འཇམ་དཔལ་གཤིན་རྗེའི་རྒྱུན་ཁྱེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-006
Wylie title 'jam dpal gshin rje'i rgyun khyer JKCL-KABUM-05-CA-006.pdf
Location chos kyi blo gros bka' 'bum
Volume 5, Text 6, Pages 145-146 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dpal gshin rje'i rgyun khyer. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 145-146. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Deity 'jam dpal gshin rje
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/daily-yamantaka
Colophon

།ཞེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།

/zhes pa'ang chos kyi blo gros pas bris pa'o/

1 Texts in this Section (sde tshan or chos tshan)

[edit]
འཇམ་དཔལ་གཤིན་རྗེའི་རྒྱུན་ཁྱེར་བཞུགས། སྐྱབས་སེམས་སྔོན་དུ་འགྲོ་བས། ཨྱཻ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགགས་པ་མེད་པ་ལས། །རང་བཞིན་གནས་པ་དྲན་པར་བྱ། །ཨཻ་ཡི་ཕོ་བྲང་ཆེན་པོའི་ནང་། །རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །ཀླུ་གཉན་ས་བདག་རུ་ཏྲ་དང་། །མ་ཧེ་ཉི་ཟླ་པདྨའི་སྟེང་། །རིག་པ་ཆུ་ལས་ཉ་འཕར་ཚུལ། །འཇམ་དཔལ་ཕྱག་རྒྱ་ཟིལ་གྱིས་གནོན། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིག་མཛུབ་གཡོན། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་རྫོགས་དུར་ཁྲོད་བརྒྱན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་སྟོབས། །སྤྲུལ་པ་རྒྱན་གྱི་ལྷ་བརྒྱད་དང་། །ཡེ་ཤེས་ཁྲོ་བོ་བཅུ་རྣམས་རྫོགས། །སྤྲུལ་པའི་ཁྲོ་ཚོགས་དཔག་མེད་དང་། །རྡོ་རྗེའི་ཚྭ་ཚྭ་རབ་ཏུ་འཕྲོ། །སྣང་ལ་རང་བཞིན་མེད་པར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས། །སྣང་སྲིད་ཐམས་ཅད་དཔལ་ཆེན་པོའི། །ལྷ་སྔགས་དབྱེར་མེད་དགོངས་པར་ཤར། །ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཞེས་སྤྱི་བསྙེན་བཟླའོ། །ཐུན་མཐར། ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་ཟིལ་གནོན་སྐུ་རུ་ལྡང་། །བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཁྲོ་བོ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་བྱའོ། །ཞེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །། །

Footnotes

Other Information