DKR-KABUM-23-'A-009: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་ཡུམ་ཆེན་དུག་གི་ཐིག་ལེར་གསོལ་སྨོན་རྡོ་རྗེ་དབྱངས་ཀྱི་རོལ་མོ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: . Delhi: Shechen Publications, 1994. | |fulltitle='jam dpal khro chu dug gdong nag po'i yum chen dug gi thig ler gsol smon rdo rje dbyangs kyi rol mo | ||
|citation=[[Khyentse, Dilgo]]. '''jam dpal khro chu dug gdong nag po'i yum chen dug gi thig ler gsol smon rdo rje dbyangs kyi rol mo''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 23: 269-271. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Prayers - smon lam | |tibgenre=Prayers - smon lam | ||
|terma=No | |terma=No | ||
|dkroutline=Eight | |dkroutline=Eight | ||
|volumenumber=023 | |volumenumber=023 | ||
|volnumtib=༢༣ | |volnumtib=༢༣ | ||
|volyigtib=འ་ | |volyigtib=འ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=009 | |textnuminvol=009 | ||
|pdflink=File:DKR-KABUM-23- | |pagenumbers=269-271 | ||
|totalpages=3 | |||
|beginfolioline=1a1 | |||
|endfolioline=2a6 | |||
|totalfolios=2 | |||
|multivolumework=No | |||
|rectonotes=khro chu | |||
|versonotes=smon lam | |||
|colophontib=།ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རྣལ་འབྱོར་ལ་གཞོལ་བའི་རྟོགས་ལྡན་ཕྲིན་ལས་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་བཞིན་བླ་མ་འཇམ་དཔལ་དབྱངས་ཀྱི་ཞབས་སེན་ཚངས་གནས་སུ་མཆོད་པའི་སྔགས་མིང་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་བྲིས་ཏེ་གསོལ་སྨོན་དུ་བགྱིས་པ་སིདྡྷི་བི་ཛ་ཡནྟུ།། | |||
|colophonwylie=/ces pa'ang lhag pa'i lha mchog 'di nyid kyi rnal 'byor la gzhol ba'i rtogs ldan phrin las blo gros nas rten bcas gsung bskul bzhin bla ma 'jam dpal dbyangs kyi zhabs sen tshangs gnas su mchod pa'i sngags ming 'jam dpal dga' ba'i bshes gnyen gyis bris te gsol smon du bgyis pa sid+d+hi bi dza yan+tu// | |||
|pdflink=File:DKR-KABUM-23-A-009.pdf | |||
}} | }} | ||
{{Header}} | {{Header}} | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་ཡུམ་ཆེན་དུག་གི་ཐིག་ལེར་གསོལ་སྨོན་རྡོ་རྗེ་དབྱངས་ཀྱི་རོལ་མོ་བཞུགས་སོ།། དྲི་མེད་ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན། །ཟབ་མོ་བརྒྱད་ལྡན་འཕགས་བཞི་འབྱུང་བའི་གནས། །རྣམ་ཐར་སྒོ་གསུམ་བདག་ཉིད་དབྱིངས་ཀྱི་ཡུམ། །ཁྲོ་རྒྱལ་དགྱེས་བསྐྱེད་དུག་གི་ཐིག་ལེར་གྲགས། །ཟག་མེད་མཆོག་གི་ཡོན་ཏན་འབྱུང་བའི་མཁྃའ། །འཁོར་འདས་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་ཀློངྃ༌། །དངོས་མཚན་ཡིད་ཀྱི་ཡུལ་ལས་འདས་པའི་དབྱིངྃས། །ཆོས་ཀུན་བྱེད་པོ་མ་གཅིག་ཁྱོད་ལས་སུ། །མཐའ་བྲལ་དབུ་མ་ཆེན་པོའི་དེ་ཁོ་ནར། །ཆོས་ཀུན་ཨེ་ཝཾ་ཕྱག་རྒྱས་སྡོམ་པའི་མ། །ཀ་དག་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྡོ་རྗེ་བཙུན་མོ་བདེ་ཆེན་དགྱེས་མར་བསྟོད། །ཟག་བཅས་ཟག་མེད་བདེ་བའི་འབྱུང་གནས་ནི། །མ་གཅིག་ཁྱོད་ལས་བྱུང་ཀྱང་ཁྱོད་ཀྱི་དབྱིངས། །སྲེད་ལེན་ལས་འདས་ཆགས་མེད་ནམ་མཁའི་དབུས། །རབ་ཏུ་ཞི་བའི་དབྱིངས་ལ་གཅིག་ཏུ་སིམ། །རྣམྃ་རོལྃ་སྣང་སྲིད་འཁོར་འདས་ཀུན་ཁྱབ་པའི། །རྣམ་པ་ཐམས་ཅད་བདག་ཉིད་ཤར་ན་ཡང༌། །རྣམ་མེད་ཆོས་དབྱིངས་ཆེན་པོའི་རང་བཞིན་ལས། །རྣམ་པ་ཀུན་ཏུ་མ་འདས་མཆོག་ཏུ་གྲུབ། །ངོྃ་བོྃ་ཟག་མེད་མཆོག་གི་བདེ་ཆེན་དཔྱིད། །འཕེལ་འགྲིབ་མེད་པའི་ཡེ་ཤེས་རོས་མྱོས་པས། །ཁྱོད་ནི་སྲིད་པའི་ཟུག་རྔུ་ཀུན་ཞི་བའི། །ལང་ཚོའི་རོལ་སྒེག་ནམ་ཡང་ཉམས་པ་མེད། །ཐུགས་རྗེའི་རོལ་རྩལ་ཤེས་རབ་དབྱིངས་ཀྱི་མཆོག །རྣོ་དང་མྱུར་དང་ཆོས་ཀུན་སྐྱེད་སྡུད་ཀྱི། །བྱེད་པོར་གྱུར་པས་རབ་འབྱམས་དངོས་གྲུབ་སྒོ། །ཐོགས་མེད་སྩོལ་བའི་ཕྲིནྃ་ལསྃ་རྩྃ་བྃར་གྲགས། །དཔལ་ཀུན་འབྱུང་གནས་མ་གཅིག་ཁྱོད་ཉིད་ལ། །བུ་ཡིས་འཕྲེང་བཞིན་དད་དང་མོས་པ་ཡིས། །ཇི་ལྟར་བསྐུལ་བཞིན་ཐུགས་བརྩེས་ཉེར་དགོངས་ལ། །དངོས་གྲུབ་དགའ་སྟོན་མཐའ་དག་བསྩལ་དུ་གསོལ། །སྣང་བ་ཐམས་ཅད་རིགས་ཀྱི་ཡུམ་ཆེན་ལྔ། སྲིད་པ་སྟོང་ཆེན་དབྱིངས་ཀྱི་ཌཱ་ཀིའི་སྲོག །བདེ་ཆེན་དགྱེས་མའི་གར་གྱིས་འགྲོ་བ་ཀུན། །རྣམ་གྲོལ་མཆོག་གི་གོ་སར་དབུགས་དབྱུང་སྩོལ། །རྡོ་རྗེ་བཞིའི་དབྱིངས་དབང་གིས་རྒྱུད་བཞི་སྨིན། །བསྐྱེད་རྫོགས་ལམ་གྱིས་རིག་འཛིན་ས་ལ་སྦྱོར། །ཟུང་འཇུག་རྡོ་རྗེའི་གྲོང་ཁྱེར་རྩེན་ནུས་པའི། །ཧེ་རུ་ཀ་དཔལ་རིགས་སུ་སྦྱོར་བར་མཛོད། །རྣམ་དཀར་དད་བརྩོན་ཤེས་རབ་གཟུངས་སྤོབས་རྒྱས། །ངེས་འབྱུང་སྙིང་རྗེས་ཐེག་མཆོག་ལམ་རྩ་བརྟན། །གཞན་ཕན་སྤྱོད་ལས་ནམ་ཡང་མི་འདའ་བའི། །འཇམ་དཔལ་རྡོ་རྗེའི་རྣམ་ཐར་གྲུབ་པར་མཛོད། །ཁྱད་པར་མཉམ་ཉིད་ལྟ་བའི་རྫོངྃ་ཟིན་ཏེ། །ཡིད་བྱེད་བྱིངས་རྒོད་འཕྲངྃ་ལས་བརྒལ་ནས་ཀྱང༌། །ཐབས་མཁས་སྙིང་རྗེས་ལམ་གྱི་སྲོགྃ་ཟིན་པས། །གདུལ་དཀའ་འདུལ་བའི་ནུས་མཐུའི་རྩལ་རྫོགས་ཤོག །ཡེ་ཤེས་རྡོ་རྗེའི་དབང་བསྐུར་ཅོད་པན་འཆང༌། །དུགྃ་ལྔའི་སྣང་སྤྱོད་བདེ་ཆེན་འབར་བའི་གདོངྃ༌། །ཁྲག་འཐུང་རྗེ་བཙན་དུས་དགྲའི་དབང་པོར་ཤར། །མི་བསྲུན་རྡོ་རྗེའི་མཚོན་གྱིས་འཇོམས་བྱེད་ཤོག །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །གཉིས་མེད་ཡེ་ཤེས་ཚུལ་འཆང་མཉྫུ་ཤྲཱི། །སྟངས་དཔྱལ་དགྱེས་པས་རྟག་ཏུ་སྐྱོང་བ་ཡིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རྣལ་འབྱོར་ལ་གཞོལ་བའི་རྟོགས་ལྡན་ཕྲིན་ལས་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་བཞིན་བླ་མ་འཇམ་དཔལ་དབྱངས་ཀྱི་ཞབས་སེན་ཚངས་གནས་སུ་མཆོད་པའི་སྔགས་མིང་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་བྲིས་ཏེ་གསོལ་སྨོན་དུ་བགྱིས་པ་སིདྡྷི་བི་ཛ་ཡནྟུ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:12, 1 June 2024
Wylie title | 'jam dpal khro chu dug gdong nag po'i yum chen dug gi thig ler gsol smon rdo rje dbyangs kyi rol mo | |
---|---|---|
Location | dil mgo mkhyen brtse bka' 'bum Volume 23, Text 9, Pages 269-271 (Folios 1a1 to 2a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | Khyentse, Dilgo. 'jam dpal khro chu dug gdong nag po'i yum chen dug gi thig ler gsol smon rdo rje dbyangs kyi rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 269-271. Delhi: Shechen Publications, 1994. | |
Genre | Prayers - smon lam | |
Colophon |
།ཅེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རྣལ་འབྱོར་ལ་གཞོལ་བའི་རྟོགས་ལྡན་ཕྲིན་ལས་བློ་གྲོས་ནས་རྟེན་བཅས་གསུང་བསྐུལ་བཞིན་བླ་མ་འཇམ་དཔལ་དབྱངས་ཀྱི་ཞབས་སེན་ཚངས་གནས་སུ་མཆོད་པའི་སྔགས་མིང་འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་བྲིས་ཏེ་གསོལ་སྨོན་དུ་བགྱིས་པ་སིདྡྷི་བི་ཛ་ཡནྟུ།། | |
/ces pa'ang lhag pa'i lha mchog 'di nyid kyi rnal 'byor la gzhol ba'i rtogs ldan phrin las blo gros nas rten bcas gsung bskul bzhin bla ma 'jam dpal dbyangs kyi zhabs sen tshangs gnas su mchod pa'i sngags ming 'jam dpal dga' ba'i bshes gnyen gyis bris te gsol smon du bgyis pa sid+d+hi bi dza yan+tu// |