JKW-KABUM-14-PHA-020: Difference between revisions

From Khyentse Lineage - A Tsadra Foundation Project
m (Text replacement - "|editor=rdzong sar blo gros phun tshogs" to "|editor=")
m (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "|editortib=")
Line 14: Line 14:
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་
|sourcerevealertib=རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=
|tibgenre=Torma-offering Rituals - gtor chog
|tibgenre=Torma-offering Rituals - gtor chog
|terma=Yes
|terma=Yes

Revision as of 19:40, 2 March 2022

ཡཀྴ་ཛམྦྷ་ལ་ལྗང་གུའི་གཏོར་འབུལ་འདོད་རྒུའི་སྙིང་པོ།
Wylie title yak+sha dzam+b+ha la ljang gu'i gtor 'bul 'dod rgu'i snying po JKW-KABUM-14-PHA-020.pdf
Location mkhyen brtse'i bka' 'bum
Volume 14, sde tshan 20, Pages 319-323 (Folios 1a to 3a4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rig 'dzin rgod kyi ldem 'phru can)
Citation 'jam dbyangs mkhyen brtse'i dbang po. yak+sha dzam+b+ha la ljang gu'i gtor 'bul 'dod rgu'i snying po. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 319-323. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Torma-offering Rituals - gtor chog
Cycle ཐུགས་སྒྲུབ་ལས་ཚོགས་བཅོ་བརྒྱད་པ་ (thugs sgrub las tshogs bco brgyad pa)
Parent Cycle བྱང་གཏེར་ (byang gter)
Deity dzaM ljang
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-051
Colophon

།ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།

zhes pa'ang gter gzhung rtsa ba'i dgongs don ji lta bar mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge legs 'phel/__/mang+ga laM/

1 Texts in this Section (sde tshan or chos tshan)

[edit]
༄༅། །ཡཀྴ་ཛམྦྷ་ལ་ལྗང་གུའི་གཏོར་འབུལ་འདོད་རྒུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི་སིདྡྷཾ། བྱང་གཏེར་ཐུགས་སྒྲུབ་ཀྱི་ཆ་ལག་ཡཀྴ་ཛམྦྷ་ལའི་སྒྲུབ་ཐབས་ལས་བྱུང་བའི་གཏོར་མ་འབུལ་བའི་ཚུལ་ནི། སྔ་དྲོའམ་དགོངས་མོའི་ཆར་རིན་པོ་ཆེའི་སྣོད་གཙང་མར་འབྲས་ཟན་དང་། དཀར་གསུམ་མངར་གསུམ་གྱི་གཏོར་མ་རྒྱ་ཆེན་པོ་བཤམས་ལ་ཆབ་ཀྱིས་བྲན། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཱྃ་ལས་རིན་པོ་ཆེའི་སྣོད་དུ་ཨ་ལས་གཏོར་མ་ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་གྱུར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཞེས་པས་བརླབ། ཕྱག་ན་རྡོ་རྗེའི་བདག་བསྐྱེད་རྒྱས་པར་བསྒོམ་པའམ་བསྡུ་ན། རང་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་སྡིགས་མཛུབ་མཛད་པ། དར་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་ཅིང་པད་ཉིའི་གདན་ལ་ཞབས་དོར་སྟབས་ཀྱིས་བཞུགས་པའི་སྐུར་གྱུར། དེའི་ཐུགས་ཀའི་ས་བོན་ལས་མདུན་དུ་པྃ་གྱི་ཡི་གེ་ཆད་པས་པདྨ་དང་ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བར་གྱུར། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་སྟེང་གི་ཕྱོགས་སུ་འཕྲོས་པས། ལྷ་དབང་བརྒྱ་བྱིན་ཁང་བཟང་གི་བྱང་ཕྱོགས་གནོད་སྦྱིན་རོལ་པའི་གཞལ་ཡས་ནས་ནོར་གྱི་བདག་པོ་ཡཀྴ་ཛམྦྷ་ལ་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། མདུན་དུ་པད་ཟླའི་གདན་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་པ་ནི། །གནོད་སྦྱིན་ཆེན་པོ་ཛམྦྷ་ལ༔ སྐུ་མདོག་ལྗང་གུ་ཨིནྡྲའི་མདོག༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་འཛིན༔ གཡོན་པ་ནེའུ་ལེ་ནོར་སྐྱུགས་བསྣམས༔ རྒྱལ་པོ་རོལ་པའི་གོམ་སྟབས་ཀྱིས༔ འགྲོ་ལ་ཐུགས་རྗེས་བཞེངས་ནས་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ སྐུ་ལས་འོད་ཟེར་བྱེ་བ་འཕྲོ༔ གཟི་བརྗིད་མདངས་དང་ལྡན་པར་གསལ༔ ཅེས་བརྗོད་ཅིང་གསལ་གདབ། མདུན་གྱི་ལྷའི་ཞལ་ནས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་མཉེས་པར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལནྡྲཱ་ཡ་ཨི་དཾ་བ་ལིཾ་ཏ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ལན་བདུན་གྱིས་ཕུལ། ཨོཾ་ཡཀྴ་ཛམྦྷ་ལ་ས་པ་རི་ཝཱ་ར་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཧཱུྃ། ཕྲིན་ལས་རིགས་མཆོག་དཔལ་དང་ལྡན༔ སྐུ་མདོག་ལྗང་གུ་ཨིནྡྲའི་མཆོག༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དོན་ཡོད་གྲུབ་པ་དབུ་ལ་བཞུགས༔ ཞི་མ་ཁྲོ་ཡི་ཆ་ལུགས་ཅན༔ ཕྱག་གཡས་རིན་ཆེན་རྒྱལ་མཚན་བསྣམས༔ གཡོན་པ་ནེའུ་ལེ་ནོར་སྐྱུགས་འཛིན༔ འགྱིང་པའི་ཚུལ་འཆང་གསུས་ཁྱིམ་ཆེ༔ ཞབས་གཉིས་བརྐྱང་བསྐུམ་བརྗིད་པའི་ཚུལ༔ པདྨ་ཟླ་བའི་གདན་སྟེང་དུ༔ གནོད་སྦྱིན་ནོར་བདག་ཕོ་མོ་གཉིས༔ བརྗིད་པའི་གདན་ལ་བརྟན་པར་བཞུགས༔ ནམ་མཁའི་མཛོད་ལ་མངའ་བརྙེས་པ༔ སྲིད་པ་གསུམ་གྱི་བཅུད་ལེན་ཞིང་༔ འབྲུ་བཅུད་སྡུད་པའི་བདག་ཉིད་ཅན༔ ཁྱོད་ལ་དད་ཅིང་མཆོད་པ་ལ༔ ཕྲིན་ལས་གྲུབ་པའི་དངོས་གྲུབ་སྦྱིན༔ ཡཀྴ་གནོད་སྦྱིན་ཛམྦྷ་ལ༔ ཕྲིན་ལས་གྲུབ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། གནོད་སྦྱིན་དཔའ་བོ་འཁོར་བཅས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་པས་ཕྲིན་ལས་གསོལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བྃ་ཧོཿ མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པས་རང་ཉིད་མཐུ་སྟོབས་ནུས་པ་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་ཅེས་བརྗོད་ཅིང་བསམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་བསྔོ་སྨོན་དང་། འབད་དང་རྩོལ་བས་མ་གོས་པ་སོགས་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད། གཏོར་མ་ལས་ཅུང་ཟད་དངོས་གྲུབ་ཀྱི་ཚུལ་དུ་རོལ་ཞིང་། ལྷག་མ་མཛོད་ཀྱི་ཕུག་སོགས་སུ་བཞག་པས་ལོངས་སྤྱོད་དབྱར་གྱི་ཆུ་གཏེར་ལྟར་རྒྱས་པར་འགྱུར་རོ། །ཞེས་པའང་གཏེར་གཞུང་རྩ་བའི་དགོངས་དོན་ཇི་ལྟ་བར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།

[edit]

byang gter dzaM ljang gtor 'bul 'dod dgu'i snying po/ @#/__/yak+sha dzam+b+ha la ljang gu'i gtor 'bul 'dod rgu'i snying po zhes bya ba bzhugs so/___/_ oM swa sti sid+d+haM/__byang gter thugs sgrub kyi cha lag yak+sha dzam+b+ha la'i sgrub thabs las byung ba'i gtor ma 'bul ba'i tshul ni/__snga dro'am dgongs mo'i char rin po che'i snod gtsang mar 'bras zan dang /__dkar gsum mngar gsum gyi gtor ma rgya chen po bshams la chab kyis bran/__swa b+ha was sbyang /__stong pa'i ngang las trA~M las rin po che'i snod du a las gtor ma lha'i zhal zas ro mchog brgya dang ldan par gyur/__ra~M ya~M kha~M/__oM AHhU~M zhes pas brlab/__phyag na rdo rje'i bdag bskyed rgyas par bsgom pa'am bsdu na/__rang skad cig gis dpal phyag na rdo rje sku mdog sngon po rdo rje dang sdigs mdzub mdzad pa/__dar dang rin po che dang sbrul gyis brgyan cing pad nyi'i gdan la zhabs dor stabs kyis bzhugs pa'i skur gyur/__de'i thugs ka'i sa bon las mdun du pa~M gyi yi ge chad pas pad+ma dang a las zla ba'i gdan yangs shing rgya che bar gyur/__rang gi snying ga nas 'od zer lcags kyu'i rnam pa can steng gi phyogs su 'phros pas/__lha dbang brgya byin khang bzang gi byang phyogs gnod sbyin rol pa'i gzhal yas nas nor gyi bdag po yak+sha dzam+b+ha la spyan drangs par gyur/__badz+ra sa mA dzaH__dzaHhU~M ba~M hoH__pad+ma ka ma lA ya s+t+waM/__mdun du pad zla'i gdan steng du/__/dgyes pa'i tshul gyis bzhugs pa ni/__/gnod sbyin chen po dzam+b+ha la:__sku mdog ljang gu in+d+ra'i mdog:__phyag g.yas rin chen rgyal mtshan 'dzin:__g.yon pa ne'u le nor skyugs bsnams:__rgyal po rol pa'i gom stabs kyis:__'gro la thugs rjes bzhengs nas bzhugs:__rin chen sna tshogs rgyan gyis brgyan:__sku las 'od zer bye ba 'phro:__gzi brjid mdangs dang ldan par gsal:__ces brjod cing gsal gdab/__mdun gyi lha'i zhal nas ljags rdo rje'i sbu gu can gyi 'od zer gyis gtor ma'i bcud drangs te gsol bas mnyes par bsams la/__oM dzam+b+ha la dza lan+d+rA ya i daM ba liM ta gr-ih+Na kha kha khA hi khA hi swA hA:__lan bdun gyis phul/__oM yak+sha dzam+b+ha la sa pa ri wA ra nas/__shab+da pra tI ts+tsha swA hA'i bar gyis mchod/__hU~M/__phrin las rigs mchog dpal dang ldan:__sku mdog ljang gu in+d+ra'i mchog:__rin chen sna tshogs rgyan gyis brgyan:__don yod grub pa dbu la bzhugs:__zhi ma khro yi cha lugs can:__phyag g.yas rin chen rgyal mtshan bsnams:__g.yon pa ne'u le nor skyugs 'dzin:__'gying pa'i tshul 'chang gsus khyim che:__zhabs gnyis brkyang bskum brjid pa'i tshul:__pad+ma zla ba'i gdan steng du:__gnod sbyin nor bdag pho mo gnyis:__brjid pa'i gdan la brtan par bzhugs:__nam mkha'i mdzod la mnga' brnyes pa:__srid pa gsum gyi bcud len zhing :__'bru bcud sdud pa'i bdag nyid can:__khyod la dad cing mchod pa la:__phrin las grub pa'i dngos grub sbyin:__yak+sha gnod sbyin dzam+b+ha la:__phrin las grub la phyag 'tshal bstod:__ces pas bstod/__gnod sbyin dpa' bo 'khor bcas rnams:__mchod sbyin gtor ma 'di bzhes la/__sogs nas/__yid la 'dod pa kun 'grub mdzod/__ces pas phrin las gsol/__yi ge brgya pas nongs pa bshags/__dzaHhU~M ba~M hoH__mdun gyi ye shes pa rang la thim pas rang nyid mthu stobs nus pa gzi brjid phun sum tshogs par gyur ces brjod cing bsams la/__dge ba 'di yis skye bo kun sogs bsngo smon dang /__'bad dang rtsol bas ma gos pa sogs bkra shis ji ltar rigs pa brjod/__gtor ma las cung zad dngos grub kyi tshul du rol zhing /__lhag ma mdzod kyi phug sogs su bzhag pas longs spyod dbyar gyi chu gter ltar rgyas par 'gyur ro/__/zhes pa'ang gter gzhung rtsa ba'i dgongs don ji lta bar mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge legs 'phel/__/mang+ga laM/

Footnotes

Other Information