JKW-KABAB-10-THA-020: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-10-THA-020
No edit summary
m (Text replacement - "Khyentse Metadata" to "Text")
 
(3 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam mgon kong sprul]]. '' ''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 10: 1-. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|fulltitletib=སྲིད་པ་མ་མོ་སྒང་ཤར་གྱི་རྒྱུན་གྱི་ཕྲིན་ལས་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ།
|fulltitle=srid pa ma mo sgang shar gyi rgyun gyi phrin las snying por dril ba bde chen thig le
|citation=[['jam mgon kong sprul]]. ''srid pa ma mo sgang shar gyi rgyun gyi phrin las snying por dril ba bde chen thig le''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 10: 555-569. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
|collectiontitle=mkhyen brtse'i bka' babs
|collectiontitle=mkhyen brtse'i bka' babs
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|author='jam mgon kong sprul
|author='jam mgon kong sprul
|sourcerevealer=ra shag chen po chos 'bar; 'jam dbyangs mkhyen brtse'i dbang po
|sourcerevealer=ra shag chen po chos 'bar; 'jam dbyangs mkhyen brtse'i dbang po
|editor=rdzong sar blo gros phun tshogs
 
|authortib=འཇམ་མགོན་ཀོང་སྤྲུལ་
|authortib=འཇམ་མགོན་ཀོང་སྤྲུལ་
|sourcerevealertib=ར་ཤག་ཆེན་པོ་ཆོས་འབར་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|sourcerevealertib=ར་ཤག་ཆེན་པོ་ཆོས་འབར་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
|editortib=
|tibgenre=Lineage Supplications - brgyud 'debs
|tibgenre=Daily Practice - rgyun khyer, Activity Practices - las tshogs
|terma=Yes
|terma=Yes
|transmissiontype=yang gter - Rediscovered Treasure
|transmissiontype=yang gter - Rediscovered Treasure
Line 18: Line 20:
|cycletib=སྲིད་པ་མ་མོ་སྒང་ཤར་
|cycletib=སྲིད་པ་མ་མོ་སྒང་ཤར་
|language=Tibetan
|language=Tibetan
|rtzlink=Terdzo-KHI-040
|rtzlink=Terdzo-KHI-042
|volumenumber=010
|volumenumber=010
|volnumtib=༡༠
|volnumtib=༡༠
Line 24: Line 26:
|totalvolumes=22
|totalvolumes=22
|textnuminvol=020
|textnuminvol=020
|pagenumbers=555-569
|totalpages=15
|beginfolioline=1a
|endfolioline=8a3
|totalfolios=8
|multivolumework=No
|multivolumework=No
|versonotes=mkhyen brtse'i bka' babs
|versonotes=mkhyen brtse'i bka' babs
|colophontib=།འདིའང་ཟབ་ཅིང་ངོ་མཚར་ཉེར་མཁོའི་ཁྱད་པར་ཅན་ཏུ་སྣང་བས་རྒྱལ་དབང་པདྨའི་རྡོ་རྗེའི་གསུང་ལ་གོ་སླའི་མཚམས་སྦྱོར་དང་ཁ་འབར་དཀྱུས་སུ་བཙུད་ནས་ཟབ་ལུང་གཉིས་པ་རྫོང་དྲུག་འདུས་པའི་གནས་སུ་དུས་མཐའི་སྔགས་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།།
|colophonwylie='di'ang zab cing ngo mtshar nyer mkho'i khyad par can tu snang bas rgyal dbang pad+ma'i rdo rje'i gsung la go sla'i mtshams sbyor dang kha 'bar dkyus su btsud nas zab lung gnyis pa rdzong drug 'dus pa'i gnas su dus mtha'i sngags pa pad+ma gar dbang phrin las 'gro 'dul rtsal gyis bsdebs pa dge legs 'phel
|pdflink=File:JKW-KABAB-10-THA-020.pdf
|pdflink=File:JKW-KABAB-10-THA-020.pdf
}}
}}

Latest revision as of 14:44, 1 June 2024

Wylie title srid pa ma mo sgang shar gyi rgyun gyi phrin las snying por dril ba bde chen thig le JKW-KABAB-10-THA-020.pdf
Location mkhyen brtse'i bka' babs
Volume 10, Text 20, Pages 555-569 (Folios 1a to 8a3)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön ར་ཤག་ཆེན་པོ་ཆོས་འབར་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (ra shag chen po chos 'bar, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. srid pa ma mo sgang shar gyi rgyun gyi phrin las snying por dril ba bde chen thig le. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 10: 555-569. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Daily Practice - rgyun khyer  ·  Activity Practices - las tshogs
Cycle སྲིད་པ་མ་མོ་སྒང་ཤར་ (srid pa ma mo sgang shar)
Deity ma mo
Karchag page JKW-KABAB-Volume-10-THA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-KHI-042
Colophon

།འདིའང་ཟབ་ཅིང་ངོ་མཚར་ཉེར་མཁོའི་ཁྱད་པར་ཅན་ཏུ་སྣང་བས་རྒྱལ་དབང་པདྨའི་རྡོ་རྗེའི་གསུང་ལ་གོ་སླའི་མཚམས་སྦྱོར་དང་ཁ་འབར་དཀྱུས་སུ་བཙུད་ནས་ཟབ་ལུང་གཉིས་པ་རྫོང་དྲུག་འདུས་པའི་གནས་སུ་དུས་མཐའི་སྔགས་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།།

'di'ang zab cing ngo mtshar nyer mkho'i khyad par can tu snang bas rgyal dbang pad+ma'i rdo rje'i gsung la go sla'i mtshams sbyor dang kha 'bar dkyus su btsud nas zab lung gnyis pa rdzong drug 'dus pa'i gnas su dus mtha'i sngags pa pad+ma gar dbang phrin las 'gro 'dul rtsal gyis bsdebs pa dge legs 'phel

[edit]
༄༅། །སྲིད་པ་མ་མོ་སྒང་ཤར་གྱི་རྒྱུན་གྱི་ཕྲིན་ལས་སྙིང་པོར་དྲིལ་བ་བདེ་ཆེན་ཐིག་ལེ་ཞེས་བྱ་བ་བཞུགས་སོ།། འཁོར་འདས་དབྱིངས་སུ་མངོན་རྫོགས་དཔལ། །མཁའ་ཀློང་གསང་བར་བཅས་ལ་འདུད། །མ་མོའི་ཕྲིན་ལས་སྙིང་པོ་ནི། །པདྨའི་གསུང་ཉིད་རབ་གསལ་བྱ། །དབེན་པའི་གནས་སུ་དམ་ཚིག་གི་རྟེན་དང་ཕྲིན་ལས་ལ་མཁོ་བའི་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་འདུ་བྱས་ཏེ། ཕྲིན་ལས་དངོས་ལ་སྔོན་དངོས་རྗེས་གསུམ་གྱི་དང་པོ་སྔོན་འགྲོ་ནི། རྒྱུན་བཤགས་ཡན་ལག་བརྒྱད་པ་དང་ཚད་མེད་བཞི་སྤྱི་ལྟར་བྱ། མཚམས་གཅོད་ནི། ཧཱུྃ་ཧཱུྃ་ཧ་ཧེ་མ་ཕཊ་བྷྱོ། ཛྙཱ་ན་མ་ཏྲི་ཛྭ་ལ་མཎྜལ་ཕཊ་ཕཊ་ཧ་ལ་ཧཱུྃ་ཕཊ། ཧཱུྃ། མ་མོ་གསང་བའི་དཀྱིལ་འཁོར་འདིར། །གསང་བའི་དམ་ཅན་སོ་སོ་རྣམས། །འདུ་བ་ལ་ནི་མ་གཏོགས་པའི། །ཐམས་ཅད་འདས་ན་རྡུལ་ཕྲན་བཞིན། །ཡེ་ཤེས་མེ་ཡིས་སྲེག་པར་བྱེད། །འབར་འཕྲོ་འདུ་ཀློང་གསལ་བར་འཁྲིགས། །ཨེ་རྃ་ཕཊ་རྃ་ ཏྲག་རྃ་ ཁ་རྃ་བཛྲ་ཛྭ་ལ་རྃ། བཤགས་པ་ནི། ཨོཾ་བཛྲ་ས་མཱ་ཛཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་སོ་སོར་སྨིན། །དེ་ལྡོག་དོན་ཕྱིར་རྒྱལ་བའི་དམ་མནོས་ཀྱང༌། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་པས། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། བྱིན་འབེབས་ནི། ཨོཾ་ཧཱུྃ་ཨ་ལ་ལ་ཧོ༔ བྷ་ག་བཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབས་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་སྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །མ་མོ་གསང་བ་ལྷུན་གྲུབ་དཀྱིལ་འཁོར་འདིར། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །བཛྲ་ས་མ་ཡ་སིདྡྷི་ཕེཾ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཞིང༌། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། །མཆོད་པ་བྱིན་རླབས་ནི། རཾ་ཡཾ་ཁཾ་གིས་བསང་སྦྱང༌། བདུད་རྩི་ལ། བྷྲཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སཱུརྻ་ཙནྡྲ་པདྨ་མཎྜལ་ཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱྃ་ཧཱ། ཧ་ཧ་ཧ་ཧ་ཧ། ཨོཾ་བཛྲ་ལཾ་ཏེ་ཧ། ཧཱུྃ་བྷྲྀ་ས་མུ་ཧཾ་ཧ་སྭཱ་ཛྭ་ལ་པ་རཾ་ཧ། ཨཱ་བི་ཤ་སནྟི་ཧ། ཨཱ་བི་ཡཾ་ཡཾ་ཏེ་ཧ། བཛྲ་པདྨ་ཛཿཧཱུྃ་བཾ་ཧོཿཧྲཱིཿ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། བི་ཤུདྡྷེ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། དྷརྨ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ། རཀྟ་ལ། ཛྙཱ་ན་མ་ཏི་ཀྲོ་ཏི་ཕཊ། བཛྲ་བྷནྡྷ་བྷྲཱུྃ། མ་སཱུརྻ་མཎྜ་ལ། ར་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། གཏོར་མ་ལ། པདྨ་བ་ལིནྟ་བྷྲཱུྃ། ཨོཾ་ཨཱཿཧཱུྃ། བ་ལིནྟ་ཏེ་ཛོ་བ་ལིནྟ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཕྱི་མཆོད་ལ། ཨོཾ་བཛྲ་དཱི་བྱ་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་གཱིརྟི་ཨཱཿཧཱུྃ། ཞེས་སྔགས་རྒྱས་བརླབ་བོ། །གཉིས་པ་ལ་ཐོག་མར་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ་ཏིང་ངེ་འཛིན་གསུམ་ནི། ཧཱུྃ། མ་གཡོས་ཆོས་སྐུ་སྟོང་ཉིད་ལས། །སྙིང་རྗེའི་འོད་ཀྱིས་ཀུན་ཁྱབ་སྟེ། །དབྱིངས་ལས་ཐུགས་རྗེ་འབྱུང་ཚུལ་དུ། །འབྱུང་ལྔ་འདུས་པའི་ཡི་གེ་བསྒོམ། རྟེན་གཞལ་ཡས་ཁང་བསྐྱེད་པ། ཨེ་ཡཾ་ར་སུཾ་ཀེཾ་རཾ། རང་གྲོལ་རྟོག་པའི་ཕུང་པོ་ལ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ཏེ། །ཕྱི་ནང་མཁའ་ཀློང་རྣམ་པར་དག །སྣང་ལ་དངོས་མེད་ཡེ་ཤེས་འོད། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཙཀྲ་པདྨ་བྷནྡྷ་ཛྙཱ་ན་མཎྜ་ལ་བྷྲཱུྃ། བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང༌། །གྲུ་གསུམ་ཟླ་གམ་རྩིབས་བཞི་མཛེས། །པདྨ་བརྒྱད་དང་བཅུ་དྲུག་ལྡན། །སྒོ་ཁྱམས་དུར་ཁྲོད་དཀྱིལ་འཁོར་ལྡན། །གདན་གསུམ་བསྐྱེད་པ། །རཏྣ་ཙཀྲ། རིན་ཆེན་འཁོར་ལོ་རྩིབས་བརྒྱད་སྟེང༌། །དྲེགས་པ་ཕྱོགས་སྐྱོང་བསྣོལ་བ་ལ། །རྗེ་མོ་བཅུ་བཞི་མཁའ་ལྔ་ཀློང༌། །སྐུ་ལྔ་ཉི་ཟླ་པདྨའི་གདན། དེ་བ་པཱུརྞ་ཡཀྵ་ནཱ་ག་ཡ་མ་རུ་དྲ་ཏི་ར་བཾ། ཨ་ཀ་ཏ་ཀིཾ་ནི་ལ་བནྡྷ་ནན། སཱུརྻ་པདྨ་ཁ་རག་སྲིང་འགྲོ་ནན། མུ་ཏྲི་ཤན་ཏྲི་དན་ཏྲི་དུ་ཏྲི་ནན། ཀྲོ་ཏཱི་ཤྭ་རི་བྷ་ག་ཤཱནྟི་ནན། མུ་ཁ་ལེ་ཧ་ཧ་ཧ་ཧ་ཧ་ནན། བཛྲ་བུདྡྷ་རཏྣ་པདྨ་ཀརྨ། སཱུརྻ་ཙནྡྲ་པདྨ་མཎྜལ་ཨཿཧཱུྃ། རྒྱུ་ཞི་བ་བསྐྱེད་པ། ས་བོན་ཨ་ཧཱུྃ་རྡོར་དྲིལ་གྱུར། བཛྲ་གྷཱཎྜེ། ཆུབ་པ་ལྔ་ལས་སྐུ་བསྐྱེད་པ། །རྒྱུ་ཉིད་ཀུན་བཟང་མངོན་རྫོགས་དཔལ། །སྐུ་མདོག་དཀར་པོ་རྡོར་དྲིལ་བསྣམས། །ལོངས་སྤྱོད་ཆས་རྫོགས་བདེ་སྦྱོར་ཡུམ། །གཟུགས་དང་ཉིད་བཞི་བདེ་མཆོག་མ། །སྔོན་མོ་རྡོར་དྲིལ་འཛིན་པས་འཁྱུད། །ཞི་བའི་སྐུ་ལ་ཐུགས་རྗེ་ཅན། །ཆུ་ཟླ་བཞིན་ཏུ་གསལ་བར་བསྒོམ། ཨ་ཨ། བཛྲ་བྷ་དྲ་ས་མནྟ་ཨ། ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ཨ། མཁའ་གསང་རྡོ་རྗེ་པདྨ་སྦྱོར། བཛྲ་ཨེ། ཛཿཧཱུྃ་བཾ་ཧོཿ ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཀྱི་འོད་ཟེར་ལས། །རིགས་ལྔའི་སྐུ་ཤར་བདུད་རྩི་ཡིས། །སྲིད་གསུམ་འགྲོ་བའི་བག་ཆགས་བཀྲུས། །ཨ་ནྲྀ་སུ་ཏྲི་པྲེ་དུ་ཛྭ་ལ་རཾ། བི་ཤུདྡྷོ་྅ཧཾ། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ། ཚུར་འདུས་འོད་ཟེར་ཨ་དང་ཧཱུྃ། །ཉིད་ལ་ཐིམ་པས་རང་བཞིན་ཁྲོས། །དྲེགས་པ་དབང་དུ་བསྡུ་བའི་ཕྱིར། །ཁྲོ་ལ་ཁྲོས་པའི་ཡབ་ཡུམ་བསྒོམ། ཨ་ཧཱུྃ་སཾ་ཧ་ར་ཎ་ཧཱུྃ། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཉིད་ཞི་མུ་ཁ་ལེ་ཀྲོ་དྷཱི་ཤྭ་རི་ཧཱུྃ། མཐིང་ནག་འབར་བ་ཆེན་པོའི་སྐུ། །ཕྱག་གཉིས་རྡོ་རྗེ་དུང་ཁྲག་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །གར་གྱི་ཉམས་ལྡན་གཟི་བརྗིད་འབར། །ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས། །ཉིད་ཞི་བདེ་མཆོག་རང་འདྲར་སྦྱོར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །འཁོར་བསྐྱེད་ཕྱིར་མཁའ་གསང་བརླབ། བཛྲ་ཨེ། ཛཿཧཱུྃ་བཾ་ཧོཿ སྦྱོར་བས་བྱང་ཆུབ་སེམས་འཕྲོས་པས། །གནས་བརྒྱད་ལྷ་མཆོད་འགྲོ་དོན་བྱས། །སླར་འདུས་འོད་ཀྱི་ཐིག་ལེར་གནས། །འོད་ཀྱི་དྭངས་མ་ཡིག་འབྲུ་ལས། །ཡེ་ཤེས་ལྷ་ཡི་ཡུམ་དྲུག་བསྒོམ། ཧ་ཧ་ཧ་ཧ་ཧ། མ་ཧཱ་ལཾ་ཏེ་ཧ། གྷྲྀ་ས་མུ་ཧཾ་ཧ། བི་ཡཾ་ཡཾ་ཏེ་ཧ། བི་ཤ་སེན་ཏེ་ཧཿ ཛྭ་ལ་པ་རཾ་ཧ། བཛྲ་ཀྲོ་དྷཱི་ཤཱ་རི་བྷ་ག་པདྨ་རྒྱ་ཧཱུྃ། ཟླ་གམ་མདུན་དང་རྩིབས་བཞི་ལ། །ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ། །སེར་དཀར་ལྗང་དམར་སྔོ་བའི་མདོག །གཡས་གཡོན་རང་རྟགས་བྷནྡྷ་འཛིན། །མཆན་གཡས་སྲིད་པ་བདེ་འགྲོ་མཐིང༌། །འཁོར་ལོ་ཐོད་འཛིན་བཞེངས་པའི་སྟབས། །སྐྱེད་ཡུམ་བདེ་འགྲོར་སྙོམས་འཇུག་མཛད། བཛྲ་པདྨ། ཛཿཧཱུྃ་བཾ་ཧོཿ བཛྲ་ཤནྟིཾ་པདྨ་ཀུ་རུ་ཏི་བྷྱོ། །བདེ་འགྲོའི་ཐུགས་འོད་མཆན་གཡོན་འཕྲོས། །དཀར་མོ་ཉི་ཟླ་ཐོད་ཕྲེང་ནི། །དྲིལ་ཞགས་པདྨ་བྷནྡྷ་ཐོགས། །གདན་འོག་ལས་ཀྱི་མ་མོ་རྣམས། །བསྣུར་ཏེ་རང་རང་གནས་སུ་བཞག །ཨ་ཡཾ། ཐབས་དང་ཤེས་རབ་ས་བོན་དང༌། །རང་རང་མཚུངས་ལྡན་འོད་ཟེར་ལས། །བསྒོམ་བྱའི་མ་མོ་བཅུ་གསུམ་ལ། །དྲུག་ཅུ་རྩ་བརྒྱད་རྫོགས་པར་བསྒོམ། །བཛྲ་སཱུརྻ། བཛྲ་པདྨ། བཛྲ་ཁ་རག །བཛྲ་སྲིང་འགྲོ། ཨོཾ་མུ་ཏྲི། ཨ་ཤན་ཏྲི། བྷ་ག་དན་ཏྲི། ཁ་མུན་དུན་ཏྲི། བཛྲ་ཏ་ཀེཾ བཛྲ་ནི་ལ། བཛྲ་ལནྟ། འདབ་བརྒྱད་ཕྱོགས་བཞིར་ཁྲོས་མ་བཞི། །དཀར་སྔོ་དམར་ལྗང་གཡས་རང་རྟགས། །དགྱེས་སྡེ་མ་བཞི་ཕྱོགས་ཀྱི་ མདོག །ཞིང་དབྱུག་ཐོགས་པ་ལྷན་ཅིག་འཁོད། །མཚམས་སུ་སྦས་པའི་མ་མོ་བཞི། །རིགས་ཀྱི་མདོག་ཅན་གཡས་ཞིང་ཆུང༌། །ཀུན་ཀྱང་གཡོན་པས་ཐོད་ཁྲག་ཐོགས། །དུར་ཁྲོད་ཆས་རྫོགས་འདོར་ཐབས་བཞེངས། །བཛྲ་ཟ་རཾ་གྲཾ། ཏྲག་རཀྴ། རེ་མ་ཏི། བཛྲ་པདྨ། རཀྴ་ཀྲོ་དྷཱི་ཤྭ་རི། ཏྲཀྨོ། རཀྵ། ཧ་ར་ཏིང༌། དུནྟིཾ། ཤཱནྟིཾ། གྲུབ་ཏིཾ་བྷྱོ། པྲ་བན་ར་ཏི་སྟ། པྲ་གྷི་ཝཾ་གི། ཨ་ཏིང༌། པ་ཏིང༌། སུ་ཏིང༌། མུ་ཏིང༌། ཏེ་པཾ། ཨ་པ་ར་ལེནྟ། དྷ་ལ་དུན་ཏི། དྷ་ན་མ་མ་ཡ་ས་བྷྱོ། བཛྲ་རུ་ལུ་མ་མ་རཀྴ་བྷྱོ། རཏྣ་རུ་ལུ་མ་མ་ཡ་མ་བྷྱོ། པདྨ་རུ་ལུ་མ་མ་ནཱ་ག་ལེ་བྷྱོ། ཀརྨ་རུ་ལུ་མ་མ་ཡཀྴ་ཁ་རག་བྷྱོ། ཕྱི་རིམ་པདྨ་བཅུ་དྲུག་ལ། །ཤར་དུ་ཆགས་བྱེད་ཆ་སྙོམས་གཉིས། །ཤར་ལྷོར་ནམ་མཁའི་རྒྱལ་མོ་སྤུན། །ལྷོར་རུ་ཧར་ཏིཾ་ཀུན་གྲགས་མ། །ལྷོ་ནུབ་ཀུན་བཟང་དནྟིང་སྟེ། །ནུབ་ཏུ་ཀུན་གྲགས་ཡེ་ཤེས་མཆོག །ནུབ་བྱང་ཤཱནྟིཾ་འོད་གསལ་མ། །བྱང་དུ་གསལ་འཕྲོ་གཡུ་སྒྲོན་མ། །བྱང་ཤར་འདོད་ཁམས་གཙོ་མོ་གསུམ། །གྲུབ་ཏིང་ཨེ་ཀ་ཛཱ་ཊི་གཉིས། །འདོད་ཁམས་མེ་མཚམས་བར་མའི་མཆན། །གྲུ་ཆད་དམག་གི་རྒྱལ་མོ་བཞི། །ནང་གི་སྒོ་བཞིར་སྲིང་བཞི་སྟེ། །དེ་ལྟར་དམན་མོ་ཉེར་བརྒྱད་པོ། །རིགས་ཀྱི་ཁ་དོག་རང་རྟགས་ཀྱི། །མཚོན་ཆ་སྣ་ཚོགས་བནྡྷ་འཛིན། །མཛེས་པའི་ན་བཟའ་སྐུ་ལ་གསོལ། །ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད། །གདོན་འདུལ་འཇིགས་པའི་ཐོར་ཚུགས་ཅན། །ཕྱོགས་མདོག་རང་རྟགས་ཐོད་པ་སོགས། །ཞིང་ཆུང་གདན་ལ་གར་ཐབས་བཞེངས། །བདུན་ཅུ་རྩ་དྲུག་དཀྱིལ་འཁོར་ལྷ། །གསལ་སྟོང་ཆུ་ཟླ་ལྟ་བུར་བསྒོམ། །དབང་བསྐུར་བ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན། ཨཱ་དར་ཤ །ས་མཱ་ཏཱ། པྲ་ཏྱ་བེ་ཀྵ་ཎ། ཀྲྀ་ཏྱཱ་ནུཥྛཱ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། རིགས་ལྔས་དབང་བསྐུར་བདུད་རྩིའི་ཆུས། །ལུས་གང་ལྷག་མ་གྱེན་འཁྱིལ་བས། ཡུམ་དྲུག་རིགས་ལྔའི་ཧེ་རུ་ཀ །རྗེ་མོ་བཅུ་གསུམ་རྟག་རྒྱལ་ཡུམ། །དམན་མོ་ཉེར་བརྒྱད་བདེ་འགྲོ་མ། །དབང་ཕྱུག་རིགས་ཀྱི་མཚན་མས་བརྒྱན། །ཡེ་ཤེས་ཀྱི་འཁོར་ལོ་དྲང་བསྟིམ་ཕྱག་དང་དམ་བཅའ་བཟུང་བ་ལ། བཛྲ་ས་མ་ཡ་ཛ༔ ཧཱུྃ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ན། །རང་བྱུང་ཆེ་མཆོག་ཁྲོ་བོའི་སྐུར་བསྟན་པ། །དབྱིངས་ལས་སྤྲུལ་པའི་མ་ཚོགས་ལྷུན་གྱིས་གྲུབ། །གདུག་པ་འདུལ་ཕྱིར་འཁོར་བཅས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་ཧེ་རུ་ཀ་ཛྙཱ་ན་མཱ་ཏྲི་མ་ཧཱ་ཀུ་རུ་དྲྀ་ཤྱ་ཧོཿ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ དཔལ་ཆེན་བླ་མེད་ཧེ་རུ་ཀ །དབྱིངས་ལས་ཡེ་ཤེས་དམན་མོའི་ཚོགས། །ཞིང་བསྣོལ་ཞིང་རྐྱང་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །པྲ་བེ་ཤ་ཡ་ཕཊ། ཨཱ་བེ་ཤ་ཡ་ཨ། ཛྙཱ་ན་མཱ་ཏྲྀ། ཏཱི་པྟ་བཛྲ། ཆོས་ཉིད་རང་བྱུང་མཁའ་དབྱིངས་དག་པ་ནས། །འགགས་མེད་རང་བྱུང་ལོངས་སྤྱོད་རྫོགས་སྐུར་ཤར། །གདུལ་བྱའི་དབང་གིས་ཁྲོ་མོའི་སྐུར་བསྟན་པ། །ཤེས་རབ་ཡུམ་གྱི་ཚོགས་ལ་ཕྱག་འཚལ་ལོ། །ཨཏི་པཱུ་ཧོཿ པྲ་ཏི་པཱུ་ཧོཿ བདེ་གཤེགས་ཞལ་ནས་གསུངས་པ་ཡི། །རྩ་བ་ཡན་ལག་དམ་ཚིག་རྣམས། །རང་བཞིན་རྫོགས་པའི་ས་མ་ཡ། །མི་འདའ་བར་རུ་དམ་བཅའོ། །ས་མ་ཡ་ཧཱུྃ། ལས་ཀྱི་མ་མོ་རྣམས་ལྟ་སྤྱོད་ཀྱིས་དབང་དུ་བསྡུ་བའི་དགོངས་པ་གསལ་བཏབ་ལ། བྱང་ཆུབ་སེམས་ནི་ཡེ་ནས་དག །དེ་ལ་བསད་ཅིང་གཟུང་དུ་མེད། །རྟོགས་ན་མ་མོ་ལོག་ན་མེད། །མཁའ་ཀློང་རང་སེམས་ཁྱད་པར་ཡིན། །དྷརྨ་དྷཱ་ཏུ་ཨ། ཡེ་ཤེས་ཐུགས་རྗེའི་དཀྱིལ་འཁོར་དུ། །ཡུམ་དྲུག་ཆགས་པས་གདན་ཏུ་བཏིང༌། །མཚུངས་ལྡན་འོད་ཟེར་ལྕགས་ཀྱུ་ཡིས། །ཡེ་ཤེས་སྟོབས་ཀྱིས་ལས་དབང་མནན། ཀརྨ་རཀྨོ་ཏྲི་ཏི་སྟན་ན། ཏྲ་ཐ་ཕཊ་ནན། མ་ཧཱ་རཀྟ་ཙིཏྟ་སཾ་ཧ་ར་ཎ་ཧཱུྃ། ཧཱུྃ། ང་ནི་ཁྲག་འཐུང་ཁྲོ་བོའི་རྗེ། །སྡང་ངར་སྲིད་པའི་མ་མོ་འདུལ། །ཁྱེད་ཀྱི་སྙིང་ཁྲག་ང་ལ་ཡོད། །དེ་ལ་ལས་བཅོལ་ཁྱེད་ཀྱིས་སྒྲུབས། །ཛཿཧཱུྃ་ཏི་མ་མ་བྷྱོ་མ་མ་བྷྱོ། རུ་ལུ་ཏྲགྨོ་བྷྱོ། ཕྱག་རྒྱ་གར་མཆོད་ནི། ཧཱུྃ། ལག་གི་འདུ་བྱེད་བསྒོམ་པ་ནི། །ཡེ་ཤེས་ལྔ་ཡི་འཕྲོ་འདུ་ལས། །མཆོད་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཕྱག་རྒྱའི་མཆོད་པས་མཉེས་གྱུར་ཅིག །མུ་དྲ་པཱུ་ཛ་ཧོ༔ ཕྱི་མཆོད་ནི། བཛྲ་དཱི་བྱ། བཛྲ་དྷཱུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ །བཛྲ་གྷནྡྷེ། བཛྲ་ནཻ་བིདྱ་ཧཱུྃ། སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩྀ་འདི། །དཔལ་ཆེན་ཆེ་མཆོག་ཡབ་ཡུམ་དང༌། །མ་མོ་མཁའ་འགྲོའི་ཚོགས་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ཀྱི། །བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧི། དངོས་གྲུབ་བླངས་ལ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། གཏོར་མ་རཀྟ་སྦྱོར་སྒྲོལ་དོན་མཆོད་ནི། འདོད་ཡོན་མ་ཆགས་གཏོར་མ་དང༌། །རང་བྱུང་བདུད་རྩི་ཨ་མྲི་ཏ། །ཐུགས་རྗེ་ཆགས་པའི་རཀྟ་དང༌། །རྣམ་རྟོག་ཆོས་ཉིད་དབྱིངས་སུ་སྒྲོལ། །ཡུམ་ནི་ཆོས་ཀྱི་དབྱིངས་སུ་སྦྱར། སྐྱེ་མེད་ཆོས་ཀྱི་དབྱིངས་སུ་ཐིམ། མ་ཧཱ་བ་ལིཾ་ཏ། པཉྩ་ཨ་མྲི་ཏ། མ་ཧཱ་རཀྟ། ཏ་ན་ག་ཎ་པཱུ་ཛ་དྷཱརྨ་དྷཱ་ཏུ་ཨ། བཟླས་པ་ནི། གཙོ་བོར་འབྲུ་གསུམ་རླུང་དང་སྦྱར་བའི་རྡོར་བཟླས་ཅི་ནུས་བྱ། སྙིང་པོའང་དེ་ལྟར་གྲུབ་ན་ལེགས། ངག་བཟླས་སྤྲོ་ན། སྔགས་ཕྲེང་སྤྲོ་བསྡུ་རིམ་གསུམ་བྱས་ཀྱང་རུང་ལ། འདིའི་ཁྱད་ཆོས་ལུས་གནས་ཀྱི་རྩ་སོ་སོར་དྭངས་མའི་ཐིག་ལེ་མ་མོའི་ངོ་བོར་ཡེ་ནས་གནས་པ་རྣམས་དེ་དང་དེར་ངེས་ཤེས་བསྐྱེད། དེ་ལས་འོད་ཟེར་སྤྲོ་བསྡུ་བྱ། སྙིང་པོ་ནི། ཨོཾ་བཛྲ་བོ་དྷི་ཙིཏྟ་ས་མ་ཡ་ཧོཿ ཞེས་དང་ཕྲིན་ལས་ཆེན་མོ་ལྟར་བཟླས་ཀྱང་རུང༌། བསྟོད་པ་ནི། ཧཱུྃ། མཉམ་ཉིད་མི་གཡོ་བདེ་ཆེན་ཆོས་ཉིད་ལ། །ཡེ་ཤེས་ལྔ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ཀྱི་བདག །དཔལ་ཆེན་བདེ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་གའི་ཀློང༌། །དུས་གསུམ་བདེ་གཤེགས་འབྱུང་བ་ལྔ་ལས་བསྐྱེད། །སྐྱེ་འགྲོ་མ་ལུས་འབྱུང་བ་ལྔ་ལ་རྫོགས། །འདས་དང་མ་བྱོན་འབྱུང་བ་ལྔ་ཡི་དབྱིངས། །འབྱུང་བ་ལྔ་ཉིད་ཡུམ་གྱི་བྷ་གའི་ཀློང༌། །བདེ་ཆེན་ཡུམ་གྱི་ཀློང་ལ་ཕྱག་འཚལ་བསྟོད། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང༌། །འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། ཅེས་བརྗོད་ལ་ཡི་གེ་བརྒྱ་པས་ནོངས་པ་བཤགས་སོ། །གསུམ་པ་རྗེས་ཚོགས་མཆོད་སྤྲོ་ན། ཚོགས་རྫས་རྃ་ཡྃ་ཁྃ་གིས་སྦྱང༌། སྟོང་པའི་ངང་ལས་ཚོགས་གཞོང་བྷནྡྷ་འབར་བའི་སྣོད་དུ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་སོ་སོའི་ལྷ་མོའི་རོལ་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་འཕྲོ་བའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ཞིང༌། ཡི་གེ་གསུམ་ལན་གསུམ་བརྗོད་པས་བྱིན་བརླབ། །སྤྱན་དྲང་བ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་འབར་བའི་ཀློང་དཀྱིལ་ནས། །བཅོམ་ལྡན་ཆེ་མཆོག་ལྷུན་རྫོགས་རིགས་ཀྱི་གཙོ། །དབྱིངས་ཀྱི་ཡུམ་མཆོག་ཉིད་ཞི་མུ་ཁ་ལེ། །ཡང་གསང་སྦས་མ་དྲུག་གི་གཙོ་མོ་དང༌། །བདེ་འགྲོ་ལ་སོགས་ཡེ་ཤེས་མཁའ་འགྲོ་མ། །ཆགས་བྱེད་ལ་སོགས་སྲིད་པ་དམན་མོའི་འཁོར། །མ་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །རྣལ་འབྱོར་ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཛྙཱ་ན་མ་ཏྲི་མཎྜལ་ཨཱ་གད་ཚ་ཡ། དྲྀ་ཤྱ་ཧོཿ ཛཿཛཿཛཿ མཆོད་པ་ནི། ཧཱུྃ། དུར་ཁྲོད་དམར་སྨུག་བསྐལ་པའི་དཀྱིལ་འཁོར་ནས། །དབང་གི་དཀྱིལ་འཁོར་ཉིས་སྟོང་ཤར་བའི་འོད། །ཉིད་ཞི་ཁ་ལེ་བྷ་གའི་ཀློང་ལྔ་ནས། །རྟག་པའི་རྒྱལ་མོ་དབྱིངས་ཕྱུག་ཡུམ་རྣམས་དང༌། །ཡེ་ཤེས་མ་ཚོགས་ཕྲ་མེན་ཐོད་ཕྲེང་དང༌། །ཅི་བགྱིས་བཀའ་ཉན་སྲིད་པ་དམན་མོའི་ཚོགས། །བྷནྡྷ་སྣོད་བཅུད་དམར་ཆེན་བསྐྱིལ་བ་དང༌། །ཤ་ཆེན་མཁའ་ལྡིང་ཤེལ་སྒོང་གཟུགས་ཀྱི་མཆོག །སྨན་ཆེན་ལྔ་དང་ཚེ་དང་འདོད་ཡོན་ལྔ། །སྦྱོར་དང་སྒྲོལ་བའི་བདུད་རྩི་ཆེན་པོ་འདི། །མ་ཚོགས་ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ། །བཤགས་པ་ནི། ཧཱུྃ། རང་རིག་ཡེ་ནས་སྐྱེ་མེད་སྟོང་པའི་དལ། །འབྱུང་བ་ཡེ་ནས་མི་རྟོག་སྣ་ཚོགས་མ་མོའི་དལ། །རང་རིག་རང་བྱུང་ཡིན་པར་མ་ཤེས་པས། །མ་ཚོགས་སྤྱན་སྔར་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ཞེས་དང་ཡིག་བརྒྱ་བརྗོད། །བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུྃ་བིགྷྣཱཾ་ཛཿཧཱུྃ་བཾ་ཧོཿ ཧཱུྃ། ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་མཚོན་ཆེན་དཔལ་རྣོན་གྱིས། །ལོག་རྟོག་འཁོར་བ་རྒྱུན་བཅད་དོ། །མ་མ་ཏྲག་རཀྵ་ཆྒཻ་མཱ་ར་ཡ་ཤག་ཏི་རྦད། ཧཱུྃ། བཅོམ་ལྡན་དཔལ་ཆེན་ཡབ་ཡུམ་དང༌། །ཡེ་ཤེས་མ་མོ་མཁའ་འགྲོའི་ཚོགས། །ཞལ་ནི་ཧོམ་ཁུང་གདངས་བ་འདྲ། །ལྗགས་ནི་མེ་ལྕེ་འཁྱུག་པ་འདྲ། །མཆེ་བ་གངས་རི་གཏམས་པ་འདྲ། །དགྲ་བགེགས་བསྒྲལ་བའི་ཕུང་པོ་འདི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧཱི། མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། དེ་ནས་ནང་གི་ཚོགས་འཁོར་གྱི་ཚུལ་དུ་རོལ། ལྷག་མ། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབ། ཨེ་ཨཱ་རལླིས་མགྲོན་བཀུག་ལ། ཧཱུྃ། དབང་ཕྱུག་མ་སྲིང་མཁའ་འགྲོ་མ། །འབར་མ་གིང་དང་ཕོ་ཉ་དང༌། །མ་མོའི་བཀའ་སྲུང་དམ་ཅན་རྣམས། །འདིར་གཤེགས་ལྷག་མའི་མཆོད་པ་བཞེས། །སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཨོཾ་ཨུཙྪིཥྟ་བ་ལིནྟ་བྷཀྵ་སི་སྭཱ་ཧཱ། ཞེས་ཕྱི་རོལ་དུ་འབུལ། ཞེས་ཆོ་ག་མཆོད་བསྟོད་ཡོད་མེད་ཇི་ལྟར་བྱས་ཀྱང་ཆོག །བསྡུ་ལྡང་ནི། དག་པའི་འཁོར་ལོར་སྣོད་དང་བཅུད། །རིམ་གྱིས་གཞལ་ཡས་ཁང་ལ་བསྡུ། །དེ་ཡང་འོད་ཞུ་འཁོར་རྣམས་ལ། །འཁོར་རྣམས་འོད་ཞུ་བཙོ་བོར་ཐིམ། །གཙོ་བོ་ཉིད་ཞི་མུ་ཁ་ལེ། །ཀུན་གཞི་ཆོས་ཀྱི་དབྱིངས་སུ་བསྡུ། །སླར་ཡང་དཔལ་ཆེན་སྐུ་གསུང་ཐུགས། །འབྲུ་གསུམ་ཡེ་ཤེས་ཕྱག་རྒྱས་བསྲུང༌། །ཨོཾ་ཨཱཿཧཱུྃ། བསྔོ་སྨོན་ནི། ཧོཿ །མ་རྒྱུད་དཀྱིལ་འཁོར་བྱིན་རླབས་ཀྱིས། །དཀྱིལ་འཁོར་རྣམ་གསུམ་གསལ་བ་ཡི། །ཏིང་འཛིན་འབུམ་ཕྲག་དུ་མ་ལ། །དབང་ཐོབ་རང་གྲོལ་སངས་རྒྱས་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་ཤོག །ཤིས་བརྗོད་ནི། སྣོད་ཀྱི་འཇིག་རྟེན་མ་སྐྱེས་ཡུམ་གྱི་ཀློང༌། །བཅུད་ཀྱི་སེམས་ཅན་མ་འགག་ཡབ་ཀྱི་མཁའ། །གཉིས་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག །ཅེས་སོགས་རྒྱས་པར་བརྗོད་དོ། །འདིས་ཀྱང་གཟུང་འཛིན་རྟོག་འཁྲུལ་ཀུན། །མ་རྒྱུད་ཡེ་ཤེས་ཕྱག་རྒྱར་སད། །མངོན་རྫོགས་དབྱིངས་སུ་བྱང་ཆུབ་ནས། །ཟུང་འཇུག་དཀྱིལ་འཁོར་སྤྲོ་བྱེད་ཤོག །འདིའང་ཟབ་ཅིང་ངོ་མཚར་ཉེར་མཁོའི་ཁྱད་པར་ཅན་ཏུ་སྣང་བས་རྒྱལ་དབང་པདྨའི་རྡོ་རྗེའི་གསུང་ལ་གོ་སླའི་མཚམས་སྦྱོར་དང་ཁ་འབར་དཀྱུས་སུ་བཙུད་ནས་ཟབ་ལུང་གཉིས་པ་རྫོང་དྲུག་འདུས་པའི་གནས་སུ་དུས་མཐའི་སྔགས་པ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་བསྡེབས་པ་དགེ་ལེགས་འཕེལ།། །།
[edit]

@#/__/srid pa ma mo sgang shar gyi rgyun gyi phrin las snying por dril ba bde chen thig le zhes bya ba bzhugs so//__'khor 'das dbyings su mngon rdzogs dpal/__/mkha' klong gsang bar bcas la 'dud/__/ma mo'i phrin las snying po ni/__/pad+ma'i gsung nyid rab gsal bya/__/dben pa'i gnas su dam tshig gi rten dang phrin las la mkho ba'i gtor mchod tshogs kyi yo byad 'du byas te/__phrin las dngos la sngon dngos rjes gsum gyi dang po sngon 'gro ni/__rgyun bshags yan lag brgyad pa dang tshad med bzhi spyi ltar bya/__mtshams gcod ni/__hU~M hU~M ha he ma phaT b+h+yo/__dz+nyA na ma tri dz+wa la maN+Dal phaT phaT ha la hU~M phaT/__hU~M/__ma mo gsang ba'i dkyil 'khor 'dir/__/gsang ba'i dam can so so rnams/__/'du ba la ni ma gtogs pa'i/__/thams cad 'das na rdul phran bzhin/__/ye shes me yis sreg par byed/__/'bar 'phro 'du klong gsal bar 'khrigs/__/e ra~M phaT ra~M _trag ra~M _kha ra~M badz+ra dz+wa la ra~M/__bshags pa ni/__oM badz+ra sa mA dzaH__ye nas gnyis med chos skur dag pa la/__/ma rig dbang gis sgro dang skur btab ste/__/bde dang sdug bsngal sna tshogs so sor smin/__/de ldog don phyir rgyal ba'i dam mnos kyang*/__/bdag cag ma rig lus dang ngag sems kyis/__/bag med tshul gyis dam las 'gal gyur pas/__/rgyal ba 'khor bcas thugs dang ci 'gal ba/__/thugs rje che mnga' khyed la bzod par gsol/__byin 'bebs ni/__oM hU~M a la la ho:__b+ha ga bAn sa ma ya hoH__sa ma ya s+t+waM/__'phags mchog thugs rje'i dus la bab/__/khyad par bstan pa'i dus la bab/__/mthu rtsal dbyung ba'i dus la bab/__/byin gyis rlobs pa'i dus la bab/__/dbang mchog bskur ba'i dus la bab/__/dngos grub stsol ba'i dus la bab/__/mthu chen bdud 'dul bcom ldan 'das/__/byin chen byin phob bcom ldan 'das/__/dbang chen dbang skur bcom ldan 'das/__/dngos grub mchog stsol bcom ldan 'das/__/ma mo gsang ba lhun grub dkyil 'khor 'dir/__/bdag cag las kyi 'bras bu mchis par mdzod/__/badz+ra sa ma ya sid+d+hi pheM/__rol mo sna tshogs kyi sgra sbyar zhing*/__hU~M hU~M hU~M hU~M gis byin bsdu/__/mchod pa byin rlabs ni/__raM yaM khaM gis bsang sbyang*/__bdud rtsi la/__b+h+rU~M b+h+rU~M bi shwa bi shud+d+he sUr+Ya tsan+d+ra pad+ma maN+Dal hU~M/__oM hU~M swA A~M hA/__ha ha ha ha ha/__oM badz+ra laM te ha/__hU~M b+hr-i sa mu haM ha swA dz+wa la pa raM ha/__A bi sha san+ti ha/__A bi yaM yaM te ha/__badz+ra pad+ma dzaHhU~M baM hoHhrIH__oM AHhU~M swA hA/__badz+ra a mr-i ta hU~M hrIHThA/__bi shud+d+he a mr-i ta hU~M hrIHThA/__d+harma a mr-i ta hU~M hrIHThA/__rak+ta la/__dz+nyA na ma ti kro ti phaT/__badz+ra b+han+d+ha b+h+rU~M/__ma sUr+Ya maN+Da la/__ra ma hA rak+ta dz+wa la maN+Da la hU~M/__gtor ma la/__pad+ma ba lin+ta b+h+rU~M/__oM AHhU~M/__ba lin+ta te dzo ba lin+ta gu h+ya sa ma ye swA hA/__phyi mchod la/__oM badz+ra dI bya d+hU pe puSh+pe A lo ke gan+d+he nai bid+ya gIrti AHhU~M/__zhes sngags rgyas brlab bo/__/gnyis pa la thog mar dam tshig gi dkyil 'khor bskyed pa la ting nge 'dzin gsum ni/__hU~M/__ma g.yos chos sku stong nyid las/__/snying rje'i 'od kyis kun khyab ste/__/dbyings las thugs rje 'byung tshul du/__/'byung lnga 'dus pa'i yi ge bsgom/__rten gzhal yas khang bskyed pa/__e yaM ra suM keM raM/__rang grol rtog pa'i phung po la/__/rang byung ye shes dkyil 'khor te/__/phyi nang mkha' klong rnam par dag__/snang la dngos med ye shes 'od/__/b+h+rU~M bi shwa bi shud+d+he badz+ra tsakra pad+ma b+han+d+ha dz+nyA na maN+Da la b+h+rU~M/__b+h+rU~M las rin chen gzhal yas khang*/__/gru gsum zla gam rtsibs bzhi mdzes/__/pad+ma brgyad dang bcu drug ldan/__/sgo khyams dur khrod dkyil 'khor ldan/__/gdan gsum bskyed pa/__/rat+na tsakra/__rin chen 'khor lo rtsibs brgyad steng*/__/dregs pa phyogs skyong bsnol ba la/__/rje mo bcu bzhi mkha' lnga klong*/__/sku lnga nyi zla pad+ma'i gdan/__de ba pUr+Na yak+Sha nA ga ya ma ru dra ti ra baM/__a ka ta kiM ni la ban+d+ha nan/__sUr+Ya pad+ma kha rag sring 'gro nan/__mu tri shan tri dan tri du tri nan/__kro tI shwa ri b+ha ga shAn+ti nan/__mu kha le ha ha ha ha ha nan/__badz+ra bud+d+ha rat+na pad+ma karma/__sUr+Ya tsan+d+ra pad+ma maN+Dal aHhU~M/__rgyu zhi ba bskyed pa/__sa bon a hU~M rdor dril gyur/__badz+ra g+hAN+De/__chub pa lnga las sku bskyed pa/__/rgyu nyid kun bzang mngon rdzogs dpal/__/sku mdog dkar po rdor dril bsnams/__/longs spyod chas rdzogs bde sbyor yum/__/gzugs dang nyid bzhi bde mchog ma/__/sngon mo rdor dril 'dzin pas 'khyud/__/zhi ba'i sku la thugs rje can/__/chu zla bzhin tu gsal bar bsgom/__a a/__badz+ra b+ha dra sa man+ta a/__hU~M hU~M/__badz+ra tsit+ta a/__mkha' gsang rdo rje pad+ma sbyor/__badz+ra e/__dzaHhU~M baM hoH__thabs dang shes rab gnyis med pa'i/__/byang chub sems kyi 'od zer las/__/rigs lnga'i sku shar bdud rtsi yis/__/srid gsum 'gro ba'i bag chags bkrus/__/a nr-i su tri pre du dz+wa la raM/__bi shud+d+ho \u0f85haM/__'bras bu'i he ru ka bskyed pa/__tshur 'dus 'od zer a dang hU~M/__/nyid la thim pas rang bzhin khros/__/dregs pa dbang du bsdu ba'i phyir/__/khro la khros pa'i yab yum bsgom/__a hU~M saM ha ra Na hU~M/__oM badz+ra ma hA shrI he ru ka hU~M/__nyid zhi mu kha le kro d+hI shwa ri hU~M/__mthing nag 'bar ba chen po'i sku/__/phyag gnyis rdo rje dung khrag bsnams/__/dpal dang dur khrod chas kyis brgyan/__/gar gyi nyams ldan gzi brjid 'bar/__/zhabs gnyis brkyang bskum rol pa'i stabs/__/nyid zhi bde mchog rang 'drar sbyor/__/ye shes me dpung klong na bzhugs/__/'khor bskyed phyir mkha' gsang brlab/__badz+ra e/__dzaHhU~M baM hoH__sbyor bas byang chub sems 'phros pas/__/gnas brgyad lha mchod 'gro don byas/__/slar 'dus 'od kyi thig ler gnas/__/'od kyi dwangs ma yig 'bru las/__/ye shes lha yi yum drug bsgom/__ha ha ha ha ha/__ma hA laM te ha/__g+hr-i sa mu haM ha/__bi yaM yaM te ha/__bi sha sen te haH__dz+wa la pa raM ha/__badz+ra kro d+hI shA ri b+ha ga pad+ma rgya hU~M/__zla gam mdun dang rtsibs bzhi la/__/yum chen rtag pa'i rgyal mo lnga/__/ser dkar ljang dmar sngo ba'i mdog__/g.yas g.yon rang rtags b+han+d+ha 'dzin/__/mchan g.yas srid pa bde 'gro mthing*/__/'khor lo thod 'dzin bzhengs pa'i stabs/__/skyed yum bde 'gror snyoms 'jug mdzad/__badz+ra pad+ma/__dzaHhU~M baM hoH__badz+ra shan+tiM pad+ma ku ru ti b+h+yo/__/bde 'gro'i thugs 'od mchan g.yon 'phros/__/dkar mo nyi zla thod phreng ni/__/dril zhags pad+ma b+han+d+ha thogs/__/gdan 'og las kyi ma mo rnams/__/bsnur te rang rang gnas su bzhag__/a yaM/__thabs dang shes rab sa bon dang*/__/rang rang mtshungs ldan 'od zer las/__/bsgom bya'i ma mo bcu gsum la/__/drug cu rtsa brgyad rdzogs par bsgom/__/badz+ra sUr+Ya/__badz+ra pad+ma/__badz+ra kha rag__/badz+ra sring 'gro/__oM mu tri/__a shan tri/__b+ha ga dan tri/__kha mun dun tri/__badz+ra ta keM__badz+ra ni la/__badz+ra lan+ta/__'dab brgyad phyogs bzhir khros ma bzhi/__/dkar sngo dmar ljang g.yas rang rtags/__/dgyes sde ma bzhi phyogs kyi _mdog__/zhing dbyug thogs pa lhan cig 'khod/__/mtshams su sbas pa'i ma mo bzhi/__/rigs kyi mdog can g.yas zhing chung*/__/kun kyang g.yon pas thod khrag thogs/__/dur khrod chas rdzogs 'dor thabs bzhengs/__/badz+ra za raM graM/__trag rak+sha/__re ma ti/__badz+ra pad+ma/__rak+sha kro d+hI shwa ri/__trak+mo/__rak+Sha/__ha ra ting*/__dun+tiM/__shAn+tiM/__grub tiM b+h+yo/__pra ban ra ti sta/__pra g+hi waM gi/__a ting*/__pa ting*/__su ting*/__mu ting*/__te paM/__a pa ra len+ta/__d+ha la dun ti/__d+ha na ma ma ya sa b+h+yo/__badz+ra ru lu ma ma rak+sha b+h+yo/__rat+na ru lu ma ma ya ma b+h+yo/__pad+ma ru lu ma ma nA ga le b+h+yo/__karma ru lu ma ma yak+sha kha rag b+h+yo/__phyi rim pad+ma bcu drug la/__/shar du chags byed cha snyoms gnyis/__/shar lhor nam mkha'i rgyal mo spun/__/lhor ru har tiM kun grags ma/__/lho nub kun bzang dan+ting ste/__/nub tu kun grags ye shes mchog__/nub byang shAn+tiM 'od gsal ma/__/byang du gsal 'phro g.yu sgron ma/__/byang shar 'dod khams gtso mo gsum/__/grub ting e ka dzA Ti gnyis/__/'dod khams me mtshams bar ma'i mchan/__/gru chad dmag gi rgyal mo bzhi/__/nang gi sgo bzhir sring bzhi ste/__/de ltar dman mo nyer brgyad po/__/rigs kyi kha dog rang rtags kyi/__/mtshon cha sna tshogs ban+d+ha 'dzin/__/mdzes pa'i na bza' sku la gsol/__/phyi khyams dbang phyug nyi shu brgyad/__/gdon 'dul 'jigs pa'i thor tshugs can/__/phyogs mdog rang rtags thod pa sogs/__/zhing chung gdan la gar thabs bzhengs/__/bdun cu rtsa drug dkyil 'khor lha/__/gsal stong chu zla lta bur bsgom/__/dbang bskur ba ni/__oM ma hA shU n+ya tA dz+nyA na/__A dar sha__/sa mA tA/__pra t+ya be k+Sha Na/__kr-i t+yA nuSh+ThA na dz+nyA na badz+ra swa b+hA ba At+ma ko\u0f85ha~M/__rigs lngas dbang bskur bdud rtsi'i chus/__/lus gang lhag ma gyen 'khyil bas/__yum drug rigs lnga'i he ru ka__/rje mo bcu gsum rtag rgyal yum/__/dman mo nyer brgyad bde 'gro ma/__/dbang phyug rigs kyi mtshan mas brgyan/__/ye shes kyi 'khor lo drang bstim phyag dang dam bca' bzung ba la/__badz+ra sa ma ya dza:__hU~M/__don dam byang chub sems kyi dkyil 'khor na/__/rang byung che mchog khro bo'i skur bstan pa/__/dbyings las sprul pa'i ma tshogs lhun gyis grub/__/gdug pa 'dul phyir 'khor bcas gshegs su gsol/__/oM e h+ye hi shrI he ru ka dz+nyA na mA tri ma hA ku ru dr-i sh+ya hoH__sa ma ya dzaHhU~M baM hoH__dpal chen bla med he ru ka__/dbyings las ye shes dman mo'i tshogs/__/zhing bsnol zhing rkyang gdan steng du/__/dgyes shing brtan par bzhugs su gsol/__/pra be sha ya phaT/__A be sha ya a/__dz+nyA na mA tr-i/__tI p+ta badz+ra/__chos nyid rang byung mkha' dbyings dag pa nas/__/'gags med rang byung longs spyod rdzogs skur shar/__/gdul bya'i dbang gis khro mo'i skur bstan pa/__/shes rab yum gyi tshogs la phyag 'tshal lo/__/ati pU hoH__pra ti pU hoH__bde gshegs zhal nas gsungs pa yi/__/rtsa ba yan lag dam tshig rnams/__/rang bzhin rdzogs pa'i sa ma ya/__/mi 'da' bar ru dam bca'o/__/sa ma ya hU~M/__las kyi ma mo rnams lta spyod kyis dbang du bsdu ba'i dgongs pa gsal btab la/__byang chub sems ni ye nas dag__/de la bsad cing gzung du med/__/rtogs na ma mo log na med/__/mkha' klong rang sems khyad par yin/__/d+harma d+hA tu a/__ye shes thugs rje'i dkyil 'khor du/__/yum drug chags pas gdan tu bting*/__/mtshungs ldan 'od zer lcags kyu yis/__/ye shes stobs kyis las dbang mnan/__karma rak+mo tri ti stan na/__tra tha phaT nan/__ma hA rak+ta tsit+ta saM ha ra Na hU~M/__hU~M/__nga ni khrag 'thung khro bo'i rje/__/sdang ngar srid pa'i ma mo 'dul/__/khyed kyi snying khrag nga la yod/__/de la las bcol khyed kyis sgrubs/__/dzaHhU~M ti ma ma b+h+yo ma ma b+h+yo/__ru lu trag+mo b+h+yo/__phyag rgya gar mchod ni/__hU~M/__lag gi 'du byed bsgom pa ni/__/ye shes lnga yi 'phro 'du las/__/mchod pa'i 'od zer phyogs bcur 'phro/__/phyag rgya'i mchod pas mnyes gyur cig__/mu dra pU dza ho:__phyi mchod ni/__badz+ra dI bya/__badz+ra d+hU pe/__badz+ra puSh+pe/__badz+ra A lo ke__/badz+ra g+han+d+he/__badz+ra nai bid+ya hU~M/__sman mchod ni/__hU~M/__rang byung gdod nas rnam par dag__/rtsa brgyad stong la sbyar ba'i sman/__/rigs lnga dam tshig lnga yi dngos/__/ye shes lnga rdzogs grub pa'i rdzas/__/rgyud lnga'i sems can kun sgrol phyir/__/dug lnga sel ba'i bdud rts-i 'di/__/dpal chen che mchog yab yum dang*/__/ma mo mkha' 'gro'i tshogs rnams la/__/bdag cag dad pas 'bul lags kyi/__/bzhes te 'phrul gyi dngos grub stsol/__/sarba pany+tsa a mri ta khA hi/__dngos grub blangs la/__kA ya sid+d+hi oM/__wA ka sid+d+hi AH__tsit+ta sid+d+hi hU~M/__gtor ma rak+ta sbyor sgrol don mchod ni/__'dod yon ma chags gtor ma dang*/__/rang byung bdud rtsi a mri ta/__/thugs rje chags pa'i rak+ta dang*/__/rnam rtog chos nyid dbyings su sgrol/__/yum ni chos kyi dbyings su sbyar/__skye med chos kyi dbyings su thim/__ma hA ba liM ta/__pany+tsa a mri ta/__ma hA rak+ta/__ta na ga Na pU dza d+hArma d+hA tu a/__bzlas pa ni/__gtso bor 'bru gsum rlung dang sbyar ba'i rdor bzlas ci nus bya/__snying po'ang de ltar grub na legs/__ngag bzlas spro na/__sngags phreng spro bsdu rim gsum byas kyang rung la/__'di'i khyad chos lus gnas kyi rtsa so sor dwangs ma'i thig le ma mo'i ngo bor ye nas gnas pa rnams de dang der nges shes bskyed/__de las 'od zer spro bsdu bya/__snying po ni/__oM badz+ra bo d+hi tsit+ta sa ma ya hoH__zhes dang phrin las chen mo ltar bzlas kyang rung*/__bstod pa ni/__hU~M/__mnyam nyid mi g.yo bde chen chos nyid la/__/ye shes lnga rdzogs sku lnga lhun gyis grub/__/sku gsung yon tan phrin las thugs kyi bdag__/dpal chen bde mchog dpal la phyag 'tshal bstod/__/hU~M/__snang srid thams cad yum gyi b+ha ga'i klong*/__/dus gsum bde gshegs 'byung ba lnga las bskyed/__/skye 'gro ma lus 'byung ba lnga la rdzogs/__/'das dang ma byon 'byung ba lnga yi dbyings/__/'byung ba lnga nyid yum gyi b+ha ga'i klong*/__/bde chen yum gyi klong la phyag 'tshal bstod/__/nam mkha'i lus can gar yang thogs med cing*/__/'dod rgur sgyur ba'i gzugs can 'phrul mo che/__/ma sring byams pa'i tshul gyis grogs mdzad ma/__/phyi nang mkha' 'gro'i tshogs la phyag 'tshal bstod/__ces brjod la yi ge brgya pas nongs pa bshags so/__/gsum pa rjes tshogs mchod spro na/__tshogs rdzas ra~M ya~M kha~M gis sbyang*/__stong pa'i ngang las tshogs gzhong b+han+d+ha 'bar ba'i snod du tshogs rdzas ye shes kyi bdud rtsi 'dod yon gyi rnam pa ma tshang ba med pa so so'i lha mo'i rol pa bsam gyis mi khyab pa'i sprin 'phro ba'i longs spyod kyi gter du gyur par bsam zhing*/__yi ge gsum lan gsum brjod pas byin brlab/__/spyan drang ba ni/__hU~M/__dur khrod chen po 'bar ba'i klong dkyil nas/__/bcom ldan che mchog lhun rdzogs rigs kyi gtso/__/dbyings kyi yum mchog nyid zhi mu kha le/__/yang gsang sbas ma drug gi gtso mo dang*/__/bde 'gro la sogs ye shes mkha' 'gro ma/__/chags byed la sogs srid pa dman mo'i 'khor/__/ma srin la sogs dbang phyug nyi shu brgyad/__/rnal 'byor longs spyod tshogs la gshegs su gsol/__/dzaHhU~M ba~M hoH__dz+nyA na ma tri maN+Dal A gad tsha ya/__dr-i sh+ya hoH__dzaHdzaHdzaH__mchod pa ni/__hU~M/__dur khrod dmar smug bskal pa'i dkyil 'khor nas/__/dbang gi dkyil 'khor nyis stong shar ba'i 'od/__/nyid zhi kha le b+ha ga'i klong lnga nas/__/rtag pa'i rgyal mo dbyings phyug yum rnams dang*/__/ye shes ma tshogs phra men thod phreng dang*/__/ci bgyis bka' nyan srid pa dman mo'i tshogs/__/b+han+d+ha snod bcud dmar chen bskyil ba dang*/__/sha chen mkha' lding shel sgong gzugs kyi mchog__/sman chen lnga dang tshe dang 'dod yon lnga/__/sbyor dang sgrol ba'i bdud rtsi chen po 'di/__/ma tshogs thugs dam bskang phyir bzhes su gsol/__/bshags pa ni/__hU~M/__rang rig ye nas skye med stong pa'i dal/__/'byung ba ye nas mi rtog sna tshogs ma mo'i dal/__/rang rig rang byung yin par ma shes pas/__/ma tshogs spyan sngar 'gyod pa'i sems kyis mthol lo bshags/__/zhes dang yig brgya brjod/__/bsgral bstab ni/__e nr-i tri sarba sha trU~M big+h+nAM dzaHhU~M baM hoH__hU~M/__nga ni dus gsum bzhugs pa yi/__/sangs rgyas kun gyi ye shes sku/__/ye shes mtshon chen dpal rnon gyis/__/log rtog 'khor ba rgyun bcad do/__/ma ma trag rak+Sha ch+gai mA ra ya shag ti rbad/__hU~M/__bcom ldan dpal chen yab yum dang*/__/ye shes ma mo mkha' 'gro'i tshogs/__/zhal ni hom khung gdangs ba 'dra/__/ljags ni me lce 'khyug pa 'dra/__/mche ba gangs ri gtams pa 'dra/__/dgra bgegs bsgral ba'i phung po 'di/__/zhal du bstab bo kha raM khA hI/__ma hA mAM sa khA hi/__ma hA rak+ta khA hi/__ma hA tsit+ta khA hi/__ma hA ba su ta kha hi/__ma hA go ro tsa na khA hi/__de nas nang gi tshogs 'khor gyi tshul du rol/__lhag ma/__pany+tsa a mr-i ta hU~M ha hoHhrIHsa byin brlab/__e A ral+lis mgron bkug la/__hU~M/__dbang phyug ma sring mkha' 'gro ma/__/'bar ma ging dang pho nya dang*/__/ma mo'i bka' srung dam can rnams/__/'dir gshegs lhag ma'i mchod pa bzhes/__/sngon tshe dpal gyi bka' lung bzhin/__/bcol ba'i phrin las grub par mdzod/__/oM uts+tshiSh+ta ba lin+ta b+hak+Sha si swA hA/__zhes phyi rol du 'bul/__zhes cho ga mchod bstod yod med ji ltar byas kyang chog__/bsdu ldang ni/__dag pa'i 'khor lor snod dang bcud/__/rim gyis gzhal yas khang la bsdu/__/de yang 'od zhu 'khor rnams la/__/'khor rnams 'od zhu btso bor thim/__/gtso bo nyid zhi mu kha le/__/kun gzhi chos kyi dbyings su bsdu/__/slar yang dpal chen sku gsung thugs/__/'bru gsum ye shes phyag rgyas bsrung*/__/oM AHhU~M/__bsngo smon ni/__hoH__/ma rgyud dkyil 'khor byin rlabs kyis/__/dkyil 'khor rnam gsum gsal ba yi/__/ting 'dzin 'bum phrag du ma la/__/dbang thob rang grol sangs rgyas nas/__/'gro don mtha' ru phyin par shog__/shis brjod ni/__snod kyi 'jig rten ma skyes yum gyi klong*/__/bcud kyi sems can ma 'gag yab kyi mkha'/__/gnyis med bde chen byang chub sems kyi dbyings/__/thams cad mngon 'tshang rgya ba'i bkra shis shog__/ces sogs rgyas par brjod do/__/'dis kyang gzung 'dzin rtog 'khrul kun/__/ma rgyud ye shes phyag rgyar sad/__/mngon rdzogs dbyings su byang chub nas/__/zung 'jug dkyil 'khor spro byed shog__/'di'ang zab cing ngo mtshar nyer mkho'i khyad par can tu snang bas rgyal dbang pad+ma'i rdo rje'i gsung la go sla'i mtshams sbyor dang kha 'bar dkyus su btsud nas zab lung gnyis pa rdzong drug 'dus pa'i gnas su dus mtha'i sngags pa pad+ma gar dbang phrin las 'gro 'dul rtsal gyis bsdebs pa dge legs 'phel//___//

Footnotes

Other Information