འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དངོས་གྲུབ་བསྐུལ་བ་ཡ་མཱནྟ་ཀའི་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-007
Wylie title 'jam dpal phyag rgya zil gnon gyi dngos grub bskul ba ya mAn+ta ka'i sgra dbyangs JKCL-KABUM-05-CA-007.pdf
Location chos kyi blo gros bka' 'bum
Volume 5, Text 7, Pages 147 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dpal phyag rgya zil gnon gyi dngos grub bskul ba ya mAn+ta ka'i sgra dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 147. Bir, H.P.: Khyentse Labrang, 2012.
Genre Invocations - bskul ba  ·  Sadhanas - Evocation Ritual - sgrub thabs
Deity 'jam dpal gshin rje
Colophon

ཅེས་པའང་དཔལ་ཡ་མཱནྟ་ཀའི་བསྙེན་སྒྲུབ་གྲུ་བྲ་པྲ་ན་དངོས་གྲུབ་བསྐུལ་བའི་སྨོན་ཚིག་ཏུ་བྲིས་པ་སརྦ་སིདྡྷི་རསྟུ། བཀྲ་ཤིས། ཞལ་བྲོ་དགེ་ལེགས་འཕེལ།

ces pa'ang dpal ya mAn+ta ka'i bsnyen sgrub gru bra pra na dngos grub bskul ba'i smon tshig tu bris pa sarba sid+d+hi rastu/__bkra shis/__zhal bro dge legs 'phel/

1 Texts in this Section (sde tshan or chos tshan)

[edit]
འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་དངོས་གྲུབ་བསྐུལ་བ་ཡ་མཱནྟ་ཀའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། ཨེ་མ་ཧོཿ རྩ་གསུམ་ཀུན་འདུས་བླ་མ་འཇམ་པའི་དབྱངས། །ཡེ་ཤེས་མཆོག་རྩོལ་བློ་ལྡན་མཆོག་སྲེད་དང་། །པདྨ་འོད་གསལ་མདོ་སྔགས་གླིང་པ་སོགས། །རིག་འཛིན་རྩ་བརྒྱུད་བླ་མ་དགོངས་སུ་གསོལ། ༡། བདག་ནི་རྡོ་རྗེའི་དམ་ཚིག་ལ་གནས་ཏེ། །རང་རིག་ཡེ་ནས་ལྷ་མཆོག་མཉྫུ་ཤྲཱི། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་ལྷུན་གྱིས་གྲུབ། །དེ་ཉིད་ལམ་ཁྱེད་ཕྱག་རྒྱ་ཐབས་ཤེས་ལྷ། ༢། གཤིན་རྗེའི་གཤེད་གྱུར་ཟིལ་གནོན་ཁྲོ་བོའི་རྒྱལ། །བསྙེན་སྒྲུབ་རྣམ་བཞིའི་མོས་པ་མཐར་ཕྱིན་པས། །བསྐལ་པ་སྔོན་ནས་འབྲེལ་བའི་ཡི་དམ་ལྷ། །ད་ལྟ་བདག་དང་འདུ་འབྲལ་མེད་པ་ཡི། ༣། དབྱིངས་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ། །ལས་བཞི་གྲུབ་པ་བརྒྱད་ཀྱི་དངོས་གྲུབ་སྩོལ། །མོས་པ་རྣམ་བཞིའི་དངོས་གྲུབ་སྩལ་དུ་གསོལ། །མདོར་ན་མཆོག་ཐུན་དངོས་གྲུབ་མྱུར་དུ་སྩོལ། ༤། དོ་ནུབ་ནམ་གྱི་ཕྱི་མཐར་ཉེ་བ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོའི་ནམ་ལངས་པར། ཟིལ་གནོན་དགྱེས་པའི་གསང་གསུམ་གྲུབ་པ་དང་། །དབྱེར་མེད་རྡོ་རྗེའི་སྐུ་མཆོག་སྒྲུབ་མཛོད་ཀྱི། ༥། ཅེས་པའང་དཔལ་ཡ་མཱནྟ་ཀའི་བསྙེན་སྒྲུབ་གྲུ་བྲ་པྲ་ན་དངོས་གྲུབ་བསྐུལ་བའི་སྨོན་ཚིག་ཏུ་བྲིས་པ་སརྦ་སིདྡྷི་རསྟུ། བཀྲ་ཤིས། ཞལ་བྲོ་དགེ་ལེགས་འཕེལ། །། །

Footnotes

Other Information