol=006 | |||
|pdflink=File:DKR-KABUM-22-ZA-006.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༼༑ྃ༽ དཔལ་བཀའ་འདུས་ཀྱི་བདེ་གཤེགས་ཞི་བ་འདུས་པ་རྩ་བའི་རྒྱུད་ཡེ་ཤེས་ཀློང་ཡངས་ཞེས་བྱ་བཞུགས་སོ༔ ༼༑ྃ༽ ༔༔༔༔ བཅོམ་ལྡན་འདས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ༔ ཡེ་ཤེས་རང་སྣང་དོན་གྱི་འོག་མིན་གསང་བ་ཆེན་པོ་མཐའ་དབུས་མེད་པའི་ཞིང་ཁམས་ན༔ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་འཁོར་ལོ་ཀུན་ཏུ་སྣང་བའི་སྟོན་པ་རིགས་ཀུན་གྱི་ཁྱབ་བདག་དཔལ་རྡོ་རྗེ་དབྱིངས་ཞི་བ་ཀུན་ཏུ་འཆང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པས༔ ཉིད་ལས་མི་གཞན་པའི་འཁོར་ཡེ་ཤེས་རྒྱ་མཚོའི་སྤྱོད་ཡུལ་ཅན༔ འབྲས་བུའི་སེམས་དཔའ་དང་སེམས་མ་སོགས་མ་ངེས་ཅིར་ཡང་འཆར་བའི་གནས་སུ༔ བསམ་གྱིས་མི་ཁྱབ་རྟག་པ་རྒྱུན་གྱི་འཁོར་ལོར་སྣང་ཞིང་སྟོན་པའི་དུས་སུ་ཆོས་ཀྱི་སྙིང་པོ་ཡེ་ཤེས་ཀློང་ཡངས་ཀྱི་རྒྱུད་འདི་སྟོན་པར་མཛད་དོ༔ གཉིས་སུ་མི་ཕྱེད་རྡོ་རྗེ་ཆོས༔ ཀུན་ཁྱབ་ཐུགས་རྗེའི་རོལ་པའི་རྩལ༔ སྲིད་ཞི་ལས་འདས་དངོས་ཀུན་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་སྟེ༔ རྡོ་རྗེ་ཕུང་པོ་རིགས་ཀྱི་གཙོ༔ དབྱིངས་ལྔའི་ཡུམ་གྱི་མཁའ་རུ་དགྱེས༔ ཟུང་འཇུག་ལྕམ་དྲལ་སེམས་དཔའ་ཡུམ༔ དབང་པོ་ཡུལ་དུས་དག་པ་ཉིད༔ ལུས་ཆོས་འཁྲུལ་པའི་ལྟ་བ་ཡང༔ འཇོམས་བྱེད་ཁྲོ་བོ་སྒོ་མ་རྣམས༔ འཁོར་ཆོས་ཟག་པ་བཅས་ཀུན་སྦྱངས༔ དག་པའི་ཡེ་ཤེས་རྡོ་རྗེའི་དབྱིངས༔ བདེ་ཆེན་ཉིད་ལས་མི་གཞན་པའི༔ དཀྱིལ་འཁོར་གཅིག་ཏུ་ལྷུན་གྱིས་གྲུབ༔ དོན་གྱི་ལེའུ་དང་པོའོ༔ ཡེ་ཤེས་མཚན་མ་ལས་འདས་ཀྱང༔ རོལ་པའི་ཆོ་འཕྲུལ་འགག་པ་མེད༔ གཙོ་དང་འཁོར་གྱི་ཚོམ་བུ་ལ༔ ཞལ་ཕྱག་མཚན་མ་དཀྱིལ་འཁོར་བཀོད༔ རིགས་ཀྱི་གཙོ་བོ་རྡོ་རྗེ་སེམས༔ རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང༔ སྣང་མཐའ་དོན་ཡོད་གྲུབ་པ་ཆེ༔ འོད་འཕྲོ་དཔལ་བརྩེགས་དགའ་བའི་དཔལ༔ མི་འཇིགས་སྦྱིན་པ་རབ་དགའི་ཡུལ༔ རྡོ་རྗེ་དབྱིངས་ཕྱུག་བདེ་བའི་དབྱིངས༔ སྤྱན་མ་མཱ་ཀི་སངས་རྒྱས་སྤྱན༔ གོས་དཀར་སྒྲོལ་མ་བདེ་བྱེད་དང༔ འོད་དྲྭ་དཔལ་སྒྲོན་བློ་མཆོག་སྦྱིན༔ རབ་ཞིའི་ཡུམ་དང་གཉིས་མེད་སྦྱོར༔ དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ལ༔ ཡེ་ཤེས་ཕྱོགས་དབུས་མཚམས་བརྟགས་ཏེ༔ རྒྱན་མཆོག་སྟུག་པོ་བཀོད་པའི་ཞིང༔ ཚད་བཟུང་བྲལ་བའི་འབྱོར་པས་མཛེས༔ རྩིགས་པ་ཕ་གུ་དྲྭ་བ་དང༔ ཤར་བུ་མདའ་ཡབ་ཁང་བརྩེགས་ཏོག༔ སྒོ་རྒྱན་རྟ་བབ་རྒྱུ་དང་འབྲས༔ འོད་ཟེར་སྣང་བ་འབར་ཞིང་འཁྱིལ༔ རྫིང་བུ་དྲིལ་གཡེར་ཏ་ལའི་ལྗོན༔ རྒྱལ་མཚན་བ་དན་རིན་ཆེན་གདུགས༔ ནོར་བུ་ཡེ་ཤེས་རིན་པོ་ཆེའི༔ ཏོག་ནི་ཞིང་ཀུན་ལྷམ་མེར་གསལ༔ གྲུ་བཞི་སྒོ་བཞི་པདྨ་ཉི༔ རྡོ་རྗེའི་རྭ་བ་ཡེ་ཤེས་མེ༔ ཀུན་ཁྱབ་འོད་ཟེར་སྣང་བ་བརྡལ༔ བྱང་ཆུབ་ཕྱོགས་ཆོས་ཡོངས་སུ་རྫོགས༔ རེ་རེ་ལའང་རང་མཉམ་འཁོར༔ ཞིང་དང་གཞལ་ཡས་བཀོད་པ་ཅན༔ ཡེ་ཤེས་ཡེ་ཤེས་དུ་མ་འཆར༔ ཚོམ་བུ་འབུམ་ཕྲག་བརྡལ་བས་མཛེས༔ ཀུན་ཀྱང་མཉེན་ལྕུག་འཁྲིལ་ལ་ལྡེམ༔ གསལ་འཚེར་ལྷུན་སྡུག་གཞོན་ཚུལ་འབར༔ ཡིད་འོང་མཛེས་པའི་མཚན་དཔེ་བྱད༔ ཐུན་མོང་ཐུན་མིན་ལྷམ་མེར་གསལ༔ འཕེལ་འགྲིབ་མེད་པའི་དཀྱིལ་འཁོར་ནི༔ ཡངས་ལ་ལྷུན་སྟུག་འོད་ཀྱིས་ཁྱབ༔ ཀུན་ཏུ་མི་ཕྱེད་རྒྱན་སྟུག་པོ༔ ཡིད་བཞིན་ཉིད་དུ་བཀོད་པ་གསལ༔ རྟགས་ཀྱི་ལེའུ་སྟེ་གཉིས་པའོ༔ ཉམ་སྦྱོར་སྡོམ་པ་སྔགས་སུ་བསྟན༔ ལས་ཀུན་བྱེད་ཅིང་ཀུན་ལ་སྣང༔ རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ༔ མ་ལུས་དངོས་གྲུབ་གཞི་རྩ་བསྟན༔ ཆོས་ཉིད་འགྱུར་མེད་སྲོག་ཆེན་པོ༔ ཐབས་ཤེས་ཨ་དཱི་ཀ་དཱིའི་ཕྲེང༔ རྣམ་འགྱུར་བྱེད་པ་སྣ་ཚོགས་པས༔ རྒྱུ་བསྐྱེད་བཟླས་པའི་རྐྱེན་འབྲས་སྣང༔ ཀུན་ལ་ཡེ་ཤེས་སྲོག་ལྡན་པས༔ གཉིས་སུ་མེད་ཀྱང་གཉིས་སུ་སྟོན༔ འགལ་རྐྱེན་ཟད་དང་ལེགས་པའི་དཔལ༔ འཕེལ་རྒྱས་བསྟན་པའི་མཐུ་ཐོགས་མེད༔ གཟོད་ནས་དབྱིངས་ལས་གཞན་མ་གཡོས༔ རྡོ་རྗེའི་ལུས་ལ་ལྷུན་གྱིས་གྲུབ༔ བརྡ་དང་གཟུགས་ཀྱིས་དོན་ཀུན་སྟོན༔ བླ་མེད་རྒྱལ་བའི་མཛད་པའོ༔ ཨ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨཽ༔ ཨཾ་ཨཿ ཀ་ཁ་ག་གྷ་ང༔ ཙ་ཚ་ཛ་ཛྙ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ ཀུན་འདུས་རྩ་བ་གསང་བའི་སྔགས༔ ཞི་བའི་དཀྱིལ་འཁོར་འདུས་པར་བསྟན༔ སྒོམ་དང་བཟླས་པས་དོན་རྣམས་འགྲུབ༔ ཐབས་ཤེས་ཟུང་འཇུག་མཉམ་པའི་སྒོས༔ གསང་སྔགས་རིག་སྔགས་གཟུངས་སྔགས་སོགས༔ མདོ་དང་རྒྱུད་སྡེའི་ཆོས་ཀུན་ལས༔ སྣ་ཚོགས་བསྟན་ཀུན་འདི་ལས་འཕྲོས༔ བདེ་གཤེགས་ཉིད་ཀྱི་གསུང་རྡོ་རྗེའི༔ ཁྱབ་བདག་ཉིད་དུ་བསྟན་ཞིང་ཤར༔ སྔགས་ཀྱི་ལེའུ་གསུམ་པའོ༔ གང་གིས་རྟགས་ཀྱིས་རྒྱས་བཏབ་ལས༔ གཞན་དུ་མི་འགྱུར་རྟག་གནས་པ༔ ཕྱག་རྒྱའི་གསང་བ་ཆེན་པོ་ཞེས༔ སྡོམ་ཞིང་འདེབས་པར་བྱེད་པའོ༔ དེ་ཡང་ཐབས་དང་ཤེས་རབ་སྟེ༔ སྣང་བའི་སྲོག་ནི་སྐྱེ་མེད་དབྱིངས༔ སྟོང་ཉིད་འགག་མེད་རོལ་པར་ཤར༔ གདོད་ནས་གཉིས་སུ་མེད་པ་ལས༔ ཆོ་འཕྲུལ་ཅིར་ཡང་སྟོན་ཞིང་འཕྲུལ༔ སྣང་བ་ཕྱག་རྒྱ་ཆེན་པོ་སྟེ༔ ཇི་ལྟར་སྣང་ཀུན་ཡེ་ཤེས་ཀྱི༔ སྐུ་ནི་མཁའ་ཁྱབ་རྡུལ་དང་བྲལ༔ འགྲོ་འདུག་སྒུལ་བསྐྱོད་ཐམས་ཅད་དོ༔ མཚོན་པ་བརྡ་རྟགས་ཕྱག་རྒྱ་གར༔ གཡས་གཡོན་ཐབས་ཤེས་སོ་སོ་རྣམས༔ རིགས་ལྔ་སྟངས་དཔྱལ་སྦྱོར་དང་བསྐུམ༔ རྡོ་རྗེ་ཐལ་མོ་ཉིད་ལས་སྣང༔ མཛེས་པ་གར་དང་པད་ཀོར་ཕྱེད༔ བྱང་ཆུབ་མཆོག་སོགས་རིགས་ཀྱི་རྒྱལ༔ རྡོ་རྗེའི་རྒྱ་སོགས་ཐུགས་ཕྱག་མཚན༔ འཁྱུད་པ་བསྡུ་དང་སེ་གོལ་བཀྲོལ༔ སྣ་ཚོགས་བྱེ་བ་དང་བཅས་སོ༔ ཆོས་ཀྱི་ཕྱག་རྒྱ་སྔགས་དང་ལྡན༔ རྡོ་རྗེའི་གླུ་དང་སྦྱར་བ་ཡིས༔ འཆིང་དང་དཀྲོལ་བའི་ཕྱག་རྒྱ་ཆེས༔ ཐུགས་དམ་བསྐུལ་དང་དངོས་གྲུབ་སྟེར༔ དེ་ཀུན་ཡེ་ཤེས་མི་འགྱུར་བའི༔ དགོངས་པ་ཉིད་ཀྱིས་རྒྱས་ཐེབས་པས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱང༔ འདའ་བར་མི་ནུས་དམ་ཚིག་རྒྱ༔ སངས་རྒྱས་ཕྲིན་ལས་ཐབས་ཆེན་པོ༔ གཉིས་མེད་སྡོམ་པའི་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ལས་ཀྱི་བྱ་བའི་ཚུལ༔ ཕྱག་རྒྱ་གསང་ཆེན་ངེས་པའོ༔ ཕྱག་རྒྱའི་ལེའུ་སྟེ་བཞི་པའོ༔ བླ་མེད་གསང་བ་ཆེན་པོའི་གནས༔ ཡང་དག་སྦྱོར་བ་ཏིང་འཛིན་ཏེ༔ སྤྲོ་བསྡུའི་ཆོ་འཕྲུལ་རྨད་བྱུང་བས༔ ལམ་ཀུན་རྫོགས་པ་ཉིད་དུ་སྣང༔ གསལ་བ་ལྷ་ཡི་རྣལ་འབྱོར་ནི༔ སྟོང་ཆེན་སྙིང་རྗེ་སྒྱུ་མ་དང༔ ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་པའི༔ ལྷ་སྐུ་སྒྱུ་མ་ལྟ་བུའི་ཡིད༔ སྒོམ་ཞིང་གསལ་སྣང་བརྟན་པོ་སྒྲུབ༔ གཙོ་བོ་རིགས་ཀྱི་ལྷག་པའི་ལྷའི༔ སྐུ་དང་རྒྱན་ཆས་ཕྱག་མཚན་སོགས༔ སྤྱི་དང་བྱེ་བྲག་སེམས་འཛིན་གྱིས༔ གོམས་ནས་རིགས་ཀྱི་ཚོམས་བུ་སྤྲོ༔ ཀུན་ཀྱང་སྣང་སྟོང་ཆུ་ཟླ་བཞིན༔ གསལ་ལ་མ་འདྲེས་དངོས་མཚན་སྤང༔ ཡེ་ཤེས་དམ་པའི་ཕྱག་རྒྱའི་གར༔ མ་འགག་ཅིར་ཡང་སྣང་ཞིང་བསྡུ༔ སྐུ་སྔགས་ཡེ་ཤེས་གསང་བ་གསུམ༔ གཉིས་མེད་ཆོས་ཉིད་གཅིག་པུའི་ཚུལ༔ འགག་མེད་རྩལ་སྣང་ཐུགས་རྗེའི་མཐུ༔ རྣམ་པ་ཐམས་ཅད་ཅིར་ཡང་ཤར༔ སུམ་བརྩེགས་སེམས་དཔའི་ཐུགས་ཀྱི་ཀློང༔ རབ་སྦས་ས་བོན་སྔགས་ཀྱི་ཕྲེང༔ སྤྲོ་དང་བསྡུ་བས་དོན་གཉིས་ཀྱི༔ ཕྲིན་ལས་བྱས་པ་མེད་པར་ཤར༔ འགོག་དང་ཤུབ་བུ་ཡིད་བཟླས་ཀྱིས༔ བསྐུལ་བས་ལས་ཀུན་ཆེས་མྱུར་ཞིང༔ སྔགས་དང་ཏིང་འཛིན་རྫས་རྣམས་ཀྱིས༔ འཇིག་རྟེན་མ་ལུས་འཕུང་འཚེང་ནུས༔ ཡང་དག་ཏིང་འཛིན་གོམས་པའི་མཐུས༔ གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི༔ ཉམས་ཀྱིས་ཡིད་དང་དབང་པོའི་ཡུལ༔ ལུས་ཡུལ་གསལ་ནས་དོན་བྱེད་འགྱུར༔ སེམས་ཉིད་ལྷར་སྨིན་ལུས་ཐ་མལ༔ ལུས་སེམས་དྭངས་མའི་གཟུགས་ཚེ་དབང༔ སྒོ་གསུམ་རིགས་ཀྱི་ཕྱག་རྒྱ་ཆེ༔ སྐུ་ལྔ་ལྷུན་གྲུབ་དཔལ་སྤྱོད་པའི༔ རིག་འཛིན་དྲུག་གིས་ཟུང་འཇུག་པའི༔ ཡེ་ཤེས་ཉིད་དུ་བུདྡྷ་འོ༔ ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ༔ རྡོ་རྗེའི་རིགས་ལྡན་མཆེད་དང་ལྕམ༔ ལྷ་ཡི་གྲངས་སམ་སྟངས་དཔྱལ་གྱིས༔ སྒྲུབ་པའི་གནས་དུས་སྟོན་འཁོར་རྫས༔ ཚོགས་པས་ལེགས་པར་སྒྲུབ་ལ་འབད༔ རིམ་པ་གཉིས་ཀྱི་རྣལ་འབྱོར་དང༔ རྒྱུན་མི་འཆད་པའི་སྔགས་ཀྱི་ཛཔ༔ དགོངས་པ་ཟབ་མོ་གནད་བསྣུན་པས༔ ཞག་བདུན་ཟླ་གསུམ་དྲུག་ལ་སོགས༔ བརྩོན་པས་ལྷ་དང་སྐལ་མཉམ་ཞིང༔ དངོས་གྲུབ་གནས་ལ་ངེས་པར་སྦྱར༔ གཞན་ཡང་དམ་སྐོང་ཆོ་ག་དང༔ ཚོགས་ཀྱི་མཆོད་པའི་དུས་བཟང་པོ༔ བསྙེན་སྒྲུབ་བདུད་རྩི་ཚེ་ཡི་ལུང༔ རབ་ཏུ་གནས་སོགས་ལས་ཀྱི་མཐའ༔ ནུས་འབྱིན་དོན་གཉིས་ཡིད་བཞིན་དུ༔ སྒྲུབ་པའི་ཆོ་ག་ཡང་དག་བརྩམ༔ མདོར་ན་དབང་ཐོབ་དམ་ལ་གནས༔ ཏིང་འཛིན་དྲོད་དང་གྲངས་རྫོགས་པས༔ ཇི་སྐད་བཤད་པའི་ཆོ་ག་རྣམས༔ སྦྱོར་བ་དག་དང་དངོས་གཞུང་བསྲང༔ མཚན་མ་བྱུང་ཚེ་ངེས་པར་འགྲུབ༔ སྒྲུབ་པའི་ལེའུ་སྟེ་དྲུག་པའོ༔ ཏིང་ངེ་འཛིན་གྱི་གདེང་རྙེད་ཅིང༔ བསྙེན་སྒྲུབ་རྟགས་རྫོགས་རྣལ་འབྱོར་པས༔ ཀུན་ལ་ཕན་པ་ཆེན་པོའི་ལས༔ དབང་དང་གནས་ལུང་རོ་ཡང་བསྲེག༔ ཆུ་གཏོར་སཱཙྪ་ཆ་གསུམ་བཏང༔ སྦྱིན་སྲེག་བདག་ཉིད་འཇུག་པའི་རིམ༔ ཐོག་མར་བསྐྱེད་བཟླས་གཞུང་བསྲང་ཞིང༔ རྫས་དང་ཡན་ལག་ཀུན་ཚོགས་པས༔ སོ་སོའི་སྐབས་བཞིན་ལེགས་པར་སྦྱར༔ རྒྱུད་དང་མཐུན་པའི་ཆོ་ག་ཡིས༔ ངེས་པར་འགྲུབ་པ་གདོན་མི་ཟ༔ ཕྲིན་ལས་ཀྱི་ལེའུ་སྟེ་བདུན་པའོ༔ རྡོ་རྗེ་སེམས་དཔའི་གསང་བ་ཆེ༔ བླ་མེད་ངེས་པ་སྙིང་པོའི་ལམ༔ ཀུན་འདུས་རང་བྱུང་རྒྱུད་ཀྱི་ཚིག༔ རྨད་དུ་བྱུང་བ་འདི་ཉིད་ཀྱང༔ བདག་ཉིད་པདྨ་ཀུན་ཏུ་འཆང༔ ཆོས་དབྱིངས་ཀློང་ན་གཉིས་མེད་བཞིན༔ རྣམ་པའི་ཆོ་འཕྲུལ་བཀོད་པ་ཡིས༔ འཛམ་གླིང་གདུལ་བྱའི་དོན་སྣང་ཚེ༔ རིག་འཛིན་རྡོ་རྗེ་ཆོས་རབ་ཀྱིས༔ བཀའ་འདུས་གསང་བའི་རྒྱུད་ཆེན་པོ༔ འབུམ་ཕྲག་དུ་མ་བསྟན་པའི་སྙིང༔ དགོས་འབྲེལ་བརྗོད་པ་ཕུན་ཚོགས་ཅན༔ རྨད་བྱུང་ངེས་པའི་ཏི་ལ་ཀ༔ བརྒྱུད་གསུམ་ཆིག་རྫོགས་ཚུལ་གྱིས་བསྟན༔ ཉམས་བླང་དྲོད་ཚད་མི་བསླུ་བ༔ སྙིང་ཏིག་ངེས་པའི་བཅུད་མཐོང་ནས༔ ས་ཧོ་ར་ཞེས་ངོ་མཚར་ཡུལ༔ ཡེ་ཤེས་དྷཱ་ཀི་མནྡྷ་རས༔ རྡོ་རྗེའི་ལམ་གྱི་སྒྲུབ་སྡེ་མོའི༔ གསང་བའི་རྟེན་འབྲེལ་མངོན་གྱུར་ཚེ༔ བསྟན་ནས་ཡུལ་ཀུན་གྲོལ་བར་བྱས༔ སླར་ཡང་བྱང་ཕྱོགས་རྒྱལ་པོའི་དོན༔ མཐའ་འཁོབ་བཏུལ་ནས་སྲིན་ཡུལ་དུ༔ ཆས་ཚེ་གཡོ་རུ་ཁྲ་འབྲུག་ཏུ༔ རྒྱལ་སྲས་ལྷ་རྗེ་ཁུ་དབོན་སོགས༔ རིག་འཛིན་ཉི་ཤུ་རྩ་གཅིག་ལ༔ འབྲལ་ཁའི་ཞལ་ཆེམས་ཚུལ་དུ་བསྟན༔ དཔེ་རྒྱུད་པདྨ་བརྩེགས་པར་སྦས༔ བརྡ་བརྒྱུད་ལས་ཅན་ཡོངས་ཀྱི་གོ༔ དགོངས་བརྒྱུད་ཡེ་ཤེས་ཀློང་དུ་སྦས༔ གཏད་རྒྱ་སྨོན་ལམ་དབང་གི་བརྒྱུད༔ ལྷ་སྲས་ཁུ་དབོན་རྣམས་ལ་བྱིན༔ ནམ་ཞིག་བསྐལ་པ་དུས་ཀྱི་ཁུག༔ སྙིགས་མའི་རང་རྟགས་མངོན་གྱུར་ཚེ༔ ཅིས་ཀྱང་འདུལ་བར་དཀའ་བའི་དུས༔ ཨོ་རྒྱན་གླིང་དང་འཕྲད་ནས་ཀྱང༔ ཕྱི་མའི་འགྲོ་བའི་དོན་བྱེད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱའི་ལེའུ་སྟེ་བརྒྱད་པ་རྫོགས་སོ༔ རྡོ་རྗེའི་གསང་བའི་རྒྱུད་ཆེན་པོའི་མངའ་བདག་ཏུ་གདོད་ནས་གྲུབ་པའི་འཇིགས་བྲལ་གྱི་སློབ་དཔོན་དྷརྨ་མ་ཏི་སྟངས་དཔྱལ་ལྷན་རྒྱས་པས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བྲི་གཞི་བཅས་ཏེ་བཀའ་ཡི་རྗེས་སུ་བསྐུལ་མ་མཛད་པ་དང༌། གཞན་ཡང་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་ལེགས་སོའི་དབུགས་དབྱུང་བ་བཞིན་ཟབ་མོའི་གནས་འདིར་སྐལ་བཟང་གི་སྒོ་ཅུང་ཟད་རྙེད་པའི་རིག་པ་འཛིན་པ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་གྲུབ་པ་མཆོག་གི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་ཚེ་རིང་ལྗོངས་སུ་གཏན་ལ་ཕབ་པས་གངས་ཅན་ཕན་བདེའི་དབུགས་དབྱུང་བའི་རྟེན་འབྱུང་གི་བཙས་སུ་གྱུར་ཅིག །མངྒ་ལཾ། དགེའོ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-22-ZA]] | [[Category:DKR-KABUM-Volume-22-ZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:38, 7 November 2022
🚧 This website is under continued development. We appreciate your patience!
Previous Text"ZA" is not a number. Back to Volume Page"ZA" is not a number.Next Text "ZA" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized word "za"., Text 6, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "ZA" is not a number. |
"ZA" is not a number.