JKCL-KABUM-06-CHA-037: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-037
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|jkcloutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=006
|volumenumber=CHA
|volnumtib=
|volyigtib=ཆ་
|totalvolumes=12
|beginfolioline=1a1
|textnuminvol=037
|textnuminvol=037
|pdflink=File:JKCL-KABUM-06-CHA-037.pdf
|pdflink=File:JKCL-KABUM-06-CHA-037.pdf

Revision as of 10:51, 13 December 2021

Wylie title JKCL-KABUM-06-CHA-037.pdf
Location chos kyi blo gros bka' 'bum
Volume 6, Text 37, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: . Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs

1 Texts in this Section (sde tshan or chos tshan)

[edit]
མི་འཁྲུགས་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་སྙིང་པོར་དྲིལ་བ་བཞུགས་སོ། །ན་མོ་གུ་རུ་ནཱ་ཐཱ་ཀྵོ་བྷྱོ་ཡ། དང་པོ་ནི། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་རྨྀ་ཏ་ཀུཎྜ་ལཱི་ཧཱ་ན་ཧཱ་ན་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། སཱཙྪ་རྣམས་སྟེགས་་བུའི་ཁར་ལེགས་པར་བཀོད་པའི་མདུན་དུ་མཆོད་པ་ཅི་འབྱོར་དང་། སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམས། བགེགས་སྦྱོང་བའི་ཚིག་གནས་ལུང་གི་དཀྱུས་ལྟར་ལ་མི་འདྲ་བའི་ཁྱད་པར། བསོད་ནམས་ཆེན་པོའི་བྱིན་གྱི་བརླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་སོགས་སྦྱར། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགསརྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །བདག་གཞན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱི། ཨརྨྀ་ཏས་བསངས། ཤུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི། ཚ་སྒྲུབ་སྐབས་སྦྱོང་བ་བྱིན་རླབས་དཀར་གཏོར་ལྟར་བུ་བགེགས་སྦྱོང་མཐར། ཧཱུྃ་རྣལ་འབྱོར་ཆེན་པོའི་སོགས་ནས་བདེན་སྟོབས་མི་འདྲ་བར་བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱི་དམིགས་ཡུལ་གཙོ་བོར་གྱུར་པའི་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བ་ལ་བར་དུ་གཅོད་པའི་སོགས་ནས་རང་གཞུང་ལྟར་བྱའོ། །ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿ ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་དབུར་བརྒྱན། ཨོཾ་སརྦ་ཏཱ་ཐཱ་ག་ཏཱ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྤྱན་དབྱེ་བའི་ཚུལ་དང་བཅས། ཀུན་ཆེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཞེས་དང་། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་སླར་ཡང་མཆོད་ཅིང་བསྟོད་ལ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར། འདི་ནི་རྟེན་དང་། སོགས་ཀྱི་མཐར་སུ་པྲ་ཏིཥྛ་དང་། ཡེ་དྷརྨཱ་མང་དུ་བཟླས་པའི་སྙིང་པོ་འཐོར། མེ་ཏོག་དམ་པ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ཤིས་བརྗོད་རྒྱས་པར་བྱའོ།། །།

Footnotes

Other Information