DKR-KABUM-21-ZHA-003: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:12, 1 June 2024

Wylie title gnyags lugs rdo rje phur pa'i bskang ba bdud 'dul dpal chen rngam pa'i bzhad sgra DKR-KABUM-21-ZHA-003.pdf
Location dil mgo mkhyen brtse bka' 'bum
Volume 21, Text 3, Pages 32-37 (Folios 1a to 6b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Gnyags lugs rdo rje phur pa'i bskang ba bdud 'dul dpal chen rngam pa'i bzhad sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 32-37. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon
  • Author colophon: །ཅེས་པའང་དཔལ་རང་བྱུང་པདྨའི་སྙིང་པོའི་ཕྲིན་ལས་ཀྱི་དགེ་མཚན་ནམ་ཡང་དུས་ལས་ཡོལ་བ་མེད་པའི་རྟེན་འབྱུང་གི་ཤིང་རྟས་ཉེ་བར་དྲངས་ཏེ། སྙིགས་མའི་ཡང་མཐར་སྐྱེས་པའི་ཀུན་ཏུ་རྒྱུ་པདྨ་གར་དབང་འོད་གསལ་བདེ་ཆེན་མདོ་སྔགས་གླིང་པའི་མིང་གིས་སྒྲོ་བཏགས་ཐོབ་པ་བདག་ཀྱང༌། མགོན་པོ་མཆོག་དེས་ཚུར་མཐོང་གདུལ་བྱའི་སྣང་ཆར་ཡང་ཕུར་ཧེ་རུ་ཀའི་གསེང་ལམ་ལ་བརྟེན་ནས་ཕྱག་ཆེན་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་བསྟན་པའི་གནས་མཆོག་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་རང་ཉིད་ཀྱི་སྐལ་པར་ཐོབ་པའི་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་དཀྱིལ་འཁོར་སྐལ་ལྡན་རྡོ་རྗེ་རིག་པ་འཛིན་པ་དུ་མའི་འདུས་པ་དང་བཅས་ཏེ་ཞལ་ཕྱེས་ཏེ་ཕྱི་ནང་གསང་བའི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་པས་རིས་མེད་པའི་བསྟན་འགྲོར་དགེ་བའི་རྟེན་འབྲེལ་མངོན་གྱུར་དུ་ཚོགས་པའི་ཚེ་བསྐང་བ་འདི་ཡང་གསར་དུ་སྤེལ་པས་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་གྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་དུ་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།།
  • Editor colophon: །།ཚུལ་འདི་མཛད་པ་པོ་འདི་ཕྱིའི་རེ་ལྟོས་ཀྱི་མགོན་གཅིག་སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་བཞིན་གང་གི་འབངས་ཐ་པད་བཀོད་ཀྱི་སྒམ་པོ་པའི་སྤྲུལ་མིང་ཙམ་འཛིན་པ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཡང་ཡང་བཀའ་འདྲི་ཞུས་ཏེ་ཞུ་དག་གི་སྲི་ཞུ་བསྒྲུབས་པར་བྱས་པ་ཡིན་ནོ།།
  • Author colophon: /ces pa'ang dpal rang byung pad+ma'i snying po'i phrin las kyi dge mtshan nam yang dus las yol ba med pa'i rten 'byung gi shing rtas nye bar drangs te/_snyigs ma'i yang mthar skyes pa'i kun tu rgyu pad+ma gar dbang 'od gsal bde chen mdo sngags gling pa'i ming gis sgro btags thob pa bdag kyang*/_mgon po mchog des tshur mthong gdul bya'i snang char yang phur he ru ka'i gseng lam la brten nas phyag chen rig 'dzin gyi go 'phang mngon du mdzad pa'i tshul bstan pa'i gnas mchog bal yul yang le shod kyi brag phug tu rang nyid kyi skal par thob pa'i rdo rje phur pa gnyags lugs kyi dkyil 'khor skal ldan rdo rje rig pa 'dzin pa du ma'i 'dus pa dang bcas te zhal phyes te phyi nang gsang ba'i tshogs kyi 'du ba la longs spyod pas ris med pa'i bstan 'gror dge ba'i rten 'brel mngon gyur du tshogs pa'i tshe bskang ba 'di yang gsar du spel pas 'gro kun dpal he ru ka'i go 'phang mngon du gyur nas rgyal ba'i bstan pa rin po che phyogs dus gnas skabs kun tu dar rgyas yun ring du gnas pa'i dge mtshan du gyur cig_/shrI bi dza yan+tu//_
  • Editor colophon: //tshul 'di mdzad pa po 'di phyi'i re ltos kyi mgon gcig skyabs rje rin po che'i bka' dgongs bzhin gang gi 'bangs tha pad bkod kyi sgam po pa'i sprul ming tsam 'dzin pa 'gyur med o rgyan bstan 'dzin nyi mas yang yang bka' 'dri zhus te zhu dag gi sri zhu bsgrubs par byas pa yin no//
[edit]
༄༅། །གཉགས་ལུགས་རྡོ་རྗེ་ཕུར་པའི་བསྐང་བ་བདུད་འདུལ་དཔལ་ཆེན་རྔམ་པའི་བཞད་སྒྲ་བཞུགས།


༄༅། ཧཱུྃ་བྷྱོ། སྣང་སྲིད་རྡོ་རྗེ་ཕུར་པའི་ཞིང༌། །ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས། །དུར་ཁྲོད་དྲག་པོའི་གཞལ་མེད་ཁང༌། །བདེ་ཆེན་དགྱེས་པ་ཆེན་པོའི་གནས། །ཕྱི་ལྟར་དབང་ཡུལ་ལྷའི་རང་བཞིན། །དག་པའི་སྣོད་བཅུད་བཀོད་པ་ཅན། །ནོར་བུའི་གཞལ་མེད་ལྷ་རྫས་ཀྱིས། །རབ་གཏམས་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་གྲུབ་པའི་རྫས། །གཏེར་གྱི་བུམ་བཟང་མ་རྨོས་འབྲས། །བདེ་སྟེར་མཆོད་པའི་ལྷ་མོ་དང༌། །ཆེ་དགུའི་འབྱོར་པས་ཐུགས་དམ་བསྐང༌། །གདུག་ཅན་སྙིང་རྗེས་བསྒྲལ་བ་ཡི། །ལོངས་སྤྱོད་ཁྲག་འཐུང་དགྱེས་པའི་རྫས། །མི་སྡུག་གཟུགས་དང་རྔམས་པའི་སྒྲ། །བཅུད་ཆེན་དྲི་དང་ནུས་ལྡན་རོ། །འཇམ་འཁྲིལ་རེག་བྱ་ལ་སོགས་པའི། །རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་དང༌། །རང་བྱུང་དཔའ་བོའི་བདུད་རྩིའི་བཅུད། །རྒྱུད་དྲུག་བསྒྲལ་བའི་རཀྟའི་མཚོ། །ཤ་རུས་དཔལ་གྱི་གཏོར་མ་སོགས། །ལྷུན་གྲུབ་ནང་གི་དམ་རྫས་ཀྱིས། །དབྱིངས་ལས་ཡེ་ཤེས་འབར་བའི་སྐུ། །སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས། །ཁྲོ་རྒྱལ་སྟོབས་འདུས་སྤྱི་དཔལ་ཆེ། །ཧེ་རུ་ཀ་དཔལ་ཐུགས་དམ་བསྐང༌། །བདེ་མཆོག་དཔལ་སྦྱིན་དྷཱ་ཀི་མས། །ཁམས་གསུམ་འཁྲུལ་རྟོག་དབུ་མར་སྦྱོར། །རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས། །བདུད་བཞི་སྒྲོལ་བས་ཐུགས་དམ་བསྐང༌། །ཕྱི་ནང་གསང་བ་དེ་ཁོ་ན། །ཡེ་ཤེས་གཅིག་ལས་དུ་མར་སྣང༌། །ཀུན་བཟང་བདེ་བ་ཆེན་པོ་ཡིས། །དཔལ་ཆེན་ལྷ་ཚོགས་དབྱིངས་སུ་བསྐང༌། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཛད། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༌། །མཁའ་ཁྱབ་འགྲོ་སྒྲོལ་མྱུར་མ་དཔལ། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང༌། །སྟོབས་བཅུའི་བདུད་འདུལ་ས་བཅུའི་བདག །ཁྲོ་བཅུ་ཡབ་ཡུམ་ཐུགས་དམ་བསྐང༌། །ཉེ་ཉོན་ལས་བྱུང་བདུད་ཚོགས་འདུལ། །ཕྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང༌། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཛད། །སྲས་མཆོག་ཉེར་གཅིག་ཐུགས་དམ་བསྐང༌། །ཕྲིན་ལས་རྣམ་བཞིའི་ཕ་མཐར་སོན། །རིགས་བཞིའི་ཕུར་བུའི་ཐུགས་དམ་བསྐང༌། །ཚད་མེད་དགའ་བཞིའི་འགྲོ་འདུལ་མཁན། །སྒོ་སྐྱོང་རྣམ་བཞིའི་ཐུགས་དམ་བསྐང༌། །རྟེན་འབྲེལ་འཕོ་བ་དབུ་མར་དག །ཕུར་སྲུང་བཅུ་གཉིས་ཐུགས་དམ་བསྐང༌། །རྡོ་རྗེ་ཐབས་ཀྱིས་བདུད་ཚོགས་འདུལ། །ཕུར་བུའི་ལྷ་ཚོགས་ཐུགས་དམ་བསྐང༌། །སྐུ་ཡི་དམ་ཚིག་ཉམས་ཆག་བཤགས། །སྣང་བ་ལྷ་ཡི་ཕྱག་རྒྱར་ཤར། །སྲིད་པའི་འཁྲུལ་སྣང་དབྱིངས་སུ་ཡལ། །ལུས་ཀྱི་ནད་གདོན་བར་ཆད་བཟློག །གདན་གསུམ་དཀྱིལ་འཁོར་ཆེན་པོ་ཡིས། །ཕུང་པོའི་བདུད་ཚོགས་རྨིང་མེད་སྒྲོལ། །སྲིད་པ་ཕུར་བུའི་བསྐྱེད་རིམ་གྱིས། །རྣམ་སྨིན་རིག་འཛིན་མངོན་གྱུར་ནས། །འགྲོ་འདུལ་སྤྲུལ་སྐུའི་ཕྲིན་ལས་རྫོགས། །སྐུ་ཡི་རྡོ་རྗེ་འགྲུབ་པར་མཛོད། ཧཱུྃ་བྷྱོ། ཕུང་པོ་རྡོ་རྗེ་ཕུར་པའི་དལ། །ཡེ་ཤེས་ལྷ་ཡི་ཕྱག་རྒྱར་རྫོགས། །རང་བྱུང་ལུས་ཀྱི་གཞལ་ཡས་ཁང༌། །ལྷན་སྐྱེས་ཡེ་ཤེས་རོལ་པར་ཤར། །ཨ་ཝ་དྷཱུ་ཏིའི་སྣོད་ཡངས་པར། །དཀར་དམར་དཔྱིད་ཐིག་བཅུད་ཀྱིས་གཏམས། །ཡེ་ཤེས་རླུང་མེས་སྦྱང་རྟོགས་སྦར། །དགའ་བཞིའི་འདོད་ཡོན་སྤྲིན་ཆེན་པོས། །རྣམ་ཀུན་མཆོག་ལྡན་དབྱིངས་ཀུན་ཁྱབ། །གཟུང་འཛིན་དབུ་མར་དག་པ་ཡི། །ས་བཅུའི་སྤངས་རྟོགས་ཡོངས་རྫོགས་པ། །ངོ་མཚར་ཆེན་པོའི་མཆོད་པའི་སྤྲིན། །འགག་མེད་ཅིར་ཡང་འཆར་བ་འདིས། །བདེ་སྟོང་གཉིས་མེད་ཧེ་རུ་ཀ །མི་ཤིགས་བདེ་ཆེན་དྭངས་མའི་བཅུད། །འཁོར་འདས་ཀུན་གྱི་སྲོག་ཆེན་པོ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༌། །རྣམ་ཀུན་མཆོག་ལྡན་བཙུན་མོའི་ཚུལ། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང༌། །ཡེ་ཤེས་རོལ་པའི་བཀོད་པ་ཆེ། །དཔལ་གྱི་ཁྲོ་བཅུའི་ཐུགས་དམ་བསྐང༌། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཚུལ། །ཕྲ་ཕྱག་ཉི་ཤུའི་ཐུགས་དམ་བསྐང༌། །གསང་བ་གསུམ་གྱི་ཕྲིན་ལས་གཟུགས། །སྤྲུལ་པའི་སྲས་མཆོག་ཐུགས་དམ་བསྐང༌། །རྡོ་རྗེ་བཞི་གཟུགས་ལས་ཀུན་བྱེད། །ལས་བཞིའི་ཕུར་བུའི་ཐུགས་དམ་བསྐང༌། །བསྡུ་དངོས་བཞི་ཡིས་གདུལ་དཀའ་འདུལ། །སྒོ་སྲུང་ཁྲོ་མོའི་ཐུགས་དམ་བསྐང༌། །སྲིད་རྩ་དབྱིངས་སྒྲོལ་བསྟན་པ་སྲུང༌། །ཕུར་སྲུང་བཅུ་གཉིས་ཐུགས་དམ་བསྐང༌། །ཁམས་གསུམ་སྐུ་གསུང་ཐུགས་དབྱིངས་རྫོགས། །བདུད་འདུལ་ལྷ་ཚོགས་ཐུགས་དམ་བསྐང༌། །གསུང་གི་དམ་ཚིག་ཉམས་ཆག་བཤགས། །རླུང་སྔགས་ནཱ་དའི་སྲོག་ཏུ་སྨིན། །གཟུང་འཛིན་སྒྲ་རྟོག་དབྱིངས་སུ་ཡལ། །ངག་གི་དིག་ལྐུག་ནད་གདོན་བཟློག །གྲགས་སྟོང་རྡོ་རྗེའི་སྒྲ་ཆེན་པོས། །རྩ་རླུང་ཐིག་ལེའི་གཡོ་འཁྲུག་བཟློག །འཆི་བདག་བདུད་ཚོགས་དབྱིངས་སུ་སྒྲོལ། ལྷ་སྔགས་ཐབས་གྲོལ་རྣལ་འབྱོར་གྱིས། །ཚེ་དབང་རིག་འཛིན་མངོན་གྱུར་ནས། །བདེ་ཆེན་ལོངས་སྐུའི་ཕྲིན་ལས་རྫོགས། །གསུང་གི་རྡོ་རྗེ་འགྲུབ་པར་མཛོད། ཧཱུྃ་བྷྱོ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །དགྱེས་པ་བསྐྱེད་པའི་མཆོད་པ་ཆེ། །དབྱིངས་ཀྱི་སྣོད་ནི་རྒྱ་རེ་ཡངས། །ཡེ་ཤེས་རིག་མདངས་བཀྲག་ཏུ་འཚེར། །སྒྲོན་དྲུག་འཇའ་ཟེར་ཀུན་ཏུ་འཁྱིལ། །ཆོས་དབྱིངས་ཁྱབ་པར་བརྡལ་བ་འདིས། །བློ་འདས་རྡོ་རྗེ་དབྱིངས་ཀྱི་ཞིང༌། །གཞོན་ནུའི་བུམ་སྐུའི་ཀཱི་ལ་ཡ། །ཆོས་ཟད་རྩ་བའི་ལྷ་ཆེན་པོ། །ཡབ་ཡུམ་གཉིས་མེད་ཐུགས་དམ་བསྐང༌། །སྒོ་ཡུལ་རླུང་རིག་གནད་བཅུན་པས། །སྣང་སྲིད་འཁོར་འདས་ཆོས་སོ་ཅོག །སྐུ་དང་ཡེ་ཤེས་ཚད་ལ་ཕེབས། །བདུད་འདུལ་ཁྲོ་བཅུའི་ཐུགས་དམ་བསྐང༌། །ཟག་ཟད་འོད་གསལ་ཡེ་ཤེས་གདངས། །ཉམས་སྣང་འཕེལ་རྒྱས་མཆོད་པ་ཆེས། །སྲིད་ཞི་ཀུན་ཁྱབ་འོད་གསལ་སྤྲིན། །སྲས་མཆོག་ཕུར་པའི་ལྷ་ཚོགས་བསྐང༌། །གཙོ་འཁོར་སྲས་སུ་སྟོན་པ་ཀུན། །ཆོས་ཉིད་མངོན་སུམ་རིག་པའི་རྩལ། །འཁྲུལ་རྟོག་བསྒྲལ་བའི་ངོ་མཚར་གྱིས། །ཕྲ་ཕྱག་སྒོ་སྲུང་ཐུགས་དམ་བསྐང༌། །རྩོལ་མེད་ཐུགས་རྗེ་རྔམས་པའི་མཐུ། །ཤུགས་སྒྲོལ་མཚོན་ཆེན་འབར་ཁྲོ་རྔམས། །བློ་བྲལ་རིག་པ་རང་བྱུང་གིས། །དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༌། །ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །དྲན་རྟོག་དབྱིངས་རིག་དབྱེར་མེད་ངང༌། །ཀུན་འབྱུང་འཁྲུལ་རྟོག་གཞི་ལ་དག །རྣམ་རྟོག་སེམས་ཀྱི་གཡོ་འཁྲུལ་བཟློག །ཆོས་དབྱིངས་མི་འགྱུར་དགོངས་པ་ཆེས། །ཉོན་མོངས་བདུད་ཚོགས་ཡེ་ཤེས་སྒྲོལ། །བདེ་ཆེན་བྱང་སེམས་ཕུར་པ་ཡིས། །ཕྱག་ཆེན་རིག་འཛིན་མངོན་གྱུར་ནས། །སྤྲོས་བྲལ་ཆོས་སྐུའི་ཕྲིན་ལས་རྫོགས། །ཐུགས་ཀྱི་རྡོ་རྗེ་འགྲུབ་པར་མཛོད། ཧཱུྃ་བྷྱོ། འབར་བའི་ཁྲོ་བོ་མི་བཟད་པ། །འཁོར་འདས་སྤྱི་དཔལ་ཧེ་རུ་ཀ །ཕྲིན་ལས་ཐོགས་མེད་ཀཱི་ལ་ཡ། །དགྱེས་པ་བསྐྱེད་པའི་དམ་ཚིག་ཆེ། །བློ་འདས་ལྟ་བའི་རྫོང་ལ་འགྱིང༌། །བྱིང་རྒོད་འཁྲུལ་པའི་འཕྲང་ལས་བརྒལ། །དྲག་ཤུལ་མངོན་སྤྱོད་རོལ་པ་ཆེ། །སྲུང་ཟློག་བསད་མནན་ཕྲིན་ལས་ཀྱིས། །སྲིད་ཞིའི་སྲོག་རྩ་འབྱིན་ཅིང་འཕྲོག །ཐུགས་རྗེ་ཁྲོས་པའི་མཚོན་ཆེན་པོས། །ཉམས་པ་བསྒྲལ་བའི་ཕུང་པོ་ལས། །དབང་པོའི་མེ་ཏོག་དུག་གི་སྤྲིན། །རྩ་རླུང་ཞུན་ཁོལ་མཁྲིས་ཁྲག་མཚོ། །ཤ་རུས་བརྗིད་བརྩེགས་ལས་བྱེད་ཀྱི། །ཤན་པས་དྲག་པོའི་བཤུགས་གླུ་འབྱིན། །ཤ་ཟ་རོ་ལང་རྒོད་ཅིང་འཕྱོ། །སྟག་གཟིག་ཞིང་གི་པགས་པ་བཀྲམ། །གནམ་ལྕགས་སེར་སྤྲིན་འབར་འཁྲུགས་པས། །ཞིང་བཅུ་སྒྲོལ་བའི་ལས་མཛད་པོ། །རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༌། །འཁོར་ལོ་རྒྱས་འདེབས་ཐུགས་དམ་བསྐང༌། །ཁྲོ་བཅུ་ཡབ་ཡུམ་ཐུགས་དམ་བསྐང༌། །ཕྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང༌། །སྲས་མཆོག་ཉེར་གཅིག་ཐུགས་དམ་བསྐང༌། །ལས་བཞིའི་ཕུར་བུའི་ཐུགས་དམ་བསྐང༌། །སྒོ་སྐྱོང་སྲུང་མའི་ཐུགས་དམ་བསྐང༌། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང༌། །གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང༌། །ཆོས་སྐྱོང་ནོར་ལྷའི་ཐུགས་དམ་བསྐང༌། །གདུལ་དཀའི་གཤེད་ཆེན་ཀཱི་ལ་ཡ། །འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །ཡེ་ཤེས་དམ་ཚིག་ཉམས་ཆག་བཤགས། །ཡེ་གྲོལ་རྫོགས་པ་ཆེན་པོའི་ངང༌། །མངོན་སྤྱོད་ལས་ཀྱི་མཚན་རྟོག་ཡལ། །གཟུང་འཛིན་རང་གྲོལ་ཆེན་པོར་བཟློག །འཁོར་འདས་དབྱིངས་གྲོལ་དགོངས་པ་ཡིས། །ལྷ་བུའི་བདུད་ཚོགས་ཐབས་ཀྱིས་སྒྲོལ། །མཐར་ཕྱིན་འབྲས་བུའི་གདེང་ཆེན་གྱིས། །ལྷུན་གྲུབ་རིག་འཛིན་མངོན་གྱུར་ནས། །ངོ་བོ་ཉིད་སྐུའི་ཕྲིན་ལས་རྫོགས། །མི་འགྱུར་རྡོ་རྗེ་འགྲུབ་པར་མཛོད། ཧཱུྃ་ཧྲཱིཿ ཆོས་ཀུན་ཀ་དག་དབྱིངས་ཀྱི་ངང༌། །རྣམ་ཐར་སྒོ་གསུམ་ཕུར་བུའི་དབལ། །འཁོར་འདས་སྲོག་རྩ་ཐལ་མར་འབིགས། །འོད་གསལ་སྐུ་དང་ཡེ་ཤེས་ཀྱི། །བཀོད་པ་ཚད་མེད་ལྷུན་གྱིས་གྲུབ། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ཡིས། །སྲིད་ཞི་ཀུན་ཁྱབ་མཆོད་སྤྲིན་བརྡལ། །རིགས་ཁམས་གསེར་གྱི་ས་གཞིའི་ངོགས། །ངེས་འབྱུང་རྒྱ་མཚོ་དྭངས་ལ་བསིལ། །སྙིང་རྗེའི་རྦ་རླབས་ཀུན་ཏུ་འཁྲུགས། །བྱང་ཆུབ་སེམས་ཀྱི་ནོར་བུས་གཏམས། །གཞན་ཕན་འདོད་རྒུ་ངང་གིས་འབྱུང༌། །ཏིང་འཛིན་རི་དབང་བཀོད་རེ་ལེགས། །བསྐྱེད་རྫོགས་ཉི་ཟླ་བཀྲག་ཏུ་འཚེར། །གསང་བ་མི་ཟད་རྒྱན་འཁོར་ལོ། །བཀོད་པ་བསམ་མི་ཁྱབ་པར་ཤར། །ཐེག་གསུམ་གཞི་ལམ་འབྲས་བུ་ཡི། །ཡོན་ཏན་མ་ལུས་ལྷུན་རྫོགས་པའི། །མཐར་ཕྱིན་ཡེ་ཤེས་ཧེ་རུ་ཀ །རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་གཙོ། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །སྟོབས་བཅུ་ཕར་ཕྱིན་ཁྲོ་རྒྱལ་ཡུམ། །ཕྲིན་ལས་ཐོགས་མེད་ཕྲ་ཕྱག་དང༌། །ཟག་མེད་འབྲས་ཆོས་སྲས་མཆོག་ཚུལ། །ཕྲིན་ལས་རྣམ་བཞིའི་ཀཱི་ལ་ཡ། །ཚད་མེད་སྒོ་མ་རྣམ་པ་བཞི། །བདེན་དོན་དག་པའི་ཕུར་སྲུང་རྣམས། །དུ་མར་སྣང་ཡང་ངོ་བོ་གཅིག །བཟང་ངན་མཚན་བྲལ་རེ་དོགས་གྲོལ། །རྡོ་རྗེ་ཁྲོ་བོའི་མཚོན་ཆེན་འཆང༌། །བསྐང་བྱ་སྐོང་བྱེད་ལས་འདས་ཀྱང༌། །རྟེན་འབྱུང་སྣང་བ་མ་འགག་པའི། །བདེ་ཆེན་རྒྱན་གྱི་རོལ་མོ་ཆེས། །སྣང་སྟོང་མཉམ་པ་ཆེན་པོར་བསྐང༌། །བསལ་བཞག་བྲལ་བའི་ཡེ་ཤེས་ཀྱི། །འོད་གསལ་སྣང་བ་རྒྱུན་མི་འཆད། །ལྷ་དང་བདག་ཉིད་དབྱེར་མེད་ཀྱི། །ཆོས་ཉིད་ངང་དུ་བསྐང་ཞིང་བཤགས། །མ་བཙལ་ལྷུན་གྱིས་རྫོགས་པ་ཡི། །བདེ་ཆེན་ཐིག་ལེ་ཆེན་པོར་བསྐང༌། །དོན་དམ་ཉམས་ཆག་བཤགས་བྲལ་ཡང༌། །ཀུན་རྫོབ་བརྡ་ཡིས་བསྐངས་པའི་མཐུས། །ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་ཞི། །ཚེ་དཔལ་ཡེ་ཤེས་བསོད་ནམས་རྒྱས། །རླུང་སེམས་འཕོ་མེད་ཐིག་ལེར་བསྡམས། །གཟུང་འཛིན་དགྲ་བགེགས་ཚར་ཆོད་ཤོག །སྟོང་དྲུག་ཨེ་ཡིག་ཡུམ་ཆེན་མོ། །བདེ་ཆེན་ཝཾ་ཡིག་ཀུ་མཱ་ར། །ཟུང་འཇུག་ཕྲིན་ལས་ཕུར་པའི་ལྷ། །དཀྱིལ་འཁོར་གསུམ་དུ་ཡོངས་ཤར་བ། །དོན་གཉིས་ལྷུན་གྲུབ་འབྲས་བུ་ཆེའི། །སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག །ཅེས་པའང་དཔལ་རང་བྱུང་པདྨའི་སྙིང་པོའི་ཕྲིན་ལས་ཀྱི་དགེ་མཚན་ནམ་ཡང་དུས་ལས་ཡོལ་བ་མེད་པའི་རྟེན་འབྱུང་གི་ཤིང་རྟས་ཉེ་བར་དྲངས་ཏེ། སྙིགས་མའི་ཡང་མཐར་སྐྱེས་པའི་ཀུན་ཏུ་རྒྱུ་པདྨ་གར་དབང་འོད་གསལ་བདེ་ཆེན་མདོ་སྔགས་གླིང་པའི་མིང་གིས་སྒྲོ་བཏགས་ཐོབ་པ་བདག་ཀྱང༌། མགོན་པོ་མཆོག་དེས་ཚུར་མཐོང་གདུལ་བྱའི་སྣང་ཆར་ཡང་ཕུར་ཧེ་རུ་ཀའི་གསེང་ལམ་ལ་བརྟེན་ནས་ཕྱག་ཆེན་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་བསྟན་པའི་གནས་མཆོག་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་རང་ཉིད་ཀྱི་སྐལ་པར་ཐོབ་པའི་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་དཀྱིལ་འཁོར་སྐལ་ལྡན་རྡོ་རྗེ་རིག་པ་འཛིན་པ་དུ་མའི་འདུས་པ་དང་བཅས་ཏེ་ཞལ་ཕྱེས་ཏེ་ཕྱི་ནང་གསང་བའི་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་པས་རིས་མེད་པའི་བསྟན་འགྲོར་དགེ་བའི་རྟེན་འབྲེལ་མངོན་གྱུར་དུ་ཚོགས་པའི་ཚེ་བསྐང་བ་འདི་ཡང་གསར་དུ་སྤེལ་པས་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་གྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཡུན་རིང་དུ་གནས་པའི་དགེ་མཚན་དུ་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།ཚུལ་འདི་མཛད་པ་པོ་འདི་ཕྱིའི་རེ་ལྟོས་ཀྱི་མགོན་གཅིག་སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་བཞིན་གང་གི་འབངས་ཐ་པད་བཀོད་ཀྱི་སྒམ་པོ་པའི་སྤྲུལ་མིང་ཙམ་འཛིན་པ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཡང་ཡང་བཀའ་འདྲི་ཞུས་ཏེ་ཞུ་དག་གི་སྲི་ཞུ་བསྒྲུབས་པར་བྱས་པ་ཡིན་ནོ།། །།
[edit]

@#/_/gnyags lugs rdo rje phur pa'i bskang ba bdud 'dul dpal chen rngam pa'i bzhad sgra bzhugs/


@#/__hU~M b+h+yo/_snang srid rdo rje phur pa'i zhing*/_/ye shes rol pa'i cho 'phrul las/_/dur khrod drag po'i gzhal med khang*/_/bde chen dgyes pa chen po'i gnas/_/phyi ltar dbang yul lha'i rang bzhin/_/dag pa'i snod bcud bkod pa can/_/nor bu'i gzhal med lha rdzas kyis/_/rab gtams bkra shis rdzas rtags brgyad/_/rin chen sna bdun grub pa'i rdzas/_/gter gyi bum bzang ma rmos 'bras/_/bde ster mchod pa'i lha mo dang*/_/che dgu'i 'byor pas thugs dam bskang*/_/gdug can snying rjes bsgral ba yi/_/longs spyod khrag 'thung dgyes pa'i rdzas/_/mi sdug gzugs dang rngams pa'i sgra/_/bcud chen dri dang nus ldan ro/_/'jam 'khril reg bya la sogs pa'i/_/ru tra bsgral ba'i longs spyod dang*/_/rang byung dpa' bo'i bdud rtsi'i bcud/_/rgyud drug bsgral ba'i rak+ta'i mtsho/_/sha rus dpal gyi gtor ma sogs/_/lhun grub nang gi dam rdzas kyis/_/dbyings las ye shes 'bar ba'i sku/_/sangs rgyas kun gyi phrin las rdzogs/_/khro rgyal stobs 'dus spyi dpal che/_/he ru ka dpal thugs dam bskang*/_/bde mchog dpal sbyin d+hA ki mas/_/khams gsum 'khrul rtog dbu mar sbyor/_/rdo rje khros pa'i mtshon chen gyis/_/bdud bzhi sgrol bas thugs dam bskang*/_/phyi nang gsang ba de kho na/_/ye shes gcig las du mar snang*/_/kun bzang bde ba chen po yis/_/dpal chen lha tshogs dbyings su bskang*/_/sangs rgyas kun gyi phrin las mdzad/_/rdo rje gzhon nu'i thugs dam bskang*/_/mkha' khyab 'gro sgrol myur ma dpal/_/'khor lo rgyas 'debs thugs dam bskang*/_/stobs bcu'i bdud 'dul sa bcu'i bdag_/khro bcu yab yum thugs dam bskang*/_/nye nyon las byung bdud tshogs 'dul/_/phra thabs nyi shu'i thugs dam bskang*/_/sku gsung thugs kyi phrin las mdzad/_/sras mchog nyer gcig thugs dam bskang*/_/phrin las rnam bzhi'i pha mthar son/_/rigs bzhi'i phur bu'i thugs dam bskang*/_/tshad med dga' bzhi'i 'gro 'dul mkhan/_/sgo skyong rnam bzhi'i thugs dam bskang*/_/rten 'brel 'pho ba dbu mar dag_/phur srung bcu gnyis thugs dam bskang*/_/rdo rje thabs kyis bdud tshogs 'dul/_/phur bu'i lha tshogs thugs dam bskang*/_/sku yi dam tshig nyams chag bshags/_/snang ba lha yi phyag rgyar shar/_/srid pa'i 'khrul snang dbyings su yal/_/lus kyi nad gdon bar chad bzlog_/gdan gsum dkyil 'khor chen po yis/_/phung po'i bdud tshogs rming med sgrol/_/srid pa phur bu'i bskyed rim gyis/_/rnam smin rig 'dzin mngon gyur nas/_/'gro 'dul sprul sku'i phrin las rdzogs/_/sku yi rdo rje 'grub par mdzod/_hU~M b+h+yo/_phung po rdo rje phur pa'i dal/_/ye shes lha yi phyag rgyar rdzogs/_/rang byung lus kyi gzhal yas khang*/_/lhan skyes ye shes rol par shar/_/a wa d+hU ti'i snod yangs par/_/dkar dmar dpyid thig bcud kyis gtams/_/ye shes rlung mes sbyang rtogs sbar/_/dga' bzhi'i 'dod yon sprin chen pos/_/rnam kun mchog ldan dbyings kun khyab/_/gzung 'dzin dbu mar dag pa yi/_/sa bcu'i spangs rtogs yongs rdzogs pa/_/ngo mtshar chen po'i mchod pa'i sprin/_/'gag med cir yang 'char ba 'dis/_/bde stong gnyis med he ru ka_/mi shigs bde chen dwangs ma'i bcud/_/'khor 'das kun gyi srog chen po/_/mkha' khyab mkha' yi rdo rje'i sku/_/rdo rje gzhon nu'i thugs dam bskang*/_/rnam kun mchog ldan btsun mo'i tshul/_/'khor lo rgyas 'debs thugs dam bskang*/_/ye shes rol pa'i bkod pa che/_/dpal gyi khro bcu'i thugs dam bskang*/_/ye shes grub kyang las kyi tshul/_/phra phyag nyi shu'i thugs dam bskang*/_/gsang ba gsum gyi phrin las gzugs/_/sprul pa'i sras mchog thugs dam bskang*/_/rdo rje bzhi gzugs las kun byed/_/las bzhi'i phur bu'i thugs dam bskang*/_/bsdu dngos bzhi yis gdul dka' 'dul/_/sgo srung khro mo'i thugs dam bskang*/_/srid rtsa dbyings sgrol bstan pa srung*/_/phur srung bcu gnyis thugs dam bskang*/_/khams gsum sku gsung thugs dbyings rdzogs/_/bdud 'dul lha tshogs thugs dam bskang*/_/gsung gi dam tshig nyams chag bshags/_/rlung sngags nA da'i srog tu smin/_/gzung 'dzin sgra rtog dbyings su yal/_/ngag gi dig lkug nad gdon bzlog_/grags stong rdo rje'i sgra chen pos/_/rtsa rlung thig le'i g.yo 'khrug bzlog_/'chi bdag bdud tshogs dbyings su sgrol/_lha sngags thabs grol rnal 'byor gyis/_/tshe dbang rig 'dzin mngon gyur nas/_/bde chen longs sku'i phrin las rdzogs/_/gsung gi rdo rje 'grub par mdzod/_hU~M b+h+yo/_sangs rgyas kun gyi ye shes sku/_/ngang nyid rdo rje chos dbyings las/_/'bar ba'i khro bo mi bzad pa/_/dgyes pa bskyed pa'i mchod pa che/_/dbyings kyi snod ni rgya re yangs/_/ye shes rig mdangs bkrag tu 'tsher/_/sgron drug 'ja' zer kun tu 'khyil/_/chos dbyings khyab par brdal ba 'dis/_/blo 'das rdo rje dbyings kyi zhing*/_/gzhon nu'i bum sku'i kI la ya/_/chos zad rtsa ba'i lha chen po/_/yab yum gnyis med thugs dam bskang*/_/sgo yul rlung rig gnad bcun pas/_/snang srid 'khor 'das chos so cog_/sku dang ye shes tshad la phebs/_/bdud 'dul khro bcu'i thugs dam bskang*/_/zag zad 'od gsal ye shes gdangs/_/nyams snang 'phel rgyas mchod pa ches/_/srid zhi kun khyab 'od gsal sprin/_/sras mchog phur pa'i lha tshogs bskang*/_/gtso 'khor sras su ston pa kun/_/chos nyid mngon sum rig pa'i rtsal/_/'khrul rtog bsgral ba'i ngo mtshar gyis/_/phra phyag sgo srung thugs dam bskang*/_/rtsol med thugs rje rngams pa'i mthu/_/shugs sgrol mtshon chen 'bar khro rngams/_/blo bral rig pa rang byung gis/_/dkyil 'khor lha tshogs thugs dam bskang*/_/thugs kyi dam tshig nyams pa bshags/_/dran rtog dbyings rig dbyer med ngang*/_/kun 'byung 'khrul rtog gzhi la dag_/rnam rtog sems kyi g.yo 'khrul bzlog_/chos dbyings mi 'gyur dgongs pa ches/_/nyon mongs bdud tshogs ye shes sgrol/_/bde chen byang sems phur pa yis/_/phyag chen rig 'dzin mngon gyur nas/_/spros bral chos sku'i phrin las rdzogs/_/thugs kyi rdo rje 'grub par mdzod/_hU~M b+h+yo/_'bar ba'i khro bo mi bzad pa/_/'khor 'das spyi dpal he ru ka_/phrin las thogs med kI la ya/_/dgyes pa bskyed pa'i dam tshig che/_/blo 'das lta ba'i rdzong la 'gying*/_/bying rgod 'khrul pa'i 'phrang las brgal/_/drag shul mngon spyod rol pa che/_/srung zlog bsad mnan phrin las kyis/_/srid zhi'i srog rtsa 'byin cing 'phrog_/thugs rje khros pa'i mtshon chen pos/_/nyams pa bsgral ba'i phung po las/_/dbang po'i me tog dug gi sprin/_/rtsa rlung zhun khol mkhris khrag mtsho/_/sha rus brjid brtsegs las byed kyi/_/shan pas drag po'i bshugs glu 'byin/_/sha za ro lang rgod cing 'phyo/_/stag gzig zhing gi pags pa bkram/_/gnam lcags ser sprin 'bar 'khrugs pas/_/zhing bcu sgrol ba'i las mdzad po/_/rdo rje gzhon nu'i thugs dam bskang*/_/'khor lo rgyas 'debs thugs dam bskang*/_/khro bcu yab yum thugs dam bskang*/_/phra thabs nyi shu'i thugs dam bskang*/_/sras mchog nyer gcig thugs dam bskang*/_/las bzhi'i phur bu'i thugs dam bskang*/_/sgo skyong srung ma'i thugs dam bskang*/_/rtsa brgyud bla ma'i thugs dam bskang*/_/yi dam lha tshogs thugs dam bskang*/_/gnas gsum mkha' 'gro'i thugs dam bskang*/_/chos skyong nor lha'i thugs dam bskang*/_/gdul dka'i gshed chen kI la ya/_/'khor dang bcas pa'i thugs dam bskang*/_/ye shes dam tshig nyams chag bshags/_/ye grol rdzogs pa chen po'i ngang*/_/mngon spyod las kyi mtshan rtog yal/_/gzung 'dzin rang grol chen por bzlog_/'khor 'das dbyings grol dgongs pa yis/_/lha bu'i bdud tshogs thabs kyis sgrol/_/mthar phyin 'bras bu'i gdeng chen gyis/_/lhun grub rig 'dzin mngon gyur nas/_/ngo bo nyid sku'i phrin las rdzogs/_/mi 'gyur rdo rje 'grub par mdzod/__hU~M hrIH_chos kun ka dag dbyings kyi ngang*/_/rnam thar sgo gsum phur bu'i dbal/_/'khor 'das srog rtsa thal mar 'bigs/_/'od gsal sku dang ye shes kyi/_/bkod pa tshad med lhun gyis grub/_/zung 'jug sgyu 'phrul drwa ba yis/_/srid zhi kun khyab mchod sprin brdal/_/rigs khams gser gyi sa gzhi'i ngogs/_/nges 'byung rgya mtsho dwangs la bsil/_/snying rje'i rba rlabs kun tu 'khrugs/_/byang chub sems kyi nor bus gtams/_/gzhan phan 'dod rgu ngang gis 'byung*/_/ting 'dzin ri dbang bkod re legs/_/bskyed rdzogs nyi zla bkrag tu 'tsher/_/gsang ba mi zad rgyan 'khor lo/_/bkod pa bsam mi khyab par shar/_/theg gsum gzhi lam 'bras bu yi/_/yon tan ma lus lhun rdzogs pa'i/_/mthar phyin ye shes he ru ka_/rdo rje gzhon nu dkyil 'khor gtso/_/yum chen 'khor lo rgyas 'debs ma/_/stobs bcu phar phyin khro rgyal yum/_/phrin las thogs med phra phyag dang*/_/zag med 'bras chos sras mchog tshul/_/phrin las rnam bzhi'i kI la ya/_/tshad med sgo ma rnam pa bzhi/_/bden don dag pa'i phur srung rnams/_/du mar snang yang ngo bo gcig_/bzang ngan mtshan bral re dogs grol/_/rdo rje khro bo'i mtshon chen 'chang*/_/bskang bya skong byed las 'das kyang*/_/rten 'byung snang ba ma 'gag pa'i/_/bde chen rgyan gyi rol mo ches/_/snang stong mnyam pa chen por bskang*/_/bsal bzhag bral ba'i ye shes kyi/_/'od gsal snang ba rgyun mi 'chad/_/lha dang bdag nyid dbyer med kyi/_/chos nyid ngang du bskang zhing bshags/_/ma btsal lhun gyis rdzogs pa yi/_/bde chen thig le chen por bskang*/_/don dam nyams chag bshags bral yang*/_/kun rdzob brda yis bskangs pa'i mthus/_/nyams chag rtog sgrib dbyings su zhi/_/tshe dpal ye shes bsod nams rgyas/_/rlung sems 'pho med thig ler bsdams/_/gzung 'dzin dgra bgegs tshar chod shog_/stong drug e yig yum chen mo/_/bde chen waM yig ku mA ra/_/zung 'jug phrin las phur pa'i lha/_/dkyil 'khor gsum du yongs shar ba/_/don gnyis lhun grub 'bras bu che'i/_/sku bzhi'i go 'phang mngon gyur shog__/ces pa'ang dpal rang byung pad+ma'i snying po'i phrin las kyi dge mtshan nam yang dus las yol ba med pa'i rten 'byung gi shing rtas nye bar drangs te/_snyigs ma'i yang mthar skyes pa'i kun tu rgyu pad+ma gar dbang 'od gsal bde chen mdo sngags gling pa'i ming gis sgro btags thob pa bdag kyang*/_mgon po mchog des tshur mthong gdul bya'i snang char yang phur he ru ka'i gseng lam la brten nas phyag chen rig 'dzin gyi go 'phang mngon du mdzad pa'i tshul bstan pa'i gnas mchog bal yul yang le shod kyi brag phug tu rang nyid kyi skal par thob pa'i rdo rje phur pa gnyags lugs kyi dkyil 'khor skal ldan rdo rje rig pa 'dzin pa du ma'i 'dus pa dang bcas te zhal phyes te phyi nang gsang ba'i tshogs kyi 'du ba la longs spyod pas ris med pa'i bstan 'gror dge ba'i rten 'brel mngon gyur du tshogs pa'i tshe bskang ba 'di yang gsar du spel pas 'gro kun dpal he ru ka'i go 'phang mngon du gyur nas rgyal ba'i bstan pa rin po che phyogs dus gnas skabs kun tu dar rgyas yun ring du gnas pa'i dge mtshan du gyur cig_/shrI bi dza yan+tu//_//tshul 'di mdzad pa po 'di phyi'i re ltos kyi mgon gcig skyabs rje rin po che'i bka' dgongs bzhin gang gi 'bangs tha pad bkod kyi sgam po pa'i sprul ming tsam 'dzin pa 'gyur med o rgyan bstan 'dzin nyi mas yang yang bka' 'dri zhus te zhu dag gi sri zhu bsgrubs par byas pa yin no//_//tshul 'di mdzad pa po 'di phyi'i re ltos kyi mgon gcig skyabs rje rin po che'i bka' dgongs bzhin gang gi 'bangs tha pad bkod kyi sgam po pa'i sprul ming tsam 'dzin pa 'gyur med o rgyan bstan 'dzin nyi mas yang yang bka' 'dri zhus te zhu dag gi sri zhu bsgrubs par byas pa yin no//_//

Footnotes

Other Information