JKCL-KABUM-07-JA-016: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 7: . Bir, H.P.: Khyentse Labrang, 2012.
|fulltitletib=ཀྱེ་རྡོར་རྒྱུད་ཀྱི་བཀླག་ཐབས་ཟུང་འཇུག་གྲུབ་སྟེར།
|fulltitle=kye rdor rgyud kyi bklag thabs zung 'jug grub ster
|citation=[['jam dbyangs mkhyen brtse chos kyi blo gros]]. ''kye rdor rgyud kyi bklag thabs zung 'jug grub ster''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 7: 363-370. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|jkcloutline=Six
|jkcloutline=Six
|deity=kye rdo rje
|language=Tibetan
|language=Tibetan
|volumenumber=007
|volumenumber=007
Line 13: Line 18:
|volyigtib=ཇ་
|volyigtib=ཇ་
|totalvolumes=12
|totalvolumes=12
|textnuminvol=016
|pagenumbers=363-370
|totalpages=8
|beginfolioline=1a1
|beginfolioline=1a1
|textnuminvol=016
|endfolioline=4b3
|totalfolios=4
|multivolumework=No
|colophontib=།ཅེས་པའང་ལྕགས་ཕག་སྣྲོན་ཟླ་བའི་ཤར་ཕྱོགས་ཀྱི་བཟང་པོ་དང་པོར་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲ་བསྒྱུར་ལོ་ཙཱ་ཕུག་གི་ཉེ་འདབས་སུ་གང་ཤར་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།  སརྦ་སིདྡྷི་རསྟུ།།
|colophonwylie=/ces pa'ang lcags phag snron zla ba'i shar phyogs kyi bzang po dang por rgyal khams nyul ba'i dA ri dra 'jam dbyangs mkhyen brtse'i dbang pos sgra bsgyur lo tsA phug gi nye 'dabs su gang shar rtse gcig pas gsol ba btab pa de de bzhin du gegs med 'grub par byin gyis brlab tu gsol/__sarba sid+d+hi rastu//
|pdflink=File:JKCL-KABUM-07-JA-016.pdf
|pdflink=File:JKCL-KABUM-07-JA-016.pdf
}}
}}

Revision as of 13:33, 14 December 2021

ཀྱེ་རྡོར་རྒྱུད་ཀྱི་བཀླག་ཐབས་ཟུང་འཇུག་གྲུབ་སྟེར།
Wylie title kye rdor rgyud kyi bklag thabs zung 'jug grub ster JKCL-KABUM-07-JA-016.pdf
Location chos kyi blo gros bka' 'bum
Volume 7, Text 16, Pages 363-370 (Folios 1a1 to 4b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kye rdor rgyud kyi bklag thabs zung 'jug grub ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 363-370. Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs
Deity kye rdo rje
Colophon

།ཅེས་པའང་ལྕགས་ཕག་སྣྲོན་ཟླ་བའི་ཤར་ཕྱོགས་ཀྱི་བཟང་པོ་དང་པོར་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲ་བསྒྱུར་ལོ་ཙཱ་ཕུག་གི་ཉེ་འདབས་སུ་གང་ཤར་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་སིདྡྷི་རསྟུ།།

/ces pa'ang lcags phag snron zla ba'i shar phyogs kyi bzang po dang por rgyal khams nyul ba'i dA ri dra 'jam dbyangs mkhyen brtse'i dbang pos sgra bsgyur lo tsA phug gi nye 'dabs su gang shar rtse gcig pas gsol ba btab pa de de bzhin du gegs med 'grub par byin gyis brlab tu gsol/__sarba sid+d+hi rastu//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཀྱེ་རྡོར་རྒྱུད་ཀྱི་བཀླག་ཐབས་ཟུང་འཇུག་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ། ། ན་མཿཤྲཱི་ཧེ་བཛྲཱ་ཡ། བརྟན་གཡོ་ཀུན་གྱི་རང་བཞིན་བདག །ཟུང་འཇུག་ཁྱབ་བདག་ཧེ་རུ་ཀཿ། བླ་མ་དགྱེས་མཛད་རྡོ་རྗེ་ཡི། །ཞབས་ལ་བཏུད་ནས་འདི་དབྱེ་བྱ། །དེ་ལ་འདིར་རྣལ་འབྱོར་བླ་ན་མེད་པ་ཟབ་གསལ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བརྟག་པ་གཉིས་པའི་རྩ་རྒྱུད་ཚོགས་ཀྱི་འཁོར་ལོའི་དུས་སམ་རྒྱུན་དུ་བཀླག་པར་འདོད་པས། སྔོན་འགྲོ་སྐྱབས་སེམས་ནི། སྐྱབས་ཡུལ་གསལ་བཏབ་ལ། བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །གཞན་དོན་རྫོགས་བྱང་ཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་བགྱི། །ལན་གསུམ་དངོས་གཞི་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་སྲུང་འཁོར་དུར་ཁྲོད་དང་། །གཞལ་མེད་ཁང་ཆེན་པད་ཉི་བདུད་བཞིའི་སྟེང་། །རང་ཉིད་དགྱེས་རྡོར་ཞལ་བརྒྱད་ཕྱག་བཅུ་དྲུག །བདག་མེད་ཡུམ་དང་མཉམ་པར་སྦྱོར་བ་ཡི། །ཐུགས་ཀར་པད་ཉི་ཧཱུྃ་ཡིག་སྔོན་པོ་ལས། །རྡོ་རྗེའི་རྒྱུད་ཀྱི་རང་སྒྲ་དཔག་མེད་འཕྲོས། །ཆོས་ཀྱི་དབྱིངས་ཀུན་རྒྱས་པར་ཁྱབ་པ་དང་། །སྣོད་བཅུད་དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཤར། །སྒྲ་གྲགས་རྡོ་རྗེའི་སྔགས་སུ་རབ་སྨིན་ཅིང་། །དྲན་རྟོག་རྡོ་རྗེའི་ཐུགས་སུ་ཡོངས་རྫོགས་པའི། །ཧེ་རུ་ཀ་དཔལ་ཡེ་ཤེས་མངོན་དུ་གྱུར། །འཁོར་འདས་དབྱེར་མེད་ལྟ་བའི་ངང་ནས་བཀླག །ཅེས་གསལ་བཏབ་ལ་རྒྱུད་ཀྱི་རྒྱལ་པོ་གསལ་དག་སྙན་པར་བཏོན་རྗེས་མཆོད་བསྟོད་བྱ་བ་ནི་དངོས་སུ་འབྱོར་པའམ་ཡིད་ཀྱིས་སྤྲུལ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཤྲཱི་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་ནི་རི་ཧཱུྃ་ཁཾ་སྭཱ་ཧཱ། སོགས་ནས་ཤབྡའི་བར་གྱིས་མཆོད། མཚན་སྔགས་སྔོན་འགྲོ་འབྲུ་གསུམ་བཏགས་པས་ནང་མཆོད་དབུལ། དཀར་མོ་རི་དྭགས་སོགས་ལྷ་མོ་བརྒྱད་ཀྱི་གསང་མཆོད་དང་། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་བསྟོད། རྩ་རྒྱུད་ནས་ཕྱུང་བའི་སྨོན་ལམ་ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པ་དང་། རྒྱུད་ནས་གསུངས་པའི། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །སོགས་སྨོན་ལམ་ཁྱད་པར་ཅན་བཏབ་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་རྒྱུད་བཀླག་ཐབས་ལ་ཉེ་བར་མཁོ་བ་འདིའང་འཇམ་དཔལ་མཚན་བརྗོད་ཀྱི་བཀླག་ཐབས་སོགས་ལ་ཁུངས་བཅོལ་ཏེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་པའི་ཡི་གེའི་བྱེད་པོ་དགེ་སྟག་སྤྲུལ་མིང་པས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །༈རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་དབང་བཞི་དང་སྦྱར་བ། ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་རིགས་སུ་སྐྱེ། །རྩ་བ་ཡན་ལག་སྲུང་བའི་དམ་ཚིག་ཅན། །ཐ་མལ་རྣམ་པར་རྟོག་པས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ངོ་བོ་ཉིད་གསུམ་སྟོན། །བུམ་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་འཛིན་དང་མི་འབྲལ་ཞིང་། །ཟབ་མོའི་རྒྱུད་རྒྱལ་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་བདུད་རྩི་ལྔ་ལ་སྤྱོད། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་ཡིག་སྐྱོན་མེད་གསང་དབང་རིགས་སུ་སྐྱེ། །ཐུན་ཆག་རྣམ་རྟོག་ལས་བསྲུང་དམ་ཚིག་ཅན། །བསམ་གཏན་སྒྲིབ་པ་ཀུན་གྱིས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་རང་བྱུང་ཡེ་ཤེས་སྟོན། །གསང་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་རོ་རྐྱང་དབུ་མར་འཛུད། །ཟབ་མོའི་དྲིལ་ཆེན་སྒྲ་ནི་སྒྲོགས་པ་དང་། །བཙུན་མོའི་ཁུ་བ་ཁམས་དགུ་འདུས་པ་ཅན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །བདུད་རྩི་སྐྱོན་མེད་གསུམ་པའི་རིགས་སུ་སྐྱེ། །ཐིག་ལེ་གནོད་པ་རྣམས་སྤངས་དམ་ཚིག་ཅན། །གསུམ་པའི་ཉམས་དང་མ་བྲལ་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ལྷན་སྐྱེས་ཡེ་ཤེས་སྟོན། །གསུམ་པ་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཤིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་མཁའ་གསང་མཉམ་པར་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་ཕྱག་རྒྱ་བསྟེན་དང་མི་འབྲལ་བ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །སྙིང་པོ་སྐྱོན་མེད་བཞི་པའི་རིགས་སུ་སྐྱེ། །ཐིག་ལེ་འཛག་པ་བསྲུང་པའི་དམ་ཚིག་ཅན། །སྒྲིབ་པ་གསུམ་དང་བྲལ་བས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱེ་ཡི་རྡོ་རྗེ་ཤིན་ཏུ་རྣམ་དག་སྟོན། །བཞི་པ་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་པད་ཅན་མཁའ་གསང་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་པདྨ་ཅན་གྱི་ཐིག་ལེ་འདྲེན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་གྱི་ཚིགས་བཅད་གཉིས་པོ་དབང་བཞི་ལ་སྦྱར་བ་རྣལ་འབྱོར་གྱི་དབང་ཕྱུག་ས་སྐྱ་པ་ཆེན་པོའི་གསུངས་བཞིན་དུ། ཐར་ལམ་བླ་མ་ལ་རེ་བ་བསོད་ནམས་སེང་གེས་སྦྱར་བའོ། །མངྒ་ལཾ། ༈། རྒྱུད་གསུམ་བཤད་སྒྲུབ་རྒྱས་པའི་སྨོན་ལམ་དྲང་སྲོང་བདེན་ཚིག་ཅེས་བྱ་བ་བཞུགས་སོ། །ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང་། །གསང་བ་མཆོག་གི་དགྱེས་པ་བདག་མེད་མ། །གང་དེས་རྗེས་བཟུང་གྲུབ་ཆེན་བིཪྺ་པས། །རྣལ་འབྱོར་དབང་ཕྱུག་ཌོམྦྷི་ཧེ་རུ་ཀ། རིམ་བརྒྱུད་བཤད་སྲོལ་གསལ་མཛད་དཔའ་བོའི་མཚན། །གངས་ཅན་བསྟན་པའི་སྣང་བྱེད་འབྲོག་མིའི་ཞབས། །རྒྱུན་བཞིའི་གདམས་པའི་རྒྱ་མཚོ་ས་སྐྱ་པ། །རྒྱལ་བས་ལུང་བསྟན་ངོར་ཆེན་ཡབ་སྲས་སོགས། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས། །བུ་གཅིག་པ་ལ་བརྩེ་བའི་མ་བཞིན་དུ། །མྱུར་དུ་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ནས། །ཇི་ལྟར་སྨོན་པའི་གནས་འདི་མྱུར་འགྲུབ་མཛོད། །རྡོ་རྗེ་འཆང་དངོས་རྣལ་འབྱོར་དབང་ཕྱུག་དང་། །དཔལ་ལྡན་ས་སྐྱ་ཡབ་སྲས་བརྒྱུད་བཅས་ཀྱི། །བཤད་སྒྲུབ་བསྟན་པ་ཕྱོགས་བརྒྱར་འཕེལ་བ་ཡིས། །འགྲོ་ཀུན་བདེ་སྐྱིད་འབྱུང་བར་བྱིན་གྱིས་རློབས། །ཁྱད་པར་མཚན་ཙམ་ཐོས་པའི་རྣ་ལུང་དུ། །གྲངས་མེད་བསྐལ་པའི་བསོད་ནམས་ལས་གྲུབ་པ། །སྙིང་པོ་དགྱེས་པ་རྡོ་རྗེའི་རྒྱུད་ཟབ་མོ། །བཤད་པས་ཕྱོགས་བརྒྱར་འཕེལ་བར་བྱིན་གྱིས་རློབས། །མདོ་སྔགས་སྤྱི་དོན་བློ་གྲོས་རབ་རྒྱས་ཤིང་། །མཚན་ཙམ་གྱིས་ཀྱང་རྒྱུད་དོན་ཁོང་དུ་ཆུད། །བཤད་ཐབས་བདུན་གྱིས་སྨྲ་བའི་དབང་ཕྱུག་ཏུ། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས་པ་ཡིས། །གཞི་དོན་རྒྱུད་ལ་སྒྲོ་འདོགས་ཆོད་པ་དང་། །སྤྱོད་དང་ལྟ་བ་རིམ་མཐར་བསླབས་པ་ཡིས། །བསླབ་གསུམ་རྣམ་པར་དག་པར་བྱིན་གྱིས་རློབས། །སྨིན་བྱེད་དབང་གིས་སྨིན་ནས་དམ་ཚིག་དག །མཆོག་དང་ཐུན་མོང་གྲུབ་པའི་མངོན་རྟོགས་ཀྱིས། །ལམ་གྱི་རིམ་པའི་ཕ་མཐར་སོན་པ་ལས། །འབྲས་བུ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཐབས་ཤེས་གཉིས་མེད་དགྱེས་པ་རྡོ་རྗེ་དང་། །སྟོང་ཉིད་མཁའ་ཁྱབ་མཁའ་འགྲོ་རྡོ་རྗེ་གུར། །བདེ་སྟོང་ཡང་དག་ཡེ་ཤེས་སྦྱོར་བ་ཡི། །བཤད་པས་ཕྱོགས་མཐར་ཁྱབ་པའི་བཀྲ་ཤིས་ཤོག །མདོར་ན་དཔལ་ལྡན་དགེས་པ་རྡོ་རྗེ་ཡི། །བཤད་སྲོལ་འཇིག་རྟེན་ཀུན་ཏུ་རྒྱས་པ་དང་། །སྙིང་པོའི་སྒྲུབ་པ་ལམ་འབྲས་ལྷུར་ལེན་པས། །དོན་གཉིས་གྲུབ་པའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་པའང་ལྕགས་ཕག་སྣྲོན་ཟླ་བའི་ཤར་ཕྱོགས་ཀྱི་བཟང་པོ་དང་པོར་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྒྲ་བསྒྱུར་ལོ་ཙཱ་ཕུག་གི་ཉེ་འདབས་སུ་གང་ཤར་རྩེ་གཅིག་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། སརྦ་སིདྡྷི་རསྟུ།། །།
[edit]

@#/__/kye rdor rgyud kyi bklag thabs zung 'jug grub ster ces bya ba bzhugs so/__/ na maHshrI he badz+rA ya/__brtan g.yo kun gyi rang bzhin bdag__/zung 'jug khyab bdag he ru kaH/__bla ma dgyes mdzad rdo rje yi/__/zhabs la btud nas 'di dbye bya/__/de la 'dir rnal 'byor bla na med pa zab gsal gnyis su med pa'i rgyud kyi rgyal po chen po brtag pa gnyis pa'i rtsa rgyud tshogs kyi 'khor lo'i dus sam rgyun du bklag par 'dod pas/__sngon 'gro skyabs sems ni/__skyabs yul gsal btab la/__bla ma sangs rgyas chos tshogs la/__/byang chub bar du skyabs su mchi/__/gzhan don rdzogs byang thob bya'i phyir/__/zab mo'i rgyud sde bklag par bgyi/__/lan gsum dngos gzhi ni/__oM ma hA shU n+ya ta dz+nyA na badz+ra swa b+hA wa At+ma ko\u0f85 haM/__stong pa'i ngang las srung 'khor dur khrod dang /__/gzhal med khang chen pad nyi bdud bzhi'i steng /__/rang nyid dgyes rdor zhal brgyad phyag bcu drug__/bdag med yum dang mnyam par sbyor ba yi/__/thugs kar pad nyi hU~M yig sngon po las/__/rdo rje'i rgyud kyi rang sgra dpag med 'phros/__/chos kyi dbyings kun rgyas par khyab pa dang /__/snod bcud dkyil 'khor 'khor lo'i rang bzhin shar/__/sgra grags rdo rje'i sngags su rab smin cing /__/dran rtog rdo rje'i thugs su yongs rdzogs pa'i/__/he ru ka dpal ye shes mngon du gyur/__/'khor 'das dbyer med lta ba'i ngang nas bklag__/ces gsal btab la rgyud kyi rgyal po gsal dag snyan par bton rjes mchod bstod bya ba ni dngos su 'byor pa'am yid kyis sprul la/__oM b+ha ga wAn ma hA ka ru Ni ka shrI he badz+ra sa pa ri wA ra oM ni ri hU~M khaM swA hA/__sogs nas shab+da'i bar gyis mchod/__mtshan sngags sngon 'gro 'bru gsum btags pas nang mchod dbul/__dkar mo ri dwags sogs lha mo brgyad kyi gsang mchod dang /__khyod ni rnal 'byor ma tshogs sogs kyis bstod/__rtsa rgyud nas phyung ba'i smon lam kun mkhyen bsod nams seng ges mdzad pa dang /__rgyud nas gsungs pa'i/__dge ba 'di yis nam mkha'i mtha' klas pa'i/__/sogs smon lam khyad par can btab nas spyod lam la 'jug par bya'o/__/zhes rgyud bklag thabs la nye bar mkho ba 'di'ang 'jam dpal mtshan brjod kyi bklag thabs sogs la khungs bcol te 'jam dbyangs chos kyi blo gros pas smras pa'i yi ge'i byed po dge stag sprul ming pas bgyis pa dge legs su gyur cig__/!rtsa rgyud phyi ma'i brgyad par gsungs pa'i smon lam dbang bzhi dang sbyar ba/__zhal brgyad bcu drug phyag can rigs su skye/__/rtsa ba yan lag srung ba'i dam tshig can/__/tha mal rnam par rtog pas smyo med pa/__/skye zhing skye ba kun tu 'gyur bar shog__/kye yi rdo rje ngo bo nyid gsum ston/__/bum dbang bskur ba'i bla ma la gus shing /__/sems can kun la snying rje dang ldan pa/__/skye zhing skye ba kun tu 'gyur bar shog__/rdo rje dril bu 'dzin dang mi 'bral zhing /__/zab mo'i rgyud rgyal chos ni klog pa dang /__/btsun mo'i khu ba bdud rtsi lnga la spyod/__/skye zhing skye ba kun tu 'gyur bar shog__/rtsa yig skyon med gsang dbang rigs su skye/__/thun chag rnam rtog las bsrung dam tshig can/__/bsam gtan sgrib pa kun gyis smyo med pa/__/skye zhing skye ba kun tu 'gyur bar shog__/kye yi rdo rje rang byung ye shes ston/__/gsang dbang bskur ba'i bla ma la gus shing /__/sems can kun la snying rje dang ldan pa/__/skye zhing skye ba kun tu 'gyur bar shog__/rdo rje dril bu ro rkyang dbu mar 'dzud/__/zab mo'i dril chen sgra ni sgrogs pa dang /__/btsun mo'i khu ba khams dgu 'dus pa can/__/skye zhing skye ba kun tu 'gyur bar shog__/bdud rtsi skyon med gsum pa'i rigs su skye/__/thig le gnod pa rnams spangs dam tshig can/__/gsum pa'i nyams dang ma bral smyo med pa/__/skye zhing skye ba kun tu 'gyur bar shog__/kye yi rdo rje lhan skyes ye shes ston/__/gsum pa bskur ba'i bla ma la gus shing /__/sems can kun la snying rje dang ldan pa/__/skye shing skye ba kun tu 'gyur bar shog__/rdo rje dril bu mkha' gsang mnyam par sbyor/__/zab mo bde ba'i nyams dang mi 'bral zhing /__/btsun mo phyag rgya bsten dang mi 'bral ba/__/skye zhing skye ba kun tu 'gyur bar shog__/snying po skyon med bzhi pa'i rigs su skye/__/thig le 'dzag pa bsrung pa'i dam tshig can/__/sgrib pa gsum dang bral bas smyo med pa/__/skye zhing skye ba kun tu 'gyur bar shog__/kye yi rdo rje shin tu rnam dag ston/__/bzhi pa bskur ba'i bla ma la gus shing /__/sems can kun la snying rje dang ldan pa/__/skye zhing skye ba kun tu 'gyur bar shog__/rdo rje dril bu pad can mkha' gsang sbyor/__/zab mo bde ba'i nyams dang mi 'bral zhing /__/btsun mo pad+ma can gyi thig le 'dren/__/skye zhing skye ba kun tu 'gyur bar shog__/rtsa rgyud phyi ma'i brgyad par gsungs pa'i smon lam gyi tshigs bcad gnyis po dbang bzhi la sbyar ba rnal 'byor gyi dbang phyug sa skya pa chen po'i gsungs bzhin du/__thar lam bla ma la re ba bsod nams seng ges sbyar ba'o/__/mang+ga laM/__!/__rgyud gsum bshad sgrub rgyas pa'i smon lam drang srong bden tshig ces bya ba bzhugs so/__/kha sbyor bdun ldan rgyal ba rdo rje 'chang /__/gsang ba mchog gi dgyes pa bdag med ma/__/gang des rjes bzung grub chen biR+Wa pas/__/rnal 'byor dbang phyug Dom+b+hi he ru ka/__rim brgyud bshad srol gsal mdzad dpa' bo'i mtshan/__/gangs can bstan pa'i snang byed 'brog mi'i zhabs/__/rgyun bzhi'i gdams pa'i rgya mtsho sa skya pa/__/rgyal bas lung bstan ngor chen yab sras sogs/__/rtsa brgyud bla ma yi dam dkyil 'khor lha/__/dpa' bo mkha' 'gro chos skyong srung mar bcas/__/bu gcig pa la brtse ba'i ma bzhin du/__/myur du ye shes spyan gyis rab gzigs nas/__/ji ltar smon pa'i gnas 'di myur 'grub mdzod/__/rdo rje 'chang dngos rnal 'byor dbang phyug dang /__/dpal ldan sa skya yab sras brgyud bcas kyi/__/bshad sgrub bstan pa phyogs brgyar 'phel ba yis/__/'gro kun bde skyid 'byung bar byin gyis rlobs/__/khyad par mtshan tsam thos pa'i rna lung du/__/grangs med bskal pa'i bsod nams las grub pa/__/snying po dgyes pa rdo rje'i rgyud zab mo/__/bshad pas phyogs brgyar 'phel bar byin gyis rlobs/__/mdo sngags spyi don blo gros rab rgyas shing /__/mtshan tsam gyis kyang rgyud don khong du chud/__/bshad thabs bdun gyis smra ba'i dbang phyug tu/__/phyogs las rnam par rgyal bar byin gyis rlobs/__/rgyu rigs spang bya rkyen la ltos pa yis/__/gzhi don rgyud la sgro 'dogs chod pa dang /__/spyod dang lta ba rim mthar bslabs pa yis/__/bslab gsum rnam par dag par byin gyis rlobs/__/smin byed dbang gis smin nas dam tshig dag__/mchog dang thun mong grub pa'i mngon rtogs kyis/__/lam gyi rim pa'i pha mthar son pa las/__/'bras bu myur du 'grub par byin gyis rlobs/__/thabs shes gnyis med dgyes pa rdo rje dang /__/stong nyid mkha' khyab mkha' 'gro rdo rje gur/__/bde stong yang dag ye shes sbyor ba yi/__/bshad pas phyogs mthar khyab pa'i bkra shis shog__/mdor na dpal ldan dges pa rdo rje yi/__/bshad srol 'jig rten kun tu rgyas pa dang /__/snying po'i sgrub pa lam 'bras lhur len pas/__/don gnyis grub pa'i dge mtshan rgyas gyur cig__/ces pa'ang lcags phag snron zla ba'i shar phyogs kyi bzang po dang por rgyal khams nyul ba'i dA ri dra 'jam dbyangs mkhyen brtse'i dbang pos sgra bsgyur lo tsA phug gi nye 'dabs su gang shar rtse gcig pas gsol ba btab pa de de bzhin du gegs med 'grub par byin gyis brlab tu gsol/__sarba sid+d+hi rastu//___//

Footnotes

Other Information