DKR-KABUM-18-TSHA-008: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བླ་སྒྲུབ་ཀྱི་སྨིན་བྱེད་འབོག་པའི་རིམ་པ་འོད་གསལ་ཡེ་ཤེས་ཉིན་བྱེད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: . Delhi: Shechen Publications, 1994. | |fulltitle=rdo rje snying po don gyi thol glu'i bla sgrub kyi smin byed 'bog pa'i rim pa 'od gsal ye shes nyin byed | ||
|citation=[[Khyentse, Dilgo]]. ''Rdo rje snying po don gyi thol glu'i bla sgrub kyi smin byed 'bog pa'i rim pa 'od gsal ye shes nyin byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 24-32. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Empowerment Ritual - dbang chog - dbang skur | |||
|tibgenre= | |||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|associatedpeople=lha btsun nam mkha' 'jigs med | |||
|associatedpeopletib=ལྷ་བཙུན་ནམ་མཁའ་འཇིགས་མེད་ | |||
|cycle=rig 'dzin DA ki'i srog tig rdo rje snying po don gyi thol glu | |||
|cycletib=རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ | |||
|language=Tibetan | |language=Tibetan | ||
|volumenumber=018 | |volumenumber=018 | ||
|volnumtib=༡༨ | |volnumtib=༡༨ | ||
|volyigtib=ཚ་ | |volyigtib=ཚ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=008 | |||
|pagenumbers=24-32 | |||
|totalpages=18 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=9b5 | ||
|totalfolios=9 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=rdo rje snying po don gyi thol glu | |versonotes=rdo rje snying po don gyi thol glu | ||
| | |colophontib=།ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ཞིང་མི་ཕྱེད་པའི་དད་མོས་ཅན་རིན་ཚང་ལྷ་རིགས་ཀྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའམ་དབྱིངས་རིག་བྱང་ཆུབ་དབང་པོ་དང༌། སྒྲུབ་བརྩོན་བླ་མ་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་གསུང་བསྐུལ་ཡང་ཡང་གནང་བ་ལྟར། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཀྱི་མུ་ཏོ་བ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཁ་བཞི་ལྷོ་ཡི་རྒྱལ་ཁབ་ཀྱི་བྱེ་བྲག་ཕུན་ཚོགས་ཆོས་གླིང་གི་གཙུག་ལག་ཁང་གསར་པར་ཆོ་འཕྲུལ་ཟླ་བའི་དུས་ཚེས༢༡བཟང་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་དུས་མཆོད་སྐབས་གྲུབ་པར་སྦྱར་བའི་ཡི་གེ་གཉིས་པར་འབེབས་པོ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང་ཐེག་པ་མཆོག་གི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།། | ||
|colophonwylie=/ces pa'ang theg mchog snying po'i rnal 'byor la thugs gzhol zhing mi phyed pa'i dad mos can rin tshang lha rigs kyi rnal 'byor pa klong chen ye shes rdo rje'am dbyings rig byang chub dbang po dang*/_sgrub brtson bla ma karma ye shes chos 'phel nas gsung bskul yang yang gnang ba ltar/_'od gsal rdo rje snying po'i bstan zhabs su skyes pa'i rgyal khams kyi mu to ba pad+ma gar dbang 'od gsal mdo sngags gling pas kha bzhi lho yi rgyal khab kyi bye brag phun tshogs chos gling gi gtsug lag khang gsar par cho 'phrul zla ba'i dus tshes21bzang po kun mkhyen rdo rje gzi brjid kyis dus mchod skabs grub par sbyar ba'i yi ge gnyis par 'bebs po rang slob o rgyan gzhan phan nas bgyis pa 'dis kyang theg pa mchog gi bstan pa la bya ba mchog tu byed par gyur cig_/sarba mang+ga laM// | |||
|pdflink=File:DKR-KABUM-18-TSHA-008.pdf | |pdflink=File:DKR-KABUM-18-TSHA-008.pdf | ||
}} | }} | ||
Line 37: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བླ་སྒྲུབ་ཀྱི་སྨིན་བྱེད་འབོག་པའི་རིམ་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བླ་སྒྲུབ་ཀྱི་སྨིན་བྱེད་འབོག་པའི་རིམ་པ་འོད་གསལ་ཡེ་ཤེས་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་རུ། འཁྲུལ་ཆོས་དབྱིངས་སུ་དག་པ་ཡེ་ཤེས་གདངས། །འོད་གསལ་རྡོ་རྗེའི་རོལ་མོའི་སྒྱུ་འཕྲུལ་གར། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུས་ཧེ་རུ་ཀ །འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་མཆོག་དེར་གུས། །གང་གི་བྱིན་རླབས་ཉིན་བྱེད་ཀྱིས། །དད་བརྒྱའི་པདྨོ་འཛུམ་པ་ལས། །སྐལ་བཟང་སྦྲང་མངར་ཉིང་ཁུའི་དཔལ། །སྙིང་པོའི་སྨིན་བྱེད་ཆོ་ག་བཤད། །རིག་འཛིན་བླ་མ་སྒྲུབ་པའི་བྱིན་རླབས་ལམ་བྱེད་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་སྨིན་བྱེད་འབོག་པ་ལ། སྟེགས་བུར་འོད་ལྔའི་ཐིག་ཟླུམ་དབུས་སུ་བུམ་པ། གསང་ཐོད། རིག་ཙཀ །ཤེལ་རྡོ། བླ་མའི་སྐུ་འབག །སྒྲུབ་སྡེ་བརྒྱད་ཀྱི་ཙཀ་ལི་བཅས་འདུ་བྱས་ལ། ཕྱི་ནང་གི་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་ནང་མཆོད། ཌཱ་དྲིལ་རྡོ་རྗེ། ལས་བུམ་དང་ཚོགས་ཀྱི་མཆོད་པ། བཀའ་སྲུང་དང་ཆད་བརྟན་གྱི་མཆོད་གཏོར་རྣམས་འདུ་བྱ། སྣང་སྲིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའི་རྟོགས་གོམས་ཅན་ལ་བདག་མདུན་གྱི་སྤྲོས་པ་སོགས་མ་བྱས་ཀྱང་རུང་མོད། གསང་བ་སྤྱིའི་ཕྱག་ལེན་ལྟར་བརྒྱུད་འདེབས་ནས་བརྩམས་བླ་སྒྲུབ་ཀྱི་ཕྲིན་ལས་ལས་གཞུང་བསྲངས། བདག་མདུན་དམིགས་པས་ཕྱེད་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་སྐབས་དབྱེ་བར་བྱ། བུམ་པར་དམིགས་བཟླས་དང༌། ལས་བུམ་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བྱིན་བརླབས། ཏིང་ངེ་འཛིན་གྱི་དབང་ལེན་དང་རིག་པའི་མེ་ཏོག་དོར་བ་གང་རུང་བྱ། བཀའ་སྲུང་གི་གསོལ་མཆོད་དང༌། ཚོགས་སྐོང་བཤགས་རྒྱས་པར་བྱས་ལ། སྨིན་པར་འོས་པའི་སློབ་མ་ཟུང་དུ་མ་གྱུར་བ་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་ན་བགེགས་བསྐྲད། མཚམས་བཅད་ལ། ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་མཐའ་དག་ནི་དགེ་བའི་བཤེས་གཉེན་འབའ་ཞིག་ལ་རག་ལས་ཤིང༌། བཤེས་གཉེན་བསྟེན་ནས་ཡོན་ཏན་ཐོབ་པ་དེ་ཡང་བླ་མ་ལ་དད་ཅིང་གུས་པས་དེ་ཡི་དགོངས་སྤྱོད་བསླབ་པ་ལ་རག་ལས་པའི་ཕྱིར། བླ་མའི་མོས་གུས་ལམ་དུ་བྱེད་པའི་རྣལ་འབྱོར་ནི་མདོ་རྒྱུད་བཀའ་གཏེར་ཀུན་ནས་ཟབ་གསང་མན་ངག་མཐར་ཐུག་ཏུ་ཡང་ཡང་བསྔགས་ཤིང༌། མཁས་གྲུབ་ཀུན་ལ་ཚད་མས་གྲུབ་པ་སྟེ། དེ་ལ་ཡང་བསྒྲུབ་བྱ་བླ་མ་སྐུ་གསུམ་དང༌། སྒྲུབ་བྱེད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་གཞག་མང་དུ་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་བསྒྲུབ་བྱ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཇའ་ལུས་འཕོ་ཆེན་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་བརྙེས་པས་བསྐལ་པ་འདི་མ་ཞིག་གི་བར་དུ་སྤྲུལ་གཞི་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་ཏེ། སྤྲུལ་པའི་རྣམ་རོལ་དུ་མས་ཕྱི་མའི་གདུལ་བྱ་སྐྱོང་ཞིང་ཐེག་མཆོག་སྙིང་པོའི་བསྟན་པ་སྤེལ་བར་གསུངས་པ་ལྟར། པཎ་ཆེན་བི་མའི་རྣམ་འཕྲུལ་གྱི་ཡ་གྱལ་ལྷ་བཙུན་ནམ་མཁའི་རྣལ་འབྱོར་ཞེས་བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀ་དངོས་སུ་བྱོན་པ་དེ་ཉིད་ཀྱི་དགོངས་བཅུད་སྙིང་པོ་ཐུགས་ཀྱི་ཏི་ལ་ཀ་འདི་ནི། མཁས་ཤིང་དངོས་གྲུབ་བརྙེས་པའི་ཡོངས་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། རིས་མེད་ཀྱི་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་ལ་ཐོས་བསམ་ཕྲ་མོ་བྱས་པས་སྙིགས་དུས་ཀྱིས་སྐལ་བཟང་དུ་རློམ་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་བདག་ཉིད་སྦས་ཡུལ་འབྲས་གཤོངས་ལྷ་རིའི་ལྟེ་བ་བྲག་དཀར་བཀྲ་ཤིས་སྡིང་དུ་སོན་པའི་སྐབས། མཆོག་གི་རིག་འཛིན་ཆེན་པོ་རྒྱལ་བ་ལྷ་བཙུན་པ་དང་འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་དབྱེར་མེད་པའི་བྱིན་རླབས་ཀྱི་མཐུས། རིག་གསང་ནས་བརྡོལ་བའི་འོད་གསལ་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་ཟབ་ལམ་བླ་མ་སྒྲུབ་པ་འདི་ནི། ཕྱི་བླ་མ་ཧེ་རུ་ཀ་དཔལ་སྤྲུལ་སྐུའི་ཚུལ་དུ་སྒྲུབ་པ། ནང་དཔལ་ཆེན་སྒྲུབ་སྡེ་བརྒྱད་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་བཀོད་ནས་སྒྲུབ་པ། གསང་བ་དང་ཡང་གསང་རྩོལ་བཅས་རྩོལ་མེད་ཀྱི་ལམ་རྫོགས་རིམ་ལྟར་སྒྲུབ་པའི་མན་ངག་ཀུན་གྱི་བཅུད་དྲིལ་གྱི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བའི་སྐབས་སུ་བབ་པ་ལ་ཐོག་མར་མཎྜལ་ཕུལ། དཔལ་མགོན་རིག་འཛིན་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དང་པོའི་སངས་རྒྱས་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དགོངས་སུ་གསོལ༔ ཁྱོད་ཀྱི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་བསྩལ་དུ་གསོལ༔ མདུན་གྱི་ནམ་མཁར་འཇའ་འོད་ཟེར་ཐིག་གི་གུར་ཁང་འཁྲིགས་པའི་ཀློང་དུ་དཔལ་མགོན་བླ་མ་མཆོག་གི་དག་ཆེན་ཡེ་ཤེས་ཀྱི་རོལ་མོར་གསང་གསུམ་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པ་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་རང་རིག་གཉུག་མའི་ཐིག་ལེ་དང་གཉིས་སུ་མེད་པར་ཤེས་པའི་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བ་དང༌། འགྲོ་ཀུན་རང་གྲོལ་གདོད་མའི་གཤིས་ལུགས་དང་འདུ་འབྲལ་མེད་ཀྱང་མ་རྟོགས་གློ་བུར་གྱི་འཁྲུལ་པས་ཉམ་ཐག་པ་འོད་གསལ་ཆོས་སྐུའི་ཀློང་དུ་གྲོལ་ཞིང་གསང་མཆོག་རྡོ་རྗེ་སྙིང་པོའི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་པ་ལ་བསླབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་དང་བཅས་པའི་རྗེས་ཟློས་མཛོད། ཨ༔ ཆོས་དབྱིངས་འོད་གསལ་སོགས་ནས། སེམས་བསྐྱེད་དོ༔ བར་ལན་གསུམ། དོན་དམ་ཆོས་ཉིད་ཀྱི་བླ་མའི་རང་ཞལ་རང་སྣང་རིག་པས་མངོན་སུམ་དུ་མཇལ་བར་ཕྱག་འཚལ་ཞིང༌། སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་པའི་མཆོད་པ་འབུལ་བ་དང༌། གཟོད་ནས་ཀ་དག་ཆེན་པོའི་དགོངས་པར་བློས་བྱས་ཡིད་དཔྱོད་ཀྱི་འཁྲུལ་རྟོག་གི་ནོངས་པ་བཤགས་ཤིང༌། རང་རིག་སྐུ་གསུམ་ཡོན་ཏན་རྒྱ་མཚོ་མངོན་གྱུར་དུ་ཤེས་པར་རྗེས་སུ་ཡི་རང༌། ཟབ་གསལ་རྟོགས་པ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང༌། སྐྱེ་འཆི་མཚན་རྟོག་ཐམས་ཅད་རང་གྲོལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་འཕོ་མེད་དུ་བཞུགས་པར་གསོལ་ཞིང༌། མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་གཞི་དབྱིངས་གདོད་མའི་ཐིག་ལེར་གྲོལ་བའི་ཆེད་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བས་མཚོན་དོན་དམ་པའི་བསག་སྦྱོང་ལ་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། ཨ༔ རིག་པ་རང་སྣང་བླ་མར་ཕྱག་འཚལ་ཞིང༔ སོགས་ནས། བྱང་ཆུབ་ཤོག༔ ལན་གསུམ། སྲིད་ལས་རྣམ་པར་གྲོལ་བའི་ལམ་གྱི་རྩ་བ་ངེས་འབྱུང༌། ཞི་བའི་མཐའ་ལས་གྲོལ་བའི་ལམ་གྱི་སྙིང་པོ་སྙིང་རྗེ། ཟུང་འཇུག་འབྲས་བུའི་ས་ལ་བདེ་མྱུར་དུ་སྦྱོར་བའི་མྱུར་ལམ་དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་བས་ཟིན་པའི་སོ་བྱང་སྔགས་ཀྱི་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། དུས་སྐབས་དགོས་པ་གང་གཙོར་སྤྱོད་པས་དགག་དགོས་ཡོངས་རྫོགས་ཀྱི་བསླབ་པ་བཟུང་བས་དབང་གི་གཞི་གཟུང་བའི་ཕྱིར་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་ཕྱིར་སྒོ་གསུམ་གྱི་གནད་བཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ཨ༔ ཤིན་ཏུ་རྣམ་དག་རྡོ་རྗེ་བཙུན་མོའི་དབྱིངས༔ སོགས་ནས་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས་པས་གདུང་ཤུགས་བསྐྱེད་དེ་བརྗོད་ཅིང་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་བསྐུར་དངོས་གཞི་ལ་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་གི་སླད་དུ་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཐུགས་ཀ་ནས་རིག་པའི་ལྷ་མོ་སྤྲོས་པས་སྣང་སྟོང་བུམ་པའི་དབང་གིས་སྨིན་པར་བྱས་པར་མོས་མཛོད། བུམ་པས་དབང་བསྐུར་ལ། ཨོཾ༔ སྣང་སྲིད་ཡོངས་རྫོགས་བཀྲ་ཤིས་ལྷའི་བུམ་པ༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་ཀྱིས་གཏམས༔ དུག་ལྔ་རྣམ་དག་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་ཀ་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་མྱང༌། དེ་ལྟར་དབང་བསྐུར་བས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཁེངས། ཕུང་ལྔ་རིགས་ལྔའི་རང་བཞིན་དུ་གནས་གྱུར། དུག་ལྔ་དག་པས་ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བའི་ཟེགས་མ་རིགས་ཀྱི་བདག་པོར་གྱུར་པས་རྒྱས་བཏབ་པར་མོས། དེ་དང་རྗེས་འབྲེལ་དུ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་རྣམ་པ་སྐུ་ཡི་གནས་སོ་སོ་ནས་སྤྲོས་ཏེ་དབང་བསྐུར་བར་མོས་མཛོད། གཤིན་རྗེའི་སྐུ་དཔྲལ་བར་བཞག་ལ། ཨོཾ༔ ཁྱོད་ཀྱི་ཕུང་ཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་ལུས་ཅན་འཇམ་དཔལ་སྐུའི་འཁོར་ལོ༔ གཉིས་མེད་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ སྣང་སྟོང་ལྷུན་གྲུབ་སྒྱུ་འཕྲུལ་དབྱིངས་རྫོགས་ཤོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄ཿ ཨ་བྷི་ཥིཉྩ་ཨོཾ༔ རྟ་མགྲིན་མགྲིན་པར་བཞག་ལ། ཨཱ༔ ངག་རླུང་འགྲོ་འོང་པདྨ་གསུང་གི་དལ༔ གར་གྱི་དབང་ཕྱུག་རྟ་མཆོག་བཞད་པ་བརྒྱས༔ རྡོ་རྗེ་ནཱ་ད་ཆོས་ཀྱི་སྐུར་རྫོགས་པས༔ ཆོས་སྒོ་རབ་འབྱམས་སྤྲོ་ལ་ཐོགས་མེད་ཤོག༔ ཧྲཱིཿཔདྨནྟ་ཀྲྀ་ཏ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱ༔ ཡང་དག་སྙིང་གར་བཞག་ལ། ཧཱུྃ༔ སེམས་ཀྱི་ཀུན་རྟོག་གཟུང་འཛིན་ཀ་ནས་དག༔ མི་བསྐྱོད་རྡོ་རྗེ་ཐིག་ལེ་གཅིག་ཏུ་ཟླུམ༔ ཡང་དག་གྲུབ་པའི་དགོངས་པ་བློ་ལས་འདས༔ ལྷན་སྐྱེས་རྡོ་རྗེའི་ཆོས་ཉིད་རྟོགས་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཆེ་མཆོག་ལྟེ་བར་བཞག་ལ། སྭཱ༔ སྒོ་གསུམ་རྣམ་དག་ཟག་བཅས་འོད་སྐུར་དེངས༔ རྡོ་རྗེ་ཉི་མ་སྣོད་བཅུད་བདུད་རྩིར་འཆར༔ འཕོ་ཆེན་འཁོར་འདས་ཁྱབ་བདག་ཧེ་རུ་ཀ༔ རྨད་བྱུང་སྤྱི་དཔལ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱྃ༔ ཕུར་པ་གསང་གནས་སུ་བཞག་ལ། ཧཱ༔ བྱ་བྱེད་རྣམ་དག་ཕྲིན་ལས་རྟ་ཡི་རྒྱལ༔ རྡོ་རྗེ་གཞོན་ནུ་ཐལ་འབྱིན་དགོངས་པ་རྣོ༔ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཟུགས༔ གཉིས་མེད་ཆོས་ཀྱི་ཕྱག་རྒྱའི་དབང་བསྐུར་སྦྱིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ མ་མོ་གནས་ལྔར་བཞག་ལ། བྷྱོ༔ ཕུང་པོ་རྩ་རླུང་ཐིག་ལེ་རྣམ་དག་དབྱིངས༔ རང་ཤར་མངོན་རྫོགས་མ་མོའི་དགའ་མ་སྟེ༔ ཉི་ཞི་བདེ་མཆོག་མུ་ཁ་ལེ་ཆེན་མོས༔ རྡོ་རྗེ་གསང་བར་སྦྱོར་བའི་དབང་བསྐུར་རོ༔ ཨོཾ་མ་མ་ཡོ་གི་ནི་གུ་ཧྱ་ཧཱུྃ༔ ཨ་བྷི་ཥིཉྩ་བྃ༔ དྲེགས་འདུལ་ལག་གཉིས་སུ་བཞག་ལ། ཧཱུྃ༔ ཞེ་སྡང་རང་གྲོལ་རྡོ་རྗེ་དྲེགས་པའི་རྒྱལ༔ རཀྴ་སྲིན་པོ་སྡེ་བརྒྱད་རྟོག་ཚོགས་འདུལ༔ གསལ་འབར་ཁྱབ་འཕྲོ་ཕོ་ཉའི་ལས་བྱེད་པའི༔ བཀའ་སྡོད་འབར་བ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨཿཡཿམཿདུཿརུཿཙཿཤཿནཿ ཨ་བྷི་ཥིཉྩ་ཧཱུྃ༔ དྲག་སྔགས་པུས་མོ་གཡས་གཡོན་དུ་བཞག་ལ། ཨེ༔ སྲིད་གསུམ་ང་རྒྱལ་གདུག་པ་གནས་དག་པའི༔ གཏུམ་ཆེན་ཨེ་དབྱིངས་དྲག་པོ་སྔགས་ཀྱི་མཚོན༔ དུག་ལྔ་འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རང་གྲོལ་མཉམ་ཉིད་དོན་གྱི་དབང་བསྐུར་རོ༔ ཨོཾ་ཨེ་སརྦ་དུཥྚན་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨེ༔ རིག་འཛིན་བླ་མ་སྤྱི་བོར་བཀོད་དེ། ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རིགས་ལྔ་ཞི་ཁྲོ་ཡོངས་འདུས་དཔལ༔ རྩ་གསུམ་ཁྱབ་བདག་དང་པོའི་ཧེ་རུ་ཀ༔ རིག་འཛིན་འདུས་པ་བླ་མའི་རྡོ་རྗེའི་སྐུར༔ དབང་བསྐུར་ཕུང་ཁམས་ལྷ་སྐུར་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལུས་ཀྱི་གནས་སོ་སོར་བཀོད་པས་ཡེ་ཤེས་འབར་བ་ཀློང་དགུའི་བདག་ཉིད་རྒྱུད་སྡེ་རྒྱ་མཚོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པས་སྣང་སྲིད་བླ་མའི་དག་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ་ཡོངས་གྲུབ་ཆེན་པོའི་སྐུ་རྡོ་རྗེར་ངོ་ཤེས་པར་མཛོད་ལ་དག་པའི་བསྐྱེད་རིམ་ལ་བསླབ་དགོས་པ་ཡིན་ནོ། །དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པ་སྐུའི་དབང་བསྐུར་བས། ལུས་ཕྲ་རགས་ཀྱི་སྒྲིབ་པ་དག །སྣང་སྟོང་སྒྱུ་མ་སྐུའི་བྱིན་རླབས་ཐོབ། ལམ་བསྐྱེད་བཟླས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་རོལ་རྩེད་ཀྱིས་ལྷག་པའི་སེམས་ཀྱི་སྤྲིན་ཕུང་སངས་རྒྱས་ཐམས་ཅད་འདུས་པའི་དམ་རྫས་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བར་མོས། གསང་ཐོད་ཀྱི་བདུད་རྩི་མཐེབ་སྲིན་གྱིས་སྟེར་ལ། ཧྲཱིཿ ཐབས་ཀྱི་རྡོ་རྗེ་བདེ་ཆེན་འཁོར་ལོ་ཝཾ༔ ཤེས་རབ་ཨེ་ཡི་པདྨར་མཉམ་སྦྱོར་བའི༔ ཟུང་འཇུག་ལྷག་པའི་སེམས་སྤྲིན་རྒྱལ་ཀུན་འདུས༔ རྟོག་བྲལ་རིགས་ཀྱི་བུ་ལ་མཉམ་པར་སྦྱིན༔ གུ་ཧྱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་མྱོང༌། དེ་ལྟར་བྱིན་པའི་བདུད་རྩི་རྡོ་རྗེ་ལྕེ་ཡི་ལམ་བརྒྱུད་རྩ་གནས་ཐམས་ཅད་དུ་ཁྱབ། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉམས་སྐྱེས་པར་མོས། རྗེས་འབྲེལ་བཟླས་པའི་ལུང་གི་སླད་དུ། མདུན་བསྐྱེད་བླ་མའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་འོད་ལྔ་ཐིག་ལེའི་སྦུབས་སུ་ཨ་ཡིག་མཐིང་ག་ཁྱབ་པ་ཆེན་པོའི་རང་གཟུགས་ལས་རྡོ་རྗེའི་གསང་སྔགས་ཡི་གེ་སྤྲིན་གྱི་ཚོགས་སྤྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་གི་མཐའ་སྐོར་དུ་བཀོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ག་ག་ན་ཨ་བྷ་ཡ་ཛྙཱ་ན་སིདྡྷི་ཧཱུྃ། ལན་གསུམ། ལྷ་སྔགས་གཉིས་སུ་མེད་པའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ། ཨོཾ་ནི་རང་བྱུང་ཀུན་བཟང་སོགས་རྗེས་ཟློས་བཅས་བསྙེན་པ་ལན་གསུམ་བཟླར་གཞུག །གཞིར་གནས་ཨ་ལས་སོགས་ལས་བཞིའི་དམིགས་བཟླས་བཅས་ཤམ་བུ་བཏགས་པ་ལན་རེ་རྗེས་ཟློས་བྱ། དེ་དག་གིས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་བྱེད་པ་ལ་དབང་བའོ། །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསུང་གསང་བའི་དབང་བསྐུར་བས། ངག་གཟུང་འཛིན་གྱི་རླུང་གི་སྒྲིབ་པ་དག གྲགས་སྟོང་གསུང་གི་བྱིན་རླབས་ཞུགས། ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ཐུགས་ཀ་ནས་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་གྱི་རིགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྤྲོས་ཏེ་ཐར་པ་བརྟེན་པར་བསྐུལ་བར་གྱུར། རིག་ཙཀ་གཏད་ལ། ཧྲཱིཿ འཕོ་མེད་དགའ་བ་མཆོག་གི་དཔལ་སྟེར་བའི༔ རྡོ་རྗེ་བཙུན་མོ་གསང་བའི་ཆུ་སྐྱེས་ཅན༔ སྒྱུ་མ་ཆེན་མོ་ཡུམ་གྱི་དབང་བསྐུར་བས༔ འཛག་བདེའི་འཁྲུལ་པ་གཞི་ལ་དག་པར་མཛོད༔ པདྨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་གཏད་པའི་ཕྱག་རྒྱར་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་དགའ་བཞི་ལུགས་འབྱུང་ལྡོག་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་མཛོད། རྗེས་འབྲེལ་དུ་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཆོས་ཉིད་གཉུག་མའི་དབྱིངས་སུ་མ་བཅོས་པར་མཉམ་པར་ཞོག་ཅིག །དེས་དོན་དམ་ཡེ་ཤེས་ཀྱི་བླ་མ་ངོ་སྤྲད་པ་ཡིན་པས་ཡེངས་མེད་དྲན་པའི་མོས་གུས་རྒྱུན་ཆད་མེད་པའི་རྣལ་འབྱོར་དང་མ་བྲལ་བར་མཛོད་ཅིག །དེས་གསང་བ་ཤེས་རབ་མའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཐིག་ལེ་འཕོ་འཛག་གི་སྒྲིབ་པ་དག །བདེ་སྟོང་ཐུགས་ཀྱི་བྱིན་རླབས་ཞུགས། ལམ་དཔེ་ཡི་ཡེ་ཤེས་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ཚིག་གི་དབང་ལ་བླ་མ་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་སྐུས་དབྱིངས་ཀ་དག་ཤེལ་ལྟ་བུ་དང༌། འོད་གསལ་ལྷུན་གྲུབ་འཇའ་ཟེར་འཕྲོ་བའི་བརྡ་ཡིས་ངོ་སྤྲད་པ་ནི། མན་ཤེལ་བསྟན་ཏེ། ཨ༔ སེམས་ཀྱི་འགྱུ་བ་རང་གྲོལ་རྡོ་རྗེའི་དབྱིངས༔ ངོ་བོ་རྣམ་དག་དྲི་མེད་ཤེལ་ལྟར་དྭངས༔ ལྷུན་གྲུབ་འཇའ་གུར་འོད་ཀྱི་ཐིག་ལེའི་སྦུབས༔ སྒྲོན་མ་དྲུག་གི་ཆོ་འཕྲུལ་བརྡ་རྟགས་སྦྱིན༔ ཨེ་ཀ་ཨ་ཏི་དྷཱ་ཏུ་ཧོ༔ རྗེས་འབྲེལ་དུ་བླ་སློབ་གཉིས་ཀས་རིག་པ་མ་བཅོས་སོ་མའི་ངང་བསྐྱངས་ཏེ་དགོངས་བརྒྱུད་འཕོ་བའི་དབང་གི་དོན་ངོ་སྤྲད་པ་ནི། བླ་མས་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་ལ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀ་དག་ཀུན་བཟང་ཆོས་སྐུའི་དབྱིངས༔ ངོ་བོ་སྟོང་ཉིད་སེམས་ཀྱི་གཤིས་སུ་བཞུགས༔ བླ་མ་ཆོས་སྐུ་རིགས་ཀྱི་བུ་ལ་ཡོད༔ ཡེངས་འཁྲུལ་བྲལ་བའི་དགོངས་པ་སྐྱོང་རེ་རན༔ རང་རིག་ལྷུན་གྲུབ་མཐའ་དབུས་མེད་པའི་དབྱིངས༔ རང་བཞིན་འོད་གསལ་སེམས་ཀྱི་མདངས་སུ་ཤར༔ མ་འགག་གསལ་བའི་བླ་མ་ཡེ་རེ་བ༔ འཁྲུལ་རྟོག་བར་ལག་གྱེས་པའི་ཀློང་ནས་མཇལ༔ འཁོར་འདས་ཀུན་ཁྱབ་ཟང་ཐལ་བརྡལ་བ་ཆེ༔ ཐུགས་རྗེ་ཁྱབ་པ་སེམས་ཀྱི་རྩལ་དུ་བཞུགས༔ རང་ངོ་ཤེས་ན་བླ་མ་སྤྲུལ་པའི་སྐུ༔ རང་སྣང་ཞེན་མེད་གྲོལ་བའི་བབ་ལ་ལྟོས༔ ལྟ་བ་མེད་དེ་ཆོས་ཉིད་སྟོང་པ་ཉིད༔ མཐོང་བ་མེད་དེ་ཡུལ་དང་དབང་པོ་བྲལ༔ ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ་ཆེན་པོ༔ ཨ་ཧོ་ཨ་ཏི་རང་ལས་གཞན་དུ་མེད༔ འདི་ལ་བསལ་བཞག་དགག་སྒྲུབ་འཛིན་པ་བྲལ༔ ཆོས་ཉིད་རྗེན་པ་རང་བྱུང་རྒྱན་དུ་ཁྱེར༔ དགོངས་པས་དབང་བསྐུར་བརྡ་ཡིས་ཐབས་བསྟན་པས༔ བུ་ཁྱོད་མ་ཆགས་པདྨའི་ས་ལ་ཤོག༔ མཚོན་བྱ་དོན་གྱི་རྟོགས་པ་མངོན་གྱུར་ཕྱིར༔ མཚོན་བྱེད་རིག་པ་རྩལ་གྱི་དབང་གི་མཆོག༔ བསྐུར་བྱ་སྐུར་བྱེད་བྲལ་བའི་ཡེ་ཤེས་འཕོ༔ དོན་དམ་ནམ་མཁའི་འཁོར་ལོར་སྦྱོར་ཅིག་ཨ༔ དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་རྡོ་རྗེ་བཞི་པའི་དབང་བསྐུར་བས། སྣང་གསུམ་འཕོ་བའི་སྒྲིབ་པ་དབྱིངས་སུ་དག །ལམ་དོན་དམ་རྩོལ་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །སྲུང་མའི་བཀའ་གཏད་བྱེད་ན། གཏོར་མ་བཀའ་སྲུང་དྲག་པོ་སྡེ་ལྔ་འཁོར་དང་བཅས་པར་གསལ་བ་ལ་སློབ་དཔོན་གྱི་དགོངས་པས་གཟིར་ཞིང་ཐ་ཚིག་བསྒྲགས་པས་དེ་དག་གིས་ཀྱང་སྔོན་གྱི་དམ་བཅའ་རྗེས་སུ་དྲན་ནས་བཀའ་བཞིན་སྒྲུབ་པར་ཁས་བླངས་པར་མོས་ལ། ཨེ༔ ཆོས་དབྱིངས་རྡོ་རྗེ་བཙུན་མོ་སོགས། ཁྱད་པར་རྡོ་རྗེའི་སློབ་མ་འདི་རྣམས་ལ། །ལུས་དང་གྲིབ་བཞིན་སྲུང་སྐྱོབ་སྡོང་གྲོགས་དང༌། །ས་ལམ་ཡོན་ཏན་ཉམས་རྟོགས་འཕེལ་རྒྱས་བརྟན། །འགལ་རྐྱེན་མཐའ་དག་སྲུང་སྐྱོབ་གཉེར་ཁ་རྣམས། །ཇི་ལྟར་བསྒོ་བའི་དམ་ལས་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་མཐའ་དག་སྒྲུབ་པར་མཛོད། །ས་མ་ཡ་རཀྵནྟུ། ཞེས་གཏོར་མ་ལག་ཏུ་གཏད་པས་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་སྲུང་སྐྱོབ་མཛད་པར་ཞལ་གྱིས་བཞེས་པར་མོས་ཤིང༌། ཁྱེད་རྣམས་ཀྱིས་ཀྱང་གསོལ་མཆོད་མི་ཆག་པའི་དམ་ཚིག་གཉན་པོ་རྟག་ཏུ་སྲུངས་ཤིག །དེ་དག་གིས་དབང་བསྐུར་གྱི་རིམ་པ་ཆིག་རྫོགས་སུ་གྲུབ་པ་ཡིན་པས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པའི་ཕྱིར་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ། ལུས་འབུལ་དང༌། ཁྲིད་རྗེས་འབྲེལ་བྱེད་ན་ཁྲིད་ཟིན་ལྟར་འབོག །དགེ་བསྔོ་སྨོན་ལམ་བཅས་བྱ། དཔོན་སློབ་ལྷན་ཅིག་ཚོགས་ལ་རོལ་པ་དང༌། རྡོ་རྗེའི་གླུ་གར་སོགས་ཀྱང་སྤྲོ་ན་བྱ། སློབ་དཔོན་གྱིས་ལྷག་མ་གཏོང་བ་ནས་བརྩམས་ལས་བྱང་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ༌། །བརྒྱུད་གསུམ་བླ་མའི་བྱིན་རླབས་དགེ་མཚན་གྱི། །ཡིད་ཀྱི་པདྨོའི་ཟིལ་མངར་འདི་ཡིས་ཀྱང༌། །འབྲེལ་ཚད་ཐེག་མཆོག་སྙིང་པོའི་ལྟ་དགོངས་ལ། །དབང་འབྱོར་གདོད་མའི་གྲོལ་གཞིར་དབུགས་དབྱུང་ཤོག །ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ཞིང་མི་ཕྱེད་པའི་དད་མོས་ཅན་རིན་ཚང་ལྷ་རིགས་ཀྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའམ་དབྱིངས་རིག་བྱང་ཆུབ་དབང་པོ་དང༌། སྒྲུབ་བརྩོན་བླ་མ་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་གསུང་བསྐུལ་ཡང་ཡང་གནང་བ་ལྟར། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཀྱི་མུ་ཏོ་བ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཁ་བཞི་ལྷོ་ཡི་རྒྱལ་ཁབ་ཀྱི་བྱེ་བྲག་ཕུན་ཚོགས་ཆོས་གླིང་གི་གཙུག་ལག་ཁང་གསར་པར་ཆོ་འཕྲུལ་ཟླ་བའི་དུས་ཚེས༢༡བཟང་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་དུས་མཆོད་སྐབས་གྲུབ་པར་སྦྱར་བའི་ཡི་གེ་གཉིས་པར་འབེབས་པོ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང་ཐེག་པ་མཆོག་གི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།།}} | ༄༅། །ན་མོ་གུ་རུ། འཁྲུལ་ཆོས་དབྱིངས་སུ་དག་པ་ཡེ་ཤེས་གདངས། །འོད་གསལ་རྡོ་རྗེའི་རོལ་མོའི་སྒྱུ་འཕྲུལ་གར། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུས་ཧེ་རུ་ཀ །འཇིགས་བྲལ་རྣལ་འབྱོར་དབང་ཕྱུག་མཆོག་དེར་གུས། །གང་གི་བྱིན་རླབས་ཉིན་བྱེད་ཀྱིས། །དད་བརྒྱའི་པདྨོ་འཛུམ་པ་ལས། །སྐལ་བཟང་སྦྲང་མངར་ཉིང་ཁུའི་དཔལ། །སྙིང་པོའི་སྨིན་བྱེད་ཆོ་ག་བཤད། །རིག་འཛིན་བླ་མ་སྒྲུབ་པའི་བྱིན་རླབས་ལམ་བྱེད་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་སྨིན་བྱེད་འབོག་པ་ལ། སྟེགས་བུར་འོད་ལྔའི་ཐིག་ཟླུམ་དབུས་སུ་བུམ་པ། གསང་ཐོད། རིག་ཙཀ །ཤེལ་རྡོ། བླ་མའི་སྐུ་འབག །སྒྲུབ་སྡེ་བརྒྱད་ཀྱི་ཙཀ་ལི་བཅས་འདུ་བྱས་ལ། ཕྱི་ནང་གི་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་ནང་མཆོད། ཌཱ་དྲིལ་རྡོ་རྗེ། ལས་བུམ་དང་ཚོགས་ཀྱི་མཆོད་པ། བཀའ་སྲུང་དང་ཆད་བརྟན་གྱི་མཆོད་གཏོར་རྣམས་འདུ་བྱ། སྣང་སྲིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བའི་རྟོགས་གོམས་ཅན་ལ་བདག་མདུན་གྱི་སྤྲོས་པ་སོགས་མ་བྱས་ཀྱང་རུང་མོད། གསང་བ་སྤྱིའི་ཕྱག་ལེན་ལྟར་བརྒྱུད་འདེབས་ནས་བརྩམས་བླ་སྒྲུབ་ཀྱི་ཕྲིན་ལས་ལས་གཞུང་བསྲངས། བདག་མདུན་དམིགས་པས་ཕྱེད་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་སྐབས་དབྱེ་བར་བྱ། བུམ་པར་དམིགས་བཟླས་དང༌། ལས་བུམ་དུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བྱིན་བརླབས། ཏིང་ངེ་འཛིན་གྱི་དབང་ལེན་དང་རིག་པའི་མེ་ཏོག་དོར་བ་གང་རུང་བྱ། བཀའ་སྲུང་གི་གསོལ་མཆོད་དང༌། ཚོགས་སྐོང་བཤགས་རྒྱས་པར་བྱས་ལ། སྨིན་པར་འོས་པའི་སློབ་མ་ཟུང་དུ་མ་གྱུར་བ་སྒོ་དྲུང་དུ་ཁྲུས་བྱ། ནང་དུ་འཇུག་པ་ན་བགེགས་བསྐྲད། མཚམས་བཅད་ལ། ཆོས་བཤད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་མཐའ་དག་ནི་དགེ་བའི་བཤེས་གཉེན་འབའ་ཞིག་ལ་རག་ལས་ཤིང༌། བཤེས་གཉེན་བསྟེན་ནས་ཡོན་ཏན་ཐོབ་པ་དེ་ཡང་བླ་མ་ལ་དད་ཅིང་གུས་པས་དེ་ཡི་དགོངས་སྤྱོད་བསླབ་པ་ལ་རག་ལས་པའི་ཕྱིར། བླ་མའི་མོས་གུས་ལམ་དུ་བྱེད་པའི་རྣལ་འབྱོར་ནི་མདོ་རྒྱུད་བཀའ་གཏེར་ཀུན་ནས་ཟབ་གསང་མན་ངག་མཐར་ཐུག་ཏུ་ཡང་ཡང་བསྔགས་ཤིང༌། མཁས་གྲུབ་ཀུན་ལ་ཚད་མས་གྲུབ་པ་སྟེ། དེ་ལ་ཡང་བསྒྲུབ་བྱ་བླ་མ་སྐུ་གསུམ་དང༌། སྒྲུབ་བྱེད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྣམ་གཞག་མང་དུ་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་བསྒྲུབ་བྱ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཇའ་ལུས་འཕོ་ཆེན་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་བརྙེས་པས་བསྐལ་པ་འདི་མ་ཞིག་གི་བར་དུ་སྤྲུལ་གཞི་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་ཏེ། སྤྲུལ་པའི་རྣམ་རོལ་དུ་མས་ཕྱི་མའི་གདུལ་བྱ་སྐྱོང་ཞིང་ཐེག་མཆོག་སྙིང་པོའི་བསྟན་པ་སྤེལ་བར་གསུངས་པ་ལྟར། པཎ་ཆེན་བི་མའི་རྣམ་འཕྲུལ་གྱི་ཡ་གྱལ་ལྷ་བཙུན་ནམ་མཁའི་རྣལ་འབྱོར་ཞེས་བརྟུལ་ཞུགས་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ་དཔལ་ཧེ་རུ་ཀ་དངོས་སུ་བྱོན་པ་དེ་ཉིད་ཀྱི་དགོངས་བཅུད་སྙིང་པོ་ཐུགས་ཀྱི་ཏི་ལ་ཀ་འདི་ནི། མཁས་ཤིང་དངོས་གྲུབ་བརྙེས་པའི་ཡོངས་འཛིན་དུ་མས་རྗེས་སུ་བཟུང་ཞིང༌། རིས་མེད་ཀྱི་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་གསང་སྔགས་སྔ་འགྱུར་བཀའ་གཏེར་གྱི་ཆོས་སྒོ་རབ་འབྱམས་ལ་ཐོས་བསམ་ཕྲ་མོ་བྱས་པས་སྙིགས་དུས་ཀྱིས་སྐལ་བཟང་དུ་རློམ་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་བདག་ཉིད་སྦས་ཡུལ་འབྲས་གཤོངས་ལྷ་རིའི་ལྟེ་བ་བྲག་དཀར་བཀྲ་ཤིས་སྡིང་དུ་སོན་པའི་སྐབས། མཆོག་གི་རིག་འཛིན་ཆེན་པོ་རྒྱལ་བ་ལྷ་བཙུན་པ་དང་འཇམ་མགོན་པདྨ་ཡེ་ཤེས་རྡོ་རྗེ་དབྱེར་མེད་པའི་བྱིན་རླབས་ཀྱི་མཐུས། རིག་གསང་ནས་བརྡོལ་བའི་འོད་གསལ་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་ཟབ་ལམ་བླ་མ་སྒྲུབ་པ་འདི་ནི། ཕྱི་བླ་མ་ཧེ་རུ་ཀ་དཔལ་སྤྲུལ་སྐུའི་ཚུལ་དུ་སྒྲུབ་པ། ནང་དཔལ་ཆེན་སྒྲུབ་སྡེ་བརྒྱད་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་བཀོད་ནས་སྒྲུབ་པ། གསང་བ་དང་ཡང་གསང་རྩོལ་བཅས་རྩོལ་མེད་ཀྱི་ལམ་རྫོགས་རིམ་ལྟར་སྒྲུབ་པའི་མན་ངག་ཀུན་གྱི་བཅུད་དྲིལ་གྱི་དབང་བཞི་སྟན་ཐོག་གཅིག་ཏུ་བསྐུར་བའི་སྐབས་སུ་བབ་པ་ལ་ཐོག་མར་མཎྜལ་ཕུལ། དཔལ་མགོན་རིག་འཛིན་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དང་པོའི་སངས་རྒྱས་བླ་མ་རིན་པོ་ཆེ༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་དགོངས་སུ་གསོལ༔ ཁྱོད་ཀྱི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་བསྩལ་དུ་གསོལ༔ མདུན་གྱི་ནམ་མཁར་འཇའ་འོད་ཟེར་ཐིག་གི་གུར་ཁང་འཁྲིགས་པའི་ཀློང་དུ་དཔལ་མགོན་བླ་མ་མཆོག་གི་དག་ཆེན་ཡེ་ཤེས་ཀྱི་རོལ་མོར་གསང་གསུམ་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པ་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོ་རང་རིག་གཉུག་མའི་ཐིག་ལེ་དང་གཉིས་སུ་མེད་པར་ཤེས་པའི་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ་བ་དང༌། འགྲོ་ཀུན་རང་གྲོལ་གདོད་མའི་གཤིས་ལུགས་དང་འདུ་འབྲལ་མེད་ཀྱང་མ་རྟོགས་གློ་བུར་གྱི་འཁྲུལ་པས་ཉམ་ཐག་པ་འོད་གསལ་ཆོས་སྐུའི་ཀློང་དུ་གྲོལ་ཞིང་གསང་མཆོག་རྡོ་རྗེ་སྙིང་པོའི་དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་པ་ལ་བསླབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་དང་བཅས་པའི་རྗེས་ཟློས་མཛོད། ཨ༔ ཆོས་དབྱིངས་འོད་གསལ་སོགས་ནས། སེམས་བསྐྱེད་དོ༔ བར་ལན་གསུམ། དོན་དམ་ཆོས་ཉིད་ཀྱི་བླ་མའི་རང་ཞལ་རང་སྣང་རིག་པས་མངོན་སུམ་དུ་མཇལ་བར་ཕྱག་འཚལ་ཞིང༌། སྣང་སྲིད་སྐུ་དང་ཡེ་ཤེས་ཀྱི་རོལ་པའི་མཆོད་པ་འབུལ་བ་དང༌། གཟོད་ནས་ཀ་དག་ཆེན་པོའི་དགོངས་པར་བློས་བྱས་ཡིད་དཔྱོད་ཀྱི་འཁྲུལ་རྟོག་གི་ནོངས་པ་བཤགས་ཤིང༌། རང་རིག་སྐུ་གསུམ་ཡོན་ཏན་རྒྱ་མཚོ་མངོན་གྱུར་དུ་ཤེས་པར་རྗེས་སུ་ཡི་རང༌། ཟབ་གསལ་རྟོགས་པ་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བ་དང༌། སྐྱེ་འཆི་མཚན་རྟོག་ཐམས་ཅད་རང་གྲོལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་འཕོ་མེད་དུ་བཞུགས་པར་གསོལ་ཞིང༌། མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་གཞི་དབྱིངས་གདོད་མའི་ཐིག་ལེར་གྲོལ་བའི་ཆེད་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བས་མཚོན་དོན་དམ་པའི་བསག་སྦྱོང་ལ་ཐུགས་གཞོལ་བས་འདིའི་རྗེས་ཟློས་མཛོད། ཨ༔ རིག་པ་རང་སྣང་བླ་མར་ཕྱག་འཚལ་ཞིང༔ སོགས་ནས། བྱང་ཆུབ་ཤོག༔ ལན་གསུམ། སྲིད་ལས་རྣམ་པར་གྲོལ་བའི་ལམ་གྱི་རྩ་བ་ངེས་འབྱུང༌། ཞི་བའི་མཐའ་ལས་གྲོལ་བའི་ལམ་གྱི་སྙིང་པོ་སྙིང་རྗེ། ཟུང་འཇུག་འབྲས་བུའི་ས་ལ་བདེ་མྱུར་དུ་སྦྱོར་བའི་མྱུར་ལམ་དག་མཉམ་བདེན་པ་དབྱེར་མེད་ཀྱི་ལྟ་བས་ཟིན་པའི་སོ་བྱང་སྔགས་ཀྱི་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། དུས་སྐབས་དགོས་པ་གང་གཙོར་སྤྱོད་པས་དགག་དགོས་ཡོངས་རྫོགས་ཀྱི་བསླབ་པ་བཟུང་བས་དབང་གི་གཞི་གཟུང་བའི་ཕྱིར་འདིའི་རྗེས་ཟློས་མཛོད། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་དབབ་པའི་ཕྱིར་སྒོ་གསུམ་གྱི་གནད་བཅུན་ལ་དམིགས་པ་འདི་ལྟར་དུ་མཛོད། ཨ༔ ཤིན་ཏུ་རྣམ་དག་རྡོ་རྗེ་བཙུན་མོའི་དབྱིངས༔ སོགས་ནས་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས་པས་གདུང་ཤུགས་བསྐྱེད་དེ་བརྗོད་ཅིང་ཡེ་ཤེས་པ་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་བསྐུར་དངོས་གཞི་ལ་དབང་བཞི་མཐའ་རྟེན་དང་བཅས་པ་རིམ་པར་བསྐུར་བའི་དང་པོ་བུམ་པའི་དབང་གི་སླད་དུ་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་ཐུགས་ཀ་ནས་རིག་པའི་ལྷ་མོ་སྤྲོས་པས་སྣང་སྟོང་བུམ་པའི་དབང་གིས་སྨིན་པར་བྱས་པར་མོས་མཛོད། བུམ་པས་དབང་བསྐུར་ལ། ཨོཾ༔ སྣང་སྲིད་ཡོངས་རྫོགས་བཀྲ་ཤིས་ལྷའི་བུམ་པ༔ ཡེ་ཤེས་སྙིང་པོ་བདུད་རྩིའི་བཅུད་ཀྱིས་གཏམས༔ དུག་ལྔ་རྣམ་དག་རྡོ་རྗེའི་དབང་བསྐུར་བས༔ སྐྱེ་འཆི་ཀ་དག་རྡོ་རྗེའི་སྐུ་ཐོབ་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་མྱང༌། དེ་ལྟར་དབང་བསྐུར་བས་ཡེ་ཤེས་ལྔའི་རང་བཞིན་བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཁེངས། ཕུང་ལྔ་རིགས་ལྔའི་རང་བཞིན་དུ་གནས་གྱུར། དུག་ལྔ་དག་པས་ཡེ་ཤེས་ལྔའི་རྟོགས་པ་མངོན་དུ་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བའི་ཟེགས་མ་རིགས་ཀྱི་བདག་པོར་གྱུར་པས་རྒྱས་བཏབ་པར་མོས། དེ་དང་རྗེས་འབྲེལ་དུ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཡེ་ཤེས་དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་རྣམ་པ་སྐུ་ཡི་གནས་སོ་སོ་ནས་སྤྲོས་ཏེ་དབང་བསྐུར་བར་མོས་མཛོད། གཤིན་རྗེའི་སྐུ་དཔྲལ་བར་བཞག་ལ། ཨོཾ༔ ཁྱོད་ཀྱི་ཕུང་ཁམས་རྒྱལ་བ་རྟག་པ་སྟེ༔ ཡེ་ཤེས་ལུས་ཅན་འཇམ་དཔལ་སྐུའི་འཁོར་ལོ༔ གཉིས་མེད་ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས༔ སྣང་སྟོང་ལྷུན་གྲུབ་སྒྱུ་འཕྲུལ་དབྱིངས་རྫོགས་ཤོག༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ྄ཿ ཨ་བྷི་ཥིཉྩ་ཨོཾ༔ རྟ་མགྲིན་མགྲིན་པར་བཞག་ལ། ཨཱ༔ ངག་རླུང་འགྲོ་འོང་པདྨ་གསུང་གི་དལ༔ གར་གྱི་དབང་ཕྱུག་རྟ་མཆོག་བཞད་པ་བརྒྱས༔ རྡོ་རྗེ་ནཱ་ད་ཆོས་ཀྱི་སྐུར་རྫོགས་པས༔ ཆོས་སྒོ་རབ་འབྱམས་སྤྲོ་ལ་ཐོགས་མེད་ཤོག༔ ཧྲཱིཿཔདྨནྟ་ཀྲྀ་ཏ་ཕཊ྄༔ ཨ་བྷི་ཥིཉྩ་ཨཱ༔ ཡང་དག་སྙིང་གར་བཞག་ལ། ཧཱུྃ༔ སེམས་ཀྱི་ཀུན་རྟོག་གཟུང་འཛིན་ཀ་ནས་དག༔ མི་བསྐྱོད་རྡོ་རྗེ་ཐིག་ལེ་གཅིག་ཏུ་ཟླུམ༔ ཡང་དག་གྲུབ་པའི་དགོངས་པ་བློ་ལས་འདས༔ ལྷན་སྐྱེས་རྡོ་རྗེའི་ཆོས་ཉིད་རྟོགས་པར་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཆེ་མཆོག་ལྟེ་བར་བཞག་ལ། སྭཱ༔ སྒོ་གསུམ་རྣམ་དག་ཟག་བཅས་འོད་སྐུར་དེངས༔ རྡོ་རྗེ་ཉི་མ་སྣོད་བཅུད་བདུད་རྩིར་འཆར༔ འཕོ་ཆེན་འཁོར་འདས་ཁྱབ་བདག་ཧེ་རུ་ཀ༔ རྨད་བྱུང་སྤྱི་དཔལ་ཆེན་པོའི་དབང་བསྐུར་རོ༔ ཨོཾ་སརྦ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཨ་བྷི་ཥིཉྩ་ཏྲཱྃ༔ ཕུར་པ་གསང་གནས་སུ་བཞག་ལ། ཧཱ༔ བྱ་བྱེད་རྣམ་དག་ཕྲིན་ལས་རྟ་ཡི་རྒྱལ༔ རྡོ་རྗེ་གཞོན་ནུ་ཐལ་འབྱིན་དགོངས་པ་རྣོ༔ རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གཟུགས༔ གཉིས་མེད་ཆོས་ཀྱི་ཕྱག་རྒྱའི་དབང་བསྐུར་སྦྱིན༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ མ་མོ་གནས་ལྔར་བཞག་ལ། བྷྱོ༔ ཕུང་པོ་རྩ་རླུང་ཐིག་ལེ་རྣམ་དག་དབྱིངས༔ རང་ཤར་མངོན་རྫོགས་མ་མོའི་དགའ་མ་སྟེ༔ ཉི་ཞི་བདེ་མཆོག་མུ་ཁ་ལེ་ཆེན་མོས༔ རྡོ་རྗེ་གསང་བར་སྦྱོར་བའི་དབང་བསྐུར་རོ༔ ཨོཾ་མ་མ་ཡོ་གི་ནི་གུ་ཧྱ་ཧཱུྃ༔ ཨ་བྷི་ཥིཉྩ་བྃ༔ དྲེགས་འདུལ་ལག་གཉིས་སུ་བཞག་ལ། ཧཱུྃ༔ ཞེ་སྡང་རང་གྲོལ་རྡོ་རྗེ་དྲེགས་པའི་རྒྱལ༔ རཀྴ་སྲིན་པོ་སྡེ་བརྒྱད་རྟོག་ཚོགས་འདུལ༔ གསལ་འབར་ཁྱབ་འཕྲོ་ཕོ་ཉའི་ལས་བྱེད་པའི༔ བཀའ་སྡོད་འབར་བ་རྫོགས་པའི་དབང་བསྐུར་རོ༔ ཨོཾ་ཨཿཡཿམཿདུཿརུཿཙཿཤཿནཿ ཨ་བྷི་ཥིཉྩ་ཧཱུྃ༔ དྲག་སྔགས་པུས་མོ་གཡས་གཡོན་དུ་བཞག་ལ། ཨེ༔ སྲིད་གསུམ་ང་རྒྱལ་གདུག་པ་གནས་དག་པའི༔ གཏུམ་ཆེན་ཨེ་དབྱིངས་དྲག་པོ་སྔགས་ཀྱི་མཚོན༔ དུག་ལྔ་འཇོམས་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རང་གྲོལ་མཉམ་ཉིད་དོན་གྱི་དབང་བསྐུར་རོ༔ ཨོཾ་ཨེ་སརྦ་དུཥྚན་ཨེ་ཛཿབྷྱོ༔ ཨ་བྷི་ཥིཉྩ་ཨེ༔ རིག་འཛིན་བླ་མ་སྤྱི་བོར་བཀོད་དེ། ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རིགས་ལྔ་ཞི་ཁྲོ་ཡོངས་འདུས་དཔལ༔ རྩ་གསུམ་ཁྱབ་བདག་དང་པོའི་ཧེ་རུ་ཀ༔ རིག་འཛིན་འདུས་པ་བླ་མའི་རྡོ་རྗེའི་སྐུར༔ དབང་བསྐུར་ཕུང་ཁམས་ལྷ་སྐུར་རྫོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལུས་ཀྱི་གནས་སོ་སོར་བཀོད་པས་ཡེ་ཤེས་འབར་བ་ཀློང་དགུའི་བདག་ཉིད་རྒྱུད་སྡེ་རྒྱ་མཚོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པས་སྣང་སྲིད་བླ་མའི་དག་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱ་ཡོངས་གྲུབ་ཆེན་པོའི་སྐུ་རྡོ་རྗེར་ངོ་ཤེས་པར་མཛོད་ལ་དག་པའི་བསྐྱེད་རིམ་ལ་བསླབ་དགོས་པ་ཡིན་ནོ། །དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པ་སྐུའི་དབང་བསྐུར་བས། ལུས་ཕྲ་རགས་ཀྱི་སྒྲིབ་པ་དག །སྣང་སྟོང་སྒྱུ་མ་སྐུའི་བྱིན་རླབས་ཐོབ། ལམ་བསྐྱེད་བཟླས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པ་ཡབ་ཡུམ་གྱི་བདེ་བ་ཆེན་པོའི་རོལ་རྩེད་ཀྱིས་ལྷག་པའི་སེམས་ཀྱི་སྤྲིན་ཕུང་སངས་རྒྱས་ཐམས་ཅད་འདུས་པའི་དམ་རྫས་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར་བར་མོས། གསང་ཐོད་ཀྱི་བདུད་རྩི་མཐེབ་སྲིན་གྱིས་སྟེར་ལ། ཧྲཱིཿ ཐབས་ཀྱི་རྡོ་རྗེ་བདེ་ཆེན་འཁོར་ལོ་ཝཾ༔ ཤེས་རབ་ཨེ་ཡི་པདྨར་མཉམ་སྦྱོར་བའི༔ ཟུང་འཇུག་ལྷག་པའི་སེམས་སྤྲིན་རྒྱལ་ཀུན་འདུས༔ རྟོག་བྲལ་རིགས་ཀྱི་བུ་ལ་མཉམ་པར་སྦྱིན༔ གུ་ཧྱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧོ༔ བདུད་རྩི་ཨོཾ་ཨཱཿཧཱུྃ་གིས་མྱོང༌། དེ་ལྟར་བྱིན་པའི་བདུད་རྩི་རྡོ་རྗེ་ལྕེ་ཡི་ལམ་བརྒྱུད་རྩ་གནས་ཐམས་ཅད་དུ་ཁྱབ། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉམས་སྐྱེས་པར་མོས། རྗེས་འབྲེལ་བཟླས་པའི་ལུང་གི་སླད་དུ། མདུན་བསྐྱེད་བླ་མའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་དབུས་འོད་ལྔ་ཐིག་ལེའི་སྦུབས་སུ་ཨ་ཡིག་མཐིང་ག་ཁྱབ་པ་ཆེན་པོའི་རང་གཟུགས་ལས་རྡོ་རྗེའི་གསང་སྔགས་ཡི་གེ་སྤྲིན་གྱི་ཚོགས་སྤྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་གི་མཐའ་སྐོར་དུ་བཀོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ག་ག་ན་ཨ་བྷ་ཡ་ཛྙཱ་ན་སིདྡྷི་ཧཱུྃ། ལན་གསུམ། ལྷ་སྔགས་གཉིས་སུ་མེད་པའི་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ། ཨོཾ་ནི་རང་བྱུང་ཀུན་བཟང་སོགས་རྗེས་ཟློས་བཅས་བསྙེན་པ་ལན་གསུམ་བཟླར་གཞུག །གཞིར་གནས་ཨ་ལས་སོགས་ལས་བཞིའི་དམིགས་བཟླས་བཅས་ཤམ་བུ་བཏགས་པ་ལན་རེ་རྗེས་ཟློས་བྱ། དེ་དག་གིས་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་བྱེད་པ་ལ་དབང་བའོ། །དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསུང་གསང་བའི་དབང་བསྐུར་བས། ངག་གཟུང་འཛིན་གྱི་རླུང་གི་སྒྲིབ་པ་དག གྲགས་སྟོང་གསུང་གི་བྱིན་རླབས་ཞུགས། ལམ་རྩ་རླུང་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་བླ་མ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ཐུགས་ཀ་ནས་རྡོ་རྗེ་བཙུན་མོའི་ངོ་བོ་ཅན་གྱི་རིགས་དང་ལང་ཚོ་རྫོགས་པའི་ཤེས་རབ་མ་སྤྲོས་ཏེ་ཐར་པ་བརྟེན་པར་བསྐུལ་བར་གྱུར། རིག་ཙཀ་གཏད་ལ། ཧྲཱིཿ འཕོ་མེད་དགའ་བ་མཆོག་གི་དཔལ་སྟེར་བའི༔ རྡོ་རྗེ་བཙུན་མོ་གསང་བའི་ཆུ་སྐྱེས་ཅན༔ སྒྱུ་མ་ཆེན་མོ་ཡུམ་གྱི་དབང་བསྐུར་བས༔ འཛག་བདེའི་འཁྲུལ་པ་གཞི་ལ་དག་པར་མཛོད༔ པདྨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་གཏད་པའི་ཕྱག་རྒྱར་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་དགའ་བཞི་ལུགས་འབྱུང་ལྡོག་གི་ཡེ་ཤེས་ཉམས་སུ་མྱོང་བར་མོས་མཛོད། རྗེས་འབྲེལ་དུ་དུས་གསུམ་གྱི་རྟོག་པས་མ་བསླད་པའི་ཆོས་ཉིད་གཉུག་མའི་དབྱིངས་སུ་མ་བཅོས་པར་མཉམ་པར་ཞོག་ཅིག །དེས་དོན་དམ་ཡེ་ཤེས་ཀྱི་བླ་མ་ངོ་སྤྲད་པ་ཡིན་པས་ཡེངས་མེད་དྲན་པའི་མོས་གུས་རྒྱུན་ཆད་མེད་པའི་རྣལ་འབྱོར་དང་མ་བྲལ་བར་མཛོད་ཅིག །དེས་གསང་བ་ཤེས་རབ་མའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་ཐིག་ལེ་འཕོ་འཛག་གི་སྒྲིབ་པ་དག །བདེ་སྟོང་ཐུགས་ཀྱི་བྱིན་རླབས་ཞུགས། ལམ་དཔེ་ཡི་ཡེ་ཤེས་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བཞི་པ་ཚིག་གི་དབང་ལ་བླ་མ་ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་སྐུས་དབྱིངས་ཀ་དག་ཤེལ་ལྟ་བུ་དང༌། འོད་གསལ་ལྷུན་གྲུབ་འཇའ་ཟེར་འཕྲོ་བའི་བརྡ་ཡིས་ངོ་སྤྲད་པ་ནི། མན་ཤེལ་བསྟན་ཏེ། ཨ༔ སེམས་ཀྱི་འགྱུ་བ་རང་གྲོལ་རྡོ་རྗེའི་དབྱིངས༔ ངོ་བོ་རྣམ་དག་དྲི་མེད་ཤེལ་ལྟར་དྭངས༔ ལྷུན་གྲུབ་འཇའ་གུར་འོད་ཀྱི་ཐིག་ལེའི་སྦུབས༔ སྒྲོན་མ་དྲུག་གི་ཆོ་འཕྲུལ་བརྡ་རྟགས་སྦྱིན༔ ཨེ་ཀ་ཨ་ཏི་དྷཱ་ཏུ་ཧོ༔ རྗེས་འབྲེལ་དུ་བླ་སློབ་གཉིས་ཀས་རིག་པ་མ་བཅོས་སོ་མའི་ངང་བསྐྱངས་ཏེ་དགོངས་བརྒྱུད་འཕོ་བའི་དབང་གི་དོན་ངོ་སྤྲད་པ་ནི། བླ་མས་སྡིགས་མཛུབ་སློབ་མའི་སྙིང་གར་གཏད་ལ། ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་ཀ་དག་ཀུན་བཟང་ཆོས་སྐུའི་དབྱིངས༔ ངོ་བོ་སྟོང་ཉིད་སེམས་ཀྱི་གཤིས་སུ་བཞུགས༔ བླ་མ་ཆོས་སྐུ་རིགས་ཀྱི་བུ་ལ་ཡོད༔ ཡེངས་འཁྲུལ་བྲལ་བའི་དགོངས་པ་སྐྱོང་རེ་རན༔ རང་རིག་ལྷུན་གྲུབ་མཐའ་དབུས་མེད་པའི་དབྱིངས༔ རང་བཞིན་འོད་གསལ་སེམས་ཀྱི་མདངས་སུ་ཤར༔ མ་འགག་གསལ་བའི་བླ་མ་ཡེ་རེ་བ༔ འཁྲུལ་རྟོག་བར་ལག་གྱེས་པའི་ཀློང་ནས་མཇལ༔ འཁོར་འདས་ཀུན་ཁྱབ་ཟང་ཐལ་བརྡལ་བ་ཆེ༔ ཐུགས་རྗེ་ཁྱབ་པ་སེམས་ཀྱི་རྩལ་དུ་བཞུགས༔ རང་ངོ་ཤེས་ན་བླ་མ་སྤྲུལ་པའི་སྐུ༔ རང་སྣང་ཞེན་མེད་གྲོལ་བའི་བབ་ལ་ལྟོས༔ ལྟ་བ་མེད་དེ་ཆོས་ཉིད་སྟོང་པ་ཉིད༔ མཐོང་བ་མེད་དེ་ཡུལ་དང་དབང་པོ་བྲལ༔ ནམ་མཁའི་རྣལ་འབྱོར་ཧེ་རུ་ཀ་ཆེན་པོ༔ ཨ་ཧོ་ཨ་ཏི་རང་ལས་གཞན་དུ་མེད༔ འདི་ལ་བསལ་བཞག་དགག་སྒྲུབ་འཛིན་པ་བྲལ༔ ཆོས་ཉིད་རྗེན་པ་རང་བྱུང་རྒྱན་དུ་ཁྱེར༔ དགོངས་པས་དབང་བསྐུར་བརྡ་ཡིས་ཐབས་བསྟན་པས༔ བུ་ཁྱོད་མ་ཆགས་པདྨའི་ས་ལ་ཤོག༔ མཚོན་བྱ་དོན་གྱི་རྟོགས་པ་མངོན་གྱུར་ཕྱིར༔ མཚོན་བྱེད་རིག་པ་རྩལ་གྱི་དབང་གི་མཆོག༔ བསྐུར་བྱ་སྐུར་བྱེད་བྲལ་བའི་ཡེ་ཤེས་འཕོ༔ དོན་དམ་ནམ་མཁའི་འཁོར་ལོར་སྦྱོར་ཅིག་ཨ༔ དེས་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ཤེས་རྡོ་རྗེ་བཞི་པའི་དབང་བསྐུར་བས། སྣང་གསུམ་འཕོ་བའི་སྒྲིབ་པ་དབྱིངས་སུ་དག །ལམ་དོན་དམ་རྩོལ་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པའོ། །སྲུང་མའི་བཀའ་གཏད་བྱེད་ན། གཏོར་མ་བཀའ་སྲུང་དྲག་པོ་སྡེ་ལྔ་འཁོར་དང་བཅས་པར་གསལ་བ་ལ་སློབ་དཔོན་གྱི་དགོངས་པས་གཟིར་ཞིང་ཐ་ཚིག་བསྒྲགས་པས་དེ་དག་གིས་ཀྱང་སྔོན་གྱི་དམ་བཅའ་རྗེས་སུ་དྲན་ནས་བཀའ་བཞིན་སྒྲུབ་པར་ཁས་བླངས་པར་མོས་ལ། ཨེ༔ ཆོས་དབྱིངས་རྡོ་རྗེ་བཙུན་མོ་སོགས། ཁྱད་པར་རྡོ་རྗེའི་སློབ་མ་འདི་རྣམས་ལ། །ལུས་དང་གྲིབ་བཞིན་སྲུང་སྐྱོབ་སྡོང་གྲོགས་དང༌། །ས་ལམ་ཡོན་ཏན་ཉམས་རྟོགས་འཕེལ་རྒྱས་བརྟན། །འགལ་རྐྱེན་མཐའ་དག་སྲུང་སྐྱོབ་གཉེར་ཁ་རྣམས། །ཇི་ལྟར་བསྒོ་བའི་དམ་ལས་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་མཐའ་དག་སྒྲུབ་པར་མཛོད། །ས་མ་ཡ་རཀྵནྟུ། ཞེས་གཏོར་མ་ལག་ཏུ་གཏད་པས་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་སྲུང་སྐྱོབ་མཛད་པར་ཞལ་གྱིས་བཞེས་པར་མོས་ཤིང༌། ཁྱེད་རྣམས་ཀྱིས་ཀྱང་གསོལ་མཆོད་མི་ཆག་པའི་དམ་ཚིག་གཉན་པོ་རྟག་ཏུ་སྲུངས་ཤིག །དེ་དག་གིས་དབང་བསྐུར་གྱི་རིམ་པ་ཆིག་རྫོགས་སུ་གྲུབ་པ་ཡིན་པས་དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ལ་རག་ལས་པའི་ཕྱིར་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ། ལུས་འབུལ་དང༌། ཁྲིད་རྗེས་འབྲེལ་བྱེད་ན་ཁྲིད་ཟིན་ལྟར་འབོག །དགེ་བསྔོ་སྨོན་ལམ་བཅས་བྱ། དཔོན་སློབ་ལྷན་ཅིག་ཚོགས་ལ་རོལ་པ་དང༌། རྡོ་རྗེའི་གླུ་གར་སོགས་ཀྱང་སྤྲོ་ན་བྱ། སློབ་དཔོན་གྱིས་ལྷག་མ་གཏོང་བ་ནས་བརྩམས་ལས་བྱང་རྗེས་ཀྱི་རིམ་པ་མཐར་དབྱུང་ངོ༌། །བརྒྱུད་གསུམ་བླ་མའི་བྱིན་རླབས་དགེ་མཚན་གྱི། །ཡིད་ཀྱི་པདྨོའི་ཟིལ་མངར་འདི་ཡིས་ཀྱང༌། །འབྲེལ་ཚད་ཐེག་མཆོག་སྙིང་པོའི་ལྟ་དགོངས་ལ། །དབང་འབྱོར་གདོད་མའི་གྲོལ་གཞིར་དབུགས་དབྱུང་ཤོག །ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ཞིང་མི་ཕྱེད་པའི་དད་མོས་ཅན་རིན་ཚང་ལྷ་རིགས་ཀྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའམ་དབྱིངས་རིག་བྱང་ཆུབ་དབང་པོ་དང༌། སྒྲུབ་བརྩོན་བླ་མ་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་གསུང་བསྐུལ་ཡང་ཡང་གནང་བ་ལྟར། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཀྱི་མུ་ཏོ་བ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཁ་བཞི་ལྷོ་ཡི་རྒྱལ་ཁབ་ཀྱི་བྱེ་བྲག་ཕུན་ཚོགས་ཆོས་གླིང་གི་གཙུག་ལག་ཁང་གསར་པར་ཆོ་འཕྲུལ་ཟླ་བའི་དུས་ཚེས༢༡བཟང་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་དུས་མཆོད་སྐབས་གྲུབ་པར་སྦྱར་བའི་ཡི་གེ་གཉིས་པར་འབེབས་པོ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང་ཐེག་པ་མཆོག་གི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།།}} | ||
</onlyinclude> | </onlyinclude> |
Latest revision as of 08:11, 1 June 2024
Wylie title | rdo rje snying po don gyi thol glu'i bla sgrub kyi smin byed 'bog pa'i rim pa 'od gsal ye shes nyin byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 8, Pages 24-32 (Folios 1a to 9b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med) | |
Citation | Khyentse, Dilgo. Rdo rje snying po don gyi thol glu'i bla sgrub kyi smin byed 'bog pa'i rim pa 'od gsal ye shes nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 24-32. Delhi: Shechen Publications, 1994. | |
Genre | Empowerment Ritual - dbang chog - dbang skur | |
Cycle | རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rig 'dzin da ki'i srog tig rdo rje snying po don gyi thol glu) | |
Colophon |
།ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ལ་ཐུགས་གཞོལ་ཞིང་མི་ཕྱེད་པའི་དད་མོས་ཅན་རིན་ཚང་ལྷ་རིགས་ཀྱི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེའམ་དབྱིངས་རིག་བྱང་ཆུབ་དབང་པོ་དང༌། སྒྲུབ་བརྩོན་བླ་མ་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་གསུང་བསྐུལ་ཡང་ཡང་གནང་བ་ལྟར། འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་ཁམས་ཀྱི་མུ་ཏོ་བ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཁ་བཞི་ལྷོ་ཡི་རྒྱལ་ཁབ་ཀྱི་བྱེ་བྲག་ཕུན་ཚོགས་ཆོས་གླིང་གི་གཙུག་ལག་ཁང་གསར་པར་ཆོ་འཕྲུལ་ཟླ་བའི་དུས་ཚེས༢༡བཟང་པོ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་དུས་མཆོད་སྐབས་གྲུབ་པར་སྦྱར་བའི་ཡི་གེ་གཉིས་པར་འབེབས་པོ་རང་སློབ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང་ཐེག་པ་མཆོག་གི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།། | |
/ces pa'ang theg mchog snying po'i rnal 'byor la thugs gzhol zhing mi phyed pa'i dad mos can rin tshang lha rigs kyi rnal 'byor pa klong chen ye shes rdo rje'am dbyings rig byang chub dbang po dang*/_sgrub brtson bla ma karma ye shes chos 'phel nas gsung bskul yang yang gnang ba ltar/_'od gsal rdo rje snying po'i bstan zhabs su skyes pa'i rgyal khams kyi mu to ba pad+ma gar dbang 'od gsal mdo sngags gling pas kha bzhi lho yi rgyal khab kyi bye brag phun tshogs chos gling gi gtsug lag khang gsar par cho 'phrul zla ba'i dus tshes21bzang po kun mkhyen rdo rje gzi brjid kyis dus mchod skabs grub par sbyar ba'i yi ge gnyis par 'bebs po rang slob o rgyan gzhan phan nas bgyis pa 'dis kyang theg pa mchog gi bstan pa la bya ba mchog tu byed par gyur cig_/sarba mang+ga laM// |