ཀློང་ཆེན་མཛོད་བདུན་བརྒྱུད་ཡིག།

From Khyentse Lineage - A Tsadra Foundation Project
DKR-KABUM-25-RA-005
Wylie title klong chen mdzod bdun brgyud yig DKR-KABUM-25-RA-005.pdf
Location dil mgo mkhyen brtse bka' 'bum
Volume 25, Text 5, Pages 77-78 (Folios 1a1 to 2b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Klong chen mdzod bdun brgyud yig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 25: 77-78. Delhi: Shechen Publications, 1994.
Genre Records of Teachings Received - thob yig - gsan yig
[edit]
༄༅། །ཀློང་ཆེན་མཛོད་བདུན་བརྒྱུད་ཡིག་ནི། སྟོན་པ་འཇིག་རྟེན་གསུམ་གྱི་མིག་གཅིག་པུ་གྱུར་པའི་གྲུབ་པའི་མཐའ་ཐེག་པ་གསུམ་གྱི་ཁང་བཟང་ཆེན་པོར་བླན་མེད་པའི་ཐེག་པའི་ ཁྱད་པར་ཡིད་བཞིན་ནོར་བུའི་ཏོག་གི་བླ་མ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཟད་མི་ཤེས་པའི་སྐོར་ལ། ཀ༽ ཡིད་བཞིན་རིན་པོ་ཆེའི་མཛོད་རྩ་བ་ལེའུ་ཉེར་གཉིས་ འགྲེལ་ཆེན་པདྨ་དཀར་པོའི་ཁྲིད་ཡིག་རྡོ་རྗེ་སྙིང་པོ། ཁ༽ མ་བུ་གསུམ་གནད་ལ་སྙིང་པོ་ཕྱུང་བ་མན་ངག་རིན་པོ་ཆེའི་མཛོད། ག༽ ཀློང་སྡེ་ཁ་ཤས་གཙོ་བོར་སྟོན་པ། ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ། འབྲེལ་བ་ཆོས་དབྱིངས་གསང་བ་སྟེ་སྡེ་ཚན་གཉིས། ང་༽ ཐེག་པ་མཐའ་དག་གསལ་བ། གྲུབ་མཐའ་རིན་པོ་ཆེའི་ ༤ མཛོད་ལེའུ་བརྒྱད་པ། ཅ༽ ཀུ་མ་ར་ཛའི་དགོངས་རྫོགས་སུ་རྩོམ་པར་གྲགས་པའི། རྒྱུད་བཅུ་བདུན་དང་། མན་ངག་བརྒྱ་བཅུ་དགུའི་དོན་འགྲེལ་བརྗོད་བྱ་ཤིན་ཏུ་རྒྱ་ཆེ་བ། ཐེག་མཆོག་མཛོད་རིམ་ཁང་ཉེར་གཉིས་ཀྱི་བདག་ཉིད་ཅན ཆ༽ དེའི་གནད་དོན་བསྡུས་པ་ཚིག་དོན་རིན་པོ་ཆེའི་མཛོད། ཇ༽ རྡོ་རྗེའི་མཛོད་རྩ་བ་ལེའུ་ལྔ་པ་ཊི་ཀ་དང་བཅས་པ་མཛོད་བདུན་གྱི་བདག་ཉིད་ཅན་གྱི། ཁྲིད་ལུང་བཅས་ཡོངས་སུ་ཐོབ་པའི་བརྒྱུད་པ་ནི། ཞེ་ཆེན་དབོན་སྤྲལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། འཇམ་མགོན་ཀོང་སྤྲུལ་ངག་དབང་ཡོན་ ཏན་རྒྱ་མཚོ། མཁར་སྒོ་འཇམ་དབྱངས་གྲགས་པ། དེས་བདག་མངྒལར་བཀའ་དྲིན་ཐོབ། ཡང་ཡིད་བཞིན་མཛོད། མི་ཕམ་ཞུ་དག་ཅན། དཀའ་འགྲེལ་ལེའུ་བཻཅོ་བརྒྱད་པའི་ཚིག་ །ཆོས་ འགྲེལ་བཅས། མཁན་ཀུན་དཔལ། མི་ཕམ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ། དེ་ལས་བདག་ལའོ། །ཡང་ཀུན་དཔལ་གྱིས་དྷརྨ་མ་ཏི། དེ་ལས་བདག་ལའོ། དབྱིངས་མཛོད་རྩ་འགྲེལ་གཉིས་ཀ་པདྨ་དྲི་མེད་ཀྱིས་ཀྱང་བདག་ལ་བཀའ་དྲིན་ཐོབ། ༈ ངལ་གསོ་སྐོར་གསུམ་བརྒྱུད་ཡིགནི། ཉ༽ རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་དུ་གྲགས་པ་ ྃ་ ལས༑ སེམས་ཉིད་ངལ་གསོ་ལེའུ་བཅུ་གསུམ་པ། དེའི་འགྲེལ་པ་ཤིང་རྟ་ཆེན་པོ་ལེའུ་བདུན་པ་ཡན། ཏ༽ གོང་གསལ་ལེའུ་བརྒྱད་པ་ནས་བཅུ་གསུམ་བར་ཡོངས་རྫོགས་ཤིང་རྟ་ ཆེན་པོའི་བསྡུས་དོན་གྱི་གནས་འགྲེལ་ཆེན་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ། གནས་གསུམ་དགེ་བའི་དོན་ཁྲིད་བྱང་ཆུབ་ལམ་བཟང་། ཐ༽ རྫོགས་པ་ཆེན་པོ་སྒྱ་མ་ངལ་གསོ། །དེའི་འགྲེལ་པ་ཤིང་རྟ་བཟང་པོ། དོན་བསྡུས་མནྡ་རའི་ཕྲེང་བ། དོན་ཁྲིད་ཡིད་བཞིན་ནོར་བུ། རྫོགས་པ་ཆེན་པོ་བསམ་གཏན་ངལ་གསོ་རྩ་བ། ཎྜཱ བསྡུས་དོན་པུཎྜ་རི་ཀའི་ཕྲེང་བ། འགྲེལ་པ་ཤིང་རྟ་རྣམ་དག །དོན་ཁྲིད་སྙིང་པོའི་བཅུད་བསྡུས། ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་དཀར་ཆག་པདྨ་སྟོང་ལྡན། རང་གྲོལ་སྐོར་གསུམ་བརྒྱུད་ཡིག་ནི། ༡༽ རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་གྱི་རྩ་བ། རྗེས་འགྲེལ་ལམ་རིམ་སྙིང་པོའི་དོན་ཁྲིད། གསོལ་འདེབས། ༢༽ རྫོགས་པ་ཆེན་པོ་ ཆོས་ཉིད་རང་གྲོལ་གྱི་རྩ་བ། དོན་ཁྲིད་ཡིད་བཞིན་སྙིང་པོ། ༣༽ རྫོགས་པ་ཆེན་པོ་མཉམ་ཉིད་རང་གྲོལ་གྱི་རྩ་བ། དོན་ཁྲིད་རིན་ཆེན་སྙིང་པོ། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་ དོན་ཁྲིད་རིན་ཆེན་གྲུ་བོ་བཅས། ཨ་འཛོམས་པར་མའི་ཐོག་ནས་བཀའ་དྲིན་ཐོབ་པའོ། སེམས་ཉིད་ངལ་གསོའི་ཁྲིད་ལུང་གི་བརྒྱུད་པ་ནི། ཀུན་མཁྱེན་ཆེན་པོ། ལྡན་སྒོམ་ཆོས་ ༈གྲགས༑ དཔལ་སྟོན་པ། ཆོས་གྲགས། བསོད་ནམས་དཔལ་སྟེར། སྨན་རྩེ་བ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ༑ འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཤྲི་ན་ཐ། འཇིགས་མེད་གླིང་པ། བྱང་ཆུབ་རྡོ་རྗེ། ཆོས་ཀྱི་བློ་གྲོས། རིག་པའི་རྡོ་རྗེ། མཁན་པདྨ་བཛྲ། འཇམ་དབྱངས་ མཁྱེན་བརྩེ། ཀོང་སྤྲུལ། བཀྲ་ཤིས་འོད་ཟེར། པདྨ་བི་ཛ། དེས་བདག་ལ་བཀའ་དྲིན་གནང་ངོ་།།
[edit]

@#/__klong chen mdzod bdun brgyud yig/

Footnotes

Other Information