DKR-KABUM-18-TSHA-027: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་བཟློག་པ་མཚོན་ཆ་འཁོར་ལོ༔ | ||
|citation=[[ | |fulltitle=zab gsang pad+ma'i yang thig las: pad+ma drag po'i smad las gdab kha dang bzlog pa mtshon cha 'khor lo | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''Zab gsang pad+ma'i yang thig las pad+ma drag po'i smad las gdab kha dang bzlog pa mtshon cha 'khor lo''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 174-181. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author= | |author='jam dbyangs mkhyen brtse chos kyi blo gros | ||
|authortib= | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|sourcerevealer='jam dbyangs mkhyen brtse chos kyi blo gros | |||
|sourcerevealer= | |sourcerevealertib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
| | |tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | ||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=pad+ma drag po | |||
|cycle=zab gsang pad+ma'i yang tig | |||
|cycletib=ཟབ་གསང་པདྨའི་ཡང་ཏིག་ | |||
|language=Tibetan | |language=Tibetan | ||
|volumenumber=018 | |volumenumber=018 | ||
|volnumtib=༡༨ | |volnumtib=༡༨ | ||
|volyigtib=ཚ་ | |volyigtib=ཚ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=027 | |||
|pagenumbers=174-181 | |||
|totalpages=15 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=8a2 | ||
|totalfolios=8 | |||
|multivolumework=No | |||
|rectonotes=smad las | |||
|versonotes=zab gsang pad+ma'i yang tig | |versonotes=zab gsang pad+ma'i yang tig | ||
| | |colophontib=ཆུ་སྦྲུལ་ས་ག་ཟླ་བའི་ཚེས་གསུམ་བཞི་ལ་བྲིས་པའོ། །མངྒ་ལཾ། དགེའོ། | ||
|colophonwylie=chu sbrul sa ga zla ba'i tshes gsum bzhi la bris pa'o/_/mang+ga laM/_dge'o/ | |||
|recensionlink=JKCL-KABUM-09-TA-033 | |||
|pdflink=File:DKR-KABUM-18-TSHA-027.pdf | |pdflink=File:DKR-KABUM-18-TSHA-027.pdf | ||
}} | }} | ||
Line 37: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་བཟློག་པ་མཚོན་ཆ་འཁོར་ལོ་བཞུགས༔ པདྨ་དྲག་པོར་ཕྱག་འཚལ་ལོ༔ དྲག་པོ་རྒྱུ་བའི་དུས་ཚེས་ཀྱི༔ ཉི་མ་ནག་པོར་ཕུང་ཤུལ་གྱི༔ ས་ལ་སྟེགས་བུ་བཅས་བྱས་ཏེ༔ དུར་ཁྲོད་རུས་ཆེན་རོ་སོལ་གྱིས༔ བྱུག་པའི་དབུས་སུ་མ་ཏྲྃ་གཟུགས༔ དེ་ཡི་ལྟོ་བར་ལྕགས་འཁོར་ནི༔ རྩིབས་བཞི་རྣོ་བར་ཧཱུྃ་སྔོན་དང༔ དེ་ཕྱིར་ཁྲག་ཁྱམས་རྡོ་རྭ་དང༔ མེ་རླུང་འཁྲུགས་པས་མཚན་པ་བྲིས༔ དེ་དབུས་ཤ་ཁྲག་རུས་པ་དང༔ འབྲུ་ནག་དག་ལས་དྲག་གཏོར་ནི༔ ཐོག་མདེའུ་དབྱིབས་ཅན་ཁྲུ་གང་པར༔ དྲེགས་པའི་གཏོར་ཆུང་བརྒྱད་ཀྱིས་བསྐོར༔ མཚེ་ཡུངས་རྩང་དང་ཤིང་ཚེར་གྱི༔ རྭ་བས་བསྐོར་ཞིང་རྔམ་བརྗིད་ལྡན༔ རི་རུད་གད་ཆད་ལ་སོགས་དང༔ དགྲ་བགེགས་བྱད་མའི་དྲི་མ་རྣམས༔ བསྲེས་པའི་རཱུ་པ་ཉམ་ཐག་པ༔ སོར་བཞིའམ་ནི་བརྒྱད་དག་བྱ༔ དེ་ཡི་སྙིང་ཁར་མཚོན་འཁོར་ནི༔ རྩིབས་བཞིའི་ལྟེ་བར་དགྲ་བགེགས་གཟུགས༔ སྙིང་ཁར་ནྲྀ་ཏྲི་ཁ་སྤྲོད་དང༔ ལིངྒའི་གནས་ཡིག་སྤྱི་ལྟར་བཀོད༔ ལྟེ་སྲོག་མཐའ་ལ་ཡི་གེ་ནི༔ ཁུག་ཛཿཤ་ཏྲཱུཾ་སྲོག་ལ་རྦད༔ ཅེས་པ་དག་གིས་བསྐོར་བྱས་ལ༔ ཛཿཁྲམ་གྱིས་ནི་མཐའ་ནས་འཁྱུད༔ དུག་ཁྲུས་བསད་ལྟེབས་བྱད་ཐག་འཆིང༔ དེ་ཡི་སྣེ་ནས་ཚོན་སྐུད་ནི༔ དྲངས་ཏེ་གཏོར་ཆེན་འོག་ཏུ་དྲངས༔ སྔགས་པས་ཡི་དམ་སྒྲུབ་མཆོད་དང༔ མདུན་གྱི་གཏོར་མ་ལྷར་བསྐྱེད་ཅིང༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ མདུན་བསྐྱེད་དྲག་པོའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཀྱི་བསྐོར་བ་ལས༔ འོད་འཕྲོས་བྱིན་བསྡུ་ནུས་བསྐྱེད་དེ༔ མཐུ་རྩལ་རབ་རྫོགས་དབང་ཐོབ་བསམ༔ སླར་ཡང་འོད་འཕྲོས་གདུག་པ་ཅན༔ སྡེ་བརྒྱད་སྲོག་གི་སྙིང་པོ་འཕྲོས༔ ཐུགས་ཀའི་སྔགས་ཀྱི་འོག་ཏུ་བསྟིམ༔ དྲེགས་པའི་སྲོག་དབང་འདུས་པར་བསམ༔ ཐུགས་ནས་འོད་ཟེར་མཚོན་ཆ་ལྟར༔ རབ་ཏུ་རྩུབ་པ་འཕྲོས་པ་ཡིས༔ དགྲ་བགེགས་གདོན་བྱད་ཐམས་ཅད་རྣམས༔ བཀུག་ནས་འབར་བའི་ཧོཾ་དུ་བཅུག༔ སྙིང་ཁར་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་དྲག་ཏུ་འཁོར་བ་དང༔ སྡིག་པས་ཧབ་ཧབ་ཟོས་པར་བསམ༔ རྩ་སྔགས་དྲེགས་པའི་ཤམ་བུ་དང༔ པདྨ་ཀྲོ་དྷཱིའི་དྲག་སྔགས་ནི༔ མེ་དཔུང་ཐོག་སེར་འབབ་ལྟར་བཟླ༔ གཏོར་ཆུང་གནོད་བྱེད་དགུག་བསྟིམ་གྱིས༔ དམག་ལྟོའི་ཚུལ་དུ་ཕུལ་བ་དང༔ དྲག་པོའི་ཕྲིན་ལས་བཅོལ་བར་བྱ༔ ཆོས་སྐྱོང་གཏོར་བསྐང་ཚོགས་མཆོད་འབུལ༔ སྲུང་བ་རང་ཉིད་ཡི་དམ་དུ༔ གསལ་བའི་ཐུགས་སྲོག་ལས་འཕྲོས་པའི༔ འོད་ཀྱིས་རྩ་གསུམ་རྒྱལ་བ་དང༔ དྲེགས་ཚོགས་སྤྱན་དྲངས་འོད་དུ་ཞུ༔ ཕྱག་མཚན་ལྔ་དང་ལྕགས་སྡིག་གི༔ སྲུང་བའི་གུར་ཁང་ཆེན་པོར་མོས༔ རྩ་བའི་སྔགས་མཐར། མ་མ་བཛྲ་རཀྵ་རཀྵ་ཧཱུྃ་ཏིཥྛ་བྷྲཱུྃ༔ ཞེས་བཏགས་སྲུང་དམིགས་ནན་ཏན་བྱ༔ དེ་ནས་གསེར་སྐྱེམས་གཟུ་དཔང་ནི༔ ལས་རིམ་གཞན་ལས་འབྱུང་ལྟར་ལ༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་དམ་བསྐུལ་ལོ་མཐུ་དཔུང་བསྐྱེད༔ ཉམས་པ་བསྒྲལ་བའི་དུས་ལ་བབ༔ རྔ་ཡབ་ལངྐ་པུ་རི་ནས༔ བླ་མ་དྲག་པོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་མཐུ་རྩལ་རབ་བསྐྱེད་དེ༔ དེང་འདིར་བསྐུལ་ལོ་དགོངས་པར་མཛོད༔ བདག་ཅག་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་བདུད་དགྲ་དང༔ བསྟན་ལ་གནོད་ཅིང་འཚེ་བ་ཡི༔ ཀླ་ཀློ་འབྱུང་པོའི་དཔུང་ཚོགས་རྣམས༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ ཐུགས་དམ་མ་གཡེལ་ས་མ་ཡ༔ ཁྱེད་རྣམས་གཟུ་དང་དཔང་མཛོད་ལ༔ བདེན་རྫུན་གཉིས་ཀྱི་ཤན་ཐང་འབྱེད༔ བདག་ཅག་མ་ཉེས་མ་ཡོའོ༔ འདི་ལ་སྐྱོབ་པ་སུ་ཞིག་ཡོད༔ ཉམས་པ་སྒྲོལ་བའི་དུས་འདི་ཡིན༔ ཕྱི་ནས་ཁྱེད་ཀྱི་མཐུ་རྩལ་གྱི༔ དགོས་པ་ཆུང་ཞིང་དེ་བས་ན༔ ད་ལྟ་ཉིད་དུ་མངོན་སྤྱོད་ཀྱི༔ ཕྲིན་ལས་དྲག་པོ་མཛད་དུ་གསོལ༔ ཧོམ་བསྐྱེད་དགུག་གཞུག་དྲག་ཏུ་བྱ༔ ཛཿ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཧཱུྃ། ཞགས་པ་ཅན་གྱིས་སྐེ་ནས་སྡོམས༔ བྃ། ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས༔ ཧོཿ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ནྲྀ་ཏྲི་དགྲ་བགེགས་ཆེ་གེ་མོ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ ཡང་ཡང་བརྗོད༔ བྱ་འུག་སྒྲོ་དང་དུད་པས་བདུག༔ ཧཱུྃ༔ དབྱེ་བྱེད་ཕོ་ཉ་ཆེན་མོ་ཡི༔ རྫས་དང་སྔགས་ཀྱིས་དགྲ་གདོན་གྱི༔ ལྷ་དང་སྲུང་མ་ཐམས་ཅད་ནི༔ དབང་མེད་བྲལ་ཏེ་མཐུ་མེད་མོས༔ ཛཿཔྲ་ཝེ་ཤ་ཡ་ཕཊ྄༔ ཨ་ཝེ་ཤ་ཡ་ཨ༔ ཐུན་རྫས་དུག་ཁྲག་གཏིག་བྱས་ལ༔ ཧཱུྃ་བྷྱོ༔ ཕོ་ཉ་སྲིན་པོ་ཁྲོས་པ་ཡིས༔ མྱོས་བྱེད་དུག་ཁྲག་ཆར་འབེབས་པས༔ ཉམས་པ་དྲན་མྱོས་བཀྲག་མདངས་ཉམས༔ སྐྱབས་བྲལ་མགོན་མེད་གྱུར་པར་མོས༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད༔ དེ་ནས་ཕུར་བུ་ཐོགས་བྱས་ལ༔ གདིང་གསུམ་གསལ་བ་གསུམ་དང་ནི༔ ཚེ་ཁྲུས་དགོངས་པས་བཏབ་བྱས་ལ༔ ཧཱུྃ༔ པདྨ་དྲག་པོ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོའི་སྐུ༔ སྐུ་སྨད་ལྕགས་བསྲེག་ཕུར་བུ་ཡིས༔ དགྲ་གདོན་བགེགས་ཀྱི་སྙིང་ཁར་བཏབ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ྄༔ རྩ་བའི་སྔགས་དང་དྲག་སྔགས་ཀྱི༔ སྙིང་ག་གཙོ་བྱས་གནས་རྣམས་ལ༔ བཏབ་སྟེ་འཚེངས་པ་གསུམ་ལྡན་མོས༔ ཐུན་རྫས་སྣ་ཚོགས་ཆར་ཕབས་ལ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་ཐམས་ཅད་ལས༔ ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་བརླག༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་ད་ཧ་ད་ཧ་པ་ཙ་པ་ཙ་གྲྀཧྞ་གྲྀཧྞ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ འབར་བའི་རལ་གྲིས་དུམ་བུར་གཏུབ༔ ཧཱུྃ་བྷྱོ༔ ཉམས་པའི་གཟུགས་ཕུང་ཡེ་ཤེས་ཀྱི༔ རལ་གྲི་རྣོ་དབལ་འབར་བ་ཡིས༔ དུམ་བུར་གཏུབ་ཅིང་སྐྱེ་རྒྱུན་གཅོད༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་ཚིནྡྷ་ཡ་ཚིནྡྷ་ཡ་ཧཱུྃ་ཕཊ྄༔ ཤ་ཁྲག་བདུད་རྩིར་སྦར་བྱས་ཏེ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་རྔམས་པའི་ཞལ༔ གྲུ་གསུམ་གནམ་ས་ལྟར་གདངས་པར༔ དགྲ་བགེགས་ཤ་ཁྲག་རུས་གསུམ་སྟོབ༔ ཆེམ་ཆེམ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དུག་ཁྲག་གཏོར་མ་དང༔ ཁྲག་སྐྱེམས་བཤམས་ཤིང་རྔེའུ་ཆུང་བརྡུང༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཧྲཱིཿ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ པདྨ་དྲག་པོ་ཡབ་ཡུམ་སྲས་འཁོར་བཅས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་དྲག་པོའི་ལས་ལ་བསྐུལ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ དཀྱིལ་འཁོར་གཙོ་མཆོག་གུ་རུ་དྲག་པོའི་སྐུ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ འབར་བའི་མཚོན་ཆ་སྣ་ཚོགས་འཕྲོ་བ་དང༔ སྐུ་མཆོག་རྔམ་ཞིང་བརྗིད་པའི་ཉམས་ལྡན་པས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ གཉིས་མེད་སྦྱོར་བའི་ཡུམ་མཆོག་མཐིང་འོད་འབར༔ ཁྲོ་མོའི་ཆས་ལྡན་ཡབ་ལ་དགྱེས་སྟོབ་འཁྲིལ༔ ཨ་ར་ལི་དང་ཧི་ཧིའི་སྒྲ་ཆེན་སྒྲོག༔ སྤྲུལ་པའི་ཁྲོ་མོ་སྐར་ལྟར་འཁྲུགས་པ་ཡིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཡ༔ པདྨ་དྲག་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གཤིན་རྗེ་བྱེ་བ་འབུམ་སྡེའི་ཚོགས་བཅས་ཀྱིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ པདྨ་དྲག་པོའི་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མཆོག་སྤྲུལ་པའི་ཚོགས་བཅས་ཀྱིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧཱུྃ༔ པདྨ་དྲག་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་གསང་བདག་ཧེ་རུ་ཀ་ཡི་ཚོགས༔ ཐུགས་མཆོག་རིགས་ཀྱི་ཁྲོ་བོ་ཁྲོ་མོ་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་བྃཿ པདྨ་དྲག་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ བདུད་འདུལ་ཁྲོ་མོ་དབྱིངས་ཕྱུག་སྡེ་ལྔའི་ཚོགས༔ དྷཱ་ཀི་བྱེ་བ་འབུམ་གྱི་འཁོར་ཚོགས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཡ༔ པདྨ་དྲག་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་ལྷ་ཚོགས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ གཙོ་མཆོག་སྐུ་ཡི་གནས་ལྔའི་ཁྲོ་ཆེན་ལྔ༔ གསེར་ལྕགས་དུང་གཡུ་ཟངས་ཀྱི་སྡིག་པ་ལྔ༔ མགོ་དགུ་རྭ་ནི་བཅོ་བརྒྱད་ལྡན་པ་ཡི༔ མ་རུངས་གདུག་པའི་གཟུགས་ཅན་འཁོར་བཅས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ གཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཁྲོཾཿ དཔལ་ཆེན་པདྨ་དྲག་པོའི་དབུ་གཙུག་གི༔ ཡེ་ཤེས་བྱ་ཁྱུང་སྒྲོ་གཤོག་མཆུ་སྡེར་གྱིས༔ གདུག་པའི་ཀླུ་རིགས་ཞལ་དུ་འདྲེན་མཛད་ཅིང༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲོ་གཤོག་མེ་འབར་བའི༔ སྤྲུལ་པའི་ཁྱུང་ཆེན་ཡང་སྤྲུལ་ཚོགས་དང་བཅས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ དེ་ནས་བྷྱོ་ཡི་གདབ་པ་དང༔ ལྟས་ངན་བཟློག་པ་སྤྱི་ལྟར་བྱ༔ ཟོར་ཆེན་ཡེ་ཤེས་ནམ་མཁར་བཏེགས༔ གསེར་བསྐུལ་གཟུ་དཔང་སྒོ་དབྱེ་ཞིང༔ དགྲ་བགེགས་དམིགས་བྱ་འབེན་དུ་བཅས༔ ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ དམ་ཉམས་སྡིག་ཅན་དགྲ་བོ་རྣམས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད༔ དགེ་འདུན་འདུ་སྒོ་འཕྲོག་པ་དང༔ རྣལ་འབྱོར་ཚེ་སྲོག་ལ་གཟན་ཅིང༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད༔ འཇིག་རྟེན་མི་བདེ་བྱེད་པ་ཡི༔ ལོག་ལྟའི་དཔུང་ཚོགས་སྡེར་བཅས་ལ༔ དྲག་པོ་ཁྲོས་པའི་ངོ་བོ་ཡི༔ གཏོར་ཟོར་མེ་དང་ནད་མཚོན་གྱི༔ འབར་བ་འདི་ཉིད་བརྒྱབས་པ་ཡིས༔ ལུས་སེམས་ཐལ་བའི་རྡུལ་བཞིན་རློག༔ དགྲ་ཕུང་བདུན་བརྒྱུད་རྩད་ནས་བཅད༔ ཡུལ་མཁར་ཁང་ཁྱིམ་རྨང་མེད་གཏོར༔ རྡུལ་ཕྲན་ཕྱེ་མར་འཐག་པ་དང༔ སྡུག་བསྔལ་ཉམས་སུ་མྱོང་དུ་ཆུག༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ བྷྱོ་བྷྱོ་བཟློག༔ དྲག་སྔགས་བཟླ་བཞིན་འཕང་བར་བྱ༔ ཁ་ཕུང་རྗེས་མེད་གཏོར་བར་བསམ༔ སྲུང་འཁོར་བསྒོམ་ཞིང་ཕྱིར་ལམ་བཅད༔ སྒོ་དྲུང་མནན་པས་ལྡང་མེད་བྱ༔ ཚེ་འགུགས་མཆོད་བསྟོད་ལ་སོགས་པ༔ རྗེས་ཀྱི་རིམ་པ་གཞུང་བཞིན་བྱ༔ དེས་ནི་བདུད་དང་བསྟན་དགྲ་རྣམས༔ ཚར་གཅོད་མིང་ཡང་མི་གྲགས་འགྱུར༔ ཨེ་མ་པདྨ་ཁྲག་འཐུང་གི༔ བཟློག་པའི་བྱང་བུ་བརྡ་ཡི་རྐྱེན༔ རིག་འཛིན་དཔའ་བོའི་སྙིང་ལ་སད༔ སྐལ་ལྡན་འགའ་ཡི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུ་སྦྲུལ་ས་ག་ཟླ་བའི་ཚེས་གསུམ་བཞི་ལ་བྲིས་པའོ། །མངྒ་ལཾ། དགེའོ། །}} | {{TibP|༁ྃ༔ ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་བཟློག་པ་མཚོན་ཆ་འཁོར་ལོ་བཞུགས༔ <br><br>པདྨ་དྲག་པོར་ཕྱག་འཚལ་ལོ༔ དྲག་པོ་རྒྱུ་བའི་དུས་ཚེས་ཀྱི༔ ཉི་མ་ནག་པོར་ཕུང་ཤུལ་གྱི༔ ས་ལ་སྟེགས་བུ་བཅས་བྱས་ཏེ༔ དུར་ཁྲོད་རུས་ཆེན་རོ་སོལ་གྱིས༔ བྱུག་པའི་དབུས་སུ་མ་ཏྲྃ་གཟུགས༔ དེ་ཡི་ལྟོ་བར་ལྕགས་འཁོར་ནི༔ རྩིབས་བཞི་རྣོ་བར་ཧཱུྃ་སྔོན་དང༔ དེ་ཕྱིར་ཁྲག་ཁྱམས་རྡོ་རྭ་དང༔ མེ་རླུང་འཁྲུགས་པས་མཚན་པ་བྲིས༔ དེ་དབུས་ཤ་ཁྲག་རུས་པ་དང༔ འབྲུ་ནག་དག་ལས་དྲག་གཏོར་ནི༔ ཐོག་མདེའུ་དབྱིབས་ཅན་ཁྲུ་གང་པར༔ དྲེགས་པའི་གཏོར་ཆུང་བརྒྱད་ཀྱིས་བསྐོར༔ མཚེ་ཡུངས་རྩང་དང་ཤིང་ཚེར་གྱི༔ རྭ་བས་བསྐོར་ཞིང་རྔམ་བརྗིད་ལྡན༔ རི་རུད་གད་ཆད་ལ་སོགས་དང༔ དགྲ་བགེགས་བྱད་མའི་དྲི་མ་རྣམས༔ བསྲེས་པའི་རཱུ་པ་ཉམ་ཐག་པ༔ སོར་བཞིའམ་ནི་བརྒྱད་དག་བྱ༔ དེ་ཡི་སྙིང་ཁར་མཚོན་འཁོར་ནི༔ རྩིབས་བཞིའི་ལྟེ་བར་དགྲ་བགེགས་གཟུགས༔ སྙིང་ཁར་ནྲྀ་ཏྲི་ཁ་སྤྲོད་དང༔ ལིངྒའི་གནས་ཡིག་སྤྱི་ལྟར་བཀོད༔ ལྟེ་སྲོག་མཐའ་ལ་ཡི་གེ་ནི༔ ཁུག་ཛཿཤ་ཏྲཱུཾ་སྲོག་ལ་རྦད༔ ཅེས་པ་དག་གིས་བསྐོར་བྱས་ལ༔ ཛཿཁྲམ་གྱིས་ནི་མཐའ་ནས་འཁྱུད༔ དུག་ཁྲུས་བསད་ལྟེབས་བྱད་ཐག་འཆིང༔ དེ་ཡི་སྣེ་ནས་ཚོན་སྐུད་ནི༔ དྲངས་ཏེ་གཏོར་ཆེན་འོག་ཏུ་དྲངས༔ སྔགས་པས་ཡི་དམ་སྒྲུབ་མཆོད་དང༔ མདུན་གྱི་གཏོར་མ་ལྷར་བསྐྱེད་ཅིང༔ ལས་ཀྱི་རིམ་པ་ཅི་རིགས་བྱ༔ མདུན་བསྐྱེད་དྲག་པོའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྔགས་ཀྱི་བསྐོར་བ་ལས༔ འོད་འཕྲོས་བྱིན་བསྡུ་ནུས་བསྐྱེད་དེ༔ མཐུ་རྩལ་རབ་རྫོགས་དབང་ཐོབ་བསམ༔ སླར་ཡང་འོད་འཕྲོས་གདུག་པ་ཅན༔ སྡེ་བརྒྱད་སྲོག་གི་སྙིང་པོ་འཕྲོས༔ ཐུགས་ཀའི་སྔགས་ཀྱི་འོག་ཏུ་བསྟིམ༔ དྲེགས་པའི་སྲོག་དབང་འདུས་པར་བསམ༔ ཐུགས་ནས་འོད་ཟེར་མཚོན་ཆ་ལྟར༔ རབ་ཏུ་རྩུབ་པ་འཕྲོས་པ་ཡིས༔ དགྲ་བགེགས་གདོན་བྱད་ཐམས་ཅད་རྣམས༔ བཀུག་ནས་འབར་བའི་ཧོཾ་དུ་བཅུག༔ སྙིང་ཁར་ཟངས་ལྕགས་འཁོར་ལོ་གཉིས༔ གཡས་གཡོན་དྲག་ཏུ་འཁོར་བ་དང༔ སྡིག་པས་ཧབ་ཧབ་ཟོས་པར་བསམ༔ རྩ་སྔགས་དྲེགས་པའི་ཤམ་བུ་དང༔ པདྨ་ཀྲོ་དྷཱིའི་དྲག་སྔགས་ནི༔ མེ་དཔུང་ཐོག་སེར་འབབ་ལྟར་བཟླ༔ གཏོར་ཆུང་གནོད་བྱེད་དགུག་བསྟིམ་གྱིས༔ དམག་ལྟོའི་ཚུལ་དུ་ཕུལ་བ་དང༔ དྲག་པོའི་ཕྲིན་ལས་བཅོལ་བར་བྱ༔ ཆོས་སྐྱོང་གཏོར་བསྐང་ཚོགས་མཆོད་འབུལ༔ སྲུང་བ་རང་ཉིད་ཡི་དམ་དུ༔ གསལ་བའི་ཐུགས་སྲོག་ལས་འཕྲོས་པའི༔ འོད་ཀྱིས་རྩ་གསུམ་རྒྱལ་བ་དང༔ དྲེགས་ཚོགས་སྤྱན་དྲངས་འོད་དུ་ཞུ༔ ཕྱག་མཚན་ལྔ་དང་ལྕགས་སྡིག་གི༔ སྲུང་བའི་གུར་ཁང་ཆེན་པོར་མོས༔ རྩ་བའི་སྔགས་མཐར། མ་མ་བཛྲ་རཀྵ་རཀྵ་ཧཱུྃ་ཏིཥྛ་བྷྲཱུྃ༔ ཞེས་བཏགས་སྲུང་དམིགས་ནན་ཏན་བྱ༔ དེ་ནས་གསེར་སྐྱེམས་གཟུ་དཔང་ནི༔ ལས་རིམ་གཞན་ལས་འབྱུང་ལྟར་ལ༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཡི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ ཐུགས་དམ་བསྐུལ་ལོ་མཐུ་དཔུང་བསྐྱེད༔ ཉམས་པ་བསྒྲལ་བའི་དུས་ལ་བབ༔ རྔ་ཡབ་ལངྐ་པུ་རི་ནས༔ བླ་མ་དྲག་པོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་མཐུ་རྩལ་རབ་བསྐྱེད་དེ༔ དེང་འདིར་བསྐུལ་ལོ་དགོངས་པར་མཛོད༔ བདག་ཅག་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་བདུད་དགྲ་དང༔ བསྟན་ལ་གནོད་ཅིང་འཚེ་བ་ཡི༔ ཀླ་ཀློ་འབྱུང་པོའི་དཔུང་ཚོགས་རྣམས༔ ད་ལྟ་བསྒྲལ་བའི་དུས་ལ་བབ༔ ཐུགས་དམ་མ་གཡེལ་ས་མ་ཡ༔ ཁྱེད་རྣམས་གཟུ་དང་དཔང་མཛོད་ལ༔ བདེན་རྫུན་གཉིས་ཀྱི་ཤན་ཐང་འབྱེད༔ བདག་ཅག་མ་ཉེས་མ་ཡོའོ༔ འདི་ལ་སྐྱོབ་པ་སུ་ཞིག་ཡོད༔ ཉམས་པ་སྒྲོལ་བའི་དུས་འདི་ཡིན༔ ཕྱི་ནས་ཁྱེད་ཀྱི་མཐུ་རྩལ་གྱི༔ དགོས་པ་ཆུང་ཞིང་དེ་བས་ན༔ ད་ལྟ་ཉིད་དུ་མངོན་སྤྱོད་ཀྱི༔ ཕྲིན་ལས་དྲག་པོ་མཛད་དུ་གསོལ༔ ཧོམ་བསྐྱེད་དགུག་གཞུག་དྲག་ཏུ་བྱ༔ ཛཿ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཧཱུྃ། ཞགས་པ་ཅན་གྱིས་སྐེ་ནས་སྡོམས༔ བྃ། ལྕགས་སྒྲོག་ཅན་གྱིས་ཡན་ལག་ཆིངས༔ ཧོཿ དྲིལ་བུ་ཅན་གྱིས་མྱོས་སུ་ཆུག༔ ནྲྀ་ཏྲི་དགྲ་བགེགས་ཆེ་གེ་མོ་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ ཡང་ཡང་བརྗོད༔ བྱ་འུག་སྒྲོ་དང་དུད་པས་བདུག༔ ཧཱུྃ༔ དབྱེ་བྱེད་ཕོ་ཉ་ཆེན་མོ་ཡི༔ རྫས་དང་སྔགས་ཀྱིས་དགྲ་གདོན་གྱི༔ ལྷ་དང་སྲུང་མ་ཐམས་ཅད་ནི༔ དབང་མེད་བྲལ་ཏེ་མཐུ་མེད་མོས༔ ཛཿཔྲ་ཝེ་ཤ་ཡ་ཕཊ྄༔ ཨ་ཝེ་ཤ་ཡ་ཨ༔ ཐུན་རྫས་དུག་ཁྲག་གཏིག་བྱས་ལ༔ ཧཱུྃ་བྷྱོ༔ ཕོ་ཉ་སྲིན་པོ་ཁྲོས་པ་ཡིས༔ མྱོས་བྱེད་དུག་ཁྲག་ཆར་འབེབས་པས༔ ཉམས་པ་དྲན་མྱོས་བཀྲག་མདངས་ཉམས༔ སྐྱབས་བྲལ་མགོན་མེད་གྱུར་པར་མོས༔ ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་མཱ་ར་ཡ་རྦད༔ དེ་ནས་ཕུར་བུ་ཐོགས་བྱས་ལ༔ གདིང་གསུམ་གསལ་བ་གསུམ་དང་ནི༔ ཚེ་ཁྲུས་དགོངས་པས་བཏབ་བྱས་ལ༔ ཧཱུྃ༔ པདྨ་དྲག་པོ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་ཆེན་པོའི་སྐུ༔ སྐུ་སྨད་ལྕགས་བསྲེག་ཕུར་བུ་ཡིས༔ དགྲ་གདོན་བགེགས་ཀྱི་སྙིང་ཁར་བཏབ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ྄༔ རྩ་བའི་སྔགས་དང་དྲག་སྔགས་ཀྱི༔ སྙིང་ག་གཙོ་བྱས་གནས་རྣམས་ལ༔ བཏབ་སྟེ་འཚེངས་པ་གསུམ་ལྡན་མོས༔ ཐུན་རྫས་སྣ་ཚོགས་ཆར་ཕབས་ལ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་ཐམས་ཅད་ལས༔ ཕོ་ཉ་མང་པོ་སྐར་ལྟར་འཁྲུགས༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་བརླག༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་མཱ་ར་ཡ་མཱ་ར་ཡ་ད་ཧ་ད་ཧ་པ་ཙ་པ་ཙ་གྲྀཧྞ་གྲྀཧྞ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ འབར་བའི་རལ་གྲིས་དུམ་བུར་གཏུབ༔ ཧཱུྃ་བྷྱོ༔ ཉམས་པའི་གཟུགས་ཕུང་ཡེ་ཤེས་ཀྱི༔ རལ་གྲི་རྣོ་དབལ་འབར་བ་ཡིས༔ དུམ་བུར་གཏུབ་ཅིང་སྐྱེ་རྒྱུན་གཅོད༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་པདྨ་ཀྲོ་དྷ་དགྲ་བགེགས་ཚིནྡྷ་ཡ་ཚིནྡྷ་ཡ་ཧཱུྃ་ཕཊ྄༔ ཤ་ཁྲག་བདུད་རྩིར་སྦར་བྱས་ཏེ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་རྔམས་པའི་ཞལ༔ གྲུ་གསུམ་གནམ་ས་ལྟར་གདངས་པར༔ དགྲ་བགེགས་ཤ་ཁྲག་རུས་གསུམ་སྟོབ༔ ཆེམ་ཆེམ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དུག་ཁྲག་གཏོར་མ་དང༔ ཁྲག་སྐྱེམས་བཤམས་ཤིང་རྔེའུ་ཆུང་བརྡུང༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཧྲཱིཿ གྲུ་གསུམ་སྨུག་ནག་འབར་བའི་དཀྱིལ་འཁོར་ནས༔ པདྨ་དྲག་པོ་ཡབ་ཡུམ་སྲས་འཁོར་བཅས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་དྲག་པོའི་ལས་ལ་བསྐུལ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ དཀྱིལ་འཁོར་གཙོ་མཆོག་གུ་རུ་དྲག་པོའི་སྐུ༔ རྔམ་བརྗིད་ཁྲོས་པའི་ངར་སྐད་ཕྱོགས་བཅུར་སྒྲོག༔ འབར་བའི་མཚོན་ཆ་སྣ་ཚོགས་འཕྲོ་བ་དང༔ སྐུ་མཆོག་རྔམ་ཞིང་བརྗིད་པའི་ཉམས་ལྡན་པས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ༔ གཉིས་མེད་སྦྱོར་བའི་ཡུམ་མཆོག་མཐིང་འོད་འབར༔ ཁྲོ་མོའི་ཆས་ལྡན་ཡབ་ལ་དགྱེས་སྟོབ་འཁྲིལ༔ ཨ་ར་ལི་དང་ཧི་ཧིའི་སྒྲ་ཆེན་སྒྲོག༔ སྤྲུལ་པའི་ཁྲོ་མོ་སྐར་ལྟར་འཁྲུགས་པ་ཡིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཡ༔ པདྨ་དྲག་པོའི་སྐུ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ གཤིན་རྗེ་བྱེ་བ་འབུམ་སྡེའི་ཚོགས་བཅས་ཀྱིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ པདྨ་དྲག་པོའི་གསུང་གི་དཀྱིལ་འཁོར་ནས༔ དབང་ཆེན་རྟ་མཆོག་སྤྲུལ་པའི་ཚོགས་བཅས་ཀྱིས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧཱུྃ༔ པདྨ་དྲག་པོའི་ཐུགས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་གསང་བདག་ཧེ་རུ་ཀ་ཡི་ཚོགས༔ ཐུགས་མཆོག་རིགས་ཀྱི་ཁྲོ་བོ་ཁྲོ་མོ་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་བྃཿ པདྨ་དྲག་པོའི་ཡོན་ཏན་དཀྱིལ་འཁོར་ནས༔ བདུད་འདུལ་ཁྲོ་མོ་དབྱིངས་ཕྱུག་སྡེ་ལྔའི་ཚོགས༔ དྷཱ་ཀི་བྱེ་བ་འབུམ་གྱི་འཁོར་ཚོགས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཡ༔ པདྨ་དྲག་པོའི་ཕྲིན་ལས་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་ལྷ་ཚོགས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ གཙོ་མཆོག་སྐུ་ཡི་གནས་ལྔའི་ཁྲོ་ཆེན་ལྔ༔ གསེར་ལྕགས་དུང་གཡུ་ཟངས་ཀྱི་སྡིག་པ་ལྔ༔ མགོ་དགུ་རྭ་ནི་བཅོ་བརྒྱད་ལྡན་པ་ཡི༔ མ་རུངས་གདུག་པའི་གཟུགས་ཅན་འཁོར་བཅས་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ གཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཚོགས༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ་ཁྲོཾཿ དཔལ་ཆེན་པདྨ་དྲག་པོའི་དབུ་གཙུག་གི༔ ཡེ་ཤེས་བྱ་ཁྱུང་སྒྲོ་གཤོག་མཆུ་སྡེར་གྱིས༔ གདུག་པའི་ཀླུ་རིགས་ཞལ་དུ་འདྲེན་མཛད་ཅིང༔ ཀྲང་ཀྲང་ཀྲིང་ཀྲིང་སྒྲོ་གཤོག་མེ་འབར་བའི༔ སྤྲུལ་པའི་ཁྱུང་ཆེན་ཡང་སྤྲུལ་ཚོགས་དང་བཅས༔ དགྲ་གདོན་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འབྱུང་བ་གཡོ་འཁྲུགས་ཕྱི་ནང་བར་ཆད་བཟློག༔ རྩ་རླུང་ཐིག་ལེའི་འདུ་བ་འཁྲུགས་པ་བཟློག༔ བན་བོན་མུ་སྟེགས་ཕྱི་པའི་ངན་སྔགས་བཟློག༔ མནན་བསྲེག་འཕང་དང་འཁྲུལ་འཁོར་ཐམས་ཅད་བཟློག༔ རྨི་ལྟས་མཚན་ངན་ཀེག་སྲི་ཐམས་ཅད་བཟློག༔ ལྟས་ངན་ཡེ་འདྲོགས་གློ་བུར་ཐམས་ཅད་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ཆག་ཆེ་ཉམ་ང་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛད་དུ་གསོལ༔ དེ་ནས་བྷྱོ་ཡི་གདབ་པ་དང༔ ལྟས་ངན་བཟློག་པ་སྤྱི་ལྟར་བྱ༔ ཟོར་ཆེན་ཡེ་ཤེས་ནམ་མཁར་བཏེགས༔ གསེར་བསྐུལ་གཟུ་དཔང་སྒོ་དབྱེ་ཞིང༔ དགྲ་བགེགས་དམིགས་བྱ་འབེན་དུ་བཅས༔ ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ དམ་ཉམས་སྡིག་ཅན་དགྲ་བོ་རྣམས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་སྨད༔ དགེ་འདུན་འདུ་སྒོ་འཕྲོག་པ་དང༔ རྣལ་འབྱོར་ཚེ་སྲོག་ལ་གཟན་ཅིང༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད༔ འཇིག་རྟེན་མི་བདེ་བྱེད་པ་ཡི༔ ལོག་ལྟའི་དཔུང་ཚོགས་སྡེར་བཅས་ལ༔ དྲག་པོ་ཁྲོས་པའི་ངོ་བོ་ཡི༔ གཏོར་ཟོར་མེ་དང་ནད་མཚོན་གྱི༔ འབར་བ་འདི་ཉིད་བརྒྱབས་པ་ཡིས༔ ལུས་སེམས་ཐལ་བའི་རྡུལ་བཞིན་རློག༔ དགྲ་ཕུང་བདུན་བརྒྱུད་རྩད་ནས་བཅད༔ ཡུལ་མཁར་ཁང་ཁྱིམ་རྨང་མེད་གཏོར༔ རྡུལ་ཕྲན་ཕྱེ་མར་འཐག་པ་དང༔ སྡུག་བསྔལ་ཉམས་སུ་མྱོང་དུ་ཆུག༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ བྷྱོ་བྷྱོ་བཟློག༔ དྲག་སྔགས་བཟླ་བཞིན་འཕང་བར་བྱ༔ ཁ་ཕུང་རྗེས་མེད་གཏོར་བར་བསམ༔ སྲུང་འཁོར་བསྒོམ་ཞིང་ཕྱིར་ལམ་བཅད༔ སྒོ་དྲུང་མནན་པས་ལྡང་མེད་བྱ༔ ཚེ་འགུགས་མཆོད་བསྟོད་ལ་སོགས་པ༔ རྗེས་ཀྱི་རིམ་པ་གཞུང་བཞིན་བྱ༔ དེས་ནི་བདུད་དང་བསྟན་དགྲ་རྣམས༔ ཚར་གཅོད་མིང་ཡང་མི་གྲགས་འགྱུར༔ ཨེ་མ་པདྨ་ཁྲག་འཐུང་གི༔ བཟློག་པའི་བྱང་བུ་བརྡ་ཡི་རྐྱེན༔ རིག་འཛིན་དཔའ་བོའི་སྙིང་ལ་སད༔ སྐལ་ལྡན་འགའ་ཡི་དོན་དུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཆུ་སྦྲུལ་ས་ག་ཟླ་བའི་ཚེས་གསུམ་བཞི་ལ་བྲིས་པའོ། །མངྒ་ལཾ། དགེའོ། །}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:11, 1 June 2024
🚧 This website is under continued development. We appreciate your patience!
Wylie title | zab gsang pad+ma'i yang thig las: pad+ma drag po'i smad las gdab kha dang bzlog pa mtshon cha 'khor lo | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 27, Pages 174-181 (Folios 1a to 8a2) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros) | |
Citation | 'jam dbyangs mkhyen brtse chos kyi blo gros. Zab gsang pad+ma'i yang thig las pad+ma drag po'i smad las gdab kha dang bzlog pa mtshon cha 'khor lo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 174-181. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig) | |
Deity | pad+ma drag po | |
Recension Link | Other Versions on this site: ཟབ་གསང་པདྨའི་ཡང་ཐིག་ལས༔ པདྨ་དྲག་པོའི་སྨད་ལས་གདབ་ཁ་དང་༔ བཟློག་པ་མཚོན་ཆ་འཁོར་ལོ༔ | |
Colophon |
ཆུ་སྦྲུལ་ས་ག་ཟླ་བའི་ཚེས་གསུམ་བཞི་ལ་བྲིས་པའོ། །མངྒ་ལཾ། དགེའོ། | |
chu sbrul sa ga zla ba'i tshes gsum bzhi la bris pa'o/_/mang+ga laM/_dge'o/ |