JKW-KABUM-16-MA-022-002: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 16: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=ཀློང་ཆེན་སྙིང་ཏིག་གི་རབ་གནས་བཀྲ་ཤིས་འདོད་འཇོའི་ཕྱག་ལེན་རེག་ཟིག་ཉུང་གསལ། | ||
|fulltitle=klong chen snying tig gi rab gnas bkra shis 'dod 'jo'i phyag len reg zig nyung gsal | |||
|citation=[['jam dbyangs mkhyen brtse'i dbang po]]. ''klong chen snying tig gi rab gnas bkra shis 'dod 'jo'i phyag len reg zig nyung gsal''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 16: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
Line 11: | Line 13: | ||
|sourcerevealertib=འཇིགས་མེད་གླིང་པ་ | |sourcerevealertib=འཇིགས་མེད་གླིང་པ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Consecration Rituals - rab gnas cho ga | |||
|terma=Yes | |terma=Yes | ||
|sabcadcategory=Five | |sabcadcategory=Five | ||
Line 30: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ཀློང་ཆེན་སྙིང་ཏིག་གི་རབ་གནས་བཀྲ་ཤིས་འདོད་འཇོའི་ཕྱག་ལེན་རེག་ཟིག་ཉུང་གསལ་བཞུགས་སོ།། །། | ||
༄༅། །ཀློང་ཆེན་སྙིང་ཏིག་གི་རབ་གནས་བཀྲ་ཤིས་འདོད་འཇོའི་ཕྱག་ལེན་རེག་ཟིག་ཉུང་གསལ་བཞུགས་སོ།། །། | |||
སྭསྟི། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ་དངོས་སྟ་ཉིན་གཉིས་མའི་དབང་དུ་བྱས་ན། ཐོག་རབ་བཅས་བཤམས་ནི། རྟེན་གྱི་མདུན་ནམ་གང་བ་དེར་སྒྲུབ་དཀྱིལ། རྣམ་རྒྱལ་དང་ལས་བུམ་དབང་རྫས་སོགས་ཚང་བར་བཤམས། དེའི་གཡས་སུ་ཁྲུས་དཀྱིལ་དཀར་པོ་པད་འདབ་བརྒྱད་ཀྱིས་མཚན་པའི་དབུས་སུ་མཉྫིར་ཁྲུས་གཞོང་དང་མེ་ལོང་། འདབ་མ་བརྒྱད་ལ་ཁྲུས་བུམ་བཅུད་ལྡན། དེའི་མདུན་དུ་རིན་པོ་ཆེའི་གཞོང་པ་མེ་ཏོག་གིས་བཀང་བར་དབུས་སུ། གཟུངས་བུམ་དྲི་བཟང་གི་ཆུས་གང་བའི་ཁར་མེ་ལོང་ལ་རྟེན་སྙིང་བྲིས་པ། དེའི་མདུན་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ། གུལ་ཡུངས་སོགས་སྦྱངས་ཆས། ཁྲུས་རས་དང་གོས་ཟུང་སོགས་ཁྲུས་ཀྱི་ཉེར་མཁོ། དབང་པོའི་སྐྱོན་བསལ་གྱི་ཐུར་མ་རྣས་དང་བཅས་པ་བཤམས། དཀྱིལ་འཁོར་གྱི་གཡོན་དུ་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་བ། དེའི་མཐའ་བསྐོར་དུ་མངའ་དབུལ་གྱི་ཙཀླི་དང་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ། རྡོར་དྲིལ། ཌཱ་རུ། ནང་མཆོད། ནས་ཟེག་སོགས་འདུ་བྱའོ། །ཆོག་དངོས་ལ། ། ༈ ཉིན་དང་པོར། ཆོས་སྤྱོད་རྒྱས་བསྡུས་གང་རིགས། ལས་བྱང་གི་བརྒྱུད་འདེབས་ནས་བཟླས་པའི་བར། བཟླས་པ་ཅི་ནུས་རྗེས། རྣམ་བུམ་སྒྲུབ་པ་ནི། རབ་གནས་རང་གཞུང་ལྟར་མདོར་བསྡུས་སམ། རྒྱས་པར། བདག་འཇུག་དབང་དོན་རྒྱ་མཚོ་ལས། ཤུ་ནྱ་ཏྭཱ་ཝས་སྦྱངས། སྟོངས་པའི་ངང་ལས་ནས་བུམ་པ་གང་བར་གྱུར་བར། རྩ་སྔགས་དང་། དབྱངས་གསལ། སུ་པྲ་ཏིཥྛ་རྣམས་སྦྲེལ་ནས་བཟླ། མཐར། བདག་མདུན་བུམ་པ་གསུམ་ཀ་ལ་དམིགས་ཏེ། རྡོ་རྗེ་ལྷ་མོ་བཅུ་དྲུག་གིས་མཆོད། ལས་གཞུང་གི་བསྟོད་པས་བསྟོད། ཡིག་བརྒྱ་ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་ཀུམ་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བརྗོད་ལས་རུམ་སྒྲུབ་པ། ལས་ཐས་ཅད་པ། ནས་རྡུལ་ཕྲ་རབ་ཏུ་གྱུར། བར་གཞུང་ལྟར། གཟུངས་ཁྲུས་ཀྱི་བུ་སྒྲུབ། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་མ། ས་དྷ་ནི་སྭཱ་ཧཱ། བར། འདི་ལ་རྟེན་སྙིང་བརྒྱ་རྩ་བཟླས། དེ་ནས་རྟེན་སྙིང་ཉེར་གཅིག་བར་ལས་རྡོར་གྱིས་རྟེན་རྙིང་བཀྲུ་བ་སོགས་བྱ། ཁྲུས་སྔགས་རྣས་བདུན་རེ། ཨ་བྷི་ཥེ་ཀ །བརྒྱ་རྩ། སྤྱན་མའི་སྔགས་ཉེར་གཅིག་མཐར། ཡིག་བརྒྱ། རྟེན་སྙིང་བཅས། སྦྱོང་རྫས་གཞུང་ལྟར་སྔགས། བདག་འཇུག་བསྡུས་པ། ཨོཾ་བཛྲ་ས་མ་ཡ་ཨོཾ། སོགས་རིག་པའི་མེ་ཏོག་དོར་བ་ཙམ་མམ། རྒྱས་པར་དབང་དོན་ལྟར་བྱ། དེ་ནས་མཆོད་དཔོན་གྱིས་ཞྭ་ལག་ཏུ་བཟུང་། རབ་ཏུ་གནས་བྱའི་རྟེན་རྣམས་ལ་ཞི་བའི་སྒོ་ནས་སྦྱོང་བ་གནང་བར་ཞུ། ཐམས་ཅད་ཀྱིས་རྡོར་དྲིལ་འཛིན་ཅིང་། ཨོཾ་སརྦ་བིགྷཱན། སོགས་ལན་གསུམ། ཡང་སྔར་བཞིན་ལ། ཕྱེད་མའི་སྒོ་ནས་སྦྱོང་བ་སོགས་ཞུ། ཐམས་ཅད་ཀྱིས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ལ། སུམ་བྷ་སོགས་ལན་གསུམ། དྲག་པོའི་སྒོ་ནས་སྦྱོང་བ། སོགས་ཞུ། ཨོཾ་བཛྲ་ཀྲོ་ཏ་ནས། སུཾ་བྷའི་བར་གཞུང་བཞིན་ལ། ན་མོ་རྗེ་བཙུན་སོགས་ལན་གསུམ་གྱི་དང་པོ་གཉིས་ལ་སྦྱོང་གཏོར་དཀྱིལ་འཁོར་ནས་ཕྱིར་ཅུང་ཟད་སྐྱེལ། ཕྱི་མ་ལ་རོལ་ཆེན་དྲག་པོ་དང་བཅས་ཏེ་ཕྱིར་དོར། སློབ་དཔོན་གྱིས་ཡུངས་ཐུན་གུ་གུལ་བཅས། སུཾ་བྷ་བཟླ་བཞིན་པར་བགེགས་བསྐྲད་ལ་ཕེབས། སླར་འཁོར་ནས། མཆོད་དཔོན་གྱིས། གནས་བྱའི་རྟེན་དང་བདག་ཅག་ཡོན་མཆོད་མི་ཤེས་པ་སྦྱོང་བ་ལ་ཐུགས་གཏད་པར་ཞུ། ཞེས་ཞུས་ནས་ལས་སྔགས། ཨ་མྲྀ་ཏ་ནས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བར་གཞུང་ལྟར། ཡང་མཆོད་དཔོན་གྱིས། བདག་དང་སྦྱིན་པའི་བདག་པོའི་སྡིག་སྦྱོང་བ་ལ་ཐུགས་གཏད་པར་ཞུ། ཞེས་ཞུ། བདག་དང་སོགས་གཞུང་ལྟར། དེ་ནས་ཁྲུས་ཀྱི་བྱ་བ་ནི། བཅོམ་ལྡན་འདས་ནས། ཝ་སྟྲ་ཡེ་པྲ་ཏཱིཙྪ་སྭཱ་ཧཱ། བར་གཞུང་ལྟར་ལ། ཕྱག་ལེན་རྣམས་མཆན་བུ་དང་མཐོང་རྒྱུད་ལྟར་བྱ། འདི་མཚམས། དཔོན་སློབ་དཔོན་ཕྱོགས་ཐམས་ཅད་དུ་ལྟ་ཁྲུས་དགོས་ན་ཕེབས། སླར་ཚུར་འཁོར་བ་དང་། སེམས་ཅན་གང་དག་སོགས་བཀྲ་ཤིས་བརྗོད་རྟེན་བསྐྱེད། ཨོཾ་ཤུ་ནྱ་ཏཱ་ནས། ཨོཾ་ཙཀྲ་བཱརྟི་བྷྲཱུྃ། ཞེས་པའི་བར་གཞུང་ལྟར་རྟེན་གྱི་གཙོ་བོ་དར་སེར་ཕོས་དགག་པས། དེ་ནས། མ་མགོན་ལྕམ་དྲལ། གཟའ། ཚེ་རིང་མ་བཅས་གཏོར་འབུམ་མགོ་བར། ཕྱི་རོལ་ཏུ་ཆ་གསུམ་བཏང་། སྦྱིན་སྲེག་བྱེད་ན། སྦྱིན་སྲེག་གི་གནས་སུ་ས་ཆོག་བྱ། ནང་དུ་ལོག །སྦྱིན་སྲེག་གི་ཚེ་སྤྱན་དྲངས་རྒྱུའི་ཚོམ་བུ་སྟ་གོན་ལ། མཎྜལ་གྱི་ངོས་སུ་ལྷ་གནས་རྣམས་སུ་གཙོ་འཁོར་གྱི་སྔགས་སོ་སོར་བརྗོད་བཞི་ནང་པས་དྲིའི་ཐིག་ལེ་དང་ཚོ་བུ་བཀོད་ལ་དཀྱིལ་འཁོར་དུ་བཤམས། ཚོགས་བསྐང་ནས་སྨོན་ལམ་བཀྲ་ཤིས་བར་ལས་གཞུང་ལྟར་བྱའོ། ། ༈ ཉིན་གཉིས་པལ། ཆོས་སྤྱོད་ནས་བརྩམས་ཏེ། བུམ་པ་སྒྲུབ་པ་ཡན་ཉིན་དང་པོ་ལྟར་བྱ། །བདག་འཇུག་དབང་དོན་རྒྱ་མཚོ་ནས། ཇི་ལྟར་བལྟམས་པ་ནས། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། བར་གཞུང་ལྟར་མཐར། ཛཿཧཱུྃ་བྃ་ཧོཾཿ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ་པར་གྱུར། ཅེས་བརྗོད་ནས། སྤྱོད་པ་དང་། ཁྲུས་ཀྱི་བྱ་བ་སྟ་གོན་ལྟར་བྱ། དེ་ནས། གང་འདིར་བཅོམ་ལྡན་འདས། ནས། ཕངས་པ་མེད་པར་བཏང་བར་བྱ། བར་དོངས་གཞིའི་གཞུང་ལྟར། རྟེན་བསྐྱེད། ཤཱུནྱ་ཏཱ་ནས། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཧོཿ བར་སྟ་གོན་ལྟར། དབང་བསྐུར་བ། རང་གི་སྙིང་གའི་ནས། རྣམ་པར་བྱོན་ནས་དེ་ལ་བཞུགས་བར་གྱུར། བར་དངོས་གཞིའི་གཞུང་ལྟར་ལ། སུ་པྲ་ཏིཥྛ། བརྒྱ་རྩ། བྷུ་ཁཾ། ལྔ་བཅུ། རྟེན་སྙིང་བརྒྱ་རྩ་སོགས་སྐབས་བསྟུན། ཤིས་བརྗོད། བྱང་ཆུབ་སྙིང་པོར་གཤེགས་པ། ནས། ཡེ་དྷརྨ་སོགས་ཀྱི་མཐར་མཐོར་ནས་ལ་ཕེབས། ཚུར་འཁོར་བ་དང་། མངར་དབུལ་གྱི། ཐུབ་དབང་མཆོད་གནས། སོགས་ནས། ཐེག་པ་ཆེན་པོའི་ལམ་ལ་གནས་པར་ཤོག །བར་གཞུང་ལྟར། དེ་ནས་ཙཱ་རུའི་བཟའ་བ་ལ་ཆབ་དྲན། བྱིན་གྱིས་བརླབས་ཚང་ནས་ལས་རྡོར་གྱི་རྟེན་གྱི་དྲུང་ཏུ་བཏེགས་ཞལ་རས་རོ་བརྒྱ། སོགས་ཀྱིས་འབུལ། ཕྱི་རོལ་ཏུ་རྒྱས་པའི་སྦྱིན་སྲེག་ཡག་ཆ་ཟུར་གསལ་ལྟར་བྱ། གལ་ཏེ་མ་གྲུབ་ན་ལྷག་ཆག་སྐོང་བའི་ཕྱིར་ཡིག་བརྒྱ་ཚར་ཁ་ཡར་འདོན་པ་ཕྱག་ལེན་དུ་སྣང་། ནང་དུ་ལོག་ནས་མཐའ་རྟེན་གྱི་བཀྲ་ཤིས། ཡེ་དྷརྨཱ་སོགས་ནས་ཚིགས་བཅད་ཚང་མ། གསོལ་ཁ་གཏོར་འབུལ་མགོ་བར། ཕྱི་རོལ་ཏུ་ཆ་གསུམ། ནང་དུ་ལོག་ལ་ཚོགས་སྐོང་ལྷག་མའི་བར། མ་མགོན་ལྕམ་བྲལ་གྱི་སྐོང་བར་ང་། །གནས་དེའི་སྲུང་མ་ལ་གཏོར་མ་ཕུལ། བཛྲ་རཀྵ་ཤཾ་ནས། རྒྱུན་མི་འཆད་པར་མཛོད་ཅིག །བར་གྱིས་སྲུང་མ་བསྒོ། ཚོགས་ཀྱི་ལྷག་མ་ནས་གཟུང་ཐུན་མཚམས་ཀྱི་ལྟར་ལྡང་བའི་བར་ལས་བྱང་ལྟར། གཏོར་རག་གི་མཆོད་བསྟོད་དང་བཤགས་པ་གཞུང་ལྟར་བྱ། ཡོན་བདག་གྲལ་ལ་འཁོད་པ་དང་། ཐོག་མར་ཙཱ་རུའི་བཟའ་བ་དང་། དེ་རྗེས་བསམ་ལྷུན་འདོད་ལ་མཆོད་ཡོན་ཐམས་ཅད་ལ་ཚོགས་དྲངས། ཡོན་བདག་བསྒོ་བ་དངོས་ཟུར་གསལ་དང་། རྟེན་ལ་མཆོད་པའི་བར་གཞུང་ལྟར་ལ། ཡོན་མཆོད་ཐམས་ཅད་ཀྱིས་སྨོན་ལམ་ཇི་ལྟར་རིགས་པ་གདབ་ནས་བཀྲ་ཤིས་རོལ་མོ་དང་བཅས་གྲོལ། དེ་ནས་བསྔོ་སྨོན་དང་། བཀྲ་ཤིས་ལས་བྱང་ལྟར་དང་། དོང་སྤྲུགས་སྨོན་ལམ་ཤིས་བརྗོད་སོགས་མཐའ་རྒྱས་སུ་བྱའོ། ། ༈ གལ་ཏེ་ཉིན་གསུམ་དུ་བྱེད་ན། ཉིན་དང་པོ་སྟ་གོན་འདྲ་བ་ལ་སྦྱིན་སྲེག་གིས་ཆོག་མི་བྱེད། གཉིས་པ་ལ་བརྒྱུད་འདེབས་ནས་བཟུང་འཐོར་ནས་ཡན་སྔརསྨོས་པའི་ཉིན་གཉིས་པ་ལྟར་ལ། འཐོར་ནས་བཞག་ནས། ཆོས་སྲུང་སྐོང་བ། ཆ་གསུམ། སྦྱིན་སྲེག་གི་ས་ཆོག །ཚོམ་བུ་སྟ་གོན། ཚོགས་སྐོང་ནས་བཀྲ་ཤིས་པར་ལས་གཞུང་ལྟར་བྱ། ཉིན་གསུམ་པ་ལ། འཐོར་ནས་ཡན་སྔར་ཉིན་གཉིས་པ་ལྟར། དེ་ནས་འཐོར་ནས་ཕེབས། དེ་མཚམས་མངའ་དབུལ་མན་སྔ་སོར་དངོས་སྟ་ཉིན་གཉིས་མའི་སྐབས་སུ་བཤད་པའི་ཉིན་གཉིས་པ་སོར་བཞག་བྱའོ། ། ༈ ཡང་ཉིན་གཅིག་ཏུ་བྱེད་ན། དཀྱིལ་འཁོར་གྱི་བཤམས་བཀོད་ཕལ་ཆེར་སྔར་སྨོས་པ་ལྟར་ལ། དམིགས་བསལ་ཁྲུས་བུམ་གཅིག་གིས་ཆོག །འདོད་ཆ། བརྒྱུད་འདེབས་ནས། རབ་གནས་ཀྱི་རྒྱས་གདབ། ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བར་སྟ་གོན་བཞིན་ལ། དེ་ནས་དབང་བསྐུར་བ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། སོགས་མན་དངོས་གཞི་སེར་བཞག་ལ་རྒྱས་པའི་སྦྱིན་སྲེག་མི་དགོས་སོ། །གཞན་འདོན་གདངས་དང་ཕྱག་ལེན་སོགས་ཕལ་ཆེར་མཆན་བུས་གསལ་བ་ལྟར་རོ། །དགེའོ།། །།སརྦ་དཱ་ལྱཱ་ཎཾ་བྷ་ཝ་ཏུ།། །།}} | སྭསྟི། རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ་དངོས་སྟ་ཉིན་གཉིས་མའི་དབང་དུ་བྱས་ན། ཐོག་རབ་བཅས་བཤམས་ནི། རྟེན་གྱི་མདུན་ནམ་གང་བ་དེར་སྒྲུབ་དཀྱིལ། རྣམ་རྒྱལ་དང་ལས་བུམ་དབང་རྫས་སོགས་ཚང་བར་བཤམས། དེའི་གཡས་སུ་ཁྲུས་དཀྱིལ་དཀར་པོ་པད་འདབ་བརྒྱད་ཀྱིས་མཚན་པའི་དབུས་སུ་མཉྫིར་ཁྲུས་གཞོང་དང་མེ་ལོང་། འདབ་མ་བརྒྱད་ལ་ཁྲུས་བུམ་བཅུད་ལྡན། དེའི་མདུན་དུ་རིན་པོ་ཆེའི་གཞོང་པ་མེ་ཏོག་གིས་བཀང་བར་དབུས་སུ། གཟུངས་བུམ་དྲི་བཟང་གི་ཆུས་གང་བའི་ཁར་མེ་ལོང་ལ་རྟེན་སྙིང་བྲིས་པ། དེའི་མདུན་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ། གུལ་ཡུངས་སོགས་སྦྱངས་ཆས། ཁྲུས་རས་དང་གོས་ཟུང་སོགས་ཁྲུས་ཀྱི་ཉེར་མཁོ། དབང་པོའི་སྐྱོན་བསལ་གྱི་ཐུར་མ་རྣས་དང་བཅས་པ་བཤམས། དཀྱིལ་འཁོར་གྱི་གཡོན་དུ་མངའ་དབུལ་གྱི་མཎྜལ། ཙཱ་རུའི་བཟའ་བ། དེའི་མཐའ་བསྐོར་དུ་མངའ་དབུལ་གྱི་ཙཀླི་དང་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ། རྡོར་དྲིལ། ཌཱ་རུ། ནང་མཆོད། ནས་ཟེག་སོགས་འདུ་བྱའོ། །ཆོག་དངོས་ལ། ། ༈ ཉིན་དང་པོར། ཆོས་སྤྱོད་རྒྱས་བསྡུས་གང་རིགས། ལས་བྱང་གི་བརྒྱུད་འདེབས་ནས་བཟླས་པའི་བར། བཟླས་པ་ཅི་ནུས་རྗེས། རྣམ་བུམ་སྒྲུབ་པ་ནི། རབ་གནས་རང་གཞུང་ལྟར་མདོར་བསྡུས་སམ། རྒྱས་པར། བདག་འཇུག་དབང་དོན་རྒྱ་མཚོ་ལས། ཤུ་ནྱ་ཏྭཱ་ཝས་སྦྱངས། སྟོངས་པའི་ངང་ལས་ནས་བུམ་པ་གང་བར་གྱུར་བར། རྩ་སྔགས་དང་། དབྱངས་གསལ། སུ་པྲ་ཏིཥྛ་རྣམས་སྦྲེལ་ནས་བཟླ། མཐར། བདག་མདུན་བུམ་པ་གསུམ་ཀ་ལ་དམིགས་ཏེ། རྡོ་རྗེ་ལྷ་མོ་བཅུ་དྲུག་གིས་མཆོད། ལས་གཞུང་གི་བསྟོད་པས་བསྟོད། ཡིག་བརྒྱ་ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་ཀུམ་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བརྗོད་ལས་རུམ་སྒྲུབ་པ། ལས་ཐས་ཅད་པ། ནས་རྡུལ་ཕྲ་རབ་ཏུ་གྱུར། བར་གཞུང་ལྟར། གཟུངས་ཁྲུས་ཀྱི་བུ་སྒྲུབ། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་མེ་ཏོག་མ། ས་དྷ་ནི་སྭཱ་ཧཱ། བར། འདི་ལ་རྟེན་སྙིང་བརྒྱ་རྩ་བཟླས། དེ་ནས་རྟེན་སྙིང་ཉེར་གཅིག་བར་ལས་རྡོར་གྱིས་རྟེན་རྙིང་བཀྲུ་བ་སོགས་བྱ། ཁྲུས་སྔགས་རྣས་བདུན་རེ། ཨ་བྷི་ཥེ་ཀ །བརྒྱ་རྩ། སྤྱན་མའི་སྔགས་ཉེར་གཅིག་མཐར། ཡིག་བརྒྱ། རྟེན་སྙིང་བཅས། སྦྱོང་རྫས་གཞུང་ལྟར་སྔགས། བདག་འཇུག་བསྡུས་པ། ཨོཾ་བཛྲ་ས་མ་ཡ་ཨོཾ། སོགས་རིག་པའི་མེ་ཏོག་དོར་བ་ཙམ་མམ། རྒྱས་པར་དབང་དོན་ལྟར་བྱ། དེ་ནས་མཆོད་དཔོན་གྱིས་ཞྭ་ལག་ཏུ་བཟུང་། རབ་ཏུ་གནས་བྱའི་རྟེན་རྣམས་ལ་ཞི་བའི་སྒོ་ནས་སྦྱོང་བ་གནང་བར་ཞུ། ཐམས་ཅད་ཀྱིས་རྡོར་དྲིལ་འཛིན་ཅིང་། ཨོཾ་སརྦ་བིགྷཱན། སོགས་ལན་གསུམ། ཡང་སྔར་བཞིན་ལ། ཕྱེད་མའི་སྒོ་ནས་སྦྱོང་བ་སོགས་ཞུ། ཐམས་ཅད་ཀྱིས་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ལ། སུམ་བྷ་སོགས་ལན་གསུམ། དྲག་པོའི་སྒོ་ནས་སྦྱོང་བ། སོགས་ཞུ། ཨོཾ་བཛྲ་ཀྲོ་ཏ་ནས། སུཾ་བྷའི་བར་གཞུང་བཞིན་ལ། ན་མོ་རྗེ་བཙུན་སོགས་ལན་གསུམ་གྱི་དང་པོ་གཉིས་ལ་སྦྱོང་གཏོར་དཀྱིལ་འཁོར་ནས་ཕྱིར་ཅུང་ཟད་སྐྱེལ། ཕྱི་མ་ལ་རོལ་ཆེན་དྲག་པོ་དང་བཅས་ཏེ་ཕྱིར་དོར། སློབ་དཔོན་གྱིས་ཡུངས་ཐུན་གུ་གུལ་བཅས། སུཾ་བྷ་བཟླ་བཞིན་པར་བགེགས་བསྐྲད་ལ་ཕེབས། སླར་འཁོར་ནས། མཆོད་དཔོན་གྱིས། གནས་བྱའི་རྟེན་དང་བདག་ཅག་ཡོན་མཆོད་མི་ཤེས་པ་སྦྱོང་བ་ལ་ཐུགས་གཏད་པར་ཞུ། ཞེས་ཞུས་ནས་ལས་སྔགས། ཨ་མྲྀ་ཏ་ནས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བར་གཞུང་ལྟར། ཡང་མཆོད་དཔོན་གྱིས། བདག་དང་སྦྱིན་པའི་བདག་པོའི་སྡིག་སྦྱོང་བ་ལ་ཐུགས་གཏད་པར་ཞུ། ཞེས་ཞུ། བདག་དང་སོགས་གཞུང་ལྟར། དེ་ནས་ཁྲུས་ཀྱི་བྱ་བ་ནི། བཅོམ་ལྡན་འདས་ནས། ཝ་སྟྲ་ཡེ་པྲ་ཏཱིཙྪ་སྭཱ་ཧཱ། བར་གཞུང་ལྟར་ལ། ཕྱག་ལེན་རྣམས་མཆན་བུ་དང་མཐོང་རྒྱུད་ལྟར་བྱ། འདི་མཚམས། དཔོན་སློབ་དཔོན་ཕྱོགས་ཐམས་ཅད་དུ་ལྟ་ཁྲུས་དགོས་ན་ཕེབས། སླར་ཚུར་འཁོར་བ་དང་། སེམས་ཅན་གང་དག་སོགས་བཀྲ་ཤིས་བརྗོད་རྟེན་བསྐྱེད། ཨོཾ་ཤུ་ནྱ་ཏཱ་ནས། ཨོཾ་ཙཀྲ་བཱརྟི་བྷྲཱུྃ། ཞེས་པའི་བར་གཞུང་ལྟར་རྟེན་གྱི་གཙོ་བོ་དར་སེར་ཕོས་དགག་པས། དེ་ནས། མ་མགོན་ལྕམ་དྲལ། གཟའ། ཚེ་རིང་མ་བཅས་གཏོར་འབུམ་མགོ་བར། ཕྱི་རོལ་ཏུ་ཆ་གསུམ་བཏང་། སྦྱིན་སྲེག་བྱེད་ན། སྦྱིན་སྲེག་གི་གནས་སུ་ས་ཆོག་བྱ། ནང་དུ་ལོག །སྦྱིན་སྲེག་གི་ཚེ་སྤྱན་དྲངས་རྒྱུའི་ཚོམ་བུ་སྟ་གོན་ལ། མཎྜལ་གྱི་ངོས་སུ་ལྷ་གནས་རྣམས་སུ་གཙོ་འཁོར་གྱི་སྔགས་སོ་སོར་བརྗོད་བཞི་ནང་པས་དྲིའི་ཐིག་ལེ་དང་ཚོ་བུ་བཀོད་ལ་དཀྱིལ་འཁོར་དུ་བཤམས། ཚོགས་བསྐང་ནས་སྨོན་ལམ་བཀྲ་ཤིས་བར་ལས་གཞུང་ལྟར་བྱའོ། ། ༈ ཉིན་གཉིས་པལ། ཆོས་སྤྱོད་ནས་བརྩམས་ཏེ། བུམ་པ་སྒྲུབ་པ་ཡན་ཉིན་དང་པོ་ལྟར་བྱ། །བདག་འཇུག་དབང་དོན་རྒྱ་མཚོ་ནས། ཇི་ལྟར་བལྟམས་པ་ནས། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། བར་གཞུང་ལྟར་མཐར། ཛཿཧཱུྃ་བྃ་ཧོཾཿ ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་རང་ལ་ཐིམ་པར་གྱུར། ཅེས་བརྗོད་ནས། སྤྱོད་པ་དང་། ཁྲུས་ཀྱི་བྱ་བ་སྟ་གོན་ལྟར་བྱ། དེ་ནས། གང་འདིར་བཅོམ་ལྡན་འདས། ནས། ཕངས་པ་མེད་པར་བཏང་བར་བྱ། བར་དོངས་གཞིའི་གཞུང་ལྟར། རྟེན་བསྐྱེད། ཤཱུནྱ་ཏཱ་ནས། ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཧོཿ བར་སྟ་གོན་ལྟར། དབང་བསྐུར་བ། རང་གི་སྙིང་གའི་ནས། རྣམ་པར་བྱོན་ནས་དེ་ལ་བཞུགས་བར་གྱུར། བར་དངོས་གཞིའི་གཞུང་ལྟར་ལ། སུ་པྲ་ཏིཥྛ། བརྒྱ་རྩ། བྷུ་ཁཾ། ལྔ་བཅུ། རྟེན་སྙིང་བརྒྱ་རྩ་སོགས་སྐབས་བསྟུན། ཤིས་བརྗོད། བྱང་ཆུབ་སྙིང་པོར་གཤེགས་པ། ནས། ཡེ་དྷརྨ་སོགས་ཀྱི་མཐར་མཐོར་ནས་ལ་ཕེབས། ཚུར་འཁོར་བ་དང་། མངར་དབུལ་གྱི། ཐུབ་དབང་མཆོད་གནས། སོགས་ནས། ཐེག་པ་ཆེན་པོའི་ལམ་ལ་གནས་པར་ཤོག །བར་གཞུང་ལྟར། དེ་ནས་ཙཱ་རུའི་བཟའ་བ་ལ་ཆབ་དྲན། བྱིན་གྱིས་བརླབས་ཚང་ནས་ལས་རྡོར་གྱི་རྟེན་གྱི་དྲུང་ཏུ་བཏེགས་ཞལ་རས་རོ་བརྒྱ། སོགས་ཀྱིས་འབུལ། ཕྱི་རོལ་ཏུ་རྒྱས་པའི་སྦྱིན་སྲེག་ཡག་ཆ་ཟུར་གསལ་ལྟར་བྱ། གལ་ཏེ་མ་གྲུབ་ན་ལྷག་ཆག་སྐོང་བའི་ཕྱིར་ཡིག་བརྒྱ་ཚར་ཁ་ཡར་འདོན་པ་ཕྱག་ལེན་དུ་སྣང་། ནང་དུ་ལོག་ནས་མཐའ་རྟེན་གྱི་བཀྲ་ཤིས། ཡེ་དྷརྨཱ་སོགས་ནས་ཚིགས་བཅད་ཚང་མ། གསོལ་ཁ་གཏོར་འབུལ་མགོ་བར། ཕྱི་རོལ་ཏུ་ཆ་གསུམ། ནང་དུ་ལོག་ལ་ཚོགས་སྐོང་ལྷག་མའི་བར། མ་མགོན་ལྕམ་བྲལ་གྱི་སྐོང་བར་ང་། །གནས་དེའི་སྲུང་མ་ལ་གཏོར་མ་ཕུལ། བཛྲ་རཀྵ་ཤཾ་ནས། རྒྱུན་མི་འཆད་པར་མཛོད་ཅིག །བར་གྱིས་སྲུང་མ་བསྒོ། ཚོགས་ཀྱི་ལྷག་མ་ནས་གཟུང་ཐུན་མཚམས་ཀྱི་ལྟར་ལྡང་བའི་བར་ལས་བྱང་ལྟར། གཏོར་རག་གི་མཆོད་བསྟོད་དང་བཤགས་པ་གཞུང་ལྟར་བྱ། ཡོན་བདག་གྲལ་ལ་འཁོད་པ་དང་། ཐོག་མར་ཙཱ་རུའི་བཟའ་བ་དང་། དེ་རྗེས་བསམ་ལྷུན་འདོད་ལ་མཆོད་ཡོན་ཐམས་ཅད་ལ་ཚོགས་དྲངས། ཡོན་བདག་བསྒོ་བ་དངོས་ཟུར་གསལ་དང་། རྟེན་ལ་མཆོད་པའི་བར་གཞུང་ལྟར་ལ། ཡོན་མཆོད་ཐམས་ཅད་ཀྱིས་སྨོན་ལམ་ཇི་ལྟར་རིགས་པ་གདབ་ནས་བཀྲ་ཤིས་རོལ་མོ་དང་བཅས་གྲོལ། དེ་ནས་བསྔོ་སྨོན་དང་། བཀྲ་ཤིས་ལས་བྱང་ལྟར་དང་། དོང་སྤྲུགས་སྨོན་ལམ་ཤིས་བརྗོད་སོགས་མཐའ་རྒྱས་སུ་བྱའོ། ། ༈ གལ་ཏེ་ཉིན་གསུམ་དུ་བྱེད་ན། ཉིན་དང་པོ་སྟ་གོན་འདྲ་བ་ལ་སྦྱིན་སྲེག་གིས་ཆོག་མི་བྱེད། གཉིས་པ་ལ་བརྒྱུད་འདེབས་ནས་བཟུང་འཐོར་ནས་ཡན་སྔརསྨོས་པའི་ཉིན་གཉིས་པ་ལྟར་ལ། འཐོར་ནས་བཞག་ནས། ཆོས་སྲུང་སྐོང་བ། ཆ་གསུམ། སྦྱིན་སྲེག་གི་ས་ཆོག །ཚོམ་བུ་སྟ་གོན། ཚོགས་སྐོང་ནས་བཀྲ་ཤིས་པར་ལས་གཞུང་ལྟར་བྱ། ཉིན་གསུམ་པ་ལ། འཐོར་ནས་ཡན་སྔར་ཉིན་གཉིས་པ་ལྟར། དེ་ནས་འཐོར་ནས་ཕེབས། དེ་མཚམས་མངའ་དབུལ་མན་སྔ་སོར་དངོས་སྟ་ཉིན་གཉིས་མའི་སྐབས་སུ་བཤད་པའི་ཉིན་གཉིས་པ་སོར་བཞག་བྱའོ། ། ༈ ཡང་ཉིན་གཅིག་ཏུ་བྱེད་ན། དཀྱིལ་འཁོར་གྱི་བཤམས་བཀོད་ཕལ་ཆེར་སྔར་སྨོས་པ་ལྟར་ལ། དམིགས་བསལ་ཁྲུས་བུམ་གཅིག་གིས་ཆོག །འདོད་ཆ། བརྒྱུད་འདེབས་ནས། རབ་གནས་ཀྱི་རྒྱས་གདབ། ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བར་སྟ་གོན་བཞིན་ལ། དེ་ནས་དབང་བསྐུར་བ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། སོགས་མན་དངོས་གཞི་སེར་བཞག་ལ་རྒྱས་པའི་སྦྱིན་སྲེག་མི་དགོས་སོ། །གཞན་འདོན་གདངས་དང་ཕྱག་ལེན་སོགས་ཕལ་ཆེར་མཆན་བུས་གསལ་བ་ལྟར་རོ། །དགེའོ།། །།སརྦ་དཱ་ལྱཱ་ཎཾ་བྷ་ཝ་ཏུ།། །།}} | ||
</onlyinclude> | </onlyinclude> |
Revision as of 15:21, 23 June 2021
ཀློང་ཆེན་སྙིང་ཏིག་གི་རབ་གནས་བཀྲ་ཤིས་འདོད་འཇོའི་ཕྱག་ལེན་རེག་ཟིག་ཉུང་གསལ།
Wylie title | klong chen snying tig gi rab gnas bkra shis 'dod 'jo'i phyag len reg zig nyung gsal | ![]() |
---|---|---|
Location | mkhyen brtse'i bka' 'bum Volume 16, sde tshan 22, Text 2, Pages (Folios to ) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | 'jam dbyangs mkhyen brtse'i dbang po. klong chen snying tig gi rab gnas bkra shis 'dod 'jo'i phyag len reg zig nyung gsal. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 16: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Consecration Rituals - rab gnas cho ga | |
Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) |
1 Texts in this Section (sde tshan or chos tshan)
2 | ཀློང་ཆེན་སྙིང་ཏིག་གི་རབ་གནས་བཀྲ་ཤིས་འདོད་འཇོའི་ཕྱག་ལེན་རེག་ཟིག་ཉུང་གསལ། klong chen snying tig gi rab gnas bkra shis 'dod 'jo'i phyag len reg zig nyung gsal
|
Text page View PDF |
[[|འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ()]] |