JKCL-KABUM-05-CA-005: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: . Bir, H.P.: Khyentse Labrang, 2012. | |fulltitletib=འཇམ་དཔལ་གཤིན་རྗེ་གནམ་ལྕགས་སྡིག་པའི་རྣལ་འབྱོར་སྙིང་པོ་རྒྱུན་གྱི་ཉམས་ལེན་ཡེ་ཤེས་རང་གསལ། | ||
|fulltitle='jam dpal gshin rje gnam lcags sdig pa'i rnal 'byor snying po rgyun gyi nyams len ye shes rang gsal | |||
|citation=[['jam dbyangs mkhyen brtse chos kyi blo gros]]. '''jam dpal gshin rje gnam lcags sdig pa'i rnal 'byor snying po rgyun gyi nyams len ye shes rang gsal''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: 141-144. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Daily Practice - rgyun khyer, Sadhanas - Evocation Ritual - sgrub thabs | ||
|terma= | |terma=Yes | ||
|jkcloutline=Six | |jkcloutline=Six | ||
|deity='jam dpal gshin rje | |||
|language=Tibetan | |language=Tibetan | ||
|volumenumber=005 | |volumenumber=005 | ||
Line 15: | Line 18: | ||
|volyigtib=ཅ་ | |volyigtib=ཅ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=005 | |||
|pagenumbers=141-144 | |||
|totalpages=4 | |||
|beginfolioline=1a1 | |beginfolioline=1a1 | ||
| | |endfolioline=2b3 | ||
|totalfolios=2 | |||
|multivolumework=No | |||
|colophontib=ཅེས་པའང་གཏེར་སྟོན་ཉིད་ཀྱིས་བཀའ་གནང་བཞིན་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ལས་མདོར་བསྡུས་ཏེ་བྲིས་པ་སིདྡྷིར་བྷ་ཝ་ཏུ། །། | |||
|colophonwylie=ces pa'ang gter ston nyid kyis bka' gnang bzhin chos kyi blo gros pas gter gzhung las mdor bsdus te bris pa sid+d+hir b+ha wa tu/ | |||
|pdflink=File:JKCL-KABUM-05-CA-005.pdf | |pdflink=File:JKCL-KABUM-05-CA-005.pdf | ||
}} | }} | ||
Line 22: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|འཇམ་དཔལ་གཤིན་རྗེ་གནམ་ལྕགས་སྡིག་པའི་རྣལ་འབྱོར་སྙིང་པོ་རྒྱུན་གྱི་ཉམས་ལེན་ཡེ་ཤེས་རང་གསལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཀྲོ་དྷཱ་ཡ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། རྒྱལ་དབང་པདྨའི་བཀའ་སྲོལ་གཅིག་འདྲིལ་གཤིན་རྗེ་གནམ་ལྕགས་སྡིག་པའི་ཉམས་ལེན་སྙིང་པོའི་བཅུད་དུ་དྲིལ་བའི་རྣལ་འབྱོར་ལ་དང་པོ་ཚོགས་བསགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་ལན་གསུམ། གཉིས་པ་དངོས་གཞིའི་དང་པོ་སྐུ་ཕྱག་རྒྱའི་རྣལ་འབྱོར་ནི། | {{TibP|{{TibChung|འཇམ་དཔལ་གཤིན་རྗེ་གནམ་ལྕགས་སྡིག་པའི་རྣལ་འབྱོར་སྙིང་པོ་རྒྱུན་གྱི་ཉམས་ལེན་ཡེ་ཤེས་རང་གསལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་ཀྲོ་དྷཱ་ཡ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། རྒྱལ་དབང་པདྨའི་བཀའ་སྲོལ་གཅིག་འདྲིལ་གཤིན་རྗེ་གནམ་ལྕགས་སྡིག་པའི་ཉམས་ལེན་སྙིང་པོའི་བཅུད་དུ་དྲིལ་བའི་རྣལ་འབྱོར་ལ་དང་པོ་ཚོགས་བསགས་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་ལན་གསུམ། གཉིས་པ་དངོས་གཞིའི་དང་པོ་སྐུ་ཕྱག་རྒྱའི་རྣལ་འབྱོར་ནི།}} ཨེ་ཉིད་སྟོང་པ་ལས་འབྱུང་སྟེ༔མ་སྐྱེས་འགགས་པ་མེད་པ་ལས༔རྒྱུ་རྐྱེན་སྔགས་ལས་མ་སྐྱེས་པའི༔རོལ་པ་ཆེན་པོའི་སྐུ་རུ་ཤར༔ཕྱི་ལྟར་འབྱུང་བ་ནང་ཡུམ་ལྔའི༔མཁའ་དང་ཀློང་ལས་མ་འདས་པའི༔སྲིད་པ་འཇམ་དཔལ་ཧེ་རུ་ཀའི༔ཞིང་དང་གཞལ་ཡས་ཁང་དུ་རྫོགས༔དུར་ཁྲོད་འབར་བའི་ཕོ་བྲང་དབུས༔ས་བོན་ཨེ་ལས་འཇམ་པའི་དབྱངས༔ཁྲག་འཐུང་ཕྱག་རྒྱ་ཟིལ་གནོན་ཆེ༔མཐིང་ནག་དུག་ཆེན་ཧ་ལའི་མདོག༔གཡས་དཀར་བཞད་པས་ཀླུ་གདོན་ཟ༔གཡོན་དམར་གཤེ་བས་ས་བདག་འདྲེན༔དབུས་མཐིང་རྔམ་པས་གཉེན་སྲོག་གཅོད༔མཆེ་གཙིགས་ཞལ་བགྲད་ལྗགས་ཀྱང་འདྲིལ༔འབར་བའི་ཡེ་ཤེས་སྤྱན་དགུ་བགྲད༔སྤྱི་བོར་ཕྲག་གོང་བྱ་ཁྱུང་ལྡིང་༔སྙན་གོང་དུག་སྦྲུལ་ནག་པོ་འཁྱུགས༔སོག་ཁར་སྟག་མོ་ངར་ལྡན་འཕྱོ༔ནུ་མར་སེངྒེ་རལ་པ་གསིག༔རྒྱན་ཆས་རྫོགས་པའི་རྡོ་རྗེའི་སྐུ༔གཡས་ཀྱི་ཕྱག་གསུམ་འཁོར་ལོ་དང་༔རལ་གྲི་རྡོ་རྗེ་གཡོན་གསུམ་གྱིས༔བེ་ཅོན་གཏན་ཤིང་སྡིག་མཛུབ་ཅན༔དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔གཉིས་མེད་སྦྱོར་ཡུམ་བཻ་ཏ་ལི༔སྙིང་དང་ཐོད་པ་འཛིན་པས་འཁྱུད༔ཟིལ་གནོན་ཐུགས་ཀློང་ཡེ་ཤེས་སེམས༔ཡ་མ་རཱ་ཛ་སྨུག་ནག་བརྗིདཿཐུགས་ཀར་ཕྱག་རྡོར་ལྗང་ནག་རྔམ༔རུས་སྦལ་ཁྲོ་བོ་བཅུ་ཡིས་སྲུང་༔རྡོ་རྗེའི་སྐུ་ཡི་འཁོར་ལོ་ལྔར༔དཔྲལ་བར་ཁྲོ་ཆུ་དུག་གི་གདོང་༔མགྲིན་པར་མ་རུ་རྩེ་དམར་པ༔ཐུགས་ཀར་འཆར་ཀ་ནག་པོ་སྟེ༔ལྟེ་བར་ཁྲག་འཐུང་ཁ་ཐུན་ནག༔གསང་བར་གདོང་དྲུག་ལྗང་ནག་སྟེ༔བརླ་གཡས་རྡོ་རྗེ་འཇིགས་བྱེད་ཆེ༔བརླ་གཡོན་ཀིང་ཀང་ནག་པོ་སྟེ༔སྤྱི་བོར་གཤིན་རྗེའི་གཤེད་དམར་པོ༔སྤྲུལ་པ་གསུམ་དང་གཤེད་ཆེན་བཞི༔ལོ་ཟླ་ཞག་གི་གཤིན་རྗེ་དང་༔མ་གཤིན་བྱེ་བ་ས་ཡ་སོགས༔མ་འདྲེས་ཉི་དང་འོད་བཞིན་འཆརཿསྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ཡེ་ཤེས་ཕྱག་རྒྱས་ཟིལ་གནོན་པའི༔སྐུ་གསུང་ཐུགས་ཀྱི་གསང་བ་ནི༔མི་ཟད་རྒྱན་དུ་གདོད་ནས་རྫོགས༔ {{TibChung|ཅེས་དམིགས་ལ་གཙོ་བོ། རྒྱན་དང་སྤྲུལ་པའི་ལྷ་སོགས་སྤྱི་བྱེ་བྲག་ལ་སེམས་འཛིན་པས་རྣམ་པ་གསལ། ང་རྒྱལ་བརྟན་པོ་གཟུང་། དག་པ་དྲན་པ་བཅས་བྱ། གཉིས་པ་སྐྱོ་བའམ། བོགས་འབྱིན་སླད་གསུང་བཟླས་པའི་རྣལ་འབྱོར་ནི།}} ཟིལ་གནོན་ཐུགས་ཀར་དཔལ་བེའུའི་ཀློང་༔ཡེ་ཤེས་སེམས་དཔའ་མཉྫུ་ཤྲཱི༔ཤིན་ཏུ་ཕྲ་ལ་འོད་དུ་འབར༔ཐུགས་ཀར་ཉི་མ་རྡོ་རྗེ་ཧཱུྃ༔སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔སྣང་སྲིད་འཇམ་དཔལ་རྡོ་རྗེ་ཡི༔ཡེ་ཤེས་སྐུ་གསུང་ཐུགས་ཀྱི་དབྱིངས༔རྣམ་པ་ཐམས་ཅད་སྔགས་ཀྱི་སྒྲ༔རང་བྱུང་ལྷུན་གྱི་གྲུབ་པར་ཤར༔ཨྱེ་ཨྱེ་ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ༔ཀཱ་ལ་རཱུ་པ་ཀ་པ་ཡེ༔ཧྲཱིཿཥྚི་ཨ་པ་ཡེ༔ཨ་ཨ་ནེ་ཨ་ནེ༔ཨུ་ཨུ་ནེ་ཨུ་ནེ༔དུ་དུ་ནེ་དུ་ནེ༔ཨ་ཨི་ཨུ་ཨེ་ཨོ་ཨཾ། ར་རཱི༔ལ་ལཱི་མུ་རུ་ཡེ༔བྱ་ཚ་ཡེ༔སིཾ་ཧ་ཡེ༔ཧྲཱི་ད་ཡེ༔བྷི་ཏ་ཡེ༔ཙིཏྟ་ཡེ༔ཧ་ལ་ཡེ༔མུ་ཀ་ཡེ༔ཨུ་ཨུ་ནེ་ཨུ་ཨུ་ནེ༔བི་ཏྲི་ཏ༔ཨ་ཨ་ན་ན༔ཡ་མ་རཱ་ཙ༔ཡ་མ་རཀྴ༔ཡ་མ་རཀ་ཨ༔ཡ་མ་རཀྵ༔བཻ་ཏ་ལེ༔ཀྲོ་དྷཱི་ཤྭ་རི༔མ་མ་ཨེ་ཀ་ཙ་ཏི༔དེ་མ་ཁ་ལ་བཾ་རིལ༔རུ་ལུ་རུ་ལུ༔ཤྲཱི་བཛྲ་ཀྲོ་དྷ༔ཡ་མ་ཀརྨ་རོ་ཥ་ཎ༔ཀྲོ་དྷཱི་ཙཎྜ་རཀྴ་མོནྟ་ཨཱཿཧཱུྃ་ཛཿ {{TibChung|ཞེས་འཇམ་དཔལ་ཞི་ཁྲོ་ལྷ་རྒྱུད་ཡོངས་རྫོགས་ཀྱི་དྲག་སྔགས་ཀུན་འདུས་མ་ཉིད་རྩེ་གཅིག་ཏུ་བཟླ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླས་པས་བྱིན་རླབས་བརྟན་པར་བྱས་ལ། གསུམ་པ་ཐུགས་ཉེར་བསྡུའི་རྣལ་འབྱོར་ནི།}} སྣང་ཆ་གཟུགས་སྐུའི་རོལ་པ་ཡང་༔དབྱིངས་སུ་གདོད་ནས་དག་པར་བསྡུ༔སྣང་གྲགས་རིག་པ་ལྷ་སྔགས་དང་༔ཡེ་ཤེས་ཆེན་པོའི་རོལ་རྩལ་ཤར༔ཨོཾ་ཨཱཿཧཱུྃ༔ {{TibChung|ཞེས་སྣང་ཆའི་ལྷ་སྐུ་འོད་གསལ་དུ་བསྡུ་ཞིང་། སླར་ཡང་གཉུག་མའི་ཧེ་རུ་ཀའི་སྐུར་ལྡང་ལ། གསུམ་པ་རྗེས་རིམ་ནི།}} རིམ་གཉིས་བསོད་ནམས་ཡེ་ཤེས་ཀྱིས༔འགྲོ་ཀུན་འཇམ་དཔལ་དཔའ་བོ་ཡི༔རྣམ་ཐར་རྫོགས་པར་སྤྱོད་ནུས་པའི༔ཕྲིན་ལས་ལྷུན་གྱིས་གྲུབ་པར་ཤོག༔ {{TibChung|ཅེས་བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། ཅེས་པའང་གཏེར་སྟོན་ཉིད་ཀྱིས་བཀའ་གནང་བཞིན་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ལས་མདོར་བསྡུས་ཏེ་བྲིས་པ་སིདྡྷིར་བྷ་ཝ་ཏུ། །། །}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:45, 8 December 2021
Wylie title | 'jam dpal gshin rje gnam lcags sdig pa'i rnal 'byor snying po rgyun gyi nyams len ye shes rang gsal | |
---|---|---|
Location | chos kyi blo gros bka' 'bum Volume 5, Text 5, Pages 141-144 (Folios 1a1 to 2b3) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. 'jam dpal gshin rje gnam lcags sdig pa'i rnal 'byor snying po rgyun gyi nyams len ye shes rang gsal. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 141-144. Bir, H.P.: Khyentse Labrang, 2012. | |
Genre | Daily Practice - rgyun khyer · Sadhanas - Evocation Ritual - sgrub thabs | |
Deity | 'jam dpal gshin rje | |
Colophon |
ཅེས་པའང་གཏེར་སྟོན་ཉིད་ཀྱིས་བཀའ་གནང་བཞིན་ཆོས་ཀྱི་བློ་གྲོས་པས་གཏེར་གཞུང་ལས་མདོར་བསྡུས་ཏེ་བྲིས་པ་སིདྡྷིར་བྷ་ཝ་ཏུ། །། | |
ces pa'ang gter ston nyid kyis bka' gnang bzhin chos kyi blo gros pas gter gzhung las mdor bsdus te bris pa sid+d+hir b+ha wa tu/ |
1 Texts in this Section (sde tshan or chos tshan)
141-144
|
འཇམ་དཔལ་གཤིན་རྗེ་གནམ་ལྕགས་སྡིག་པའི་རྣལ་འབྱོར་སྙིང་པོ་རྒྱུན་གྱི་ཉམས་ལེན་ཡེ་ཤེས་རང་གསལ། 'jam dpal gshin rje gnam lcags sdig pa'i rnal 'byor snying po rgyun gyi nyams len ye shes rang gsal
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]] |