JKCL-KABUM-05-CA-008: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 5: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|jkcloutline=Six
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=005
|volumenumber=CA
|volnumtib=
|volyigtib=ཅ་
|totalvolumes=12
|beginfolioline=1a1
|textnuminvol=008
|textnuminvol=008
|pdflink=File:JKCL-KABUM-05-CA-008.pdf
|pdflink=File:JKCL-KABUM-05-CA-008.pdf

Revision as of 09:43, 8 December 2021

Wylie title JKCL-KABUM-05-CA-008.pdf
Location chos kyi blo gros bka' 'bum
Volume 5, Text 8, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: . Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs

1 Texts in this Section (sde tshan or chos tshan)

[edit]
བླ་མ་སྨྲ་བའི་སེངྒེ་ཡི། བསྐང་བ་དབྱངས་ཅན་ཐོལ་གླུ་བཞུགས། ཧཱུྃ་ཧྲཱིཿརང་བཞིན་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རང་སྣང་སྐུ་དང་ཡེ་ཤེས་བརྡལ་བ་ཆེ། །རང་རིག་སྐུ་གསུམ་ཀུན་མཁྱེན་བླ་མའི་དལ། །རང་བྱུང་རང་ཤར་ཀློང་ནས་གཤེགས་སུ་གསོལ། །ཀུན་གཞི་གནས་གྱུར་ཡེ་ཤེས་རོལ་པ་ལས། །ཀུན་འབྱུང་རྣམ་གྲོལ་གཟུངས་དང་ཏིང་འཛིན་འཕྲུལ། །ཀུན་ཏུ་གཟིགས་པའི་ཞིང་ཁམས་འབྱམས་ཀླས་པ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་རྣམ་པར་འཕྲོ། །མང་ཐོས་མཆོད་ཡོན་བསམ་བྱུང་ཞབས་བཀྲུ་བསིལ། །བྱང་སེམས་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་འཐུལ། །མཁྱེན་རྟོགས་སྣང་གསལ་ཤིན་སྦྱངས་དྲི་ཡི་མཆོག །ཏིང་འཛིན་ཞལ་ཟས་སྤོབས་པའི་ཆོས་རྔ་ལྡིར། །རྣམ་མང་ཤེས་པའི་འཇིག་རྟེན་མཎྜ་ལ། །མདོ་སྔགས་ཆོས་རབ་རྣམ་འབྱེད་རྟགས་བརྒྱད་དང་། །བཟོ་གསོས་རྗེས་འཛིན་རྣམ་བརྒྱད་བཀྲ་ཤིས་རྫས། །སྒྲ་ཚད་རྒོལ་འཇོམས་རྒྱལ་སྲིད་རིན་ཆེན་བདུན། །ལུང་རིགས་གདུགས་དཀར་གྲགས་སྙན་བ་དན་བསྒྲེང་། །ཚོགས་གཉིས་བླ་བྲེ་སྒྲུབ་པའི་རྒྱལ་མཚན་བརྟན། །བྱང་ཆུབ་ཕྱོགས་དང་ཟག་པ་མེད་ཆོས་ཀྱི། །ལམ་དང་འབྲས་བུའི་མངོན་པར་རྟོགས་པའི་ཚོགས། །བཅུ་དྲུག་ཟློས་གར་བསྒྱུར་བའི་རིག་མ་དང་། །ཕྱི་ནང་གསང་བ་དེ་ཉིད་མཆོད་སྤྲིན་གྱིས། །སྐུ་གསུམ་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང་། །སྐུ་བཞིའི་གོ་འཕང་མངོན་གྱུར་དངོས་གྲུབ་སྩོལ། །པཎ་ཆེན་སྨྲ་བའི་སེངྒེའི་ཐུགས་དམ༴། མཁྱེན་གཉིས་ཡེ་ཤེས་རྒྱས་པའི་དངོས་གྲུབ༴། རྗེ་བཙུན་བརྟན་པའི་འཁོར་ལོའི༴། ཚིག་དོན་ཕུལ་བྱུང་རྩོམ་པའི༴། འཕགས་མཆོག་ངག་གི་དབང་ཕྱུག༴། གཟུངས་ཀྱི་སྒོ་བཞི་བརྙེས་པའི༴། ཆོས་དབྱིངས་གསུང་གི་དབང་ཕྱུག༴། ལེགས་བཤད་ཐོགས་མེད་འཆད་པའི༴། དཔལ་ལྡན་རྡོ་རྗེ་རྣོན་པོའི༴། རྩོད་པས་ཕས་རྒོལ་ཚར་གཅོད༴། འཕགས་མ་རྡོ་རྗེ་དབྱངས་ཅན༴། མྱུར་བའི་བློ་གྲོས་རབ་འབར༴། རྒྱལ་ཡུམ་རིན་ཆེན་དབྱངས་ཅན༴། བརྟན་པའི་བློ་གྲོས་འགྱུར་མེད༴། མྱུར་མཛད་པདྨ་དབྱངས་ཅན༴། གཏིང་ཟབ་བློ་མཆོག་རྒྱ་མཚོའི༴། ཚངས་སྲས་ལས་ཀྱི་དབྱངས་ཅན༴། རྒྱ་ཆེན་བློ་གྲོས་རབ་ཡངས༴། སྒོ་སྲུང་རྒྱལ་ཆེན་སྡེ་བཞིའི༴། སྤོབས་པ་རབ་ཏུ་བརྟན་པའི༴། འཇམ་དཔལ་ཕ་རོལ་རྒོལ་འཇོམས༴། འཆི་བདག་བདུད་བཞི་འཇོམས་པའི་དངོས༴། ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར༴། རིག་སྔགས་བྱད་སྟེམ་ཚར་གཅོད༴། ལས་གཤིན་དམ་ཅན་ལྕམ་དྲལ་ཐུགས༴། ཞིང་བཅུ་ཚང་བའི་དགྲ་བགེགས་རྡུལ་དུ་རློགས། །བཀའ་གཏེར་ཆོས་སྲུང་རྒྱ་མཚོའི་ཐུགས་དམ་བསྐང་། །བར་ཆད་རྐྱེན་ཟློག་རྣམ་བཞིའི་ཕྲིན་ལས་སྒྲུབས། །འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྐང་། །མ་རིག་ལས་ཉོན་ཆོས་སྤངས་ལོག་ལྟ་སོགས། །གཉིས་འཛིན་སྒྲིབ་ཚོགས་ཀ་དག་ཀློང་དུ་བཤགས། །འཇིག་རྟེན་འཇིག་རྟེན་འདས་པའི་ཚེ་བསོད་དཔལ། །ཡེ་ཤེས་ཡོན་ཏན་གཟུངས་དྲན་ཏིང་ངེ་འཛིན། །བློ་གྲོས་མཆོག་གྲུབ་ཕྱོགས་ལས་རྣམ་པར་རྒྱལ། །བསྟན་པའི་སྣང་ཆེན་ཉིན་བྱེད་རབ་འབར་མཛོད། །སྐྱེ་བ་ཀུན་ཏུ་བླ་མ་ལྷག་པའི་ལྷས། །རྗེས་བཟུང་རྡོ་རྗེའི་ལམ་མཆོག་བདེ་བླག་བསྒྲོད། །སྒྲིབ་གསུམ་སྦུབས་བཅོམ་མཁྱེན་གཉིས་ཉི་འབུམ་བརྡལ། །ཀུན་མཁྱེན་འཇམ་པའི་རྡོ་རྗེ་མངོན་བྱེད་ཤོག །མདོ་སྔགས་ཡིད་གཞུང་ཨཱ་ནནྡ་མངྒས་གསུང་ངག་གླེགས་བམ་རྟེན་བཅས་བསྐུལ་བའི་ངོར། སྐྱེད་ཚལ་བླ་བྲང་ཀུན་གཟིགས་གཟིམ་དཀྱིལ་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྦྱར་བ་དགེ། །།
[edit]

bla ma smra ba'i seng+ge yi/__bskang ba dbyangs can thol glu bzhugs/__hU~M hrIHrang bzhin rnam dag spros bral chos kyi dbyings/__/rang snang sku dang ye shes brdal ba che/__/rang rig sku gsum kun mkhyen bla ma'i dal/__/rang byung rang shar klong nas gshegs su gsol/__/kun gzhi gnas gyur ye shes rol pa las/__/kun 'byung rnam grol gzungs dang ting 'dzin 'phrul/__/kun tu gzigs pa'i zhing khams 'byams klas pa/__/kun bzang mchod pa'i sprin chen rnam par 'phro/__/mang thos mchod yon bsam byung zhabs bkru bsil/__/byang sems me tog tshul khrims bdug spos 'thul/__/mkhyen rtogs snang gsal shin sbyangs dri yi mchog__/ting 'dzin zhal zas spobs pa'i chos rnga ldir/__/rnam mang shes pa'i 'jig rten maN+Da la/__/mdo sngags chos rab rnam 'byed rtags brgyad dang /__/bzo gsos rjes 'dzin rnam brgyad bkra shis rdzas/__/sgra tshad rgol 'joms rgyal srid rin chen bdun/__/lung rigs gdugs dkar grags snyan ba dan bsgreng /__/tshogs gnyis bla bre sgrub pa'i rgyal mtshan brtan/__/byang chub phyogs dang zag pa med chos kyi/__/lam dang 'bras bu'i mngon par rtogs pa'i tshogs/__/bcu drug zlos gar bsgyur ba'i rig ma dang /__/phyi nang gsang ba de nyid mchod sprin gyis/__/sku gsum bla ma'i lha tshogs thugs dam bskang /__/sku bzhi'i go 'phang mngon gyur dngos grub stsol/__/paN chen smra ba'i seng+ge'i thugs dam=/__mkhyen gnyis ye shes rgyas pa'i dngos grub=/__rje btsun brtan pa'i 'khor lo'i=/__tshig don phul byung rtsom pa'i=/__'phags mchog ngag gi dbang phyug=/__gzungs kyi sgo bzhi brnyes pa'i=/__chos dbyings gsung gi dbang phyug=/__legs bshad thogs med 'chad pa'i=/__dpal ldan rdo rje rnon po'i=/__rtsod pas phas rgol tshar gcod=/__'phags ma rdo rje dbyangs can=/__myur ba'i blo gros rab 'bar=/__rgyal yum rin chen dbyangs can=/__brtan pa'i blo gros 'gyur med=/__myur mdzad pad+ma dbyangs can=/__gting zab blo mchog rgya mtsho'i=/__tshangs sras las kyi dbyangs can=/__rgya chen blo gros rab yangs=/__sgo srung rgyal chen sde bzhi'i=/__spobs pa rab tu brtan pa'i=/__'jam dpal pha rol rgol 'joms=/__'chi bdag bdud bzhi 'joms pa'i dngos=/__khro rgyal rdo rje gtsug tor=/__rig sngags byad stem tshar gcod=/__las gshin dam can lcam dral thugs=/__zhing bcu tshang ba'i dgra bgegs rdul du rlogs/__/bka' gter chos srung rgya mtsho'i thugs dam bskang /__/bar chad rkyen zlog rnam bzhi'i phrin las sgrubs/__/'jam dpal sgyu 'phrul dra ba'i lha tshogs rnams/__/thugs dam gnyan po chos kyi dbyings su bskang /__/ma rig las nyon chos spangs log lta sogs/__/gnyis 'dzin sgrib tshogs ka dag klong du bshags/__/'jig rten 'jig rten 'das pa'i tshe bsod dpal/__/ye shes yon tan gzungs dran ting nge 'dzin/__/blo gros mchog grub phyogs las rnam par rgyal/__/bstan pa'i snang chen nyin byed rab 'bar mdzod/__/skye ba kun tu bla ma lhag pa'i lhas/__/rjes bzung rdo rje'i lam mchog bde blag bsgrod/__/sgrib gsum sbubs bcom mkhyen gnyis nyi 'bum brdal/__/kun mkhyen 'jam pa'i rdo rje mngon byed shog__/mdo sngags yid gzhung A nan+da mang+gas gsung ngag glegs bam rten bcas bskul ba'i ngor/__skyed tshal bla brang kun gzigs gzim dkyil du 'jam dbyangs blo gros rgya mtshos sbyar ba dge/__//_

Footnotes

Other Information