DKR-KABUM-15-BA-001: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
m (Text replacement - "Khyentse Metadata" to "Text")
 
(One intermediate revision by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
Line 15: Line 15:
|terma=No
|terma=No
|dkroutline=Five
|dkroutline=Five
|cycle=Bla ma'i thugs sgrub bar chad kun sel
|cycle=bla ma'i thugs sgrub bar chad kun sel
|cycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་
|cycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་
|language=Tibetan
|language=Tibetan

Latest revision as of 08:10, 1 June 2024

Wylie title bla ma'i thugs sgrub bar chad kun sel las/ zhal gdams snying byang gi 'grel bshad snying por dril ba rtsa gsum sgyu 'phrul drwa ba'i rol rtsed DKR-KABUM-15-BA-001.pdf
Location dil mgo mkhyen brtse bka' 'bum
Volume 15, Text 1, Pages 1-89 (Folios 1a to 89b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel las zhal gdams snying byang gi 'grel bshad snying por dril ba rtsa gsum sgyu 'phrul drwa ba'i rol rtsed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 1-89. Delhi: Shechen Publications, 1994.
Genre Commentaries - 'grel pa  ·  Detailed Explanation - rnam bshad
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Colophon

་་་་་མཛད་འཕྲོར་ལུས།

........mdzad 'phror lus/

[edit]
༄༅། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། ཞལ་གདམས་སྙིང་བྱང་གི་འགྲེལ་བཤད་སྙིང་པོར་དྲིལ་བ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་རོལ་རྩེད་ཅེས་བྱ་བ་བཞུགས་སོ།།

༄༅། །སྐུ་གསུམ་འོད་གསལ་རྡོ་རྗེ་སྙིང་པོའི་ཁམས། །གྲུབ་རིག་འཛིན་པ་བྱེ་བའི་གཙུག་རྒྱན་ཆེ། །སྐྱབས་གནས་རྒྱ་མཚོའི་སྤྲོ་བསྡུའི་ཁྱབ་བདག་མཆོག །སྣང་སྲིད་ཟིལ་གནོན་པདྨ་སཾ་བྷ་རྒྱལ། །མཐའ་ཡས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་གར། །གྲུབ་གཉིས་ངོ་མཚར་བདུད་རྩི་འབྱུང་བའི་གནས། །མགོན་ཁྱོད་གསང་བ་མི་ཟད་རྒྱན་འཁོར་དང༌། །རོ་མཉམ་ངེས་པའི་ཡིད་ཀྱི་ཕྱག་གིས་འདུད། །བདེ་སྟོང་རོལ་པས་རྡོ་རྗེའི་སར་སྦྱོར་ཞིང༌། །གསང་སྔགས་རྒྱུད་སྡེའི་མཛོད་ཀྱི་གཉེར་འཛིན་མ། །འབུམ་ཕྲག་ཌཱ་ཀིའི་ཚོགས་རྗེ་མཁར་ཆེན་བཟས། །ཟབ་དོན་འཆད་ལ་བྱིན་རླབས་དགའ་སྟོན་སྩོལ། །དབྱིངས་རིག་ཐོག་མའི་སྟོན་པ་སྟངས་དཔྱལ་གྱི། །རང་རྩལ་རྗེ་འབངས་ལོ་པཎ་ཚོམ་བུའི་སྤྲིན། གྲུབ་གཉིས་འདོད་དགུའི་གར་མཁན་བསྟན་མཆོག་སྲོག །རབ་དྭངས་ཡིད་ཀྱི་མེ་ཏོག་འཛུམ་པས་མཆོད། ཟབ་གསང་རྒྱ་ཆེ་སྔ་འགྱུར་བསྟན་པའི་སྲོག །ངོ་མཚར་རྒྱུད་དོན་ཇི་བཞིན་སློང་ནུས་ཤིང༌། །དུས་བབ་བྱིན་རླབས་སྨོན་ལམ་གཟི་བྱིན་ཅན། །སྐལ་བཟང་འདོད་དགུའི་ཆོས་འདྲེན་ཤིང་རྟ་ཆེ། །མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་མཆོག་གྱུར་གླིང༌། །བཀའ་བབ་རིན་ཆེན་བདུན་མཛེས་མཁྱེན་བརྩེའི་དབང༌། །མཛོད་ལྔའི་ཤིང་རྟ་བློ་གྲོས་ཕ་མཐའ་ཡས། །སྙིགས་དུས་སངས་རྒྱས་གསུམ་ལ་མི་གུས་སུ། །བདག་རྒྱུད་གཤིས་ངན་ཐ་རྒོད་ལེགས་བཏུལ་ནས། སྨིན་གྲོལ་ཆར་གྱིས་བྱིན་རླབས་མྱུ་གུའི་ཚལ། སྐྲུན་མཛད་འཇམ་མགོན་མི་ཕམ་ཞེ་ཆེན་པ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཡབ་སྲས་རྒྱལ། །གཏིང་དཔག་དཀའ་བའི་རྡོ་རྗེ་གསང་བའི་ཚིག །བྱིས་པས་ལྟ་ཅི་འཕགས་བློའི་ཡུལ་མིན་ཀྱང༌། །དད་མོས་གུས་པའི་བསམ་སྦྱོར་ཆེས་དཀར་བས། །ཅུང་ཟད་སྨྲ་བ་དོན་དང་ལྡན་པར་མཛོད། །དེ་ལ་འདིར་གང་འཆད་པར་བྱ་བ་ནི། །གུ་རུ་ཡིད་བཞིན་ནོར་བུའི་གསོལ་འདེབས་ཉི་ཟླ་ལྟར་གྲགས་པ་གཉིས་ལས་བར་ཆད་ལམ་སེལ། ཚུལ་ཇི་ལྟར་འཆད་ན་ཟབ་གསང་རྡོ་རྗེའི་གནས་འདིའི་མངའ་བདག་གཏེར་འབྱིན་མཁས་གྲུབ་རྒྱ་མཚོའི་ཚོགས་རྗེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུགས་སྒྲུབ་རྣམ་གཉིས་ཀྱི་ཚོགས་སྒྲུབ་སྐབས་མཚོ་སྐྱེས་རྒྱལ་བ་དགྱེས་པས་དངོས་སུ་བསྩལ་བའི་གསོལ་འདེབས་ཚུལ་བཞིའི་འཆད་ཐབས་ལྟར་བཤད་པ་ལ། གསོལ་འདེབས་རྡོ་རྗེའི་ཚིག་རྐང་འབྱུང་བའི་རྒྱུ་གླེང་གཞི། འབྲས་བུ་ཚུལ་བཞིའི་དགོངས་དོན། རྗེས་འཁོར་ལ་གདམས་ཤིང་གཏད་པའོ། །དང་པོ་ལ་གསུམ། རྡོ་རྗེའི་མཚན་གྱི་དོན། རྒྱུ་གླེང་གཞི་དངོས། རྐྱེན་གླེང་བསླང་བའོ། །དང་པོ་ནི། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས༔ ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་བཞུགས༔ ཞེས་པ་སྟེ། སྤྱིར་དངོས་པོའི་གཤིས་ལུགས་རྗེས་སུ་མཚོན་པར་བྱེད་པ་མིང་སྟེ། མིང་ལ་བརྟེན་ནས་དོན་རྟོགས་དགོས་པའི་ཕྱིར་མཚན་གྱི་དོན་ཅུང་ཟད་བཤད་ན། བླ་མ་ནི་ཇི་སྐད་དུ་རྡོ་རྗེའི་ཚིག་རྐང་ལས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང༌། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས་པ་ལྟར་རྩ་གསུམ་ཀུན་འདྲིལ་སྙིང་པོའི་རྒྱུད་ལས་ཀྱང༌། སྟོང་ཉིད་དྲི་བྲལ་ཤེས་རབ་པདྨའི་ཀློང༔ སྣང་བ་བདེ་ཆེན་འགྱུར་མེད་རྡོ་རྗེ་གཉིས༔ ཟུང་འཇུག་སྐུ་བརྙེས་ཡོད་དོ་ཅོག་ཐམས་ཅད༔ ཀུན་འདུས་ཕྱིར་ན་པདྨ་བཛྲ་ཞེས༔ ཐོག་མའི་སངས་རྒྱས་ཀུན་ཀྱང་འདུས་པ་དང༔ ད་ལྟའི་སངས་རྒྱས་རྣམས་ཀྱང་དེ་ལས་བྱུང༔ མ་འོངས་རྣམ་འདྲེན་བྱུང་ཚད་འདི་ཡིས་སྤྲུལ༔ ཞེས་དང༌། བླ་མ་སངས་རྒྱས་ཐོག་མར་བྱུང་བའི་དོན༔ རང་རིག་རྒྱལ་པོ་རང་གསལ་བླ་མའི་མཆོག༔ ཚོགས་མ་བསགས་པར་མཐོང་བ་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་བཟང་སྔོན་དུའང་བླ་མ་བྱུང༔ ཞེས་གསུངས་པ་ལྟར་གདོད་མའི་མགོན་པོ་ཡང་རང་རིག་རྒྱལ་པོ་དབྱིངས་རིག་པདྨ་བཛྲའི་བླ་མ་ལ་བརྟེན་པས་ན་སངས་རྒྱས་གཞན་ཐམས་ཅད་བླ་མ་ལ་མ་བརྟེན་པར་མི་འབྱུང་ཞིང༌། སངས་རྒྱས་བླ་མ་ལས་བྱུང་ཕྱིན་ཆོས་དང་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དེ་ལས་འབྱུང་བར་ཤུགས་ཀྱིས་གྲུབ་པས་ན་བླ་མ་ནི་སངས་རྒྱས་ཐམས་ཅད་ཀྱི་མེས་པོ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཟག་པ་མེད་པའི་ཡོན་ཏན་མ་ལུས་པ་རྫོགས་པ་དང༌། དེ་ཉིད་ཕན་གནོད་ཀྱི་ཡུལ་དུ་ལྕི་བས་ན་གུ་རུའི་སྒྲ་ལྕི་བ་ལ་འཇུག་པ་དང༌། ཡང༌། སྐུ་ལྔ་མཚན་བརྒྱད་ཅིར་ཡང་སྣང༔ རོལ་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཞེས་གསུངས་པས་མཚོན་དྲང་དོན་གཟུགས་སྐུའི་བཀོད་པ་མ་འགག་པའི་སྒྱུ་འཕྲུལ་སྐུ་ལྔ། མཚན་བརྒྱད། རྣམ་འཕྲུལ་བཅུ་གཉིས། གུ་རུ་ཡིད་བཞིན་ནོར་བུ་བཅུ་གསུམ། འཕྲུལ་མཚན་ཉི་ཤུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་སོགས་རིག་འཛིན་བླ་མའི་མཚན་དང་སྐུ་ཡི་བཀོད་པ་དེ་ཐམས་ཅད་ཀྱི་ཁྱབ་བདག་ནི་མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་དེ། རྒྱུད་ལས། སངས་རྒྱས་ཐོག་མ་བླ་མ་སྟེ༔ སངས་རྒྱས་ཀུན་ཀྱང་བླ་མར་བརྟེན༔ བླ་མ་ཀུན་གྱི་རྩ་བ་ཡང༔ བདག་ཉིད་ངོ་མཚར་མཚོ་ལས་འཁྲུངས༔ པདྨ་བཛྲ་འཆི་མེད་རྒྱལ༔ དུས་གསུམ་བླ་མ་ཐོད་པ་རྩལ༔ རྒྱལ་ཀུན་འདུས་པ་དེ་ཁོ་ན༔ ཞི་བར་སྣང་བ་སྤྱན་རས་གཟིགས༔ ཁྲོ་བོ་དབང་ཆེན་དྲག་པོ་རྩལ༔ དངོས་གྲུབ་ཀུན་གྱི་བདག་ཉིད་རྫོགས༔ རྡོ་རྗེ་ཕག་མོ་ལ་སོགས་པའི༔ མཁའ་འགྲོ་རྣམས་དང་ལྷན་ཅིག་རོལ༔ ཕྲིན་ལས་རབ་མྱུར་དངོས་གྲུབ་ཆེ༔ སྐུ་ལྔ་མཚན་བརྒྱད་ཅིར་ཡང་སྣང༔ ཞེས་མཆོག་གསུམ་རྩ་གསུམ་སྐུ་གསུམ་རྒྱ་མཚོའི་ཁྱབ་བདག་ཏུ་གསུངས་པ་དང༌། ཐེག་དགུའི་ཡང་རྩེ་གསང་སྔགས་བླ་མེད་ནི༔ རགས་པའི་ཁམས་རྫོགས་མི་ལུས་ལ་ལྟོས་པས༔ མི་ཡི་ཡུལ་དུ་གསང་སྔགས་སྟོན་པའི་རྒྱལ༔ ཁྱད་འཕགས་འཇིག་རྟེན་འདི་རུ་རྩལ་དབང་ཅན༔ ཐོད་རྒལ་རིག་པའི་རྩལ་དབང་ཐོབ་པའོ༔ ཞེས་པ་ལྟར་ཆོས་ཐམས་ཅད་ཀྱི་མཐར་ཐུག་རྡོ་རྗེ་ཐེག་པ་ནི་བསྐྱེད་རྫོགས་ཀྱི་ཐབས་ལམ་དུ་བྱེད་པ་སྟེ། གསང་བ་ཟབ་མོའི་གཞི་ལམ་འབྲས་བུ་ཐམས་ཅད་ནི་རྡོ་རྗེའི་ཁམས་དྲུག་ཡོངས་སུ་རྫོགས་པ་མི་ཡི་ལུས་ལ་བརྟེན་ནས་སྟོན་ཅིང་ལམ་དུ་བྱེད་དགོས་པས་ཕྱོགས་དུས་འདྲེན་པ་ཐམས་ཅད་འཛམ་གླིང་གི་མི་ཡི་ལུས་ལ་བརྟེན་ནས་འཚང་རྒྱ་བར་མཛད་པས་ན་ཁྱབ་བདག་རིག་འཛིན་ཐོད་པ་རྩལ་ཆེན་པོ་ཡང་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་འཛིན་པའི་རིག་འཛིན་བླ་མའི་ཡེ་ཤེས་ཀྱི་དྭངས་མ་འོད་ཀྱི་སྐུ་རུ་བྱོན་པ་སྟེ། དེ་ཉིད་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་གསང་མཛོད་ཀྱི་ཉིང་ཁུ་སྒྲ་ཚིག་ཡི་གེའི་རྣམ་པར་སྣང་བ་ལ་ཐུགས་སྒྲུབ་ཏུ་གསུངས་པ་ཡང༌། འདི་ཉིད་ཀྱི་ཕྲིན་ལས་རྒྱས་པ་བདེ་གཤེགས་འདུས་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རང་རྩལ་གཞོམ་མེད་ནཱ་དའི་རྒྱུད༔ རྡོ་རྗེའི་དབྱངས་ཀྱིས་རབ་ཕྱེ་བའི༔ ཆོས་འཁོར་བྱེ་བ་བསམ་ཡས་པ༔ འགྲོ་ཀུན་སྐད་དང་བསམ་པ་བཞིན༔ གང་འདུལ་ཅིར་ཡང་སྣང་བ་ལས༔ ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་ཅད་འགྲུབ༔ ཅེས་གསུངས། བླ་མའི་ཐུགས་སྒྲུབ་ཟབ་མོ་དེ་ལའང་བྱེ་བ་ཕྲག་བརྒྱ་ཞེས་ཡོངས་སུ་གྲགས་པས་མཚོན་གཏེར་ཁ་ཕལ་མོ་ཆེ་ནས་རྒྱས་འབྲིང་བསྡུས་པ། ཐུན་མོང་ཐུན་མིན་ལས་སྐབས་འདིར་ནི། ཁ་རག་གནས་ཡིག་ལས། སླར་ཡང་བསྟན་གཉིས་ཟུང་འཇུག་བསྐྱང་བའི་ཕྱིར༔ ཨོ་རྒྱན་རྒྱལ་པོའི་སྲས་ཀྱི་ཚུལ་དུ་སྤྲུལ༔ རྒྱ་གར་ཡུལ་དུ་ཐོས་བསམ་མཐར་ཕྱིན་ནས༔ རྒྱལ་བའི་བསྟན་པ་ཉི་མ་ཤར་བཞིན་བྱས༔ ལས་འཕྲོའི་དབང་གིས་བོད་ཀྱི་ཡུལ་དུ་འོངས༔ ས་བཏུལ་གཙུག་ལག་གསར་བཞེངས་ཆོས་ཀྱང་བསྒྱུར༔ ཞེས་གསུངས་པ་དང༌། ཟབ་བདུན་བཀའ་ཐང་ལས། ཁ་ཅིག་སྣང་ངོར་ཨོ་རྒྱན་རྒྱལ་པོའི་སྲས༔ ཞེས་འབྱུང་བ་བཞིན་འཛམ་གླིང་ནུབ་ཕྱོགས་ཨོ་རྒྱན་རྒྱལ་པོའི་སྲས་དྲག་པོའི་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པའི་མཚན་རྟགས་དང་ལྡན་པ་རྒྱལ་པོ་ཐོར་ཅོག་ཅན་ཞེས་གསོལ་འདེབས་ལེའུ་བདུན་མ་ལས་འབྱུང་བ་ལྟར་གུ་རུ་རིན་པོ་ཆེ་ཉིད་མངལ་སྐྱེས་ཀྱི་རྣམ་པར་བསྟན་པའི་མཛད་པ་དང་འབྲེལ་བའི་བསྐྱེད་རྫོགས་མན་ངག་གི་རྣམ་བཞག་རྒྱུད་སྡེ་དྲུག་གི་དགོངས་པ་དང་མི་འགལ་བ། ཚིག་དོན་གྱི་སྒྲོམ་ཆེ་བ། གཏེར་སྟོན་དང་གཏེར་ཆོས་གང་ལ་དཔྱད་ཀྱང་ཟབ་མོའི་ལུང་བཞིན་མཚན་ཉིད་རྫོགས་ཚུལ་དངོས་སྟོབས་ཀྱི་རིག་པས་གྲུབ་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་གང་བསྒྲུབས་ཀྱང་རྟགས་མཚན་མྱུར་དུ་འབྱུང་བས་མན་ངག་གི་མྱོང་བས་བརྒྱན་པ། ཚིག་ཉུང་དོན་ཟབ་ཞལ་གསལ་བཀྲ་ཤིས་ཞལ་དྲོ་རྩོད་བྲལ་གཏེར་ཆེན་རྣམ་གསུམ་གྱི་ཕྱི་ནང་གསང་གསུམ་གྱི་ཐུགས་སྒྲུབ་རྣམ་བཞིའི་དགོངས་པ་གཅིག་ཏུ་དྲིལ་བ། ཀུན་མཐུན་ཀུན་ལས་ཁྱད་པར་འཕགས་པ། མཆོག་དམན་ཀུན་ལ་བྲིམ་པས་གང་ལ་གང་འཚམས་སུ་བྱོན་པ། གདུལ་བྱ་དང་པོའི་ལས་ཅན་རྣམས་ཚོང་པ་ལམ་དུ་ཞུགས་པ་བཞིན་བར་ཆད་ཆེ་བ་ལ་དགོངས་ནས། ཕྱི་འབྱུང་བཞིའི་འཇིགས་པ་བཅུ་དྲུག །ནང་བསྐྱེད་རྫོགས་ལ་གནད་དུ་བསྣུན་པའི་སྐབས་རྩ་རླུང་ཐིག་ལེའི་གེགས། གསང་བ་དོན་གྱི་གནས་ལུགས་སྒྲ་ཇི་བཞིན་པ་ལ་གེགས་སུ་ཆེ་བའི་གཟུང་འཛིན་འཁྲུལ་རྟོག། སྔགས་ལ་ཞུགས་པའི་གང་ཟག་ཀུན་ལ་དངོས་གྲུབ་ཐོབ་པའི་གེགས་སུ་ཆེ་བ་ཉམས་ཆག་རྟོག་སྒྲིབ་ཀྱི་བར་ཆད་ལས་རྣམ་པར་རྒྱལ་བའི་ཕྱིར་ཐུགས་རྗེ་ཡེ་སྤྲུལ་གྱི་གུ་རུ་རིན་པོ་ཆེ་ཉིད། གདུལ་བྱ་ཐུན་མོང་གི་སྣང་ཆར་རིག་འཛིན་རྣམ་པ་བཞིའི་ལམ་རིམ་ཅན་དུ་བགྲོད་ཚུལ་མཛད་པའི་རྣམ་ཐར་བསྟན་པའི་སྐབས་བར་ཆད་ལས་རྒྱལ་ནས་རིག་པ་རྩལ་གྱི་དབང་ཐོབ། དབང་གི་ཆུ་བོ་བཞི་འདུས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་བསྟན་པ། དངོས་བསྟན་གབ་འཁྲུགས་མེད་པ། ཐུན་མོང་ཁྱད་པར་གྱི་ལས་ཚོགས་རྒྱ་ཆེ་ཞིང་ཟབ་པས་ཕྱི་སྒྲུབ་བརྃ་ཆདྃ་ཀུྃན་སེལྃ་ཞེས་རྡོ་རྗེའི་མཚན་དུ་བསྟན་པ་སྟེ། སྙིགས་མའི་གདུལ་བྱ་དད་བརྩོན་ཆུང་བློ་རྟུལ་བ་ལ་བརྩེ་བ་ཆེན་པོས་ཆེད་དུ་དགོངས་ནས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་དངོས་ཀྱི་ཞལ་བསྙེན་པ་དང་མཚུངས་པས་ན་ཞྃལ་གདམྃས་ཏེ། ཡང༌། དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ རང་བྱུང་ཨོ་རྒྱན་རྒྱལ་པོ་ངས༔ འགྲོ་དྲུག་སྤྱི་དང་ཁྱད་པར་དུ༔ བོད་ལ་བཀའ་དྲིན་ཆེ་བར་བྱས༔ ད་དུང་ང་ཉིད་མ་བརྗེད་ན༔ བོད་འབངས་སྡུག་བསྔལ་སེལ་བར་ངེས༔ དེ་ཕྱིར་སྒྲུབ་ཐབས་དཔག་མེད་བརྩམས༔ ལས་ཅན་དོན་དུ་གཏེར་དུ་སྦས༔ ཞེས་གསུངས་པ་ལྟར་བོད་ཡུལ་ཕྱི་མའི་གདུལ་བྱ་སྐུ་དངོས་མཇལ་བའི་སྐལ་པས་ཕོངས་པ་ལ་ཐུགས་རྗེས་མ་བསྐྱུད་པའི་རང་བྱུང་བརྩེ་བ་ཆེན་པོའི་ཡེ་ཤེས་ཀྱི་གདངས་ཐུགས་ཀྱི་བརྣག་པའི་ཆོས་བྱིན་རླབས་མཚུངས་པ་མེད་ཅིང་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་གསེང་ལམ་ཟབ་གསང་གནད་འདུས་གཞུང་གཅིག་ཏུ་དྲིལ་བས་སྙིངྃ་བྱངྃ་ཞེས་པ་སྟེ། སྙིང་ཕྱུང་ལག་མཐིལ་བཀྲམ་པ་དེ་ལས་མེད༔ ཅེས་འབྱུང་བ་ལྟ་བུའོ། །དེས་ན་འདི་ཉིད་བསྒྲུབས་པའི་ཕན་ཡོན་ཀྱང༌། གཞུང་ལས། ཟབ་ཆོས་འདི་ཉིད་མཐོང་ཞིང་ཐོས་པས་ཀྱང༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༔ ངན་སོང་སྐྱེ་སྒོ་ཆོད་པར་མ་གྱུར་ན༔ པདྨ་བདག་གིས་ཕྱི་རབས་འགྲོ་བ་བསླུས༔ ཉམས་སུ་བླངས་ན་སངས་རྒྱས་ལྟ་ཅི་སྨོས༔ དེ་ཕྱིར་གཅེས་པར་ཟུངས་ཤིག་ས་མ་ཡ༔ ཞེས་གསུངས་པ་ལྟར་མཆོག་ཐུན་མོང་དངོས་གྲུབ་ཀྱི་སྒོ་དུ་མས་རང་གཞན་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་འཁོར་ལོས་བསྒྱུར་བའི་བང་མཛོད་ཁ་ཕྱེ་བ་ལྟ་བུར་བསྟན་པས་ན་ཡིདྃ་བཞིྃན་ནོརྃ་བུྃ་བཞུགྃས་སོྃ༔ ཞེས་གསུངས་པའོ། །གཉིས་པ་རྒྱུད་གླེང་གཞི་དངོས་ལ། མཆོད་པར་བརྗོད་པས་སྤྱི་དོན་མདོར་བསྟན་པ་དང༌། རྒྱུ་གླེང་གཞི། རྐྱེན་གླེང་བསླང་བས་རྒྱས་པར་བཤད་པའོ། །དང་པོ་ནི། ན་མོ་གུ་རུ༔ བོད་སྐད་དུ་བསྒྱུར་ན་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། ཁྱབ་བདག་བདེ་ཆེན་རྒྱལ་པོ་དབྱིངས་རིག་པདྨ་བཛྲ་ཐོད་པ་རྩལ་གྱི་ཡེ་ཤེས་ནི་སྲིད་ཞི་དངོས་མཚན་གང་གིས་ཀྱང་མ་གོས་པར་བླྃ་ན་འཕགས་ཤིང༌། དེའི་རང་རྩལ་འགག་པ་མེད་པ་ལས་འཁོར་འདས་ཐམས་ཅད་འཕྲོ་ཞིང་འབྱུང་བའི་མྃ་རུ་གྱུར་པ་སྟེ། བླ་མ་དགོངས་འདུས་སྐུ་རྒྱུད་ཤེལ་གྱི་རི་བོ་ལས། དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱ་ར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ༔ དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མར་སྣང༔ ཞེས་དང༌། པདྨ་གྷརྦྷ་ཏནྟྲ་ལས། རང་བྱུང་ཡེ་ཤེས་སྙིང་པོ་ཅན༔ ཐོག་མ་ཐ་མའི་རྒྱུ་འབྲས་མེད༔ རྐྱེན་མེད་འཆིང་མེད་གྲོལ་བ་མེད༔ གཏིང་གསལ་རང་རིག་ཡེ་ཤེས་དབྱིངས༔ ཀ་ནས་དག་ཅིང་ཟང་ཐལ་ངང༔ ལྷུན་གྲུབ་འདུས་མ་བྱས་པའོ༔ ཞེས་གནས་ལུགས་གདོད་མའི་བཞུགས་ཚུལ་དང༌། བླ་མ་གསང་བ་ཀུན་གྱི་བདག༔ ཀུན་བཟང་སྲས་མཆོག་པདྨ་འབྱུང༔ བསམ་ཡས་རིགས་དང་དཀྱིལ་འཁོར་ཀུན༔ སྒྱུ་འཕྲུལ་དྲྭ་བ་སྤྲོ་ཞིང་བསྡུ༔ ཞེས་རྒྱུད་དང་དཀྱིལ་འཁོར་མ་ལུས་པའི་ཁྱབ་བདག་ཏུ་བསྟན་པ་སྟེ། འདི་ནི་ཐུན་མོང་ལྟར་བཤད་ན། གསོལ་འདེབས་ལེའུ་བདུན་མའི་ལོ་རྒྱུས་ལས། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལ༔ རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང༔ གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར༔ མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ༔ ཅེས་པ་ཉིད་ཐུན་མོང་སྔགས་དོན་ལྟར་ན་རྡོ་རྗེ་ལུས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དྭངས་མའི་ཐིག་ལེའི་དབུས་སུ་ལྷན་སྐྱེས་མི་ཤིགས་པའི་ཆོས་ཉིད་དེ། གསང་བ་བླ་མེད་ཐེག་པ་མཆོག་གི་ལམ་ནས་དབྱིངས་ཀ་དག་གང་ལའང་མི་གནས་པའི་ངོ་བོ་འོད་གསལ་ལྷུན་གྲུབ་སོ་སོ་རང་རིག་པས་དོན་མངོན་སུམ་དུ་བྱས་ཀྱང་དོན་ལ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་མཉམ་པ་ཉིད་དུ་གྱུར་པ་སྟེ། ཡུལ་དེ་ལ་ཀུན་རྫོབ་ལྟར་ན་ཆེ་བའི་ཡོན་ཏན་ཤེས་པའི་བློས་གུས་པ་དང༌། དོན་དམ་གཉིས་མེད་རོ་མཉམ་རྡོ་རྗེའི་ལྟ་བས་ཕྱག་བྱ་བའོ། །ཚུལ་འདི་ཞིབ་ཏུ་བཤད་ན་ཐབས་གྲོལ་སོགས་ཚུལ་བཞིའི་རྣམ་བཞག་རྒྱས་པར་ཡོད་པའང་ཤེས་པར་བྱའོ། །གཉིས་པ་ནི། ཞལ་གདམས་སྙིང་བྱང་གི་གཤམ་དུ་གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ཨེ་མ་ཧོཿ ངོ་མཚར་ཐུགས་རྗེའི་ཞིང་ཁམས་བོད་ཡུལ་དབུས༔ སོགས་ཀྱིས་སྡོམ་སྟེ་གསུངས་པ་ལྟར་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བསྟན་པ་སྟེ། གཏེར་གཞུང་ལས། ས་ཕོ་སྤྲེའུའི་ལོ་དགུན་ཟླ་ར་བའི་ཚེས་བཅུ་ལ༔ ཞེས་རིང་བའི་དུས་དང༌། དེའི་ཚེ་དེའི་དུས་ན༔ ཞེས་ཉེ་བའི་དུས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་ནས། པདྨ་འབྱུང་གནས་དེ་ཉིད༔ ཅེས་དང༌། སྐུ་དགྱེས་པའི་འཛུམ་སོགས་ནས། བཞུགས་སོ༔ ཞེས་པས་སྟོན་པ། ལས་ཅན་དག་པའི་འཁོར་སོགས་ནས། ཕྱག་འཚལ་སྟེ༔ ཞེས་སྤྱི་ཡི་འཁོར་དང་གསོལ་བ་ནི། ཀྱཻ༔ སློབ་དཔོན་ཆེན་པོ་སོགས་ནས། བཀའ་བསྩལ་ཏོ༔ ཞེས་པས་ཆོས་ཕུན་སུམ་ཚོགས་པ་སྟེ། འདི་ལའང་ཞིབ་པར་དཔྱད་ན། གླེང་གཞིའི་སྐབས་སུ་བསམ་ཡས་སོགས་གསུངས་པ་དེ་གང་ཟག་འགའ་ཞིག་གིས་སྒྲ་ཇི་བཞིན་པར་བཟུང་ནས་ད་ལྟ་རང་བཞིན་གང་ཟག་ཞིག་གིས་སྐྱེ་བོ་ཕལ་པ་ལ་དབང་ཆོས་འཆད་པ་ལྟ་བུར་སེམས་པ་འདུག་ཀྱང༌། སྟོན་འཁོར་ཐུན་མོང་དང་ཐུན་མིན་གྱི་དགོངས་པ་དང་བསྟུན་ན། གུ་རུ་ཉིད་ཀྱི་ཞལ་ནས། ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་བསྟན༔ ཞེས་གསུངས་པ་ལྟར་ཐོག་མའི་སངས་རྒྱས་ཀུན་ཏུ་འཆང་གིས་སྟོན་འཁོར་དགོངས་པ་དབྱེར་མེད་ཀྱི་ཆོས་འཁོར་དུས་གསུམ་རྒྱུན་མི་འཆད་པར་ཡོད་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་སྣང་སྲིད་ཟིལ་གནོན་གྱི་ཡེ་ཤེས་དགོངས་པའི་སྣང་ངོར་རྟག་པ་རྒྱུན་གྱི་འཁོར་གྲུབ་པ་དང༌། བོད་ཡུལ་གདུལ་བྱ་དུས་ལ་བབ་སྐབས་བར་ཁང་གཡུ་ཞལ་ཅན་དུ་ཞལ་གདམས་སྙིང་བྱང་བསྟན་པ་གསུམ་རིམ་དང་ཅིག་ཆར་གྱི་སོ་སྐྱེའི་བློས་སྤྱོད་ཡུལ་ལས་འདས་པར་ཤེས་དགོས་ཏེ། བོད་ཡུལ་གདུལ་བྱ་ཕྱོགས་རིས་དང་སྒོ་བསྟུན་པའི་གསུང་ལས། མཁྱེན་རབ་ཀྱི་བདག་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་སོགས་གསུངས་པ་བཞིན་དཔལ་ཆེན་པོའི་ཡེ་ཤེས་ཀློང་དགུ་དེའི་སྐབས་ཀྱི་གདུལ་བྱའི་དོན་དུ་རྗེ་འབངས་ཀྱི་ཚུལ་བསྟན་པ་ཙམ་ལས་ཐ་མལ་གྱི་གདུལ་བྱ་མ་ཡིན་པ་རྡོ་རྗེའི་ཚིག་ཏུ་འབྱུང་བ་ལྟར་ལ། བསྟན་པའི་བབ་དང་བསྟུན་ནས་བཤད་ན། ཆོས་ལོངས་ཀྱི་གླེང་གཞི་རྒྱལ་བ་དགོངས་བརྒྱུད། གུ་རུ་རྗེ་འབངས་གླེང་གཞི་རིག་འཛིན་བརྡ་བརྒྱུད། གཏེར་ཆེན་རྣམ་པ་གསུམ་མན་ཆད་གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་རྒྱ། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་རྫོགས་ཚུལ་ཡིན་ནམ་སྙམ་སྟེ། བདག་ཅག་གི་སྟོན་པ་སངས་རྒྱས་པའི་མཛད་པ་སྟོན་པའི་ཚེ་ཐུན་མོང་གི་བཤད་པར་ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་མ་ཕུལ་བས་སྐུ་གསེར་མདོག་ཏུ་གྱུར། བྱམས་པའི་སྟོབས་ཀྱིས་བདུད་བཏུལ་བ་སོགས་དང༌། ཐུན་མིན་གསང་སྔགས་ཀྱི་གླེང་གཞིའི་སྐབས་བཙུན་མོ་ས་འཚོ་མ་འཁོར་བརྒྱད་ཁྲི་དང་བཅས་པ་ཆགས་ཆེན་གྱི་སྤྱོད་པ་མཐར་ཕྱིན་པ་དང༌། ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་ཕུལ་བ་བཞེས་པའི་ཚེ་ཟས་དང་བཅས་པའི་སྙོམ་འཇུག་གི་བདེ་བ་ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་ཏེ་ཡིད་སྲུབ་དཔུང་དང་བཅས་པ་ཁྲོ་རྒྱལ་གཤིན་རྗེ་གཤེད་དང་མི་གཡོ་བའི་སྐུར་བཞེངས་ནས་བདུད་བཅོམ་སྟེ་བདུད་ཀྱི་བུ་མོ་རབ་བཀྲམ་གྱི་གྲངས་རྣམས་འདོད་ཆགས་ཆེན་པོས་རྗེས་སུ་བཟུང་ཞིང༌། རྗེ་བཙུན་སྒྲོལ་མས་བཞད་པ་བརྒྱད་ཀྱིས་བདུད་སྐྱེངས་པར་མཛད་པའི་ལོ་རྒྱུས་སོགས་ཀྱིས་ཤེས་པར་ནུས་སོ། །གསུམ་པ་རྐྱེན་གླེང་བསླང་བས་རྒྱས་པར་བཤད་པ་ནི། དེའི་ཚེ་བདག་ཅག་རྣམས་སོགས་ནས་གལ་ཆེའོ་ཞེས་གསུངས་སོ༔ ཞེས་པའི་བར་གྱིས་ལྷན་ཅིག་པའི་འཁོར་རྣམས་གུས་པའི་གདུང་ཤུགས་ཀྱིས་བསྐུལ་བས་གུ་རུའི་ཐུགས་ཡེ་ཤེས་ཀྱི་གསང་མཛོད་སྒོ་ཕྱེ་སྟེ་ཐུགས་རྗེ་ཡུལ་ལ་འཇུག་པའི་རྐྱེན་བྱས་པ་དང༌། སྐུ་དགྱེས་པའི་མདངས་དང་གསུང་ཚངས་པའི་དབྱངས་ཀྱིས་དབུགས་དབྱུང་བས་གསང་བ་ཟབ་མོའི་སྒོ་འབྱེད་པར་རིག་ནས་རྡོ་རྗེའི་གནས་ལ་སྤྲོ་བ་དང༌། སྟོན་འཁོར་དགོངས་པ་གཅིག་པའི་བརྡ་རྟགས་ཀྱིས་ཟབ་རྒྱས་ངོ་མཚར་བའི་ཐུགས་ཀྱི་བརྣག་པ་མཐར་ཐུག་པའི་སྨིན་གྲོལ་གྱིས་རྗེས་སུ་འཛིན་པར་ངེས་སྙམ་པའི་སྤོབས་པ་མཆོག་ཏུ་སྐྱེས་པའི་གླེང་བསླང་བ་ལ། རྡོ་རྗེའི་ཚིག་གི་རྒྱུད་ཞེས་པ་རྒྱུད་ཀྱི་ལུང་དང་འབྲེལ་བ། ཞལ་གདམས་ཞེས་པ་རྒྱུད་དོན་མྱོང་བས་གཏན་ལ་ཕབ་པ། དངོས་སྟོབས་ཀྱི་རིག་པས་དཔྱད་བཟོད་པ། མན་ངག་གི་ཚུལ་དུ་གནང་ཞེས་པ་དུས་གདུལ་བྱ་སོགས་སྐབས་དེ་ལ་ཆེད་དུ་དགོངས་ཏེ་བསྩལ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཁྱད་ཆོས་གསུམ་དང་ལྡན་པའི་ཟབ་མོ་ཐུགས་ཀྱི་སྒྲུབ་པའི་གནད་བྱང་གང༌། སྔོན་བྱུང་སྟོན་པའི་མཛད་པ་ལ་སྲོད་ལ་བདུད་བཏུལ། ཐོ་རངས་མངོན་པར་བྱང་ཆུབ་པས་འཇིག་རྟེན་གྱི་སྒྲོན་མ་བཀོད་པ་བཞིན། ད་ལྟ་དང་མ་འོངས་པའི་ཆོས་བྱེད་ཀྱིས་འགལ་རྐྱེན་བར་ཆད་ཞི་བའི་ཐབས་ལ་བརྩོན་པས། མཐུན་རྐྱེན་དངོས་གྲུབ་རྣམ་པ་གཉིས་ཤུགས་འབྱུང་དུ་ཐོབ། དེའི་དབང་གིས་རྡོ་རྗེའི་ས་ལམ་ཀྱང་འབད་མེད་དུ་བགྲོད་པར་བྱེད་ནུས་ཤིང༌། དེ་ཐམས་ཅད་ཀྱི་ཐབས་ཟབ་པའི་མཐར་ཐུག་བླ་མ་སྒྲུབ་པ་ཡིན་པར་བསྟན་པས་དགོས་ཆེད་བཀའ་བསྩལ་བའོ། །དེའི་ཚེ་དེའི་དུས་ན་སོགས་ནས་བཀའ་བསྩལ་ཏོ༔ ཞེས་པའི་བར་སྟེ། ཉེ་བའི་འཁོར་ལྷ་ཡི་སྲས་པོ་ཡེ་ཤེས་རོལ་པ་རྩལ་སྔོན་གྱི་ལས་སྨོན་དུས་ལ་བབ་པས་བསྐུལ་བས་འགལ་རྐྱེན་ཞི་བ། མཐུན་རྐྱེན་སྒྲུབ་པའི་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་སྒྲུབ་པ་ལ་ཐུག །བླ་མ་སྒྲུབ་པའི་རྩ་བ་མོས་གུས་ལ་རག་ལས། མོས་གུས་སྐྱེ་བ་རྒྱུ་མཚན་ཤེས་པའི་དད་པ་གལ་ཆེ། དད་པ་དང་ལྡན་ན་གསང་སྔགས་ལམ་གྱི་རྨང་རྡོ་མ་འཁྲུགས་པའི་ཚུལ་བསྟན་པ་སྔོན་དུ་འགྲོ་བས་འགལ་རྐྱེན་བར་ཆད་སེལ་བ་ལ་གཙོ་བོར་དགོངས་པའི་གསོལ་འདེབས་གསུངས་པའོ། །དེ་ལྟ་བུའི་ཟབ་ཆོས་དེ་ཉིད་ས་སྟེང་དུ་ཇི་ལྟར་སྣང་ན། ཡབ་གཅིག་མངའ་བདག་ཁྲི་སྲོང་ལ་ལྷ་སྲས་གསུམ་བཞུགས་པའི་བར་པ། ས་བཅུའི་དབང་ཕྱུག་མུ་རུབ་བཙད་པོ་ཞེས་འཕགས་པའི་སྤང་རྟོགས་མཐོང་བའི་ཆོས་ལ་དངོས་སུ་བརྙེས་པ། ལྷ་སྲས་ལོ་ཙཱ་བ་ཞེས་ཀྱང་གྲགས་པ་མཁས་པའི་ཕུལ་དུ་ཕྱིན་པ་མཐར་སྐུ་འོད་ལུས་སུ་ཡལ་ཞིང་ཡེ་ཤེས་གཟིགས་པའི་གྲུབ་པ་མཆོག་བརྙེས་དེ་ཉིད་ཀྱི་རྣམ་འཕྲུལ། སྙིགས་དུས་འདིར་དུས་བབ་ཀྱི་གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་ཡོངས་སུ་གྲགས་པས་སྤྱན་དྲངས་པ་སྟེ། རྗེ་འདི་ནི་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོས། ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་སྣང་སྟོན། །རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང༌། །ཁྱད་པར་གསུམ་ལྡན་ཁྱོད་ལ་གསོལ་འདེབས། །ཞེས་གསུངས་པ་ལྟར་མངའ་བདག་ཡབ་སྲས་ཀྱིས་བོད་འབངས་ནམ་ཡང་ཡལ་བར་མི་འདོར་བའི་ཕྲིན་ལས་ཀྱི་རང་གཟུགས་ཆེས་ཆེར་སྙིགས་མའི་དུས་སྐབས་འདི་ལྟ་བུར་ཡང་འགོག་པ་མེད་པས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུའི་ངོ་མཚར་གྱི་རྟེན་འབྲེལ་གསར་དུ་ཤར་བ་སྟེ། ཁ་རག་གནས་ཡིག་ལས། རྒྱལ་བློན་ཐུགས་འགལ་སྤྱུགས་ན་ཡང༔ ད་དུང་བློ་སེམས་མ་ལོག་པས༔ བོད་ལ་ཕན་ཕྱིར་འདི་བཞིན་བྱས༔ ཕྱི་རབས་པ་རྣམས་དྲན་པར་གྱིས༔ ཞེས་ལྷ་སྲས་རང་གིས་གསུངས་པ་ལྟར་བོད་ཁམས་ཕན་བདེའི་རྩ་ལག་གཅིག་པུར་གྱུར་པ་དང༌། གཏེར་ཆེན་བླ་མའི་ཟབ་གཏེར་གྱི་གཙོ་བོ་ཐུགས་སྒྲུབ་སྐོར་བཞི་ཞེས་གཙོ་བོར་སྒྲུབ་སྡེ་དང༌། རྒྱ་ཆེ་བ་ཟབ་པ་སྐོར་བདུན་ཞེས་གཙོ་བོར་རྒྱུད་སྡེ་བཀའ་མའི་ཆོས་སྐད་དང་མཐུན་པའི་དབང༌། སྒྲུབ་ཐབས། བསྐྱེད་རྫོགས། རྒྱུད་བཅས་ཆོས་ཚན་རེ་རེ་བཞིན་ཚང་བ། དེ་དག་ཀྱང་ཟབ་ཁྱད་ཀྱི་རྣམ་གྲངས་ངོ་མཚར་བ་རེ་རེས་བརྒྱན་པ་སོགས་གཏེར་ཆོས་སུས་ཀྱང་འགྲན་ཟླ་དང་བྲལ་བ་དང༌། ཆོས་གཏེར་དང་ཆབས་ཅིག་དམ་རྫས། སྐུ་གསུང་ཐུགས་རྟེན་ངོ་མཚར་ཆེ་བ་དུ་མ་བྱོན་པས་སྔོན་མེད་གསང་བའི་མཛོད་ཀྱི་མངའ་བདག་རྡོ་རྗེ་ཆོས་དངོས་སུ་བྱོན་པ་དང༌། མཛད་པའི་ཕྲིན་ལས་ཀྱང་བཤད་སྒྲུབ་ལས་གསུམ་ཀར་ཕྱོགས་སུ་མ་ལྷུང་བས་འཛམ་གླིང་ཆོས་ཀྱི་ཤིང་རྟ་འཇམ་མགོན་ཉི་ཟླ་ཟུང་གཅིག་སློབ་བརྒྱུད་དང་བཅས་པ་གངས་ཅན་མགོན་པོ་རྣམ་གཉིས་དབུས་ས་དགེ་བཀའ་རྙིང་གི་མཁས་གྲུབ་བགྲང་ལས་འདས་པས་ཟབ་ཆོས་ཀྱི་བདུད་རྩི་དངོས་དང་བརྒྱུད་ནས་བཞེས་པས་ཟབ་རྒྱས་ཀྱི་ཉི་འོད་བསྟན་འགྲོ་ཀུན་ལ་ཁྱབ་པར་བརྡལ་བ་གང་ལ་རྟེན་འབྲེལ་མཐའ་འཁྱོལ་བ་བྱུང་ན་གནས་དང༌། གཏེར་ཁ་བརྒྱ་རྩའི་མངའ་བདག་ཏུ་བསྔགས་ཀྱང་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་ཟབ་གཏེར་སུམ་ཅུ་སོ་བདུན་དུ་གྲགས་པ་ཁ་ཚང་དོན་དྲིལ་བའི་བྱིན་རླབས་རྩ་བ་རིག་འཛིན་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལ་ཕྱི་ནང་གསང་བ་ཡང་གསང་བཞི་ལས། ཕྱི་སྒྲུབ་བར་ཆད་ལམ་སེལ་ཞེས་གསུངས་པ་གང་དགུང་གྲངས་ཉི་ཤུ་བཞེས་པ་ས་ཕོ་སྤྲེའུའི་ལོ་དབྱུག་པ་ཟླ་བའི་ཚེས་བཅུར་སྐུ་ཡི་ཡོན་ཏན་གྱི་གནས་མཆོག་ཟླ་ཉིན་ཁ་ལ་རོང་སྒོའི་དཔལ་ཆེན་པོའི་ཞབས་འོག་ནས་བར་ཆད་མེད་པར་སྤྱན་དྲངས་པ་ལོ་བརྒྱད་དུ་གསང་དམ་མཐར་ཕྱིན་པར་མཛད་ནས་ཐུགས་ཉམས་སུ་བཞེས། དགུང་གྲངས་ཉེར་བདུན་ཤིང་ཡོས་སྨིན་ཟླའི་ཚེས་བཅུར་གནས་དུས་ཀྱི་རྟེན་འབྲེལ་ཕུན་སུམ་ཚོགས་པ་དང༌། གུ་རུ་ཡབ་ཡུམ་གྱི་བྱིན་རླབས་ལུང་གིས་སྐབས་ཕྱེ་སྟེ་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་རྡུལ་བྲལ་ཆོས་ཀྱི་སྤྱན་མངའ་ཚད་མའི་སྐྱེས་བུ་ཆེན་པོ་ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དང་ཡབ་སྲས་ལྷན་རྒྱས་པས་གཏན་ལ་ཕབ་ནས། བཻ་རོ་དངོས་བྱོན་འཇིག་རྟེན་མིག་གཅིག་འཇམ་མགོན་ཆོས་ཀྱི་རྒྱལ་པོ་པདྨ་གར་དབང་གིས་གསན་ནས་རྩ་བ་ཡན་ལག་དང༌། སྒྲུབ་ཐབས་སོགས་གསལ་བྱེད་ལེགས་བཤད་དུ་མས་བརྒྱན་ཏེ་ལོ་པཎ་རྗེ་འབངས་དེ་དག་གི་ཐུགས་བསྐྱེད་རྨད་དུ་བྱུང་བས། བོད་ཡུལ་མཐའ་དབུས་ཐམས་ཅད་ཕན་བདེའི་དགའ་སྟོན་ལ་དབུགས་དབྱུང་བ་དང༌། ལུང་ཟིན་རྩ་བའི་ཆོས་བདག་བཅུ་སོགས་ལ་རིམ་པར་སྤེལ་བས་སྐལ་བཟང་དངོས་གྲུབ་ཀྱི་དགའ་སྟོན་ལ་སྦྱར་ཞིང༌། རིམ་པར་སྨིན་གྲོལ་གྱི་བརྒྱུད་པ་གྱེས་པ་དང༌། རྩ་བ་ཞལ་གདམས་སྙིང་བྱང་གི་ལུང་བརྒྱུད་རིག་འཛིན་རྩལ་འཆང་ཆེན་པོ་གསུམ་ཀ་ལས་མཁན་ཆེན་བླ་མ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ། མཁས་དབང་རྣལ་འབྱོར་སྤྱོད་པ་བཀྲ་ཤིས་ཆོས་འཕེལ། འཇམ་པའི་དབྱངས་མཚོ་སྐྱེས་ཞབས། སླར་ཡང་སྙིགས་དུས་ཀྱིས་འདྲེན་པར་བྱོན་པ་མཁས་གྲུབ་རྒྱ་མཚོའི་དེད་དཔོན་བཀའ་དྲིན་སུམ་ལྡན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པདྨ་ཡེ་ཤེས་རྡོ་རྗེའི་ཞལ་སྔ་ནས་བཀའ་དྲིན་འདོད་དགུའི་སྙིང་པོར་ཐོབ་པའོ། །སྤྱིར་འཇམ་མགོན་བླ་མ་རིན་པོ་ཆེ་པདྨ་ཡེ་ཤེས་རྡོ་རྗེས་གཏེར་ཆེན་མཆོག་གླིང་ཟབ་ཆོས་སྐོར་གཏེར་ཆེན་མཆོག་གི་སྐུ་གསུང་ཐུགས་ཀྱི་སྲས་རིག་འཛིན་ཚེ་དབང་ནོར་བུའི་ཞབས་ལས། ཐུགས་སྒྲུབ་བསམ་པ་ལྷུན་གྲུབ་ཀྱི་རྩ་དབང་ཙམ་ཀཿཐོག་གུ་རུ་ལྷ་ཁང་དུ་གསན་པར་གནང་ཞིང༌། གཞན་གཏེར་ཁ་ཡོངས་རྫོགས་གནས་བརྟན་དགོན་དང༌། ཀེ་ལའི་གདན་སའི་གཏེར་ཆེན་མཆོག་སྤྲུལ་རྣམ་གཉིས་ལས་ལན་གཅིག །ཡབ་རྗེ་རིག་འཛིན་གྲུབ་པའི་དབང་ཕྱུག་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་ལན་གཅིག་བཅས་གསན་པ་རྩ་བའི་བརྒྱུད་པ་སྤྱི་དེ་ལྟར་ལ། ནང་གསེས་དབང་ལུང་ཁྲིད་དང་བཅས་པའི་ཡིག་ཆ་སྤྱི་བྱེ་བྲག་སོ་སོའི་བརྒྱུད་པ་རྗེ་བླ་མ་རིན་པོ་ཆེའི་གསན་ཡིག་སོགས་ལས་ཤེས་པར་བྱ་དགོས་ཀྱི་འདིར་སྨོས་ཀྱིས་མི་ལྡང་ངོ༌། །སྤྱིར་རིག་འཛིན་རྩལ་འཆང་རྣམ་གསུམ་ཐུགས་རྒྱུད་ཡེ་ཤེས་ཀྱི་དབྱིངས་ཐ་མི་དད་པའི་དབང་གིས་ཟབ་གཏེར་ཕལ་ཆེར་ཡང་རྩ་བ་ཡན་ལག་གི་ཚུལ་དུ་འབྲེལ་བ་ཁོ་ན་ཤས་ཆེ་བ་དང༌། ལྷག་པར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཏེར་ཆེན་མཆོག་གིས་སྤྱན་དྲངས་ཤིང་གཏན་ལ་ཕབ་པ་དང༌། རྩ་གསུམ་བདེ་གཤེགས་འདུས་པ་རྗེ་བླ་མ་མཁྱེན་བརྩེའི་དབང་པོའི་ཕྱག་ཏུ་སོན་ཏེ་ཕྱེད་ཙམ་གཏན་ལ་ཕབ་ཟིན་པ་གཉིས་ཚིག་རིས་ཕལ་ཆེ་བ་གཅིག་པར་འདུག་པས་ཕྱི་མ་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ་བྱིན་རླབས་ཀྱི་རྒྱུན་ཆུ་བོ་གཅིག་འདྲེས་སུ་མཛད་པས་གཏེར་ཁ་གཉིས་འདུས་ཀྱི་དབང་གིས་བྱིན་རླབས་ལྷག་པར་ཆེ་བ་ཡིན་ཞེས་ཀུན་གཟིགས་འཇམ་དབྱངས་བླ་མའི་ཞལ་ལས་ཐོས་སོ། །གཉིས་པ་འབྲས་བུ་ཚུལ་བཞིའི་དགོངས་དོན་བཤད་པ་ལ། གལ་པོ་ལས། ཚིག་སྤྱི་སྦས་དང་མཐར་ཐུག་ཡིན། ཞེས་པ་ལྟར་སྒྲ་ཐད་དྲང་དུ་བཤད་པ་ཚིག་གི་དོན། བསྐྱེད་རྫོགས་སམ་མདོ་སྔགས་ཐུན་མོང་གི་དགོངས་པ་སྤྱི་ཡི་དོན། ཐབས་ལམ་གཙོ་བོར་སྟོན་པ་སྦས་དོན། དབང་བཞི་པའི་ཡེ་ཤེས་ཁོ་ན་རྗེན་ཅེར་དུ་སྟོན་པ་མཐར་ཐུག་གི་དོན་དང་བཞིར་གསུངས་པ་སྟེ། དེ་དག་གི་འཆད་བྱ་རྩ་བ་ནི་གསོལ་འདེབས་བར་ཆད་ལམ་སེལ་ཉིད་ཡིན་ལ། གཏེར་བྱོན་ཐུགས་སྒྲུབ་ཕལ་མོ་ཆེའི་དགོངས་པ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ། ནང་བླ་མ་སྐུ་གསུམ་དུ་སྒྲུབ་པ། གསང་བ་བླ་མ་དྲག་པོ་དམར་མཐིང་གི་སྒྲུབ་པ་ཞེས་ཕྱི་ནང་གསང་བའི་སྒྲུབ་ཚུལ་དང༌། ཡང་ན་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ། ནང་ཡི་དམ་ལྷར་གནས་བསྒྱུར་གྱི་སྒྲུབ་པ། གསང་བ་ལུས་དཀྱིལ་རླུང་བཟླས་སྤྲོ་བསྡུ་སོགས་ལས་སྦྱོར་གྱི་ཚུལ་ཏེ་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་ཅན་ཞེས་གྲགས་པ་ཆེ་བ་སྟེ། དེ་དག་དགོངས་པ་གུང་བསྡེབས་ཀྱི་རིམ་པ་བཞིན་འཆད་པ་ལ་བཞི། ཐུན་མོང་སྤྱི་ཡི་དོན་ནང་བླ་མ་སྐུ་གསུམ་རྩ་གསུམ་གྱི་སྒྲུབ་པ། ཁྱད་པར་སྦས་དོན་ཐབས་ལམ་གྱི་ཉེ་རྒྱུ། བླ་མེད་མཐར་ཐུག་གི་དོན་དབྱིངས་རིག་གཉིས་མེད་ཀྱི་རྣལ་འབྱོར་ལྟར་བཤད་པའོ། །དང་པོ་ལའང༌། རྣམ་འཕྲུལ་བཅུ་གཉིས་ཀྱི་མཛད་པ་གསོལ་འདེབས་དངོས་ཀྱི་དོན་དང༌། ཞར་བྱུང་ཕྱི་གསོལ་འདེབས་ཀྱི་སྒྲུབ་ཐབས་བཤད་པའོ། །དང་པོ་ལའང༌། མཛད་པ་སྤྱིར་མདོར་བསྟན་པ་དང༌། རྣམ་འཕྲུལ་བཅུ་གཉིས་བྱེ་བྲག་ཏུ་རྒྱས་པར་བཤད་པའོ། །དང་པོ་ནི། ཕྲིན་ལས་བདེ་གཤེགས་འདུས་པ་ལས། ང་ཉིད་མཆོག་གི་སྤྲུལ་པའི་སྐུ༔ མཛད་པའི་ཆོ་འཕྲུལ་མཐའ་ཀླས་ཀྱང༔ རེ་ཞིག་འཛམ་གླིང་གདུལ་བྱའི་དོན༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ བརྫུས་སྐྱེས་ཐོག་བབ་བྱུང་བ་དང༔ ཁ་གཅིག་སྣང་ངོར་རྒྱལ་བའི་སྲས༔ དྲག་པོའི་མཚན་དང་ལྡན་པར་བསྟན༔ དོན་ལ་སྐལ་ལྡན་སྣང་ངོ་ལས༔ ང་ཡིས་ཅིར་ཡང་སྤྲུལ་པ་མེད༔ དེ་བས་མཚན་དང་རྣམ་ཐར་དང༔ སྒྲུབ་པའི་ཐབས་ཚུལ་ཇི་སྙེད་ཀུན༔ མི་འགལ་དངོས་གྲུབ་ཐབས་ཆེན་པོར༔ བསླུ་བ་མེད་པ་ཉིད་ཡིན་ཀྱང༔ འདི་ནི་རྒྱལ་སྲས་ཐོར་ཅོག་ཅན༔ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ སྣང་སྲིད་ཐམས་ཅད་ཟིལ་གནོན་པའི༔ བཅུ་གཉིས་མཛད་པའི་རྩལ་འཆང་བ༔ དཀྱིལ་འཁོར་ཕྱག་རྒྱ་ལ་སྦྱར་ནས༔ ཀུན་མཐུན་ཀུན་ལས་ཁྱད་འཕགས་ཤིང༔ གཞན་དུ་ནམ་ཡང་མ་བསྟན་པ༔ ད་ལྟ་མངའ་བདག་ཡབ་སྲས་དང༔ མ་འོངས་སྐལ་ལྡན་སྐྱེས་བུའི་ངོར༔ ཐུགས་ཀྱི་ཡང་ཞུན་མཐར་ཐུག་ཆོས༔ སུ་འཕྲད་ང་དང་འབྲལ་མེད་ཅིང༔ བར་ཆད་ཀུན་སེལ་དངོས་གྲུབ་ཐོབ༔ མངོན་སུམ་བྱིན་རླབས་མྱུར་བའི་ལམ༔ ལེགས་པར་བཤད་ཀྱིས་ཉམས་སུ་ལོངས༔ ཞེས་པ་ལྟར་བཤད་པ་ལ། གསོལ་འདེབས་ཀྱི་ཐོག་མ་རྡོ་རྗེའི་སྔགས་དོན་ནི། འདི་ཉིད་ཀྱི་རྒྱུན་གྱི་བཀོལ་བྱང་ལས། འབྲུ་གསུམ་སྐུ་གསུམ་དབྱེར་མེད་ལ༔ བཛྲ་གུ་རུ་རིགས་ཀྱི་གཙོ༔ པདྨ་དཀྱིལ་འཁོར་འཁོར་ལོར་སྣང༔ སིདྡྷི་ཧཱུྃ་ཞེས་དངོས་གྲུབ་བསྐུལ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ རྡོ་རྗེའི་སྔགས་འདིས་ལས་ཀུན་བྱེད༔ ཅེས་གསུངས་པ་ལྟར་ཐོག་མའི་རྡོ་རྗེའི་འབྲུ་གསུམ་དཀྱིལ་འཁོར་གཙོ་བོ་བླ་མ་སྐུ་གསུམ། བཛྲ་གུ་རུ་གཙོ་མཆོག་སྣང་སྲིད་ཟིལ་གནོན། པདྨ་དེའི་བདེན་དོན་དག་པའི་ཡེ་ཤེས་ཀྱི་རོལ་པ་རྣམ་འཕྲུལ་བཅུ་གཉིས། སིདྡྷི་ཧཱུྃ་ཞེས་སྟོན་འཁོར་ཀུན་གྱིས་མཆོག་ཐུན་དངོས་གྲུབ་སྩོལ་ཞེས་པས་གཞུང་འདིའི་བསྟན་བྱའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་མཚོན་པ་མདོར་བསྡུས་སུ་སྤྱིར་བཤད་པ་ཙམ་སྟེ། གཞན་དུ་ན་འདི་ལའང་བཤད་ཚུལ་མཐའ་ཡས་སོ། །སྤྱིར་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སྐུ་གསུམ་གྱིས་བསྡུས་པས་ན་ངོ་བོ་ཆོསྃ་སྐུྃ་སྟེ་དེ་ལ་སྣངྃ་བྃ་ཞེས་པའི་སྒྲས་ཐོག་མའི་འོད་གསལ་གྱི་གནས་ལུགས་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་འཁྲུལ་མ་ནུས་པའི་ཡེ་ཤེས་དེ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཀ་དག་གི་གྲོལ་གཞིར་གདོད་ནས་རང་བཞིན་གྱིས་མངོན་པར་བྱང་ཆུབ་པས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་མཐྃའ་ཡསྃ་ལྃ་མངའ་དབང་བསྒྱུར་བའི་ཀུན་བཟང་འོད་མི་འགྱུར་བ་དང༌། རྣམ་པ་ཡེ་ཤེས་ལྔ་ཡི་རྩལ་རང་བཞིན་ལོངྃས་སྐུྃ་ནི་དམིགས་མེད་ཐུགསྃ་རྗེྃའི་ཡེ་གདངས་མཁའ་ཁྱབ་ཀྱི་སེམས་ཅན་ཀུན་ལ་རྟག་ཏུ་ཁྱབ་པར་བརྡལ་བས་ཆེནྃ་པོའིྃ་རང་བྱུང་གི་ཐུགས་རྗེ་དེའི་རྩལ་ལས་ཚངས་པ་རྔ་སྒྲའི་ཞིང་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་ཀླས་པ་ཀུན་གྱི་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་ཀུན་ཏུ་འཆང་ཆེན་པོའི་ཕྱིར་གསལ་ཕྱེད་སྣང་རང་བཞིན་སྤྲུལ་སྐུ་ཚངས་ཆེན་རིགས་ཞིང་སྐུའི་ལྔའི་ས་བཅུའི་དབང་ཕྱུག་རྣམས་ཀྱི་དོན་མཛད། དེ་དག་ལས་འགྲོ་འདུལ་ཐུགས་རྗེ་སྤྲུལྃ་སྐུྃའི་ཕྱོགས་དུས་ཀྱི་ཞིང་ཀུན་དང༌། བྱེ་བྲག་མི་མཇེད་འཇིག་རྟེན་འདི་ཁོ་ནར་མདོ་སྔགས་སྟོན་པ་བརྒྱ་རྩ། འཇིག་རྟེན་གྱི་ཁམས་ལྔ་བཅུ། དེ་རེ་རེའི་ཕྱོགས་མཚམས་སུ་མཚན་བརྒྱད་ཀྱི་མཚན་དང་སྐུའི་བཀོད་པ་སོགས་མཐའ་ཀླས་པ་ཀུན་ཀྱང་པྃདྨྃ་འབྱུངྃ་གནྃས་གཅིག་གིས་མཛད་པའི་ཆོ་འཕྲུལ་ཏེ་རྡོ་རྗེའི་གསུངས་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་ང༔ སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ༔ འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ༔ སྤྲུལ་པའི་སྐུར་སྣང་ཐུགས་རྗེ་སྟོབས་ཚན་ལྡན༔ གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེ༔ སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་སྐོང༔ ཞེས་སོ། །ཆོས་ཀྱི་དབྱིངས་དང་སེམས་ཅན་ཐམས་ཅད་ལ་ཐུགས་བསྐྱེད་དང་མཛད་པས་ཁྱབ་པའི་གུ་རུ་དེའི་སྔོན་སློབ་པ་ལམ་གྱི་དུས་སྐབས་ནས་ཁྱད་པར་གྱི་གདུལ་བྱ་རུ་བདག་གིར་མཛད་པ་ནི་རང་རེ་གངས་ཅན་བོད་ཀྱི་སེམས་ཅན་རྣམས་ཡིན་ཏེ་གུ་རུ་ཉིད་ཀྱི་ཞལ་ནས། བོད་ཀྱི་བླ་མའི་སྐལ་པ་གུ་རུ་སྟེ༔ ལྷ་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན༔ ཞེས་པ་ལྟར་བདྃག་གིྃ་ཞེས་བདག་ཅག་གངས་ཅན་པ་ཡོངས་ཀྱི་བླྃ་མྃ་གུ་རུ་རིན་པོ་ཆེ་ཉིད་ཡིན་ལ། དེའི་ཚུལ་མཐོང་ཕྱོགས་རེའི་གདུལ་བྱའི་སྣང་ངོ་དང་མཐུན་པའི་མཛད་པ་ཁོ་ན་ཐོས་པ་དང་བསམ་པས་ཀྱང་ངོྃ་མཚྃར་ཕན་བདེའི་དཔལ་དུ་གྱུར་ཅིང༌། སངས་རྒྱས་ཀུན་གྱི་ཕྲིན་ལས་རྗེས་སུ་སྒྲུབ་པའི་སྤྲུལྃ་པའིྃ་སྐུྃ་ཡིན་པར་རྟོགས་ནུས་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །དཔལ་ལྡན༡་སངས་རྒྱས་པདྨ་སྐྱེས༢། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ༣། །རྒྱལ་པོ༤་སྒྱུ་འཕྲུལ་སྣ་ཚོགས་འཆང༥༌། །ཆེ་བ༦་སངས་རྒྱས༧་རིག་སྔགས་འཆང༨༌། །ཞེས་གུ་རུ་རིན་པོ་ཆེའི་མཛད་པ་ཐམས་ཅད་མཚན་མཆོག་བརྒྱད་ཀྱིས་བསྡུས་པའི་མཚན་དང་ཆེ་བ་རྡོ་རྗེའི་རྒྱུད་ཀྱིས་ལུང་བསྟན་པ་ལྟར་བཤད་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབྲས་བུའི་ཚུལ་ལྷག་པར་དར་བའི་སྐབས་ཤིག་རྒྱྃ་གརྃ་ཡུལྃ་གྱི་མཆོག་མ་ག་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བར་བྱེད་ལ། དཔལ་ཨོ་ཌི་ཡཱ་ནའི་ཡུལ་ན་རྒྱལ་པོ་ཧ་ཡ་ལི་ལ་ཞེས་བྱ་བས་རྒྱལ་སྲིད་ཆོས་བཞིན་དུྃ་བྱེད་པའི་རྒྱལ་པོ་ཨུ་རྒྱན་གྱི་སྐད་དུ་པྲད། རྒྱ་གར་གྱི་སྐད་དུ་པྲིག་དྷཱ་ར་མེ་ཏོག་ཕྲེང་འཛིན་ལ་སྲས་མཚན་དང་ལྡན་པ་ཁ་དོག་དཀར་ལ་དམར་བ། སྲིན་ལག་ལ་པདྨའི་རི་མོ་ཡོད་པ། པདྨ་རྒྱས་པ་ལྟ་བུའི་མིག་དང་མཆུ་སྒྲོས་ཅན། པདྨ་ཨུཏྤལ་ལྕགས་ཀྱུ་ཞགས་པ་ལ་སོགས་པའི་ཤ་མཚན་དགེ་བའི་ལྟས་དུ་མ་ཡོད་པ་ཞིག་ཏུ་སྐུྃ་འཁྲུངྃས་པ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་གིས་གསང་སྔགས་ཀྱི་སྒྲུབ་པ་པོ་མཆོག་ཏུ་འགྱུར་ཞིང༌། པདྨའི་རིགས་ཀྱི་མཚན་ཉིད་ཚང་བས་འོད་དཔག་མེད་པས་བྱིན་གྱིས་བརླབས་པའི་ཕྱིར་པདྨ་བྷ་བ་སི་མཚན་གསོལ། ཆེར་སྐྱེས་པ་དང་རིག་པའི་གནས་ཆེ་ཕྲ་ལ་ཐོསྃ་བསྃམ་མཛྃད་པས་ཚེགས་མེད་པར་མཁྱེན། རྒྱ་གར་དང་ཨོྃ་རྒྱན་གྱི་པཎ་གྲུབ་དུ་མ་ལས་གསང་སྔགས་ཕྱི་ནང་གི་ཆོས་གསན་ཅིང་སྒྲུབ་པས་འོད་དཔག་མེད་དང་རྟ་མགྲིན་གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་མང་པོས་རྗེས་སུ་བཟུང༌། ཁམས་གསུམ་རྣམ་རྒྱལ་དང་གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས་གྲུབ། གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་ཉུལ། ལྷ་དང་རིག་འཛིན་ལས་ཐུན་མོང་གི་དངོས་གྲུབ་ཐོབ། ཁྱད་པར་སངས་རྒྱས་ཡེ་ཤེས་ལས་འདུས་པ། སྒྱུ་འཕྲུལ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར། ལས་ཀྱི་ཕྲེང་བ་སྟེ་ནང་རྒྱུད་སྡེ་ལྔ་གསན། དབང་གི་ཡེ་ཤེས་ངོ་འཕྲོད། ཤར་ཕྱོགས་བྷངྒ་ལའི་གྲོང་ཁྱེར་པཎ་ཌུའི་བྱང་ངོས་པར་ཤིའི་ནགས་སུ་ཕྱག་རྒྱ་པདྨ་ཅན་དང་བཅས་བསྒྲུབས་པས་ཟུང་འཇུག་གི་གྲུབ་པ་མངོན་སུམ་བརྙེས། མཆོག་གི་དངོས་གྲུབ་ཐོབ། རྡོ་རྗེའི་སྐུ་མངོན་དུ་མཛད་ནས་རྒྱ་གར་ཤར་ནུབ་ལྷོ་དང་དབུས་རྣམས་སུ་གང་འདུལ་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད། དེ་དག་ལས་ཀྱང་འགྲོ་ལྡིང་དང༌། དེ་ལས་ཀྱང་བོདྃ་ཡུལྃ་དུ་འགྲོ་དོན་ཆེས་ཆེ་བ་སྟེ། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་དུ་དམ་ཆོས་དར་བར་བཞེད་ནས། ཨཱ་ཙཱརྻ་བོ་དྷི་སཏྭ་ཞེས་གྲགས་པ་ཞི་བ་འཚོའམ། སློབ་དཔོན་ཤནྟ་རཀྵི་ཏ་སྤྱན་དྲངས་ནས་ཕོ་བྲང་ཀླུ་ཚུགས་ཞེས་བྱ་བའི་ཡང་ཐོག་ཏུ་དར་གྱི་གུར་ཕུབ་པར་བཞུགས་ནས་དགེ་བ་བཅུ་དང༌། རྟེན་འབྲེལ་བཅུ་གཉིས། ཁམས་བཅོ་བརྒྱད་ལས་བརྩམས་པའི་ཆོས་གསུངས་པས། བོད་འདྲེ་རྣམས་ཁྲོས་ནས་ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་པོ་རིར་ཐོག་བརྒྱབ། བོད་དུ་མི་བདེ་བ་ནད་མུག་ལོ་ཉེས་བྱུང་བར། འདྲེ་སྲིན་གདུག་པ་འདུལ་བ་ལ་གུ་རུ་རིན་པོ་ཆེ་གདན་དྲངས་དགོས་པར་མཁན་པོས་ལུང་བསྟན་ནས། སྦ་གསལ་སྣང་བལ་ཡུལ་དུ་ཕྱིན་ནས་སྤྱན་དྲངས་ཏེ། ཡུལ་སོ་སོའི་མི་མ་ཡིན་འདུལ་བ་དང༌། ས་ཆ་རྣམས་རྟོག་ཞིབ་མཛད་ཀྱིན་བོད་ཡུལ་དྃབུས་སུྃ་ཞབྃས་བྱོྃན་ཏེ་བྲག་དམར་མགྲིན་བཟང་དུ་རྗེ་འབངས་རྣམས་དང་ཐོག་མར་མཇལ་ཞིང༌། ངོ་མཚར་བའི་ཆོ་འཕྲུལ་གྱིས་དད་པའི་གནས་ལ་བཀོད་ཅིང་ཡིད་ཆེས་པར་མཛད། ཁྱད་པར་དུ་ཡང་རྫུ་འཕྲུལ་སྣ་ཚོགས་པས་ལྷ་སྲིན་དམ་བཏགས་ལན་གཉིས་མཛད། ལྷ་ཆོས་ཅི་བདེར་དར་བ་དང༌། གཙུག་ལག་ཁང་དགོངས་པ་བཞིན་བཞེངས་པ་ལ་བར་ཆད་མེད་པར་ལུང་བསྟན་ཏེ། བརྟན་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག་སོགས་སྲིད་པའི་དྲེགྃས་པྃ་སྡེ་བརྒྱད་ཆེ་དགུ་ཐམས་ཅད་དམ་འོག་ཏུ་བཅུག །གཙུག་ལག་ཁང་བཞེངས་པའི་གྲོགས་སུ་བཀོལ་ཏེ་ཉིན་མོ་མི་དང་མཚན་མོ་ལྷ་འདྲེས་བཞེངས་ཏེ་ཆོས་ཀྱི་བཀའ་སྲུང་དུ་བཅོལ་བས་ལྷ་འདྲེ་རྣམས་བཏུལྃ། རྗེ་བློན་ཐུན་མོང་ལ་ཕྱི་རྒྱུད་ཀྲྀ་ཡོག་གི་ཆོས་དང༌། མན་ངག་ལྟ་ཕྲེང་སོགས་གསུངས། ཐུན་མིན་གྱི་ལས་ཅན་རྡོ་རྗེ་འདུས་པ་རྗེ་འབངས་སྙིང་གི་བུ་དགུ་སོགས་ལ་གསང་སྔགས་བླ་མེད་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས། འཕགས་ཡུལ་པ་ཡོངས་གྲགས་ཀྱི་གཏམ་ལ་སློབ་དཔོན་འདིས་རི་ཁ་བ་ཅན་དུ་བྱོན་ནས་ཀླུ་དང་གནོད་སྦྱིན་གདུག་པ་ཅན་བཏུལ། རྒྱལ་པོ་ལ་སོགས་རྫུ་འཕྲུལ་གྱིས་དད་པར་བྱས་ཞེས་ཡོངས་སུ་གྲགས་པ་ལྟར། སྐུ་དངོས་ཀྱིས་ཕེབས་ནས་ད་ལྟའི་བར་མཐའ་ཀླས་པའི་གདུལ་བྱ་ཐམས་ཅད་ལ་དངོས་བརྒྱུད་ཀྱི་ཁྱད་པར་ལས་ཡུལ་དུས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་རྟག་པར་བསྐྱངས་བས་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་མཛད་ནས། འཛམ་གླིང་འདི་ཡུལ་དྲུག་ཏུ་དབྱེ་བའི་བྱེ་བྲག་ནུབ་ན་རིག་པ་འཛིན་པའི་གནས་ཨུྃ་རྒྱྃན་མཁའ་འགྲོའི་ཡུལྃ་དུྃ་གྲགས་པ་དེར་བཞུགས་པའི་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་བྱུང་བའི་ཐོག་མ་མ་ཧཱ་རུ་ཏྲ་ནི་ཤ་ཟ་སྲིན་པོའི་གླིང་དུ་བྱུང་བ་སྟེ། དེ་འདུལ་བའི་ཕྱིར་རྒྱལ་བ་རྣམས་ཀྱིས་དཔལ་ཧེ་རུ་ཀ་རྟ་ཕག་ཡབ་ཡུམ་དུ་སྤྲུལ་ནས་དྲག་པོ་ཆེན་པོ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་བསྒྲལ། དེའི་ཆུང་མ་སྲིན་མོ་སོགས་དབང་ཕྱུག་ཉེར་བརྒྱད་སྦྱོར་ཡུམ་དུ་བསྟེན་ནས་རྡོ་རྗེ་ཐེག་པའི་ལམ་གྱི་གསང་བ་ཟབ་མོའི་རྒྱུད་སྡེ་འཛམ་གླིང་དུ་སྣང་བའི་རྟེན་འབྲེལ་རང་བཞིན་གྱིས་གྲུབ། རུ་ཏྲའི་ལུས་ཀྱི་ཡན་ལག་བརྒྱད་འཛམ་གླིང་གི་མཐའ་བསྐོར་དུ་བཞག་སྟེ་དཔའ་བོ་མཁའ་འགྲོ་འདུ་བའི་གནས་བརྒྱད་དུ་བྱིན་གྱིས་བརླབས་པའི་ཡ་གྱལ་ཙིཏྟ་ཨོ་རྒྱན་གནས་སུ་བབ་པས་དྷརྨ་གཉྫི་གཙུག་ལག་ཁང་ཆེན་པོ་བརྒྱན་པ་སྟེ། དེས་ན་མ་ལ་ཡ་དང༌། རྔ་ཡབ་ཀྱི་གླིང་རྣམས་ཨུ་རྒྱན་གྱི་ཡུལ་དེའི་རྩ་བ་ཡན་ལག་གི་གནས་ཀྱི་བྱེ་བྲག་ཏུ་གཏོགས་པས་རྒྱ་གར་གྱི་ནུབ་བྱང༌། བོད་ཡུལ་གྱི་ལྷོ་ནུབ། ཟངས་མདོག་དཔལ་གྱི་རི་བོའི་རྩེ་ཕྱི་ལྟར་ཤ་ཟ་སྲིན་པོ་རྣམས་འདུལ་བའི་སྲིན་རྒྱལ་རཀྴ་ཐོད་ཕྲེང༌། ནང་ལྟར་རྡོ་རྗེའི་རིགས་ཅན་གྱི་རིག་འཛིན་དང་མཁའ་འགྲོའི་ཚོགས་དང་ལྷན་ཅིག་པས་ས་སྤྱོད་པདྨ་འོད་ཀྱི་ཞིང་ཁམས་ཀྱི་ཚོགས་ཁང༌། གསང་བ་སྙིང་དབུས་མི་ཤིགས་པའི་ཐིག་ལེར་མངོན་བྱང་ལྔས་བྱང་ཆུབ་པའི་སྐུ་ལྔ་ལྷུན་གྲུབ་རིག་འཛིན་པདྨ་ཀུན་ཏུ་འཆང་ཡེ་ཤེས་རང་སྣང་གི་ངེས་པ་ལྔ་ལྡན་འོག་མིན་ཆེན་པོའི་བཀོད་པ་ལྷུན་གྱིས་རྫོགས་པའི་འཇའ་ལུས་རྡོ་རྗེའི་ྃསྐུ་ནམ་མཁའ་ཇི་སྲིད་བར་དུ་དངོས་སུ་བཞུགྃས་ཏེ་ཕྱོགས་དུས་ཀྱི་སེམས་ཅན་སྤྱི་དང་ཁྱད་པར་བོད་ཡུལ་གྱི་འགྲོྃ་དོྃན་མཛྃད་པར་གསུངས་པས་ཐུན་མོང་གི་བློ་ངོར་འཇུག་པའི་རྣམ་ཐར་གྱི་སྤྱི་སྡོམ་དུ་གསུངས་པ་སྟེ། བྱང་གཏེར་གསོལ་འདེབས་ལེའུ་བདུན་མའི་མཚོ་རྒྱལ་ཞུས་ལན་ལས། གསོལ་འདེབས་ལོ་རྒྱུས་བརྗོད་པས་དང་བ་འདྲེན༔ ཡོན་ཏན་མཐོང་བས་དད་པ་སྐྱེ༔ ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔ སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་འགྲུབ༔ ཅེས་གསུངས་པ་ལྟར་གསོལ་བ་གདབ་བྱའི་ཡུལ་གྱི་རྒྱུ་མཚན་ཤེས་པས་དད་པ་སྐྱེ་བས་ན་ཐོག་མར་ལོ་རྒྱུས་ཤེས་དགོས་ལ། དེ་ཡང་ཐུན་མོང་གི་མཛད་པ་ལ་བརྟེན་ནས་ཐུན་མིན་གྱི་གསང་བ་ཟབ་མོ་ཡང་རྟོགས་ནུས་ཏེ། དཔེར་ན་སོ་སྐྱེ་དང་ཉན་རང་གི་སྣང་ཆར་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུའི་མཛད་པ་བཅུ་གཉིས་ལ་བརྟེན་ནས་ཐུན་མིན་ལོངས་སྐུ་དང་ཆོས་སྐུའི་ཡོན་ཏན་རིམ་གྱིས་རྟོགས་པ་ལྟ་བུ་སྟེ། དེ་ལ་ཇི་ལྟར་གསོལ་བ་འདེབས་ན། ཕྱི་གསོལ་འདེབས་ཀྱི་སྒྲུབ་པས་བླ་མའི་རྡོ་རྗེ་གསུམ་ཉེ་བར་བསྙེན་པ། ནང་ལྷ་དང་བླ་མ་དབྱེར་མེད་དུ་སྒྲུབ་པ། གསང་བ་ཐིག་རླུང་སེམས་ཀྱི་རྫོགས་རིམ་གྱིས་ལས་སྦྱོར་གྱི་ཚུལ་དུ་གསོལ་བ་བཏབ་པས། ཐུགས་རྗེ་ཡུལ་ལ་འཇུག་པའི་བདག་རྐྱེན་དུ་བྱེད་ནས། རྟག་རྒྱུན་ཤུགས་ཀྱི་ཐུགྃས་རྗེ་བརྩེ་བ་ཆེན་པོའི་རྗེྃས་སུ་དགོངས་ཏེ་བདྃག་སོགས་ནམ་ཡང་ཡལ་བར་མི་འདོར་བས་སྒོ་གསུམ་ལྃ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱིས་བྱིྃན་གྱིྃས་རློབྃས་ཤིག །ཇི་ལྟར་བྱིན་རླབས་སྩོལ་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡེ་ཤེས་ཟབ་མོའི་སྒོ་ནས་རྗེས་སུ་འཛིན་པས་དབུགས་དབྱུང་དུ་གསོལ་ཞེས་ཐུགས་དམ་བསྐུལ་བ་སྟེ། མཁའ་ཁྱབ་ཀྱི་འགྲོ་བ་ཀུན་དང་ཁྱད་པར་གངས་ཅན་གྱི་གདུལ་བྱ་ལ་མས་བུ་གཅིག་པུ་ལ་ཡིད་འཕྲེང་བ་བཞིན་བྃརྩེ་བསྃ་བདྃག་སོགྃས་སྙིགས་འགྲོ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་དངོས་སུ་སྤྱོད་པ་རྣམས་ལམ་ལོག་ལམ་གོལ་ལམ་དམན་དུ་མ་བཏང་བར་སྤྱིར་ཐེག་པ་ཆེན་པོ། སྒོས་རྡོ་རྗེ་ཐེག་པའི་འདུལ་ཞིང་དུ་ཡོངས་སུ་གྲགས་པ་ལྟར་བླ་མེད་རྡོ་རྗེའི་ས་ལ་ལམྃ་སྣྃ་དྲངྃ་བར་མཛད་དུ་གསོལ། མཐའ་དག་གདུལ་བྱའི་ཁམས་དབང་མོས་པའི་རིམ་པ་ཇི་ལྟ་ཇི་སྙེད་མཁྱེན་པ་ལ་ཆགས་ཐོག་དང་བྲལ་བའི་དུས་གསུམ་གཟིགས་པའི་ཡེ་ཤེས་ཀྱི་དགོངྃས་པསྃ་བདྃག་ལྃ་སོགས་པའི་གདུལ་བྱའི་དབང་པོར་རབ་འབྲིང་ཐ་མའི་བགོ་སྐལ་དང་མཐུན་པའི་སྐུ་རྫུ་འཕྲུལ། གསུང་ཀུན་ཏུ་བརྗོད་པ། ཐུགས་རིག་པ། ཕྲིན་ལས་རྗེས་སུ་བསྟན་པའི་འདུལ་བ་བཞིའི་གནས་སྐབས་ཐུན་མོང་དང༌། མཐར་ཐུག་མཆོག་གི་དངོྃས་གྲུབྃ་རིམ་དང་ཅིག་ཆར་དུ་སྩོལྃ་བར་མཛོད་ཅིག །དབང་དང་སྟོབས་བཅུ་མི་འཇིགས་བཞི་ལ་མངའ་བརྙེས་པའི་ནུསྃ་པསྃ་བོད་ཡུལ་མཐའ་འཁོབ་མུན་གླིང་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ནས་མི་དང་མི་མ་ཡིན་ཐམས་ཅད་བཏུལ་བ་ལྟར་བདྃག་སོྃགས་སྙིགས་འགྲོ་ནད་མུག་མཚོན་གྱི་བསྐལ་པས་མནར་བ་ལ་ཕྱི་ནང་གསང་བའི་བརྃ་ཆདྃ་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་ཀྱིས་སོལྃ་ཅིག་ཅེས་སྨོན་པའོ། །གང་བསལ་བྱའི་བར་ཆད་དེ་ལའང་ཕྱིྃ་ཡིྃ་སྣོད་འཇིག་རྟེན་ལ་བརྟེན་པའི་རགས་པ་ས་ཆུ་མེ་རླུང་ནམ་མཁའི་འབྱུང་བ་ལྔ་ལས་ས་གཡོ་མེ་དགྲ་གནམ་ཐོག་གྲུ་ཞིག་སོགས་ཀྱི་གནོད་པས་ལུས་སྲོག་ལ་བརྃ་དུ་གཅོྃད་པའི་འགལ་རྐྱེན་མཐའ་དག་གུ་རུ་འབྱུང་བཞི་དབང་བསྒྱུར་གྱི་སྐུར་བཞེངས་ནས། ཕྱིྃ་རུྃ་འབྱུང་ལྔའི་དྭངས་མ་ཡེ་ཤེས་ཡུམ་ལྔའི་རང་བཞིན་མཐུན་རྐྱེན་དུ་ཤར་བས་སོྃལ་ལ་མི་ཤིགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་གྲུབ་པར་མཛོད་ཅིག །ནངྃ་བཅུད་ཀྱི་སེམས་ཅན་གྱི་ལུས་ལ་གནས་པའི་སྲ་གཤེར་དྲོ་གཡོ་བུ་ག་ཕྲ་བའི་འབྱུང་ལྔ་བྱེར་སྡུད་ཀྱིས་བསྐྱེད་པའི་སྐྱེ་འཆི་བར་དོའི་འཁྲུལ་སྣང་གིྃ་བརྃ་ཆདྃ་ཐམས་ཅད་གུ་རུ་སྐུ་གསུམ་དབྱེར་མེད་བདེ་གསལ་མི་རྟོག་ཆེན་པོའི་ཡེ་ཤེས་ཀྱི་སྣང་བས་གཟུང་འཛིན་རྩ་རླུང་ཐིག་ལེའི་འཇུག་པ་དབུ་མའི་ནྃང་དུྃ་ཞུགས་གནས་ཐིམ་གསུམ་མཐར་ཕྱིན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཟུང་འཇུག་རྡོ་རྗེའི་གྲོང་ཁྱེར་དུ་སོལྃ་ཅིག །གསྃང་བ་སེམས་ཅན་གྱི་རྒྱུད་ལ་གནས་པའིྃ་འཁྲུལ་རྟོག་གི་རྩ་བ་ལས་ཉོན་གཟུང་འཛིན་གྱི་བརྃ་ཆདྃ་ཀྱིས་འཁྲུལ་སྣང་དངོས་པོར་ཞེན་པའི་སྡུག་བསྔལ་རྒྱུན་མི་ཆད་དུ་འཁོར་བ་ལ། གུ་རུ་བདེ་ཆེན་རྒྱལ་པོ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི་ཡེ་ཤེས་ཀྱིས་དབྱིངྃས་རིག་གཉིས་སུྃ་མེད་པ་བདེ་བ་ཆེན་པོའི་དགོངས་པ་མངོན་སུམ་དུ་རྒྱུད་ལ་སད་པས་སོལྃ་ཏེ་ངལ་འཚོ་བར་མཛོད་ཅིག །བར་ཆད་དེ་ཉིད་སེལ་མཛད་ཀྱི་བླ་མ་ལ་རྒྱུ་མཚན་ཤེས་པའི་གུསྃ་པསྃ་ཕྱགྃ་འཚྃལ་ཞིང་ཐུགས་རྒྱུད་བསྐུལ། བློ་སྙིང་བྲང་གསུམ་གཏད་དེ་འདི་ནས་བྱང་ཆུབ་བར་དུ་སྐྱབྃས་སུྃ་མཆིྃ་ན། དེ་བཞིན་ཐུགས་རྗེས་ནམ་ཡང་ཡལ་བར་མི་འདོར་བར་རྗེས་སུ་བཟུང་སྟེ་གོང་དུ་འདོད་པའི་དོན་ལ་སྨོན་པ་བཞིན་འགྲུབ་པར་མཛོད་ཅིག །རྡོ་རྗེའི་སྔགས་དོན་ནི། ཨོཾ་ཆོས་སྐུ་སྣང་མཐའ། ཨཱཿལོངས་སྐུ་ཐུགས་རྗེ་ཆེན་པོ། ཧཱུྃ་སྤྲུལ་སྐུ་པད་འབྱུང༌། བཛྲ་གུ་རུ་ནི་དེ་གསུམ་དབྱེར་མེད་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་བྱོན་པའི་སངས་རྒྱས་གཉིས་པ་རྡོ་རྗེའི་བླ་མ་མཆོག་ནི། པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ཁ་དོག་མཛེས་སྡུག་གི་ཕུལ་དུ་ཕྱིན་ཅིང་ཟིལ་མངར་གྱི་རོ་དང་འདབ་མའི་ཉམས་འགྱུར་སྒེག་གཟུགས་ཀྱི་རེག་བྱ། དྲི་ཞིམ་པོའི་བསུང་སོགས་ཡིད་དུ་འོང་བའི་འདོད་ཡོན་ཀུན་རྫོགས་པས་ལྷའི་ཀྱང་རྒྱན་དུ་འོས་པ་བཞིན། འཇིག་རྟེན་ཐུན་མོང་དང་མཐུན་པའི་བདེན་དོན་དག་པའི་མཛད་པ་བཅུ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ཡོན་ཏན་མཐའ་དག་ཐུན་མོང་གི་གདུལ་བྱ་ལ་རྗེས་སུ་བསྟན་ཏེ་སངས་རྒྱས་དངོས་ཀྱི་ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པའི་འདུལ་དཀའི་འགྲོ་བ་ཡང་བཏུལ་ཞིང་ཆོས་ཀྱིས་སྨིན་པར་མཛད་པའི་བདག་ཉིད་ཆེན་པོའི་ངོ་བོ་པདྨའི་རིགས་ཀྱི་དཀྱིལ་འཁོར་དབང་ཕྱུག་གཅིག་གི་རང་བཞིན། རྣམ་པ་གང་འདུལ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཕྲིན་ལས་རྣམ་བཞི་འདོད་རྒུར་སྟེར་བའི་རྣམ་འཕྲུལ་བཅུ་གཉིས་ཀྱི་རིག་འཛིན་རྩལ་འཆང་ཀུན་མཚོན་ལ། སིདྡྷི་ཧཱུྃ་ཞེས་ཚུལ་དེའི་རྒྱུ་མཚན་ཤེས་པས་དེའི་རྗེས་སུ་སློབ་ན་རྡོ་རྗེའི་གསང་བ་གསུམ་གྱི་གོ་འཕང་ལ་སྤྱོད་པའི་དངོས་གྲུབ་ཀྱི་སྐལ་བཟང་རིང་པོར་མི་ཐོག་པར་སྟེར་བར་མཛད་ནུས་པས་དེ་ཐུགས་ཀྱི་ས་བོན་ནས་བརྗོད་པས་ཆེད་དུ་བསྐུལ་བའོ། །དེ་དག་གིས་སྐུ་གཅིག་གི་ཐོག་མཐའ་བར་གྱི་མཛད་པ་མདོར་བསྟན་ནས། །གཉིས་པ་རྒྱས་པར་བཤད་པ་ལ། །དང་པོ་པདྨ་རྒྱལ་པོ་རྒྱལ་བའི་གདུང་འཛིན་གྱི་མཛད་པ་ནི། སྐུ་ཡི་ངོ་མཚར་སོགས་ཏེ། ཨུ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུཏིའི་སྲས་ཀྱི་ཚུལ་དུ་བཞུགས་སྐབས་རྒྱལ་སྲིད་བསྐྱངས་ན་འགྲོ་དོན་རྒྱ་ཆེར་མི་འབྱུང་བར་གཟིགས་ནས་བདུད་ཀྱི་བློན་པོའི་བུ་ཁ་ཊྭཱཾ་གིས་བསྒྲལ་ཏེ་རྒྱལ་ཁྲིམས་བཤིག་པའི་རྐྱེན་གྱིས་དུར་ཁྲོད་དུ་སྤྱུགས་པ་སླར་རྒྱལ་བློན་འདུལ་བའི་དུས་ལ་བབ་པར་གཟིགས་ནས་ཨུ་རྒྱན་གྱི་ཡུལ་དུ་བསོད་སྙོམས་ལ་བྱོན་པས་ཡུལ་མིས་ངོ་ཤེས་ཏེ་སྔར་གྱི་བདུད་བློན་སོགས་ཀྱིས་ཙནྡན་གྱི་མེར་བསྲེགས་ཀྱང་མ་ནོངས་པར་མཚོ་དབུས་པདྨའི་སྡོང་པོར་ཡབ་ཡུམ་གཉིས་ཐོད་ཕྲེང་སྐུ་ལ་གསོལ་བའི་རྫུ་འཕྲུལ་གྱི་རྣམ་པ་བསྟན་པས་པདྨ་ཐོད་ཕྲེང་རྩལ་དང༌། ཨོ་རྒྱན་རྒྱལ་པོའི་བླ་མཆོད་ལོ་བཅུ་གསུམ་མཛད་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོས་རྒྱལ་པོ་ཡབ་ཡུམ་སོགས་ལས་ཅན་ཐམས་ཅད་མཆོག་གི་རིག་འཛིན་གྲུབ་པར་མཛད་པས་མཚན་ཁམས་གསུམ་དབང་སྡུད་པདྨ་རྒྱལ་པོ་ཞེས་གྲགས་པ་ནི། དང་པོ་ཨུ་རྒྱན་རྒྱལ་པོའི་སྲས་སུ་མཛད་དེ་ཡབ་ཡུམ་གྱི་བཞེད་པ་བསྐངས་ཤིང་བཙུན་མོ་འོད་འཆང་ཁབ་ཏུ་བཞེས་པས་འཁོར་བ་དང་རྣམ་པ་མཐུན་པ་དང༌། ཁབ་ལས་ངེས་པར་བྱུང་ནས་དུར་ཁྲོད་ཆེན་པོར་དཔའ་བོ་མཁའ་འགྲོའི་ཚོགས་རྗེ་མཛད་དེ་ཏན་གན་གྱི་སྤྱོད་པས་རྡོ་རྗེ་ནང་གི་ས་ལམ་གྱི་སྤང་རྟོགས་ཡོངས་སུ་རྫོགས་པར་མཛད་ནས་གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར་སླར་ཡང་ཨུ་རྒྱན་རྒྱལ་ཁབ་ཐབས་མཁས་ཀྱིས་བཏུལ་ཞིང་རྡོ་རྗེའི་རིགས་ཅན་དུ་བསྐྲུན་པས་གདུལ་དཀའ་ལ་ཕྲིན་ལས་ལྷག་པར་འཇུག་ཅིང་ཐུགས་བསྐྱེད་ཀྱི་གོ་ཆ་དང་ལྡན་པ་རྒྱལ་སྲས་དཔའ་བོ་ཆེན་པོ་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་སོགས་དང་མཚུངས་པའི་རྣམ་ཐར་མངོན་སུམ་དུ་གྱུར་པས་རྒྱལ་བའི་གདུང་འཛིན་ཞེས་གྲགས་སོ། །གཉིས་པ་བློ་ལྡན་མཆོག་སྲེད་བླ་མ་སྨྲ་བའི་སེང་གེའི་མཛད་པ་ནི། དམ་ཆོས་རིན་ཆེན་གསན་སོགས་ཏེ། རྡོ་རྗེའི་གདན་དུ་བྱོན་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་པས་སུ་ཡིན་དྲིས་པར་རང་བྱུང་གི་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་པས་ཀུན་ཀྱང་ཡིད་མ་ཆེས་ཏེ་བསྐུར་པ་བཏབ་པས། དགོས་པ་མང་དུ་གཟིགས་ནས་ཟ་ཧོར་གྱི་ཡུལ་ནས་སློབ་དཔོན་པྲ་བྷ་ཧསྟི་ལས་ཡོ་ག་གསུམ་གྱི་ཆོས། མཁའ་འགྲོ་གསང་བ་ཡེ་ཤེས་ཀུན་དགའ་མོ་ལས་གསང་སྔགས་ཕྱི་ནང་གསང་བའི་དབང་གསན་ཏེ་སྒྲིབ་པ་གསུམ་སྤང་ཚུལ་བསྟན། རིག་འཛིན་བརྒྱད་ལས་སྒྲུབ་སྡེ་བརྒྱད། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲཱི་སིངྷ་ལས་རྫོགས་ཆེན་གྱིས་མཚོན་པའི་ཤེས་བྱ་རིག་པའི་གནས་མཐའ་དག་སློབ་དཔོན་མཆོག་ཕལ་ཀུན་ལས་གསན་པ་ཙམ་གྱིས་ཤིན་ཏུ་མཁས་པར་མཁྱེན། མ་བསྒྲུབས་པར་ཡང་ལྷ་རྣམས་ཞལ་གཟིགས། རྒྱུད་ལུང་མན་ངག་གི་ཆོས་ཀྱི་སྒོ་དུ་མ་བསྟན་ཏེ་མཁྱེན་གཉིས་ཡེ་ཤེས་ཀྱི་རྩལ་རྫོགས་པས་འཇམ་དཔལ་རྡོ་རྗེ་རྣོན་པོ་དང་གཉིས་སུ་མེད་པའི་ཚུལ་མཛད་པས་མཁས་པ་བློ་ལྡན་མཆོག་སྲེད་སྨྲ་བའི་སེང་གེར་གྲགས་པའོ། །གསུམ་པ་པདྨ་སཾ་བྷ་ཝ་སྐྱེས་མཆོག་ཚུལ་བཟང་ནི། དམ་ཅན་དམ་ལ་བཏགས་སོགས་ཏེ། རྒྱ་གར་ཤར་ཕྱོགས་ཀྱི་བྲག་ཕུག་མཱ་ར་ཏི་ཀར་མགོན་པོ་ཚེ་དཔག་མེད་དངོས་སུ་གྲུབ་སྟེ་སྐྱེ་འཆི་མེད་པ་རྡོ་རྗེའི་དབང་བསྐུར། ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་བསྟན་ནས་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡཱ་ར་དང་བཅས་ཚེ་དབང་རིག་འཛིན་གྱི་གོ་འཕང་མངོན་དུ་མཛད། སླར་ཡང་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་སྒྲུབ་པར་བཞེད་ནས་རྒྱ་བོད་ཀྱི་ས་མཚམས་མེ་ཏོག་པདྨ་དགུན་ཡང་བཀྲ་བ་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་དཔལ་ཆེན་ཡང་དག་ཧེ་རུ་ཀའི་རྣལ་འབྱོར་ལ་གཞོལ་བའི་ཚེ་གནམ་ས་བར་གྱི་འདྲེ་སྲིན་མཐུ་བོ་ཆེ་གསུམ་གྱིས་བར་ཆད་བརྩམས་པས་སློབ་དཔོན་གྱི་ལྟ་དགོངས་ལ་གནོད་མ་ནུས་ཀྱང་ཡུལ་དུ་ནད་མུག་བྱུང་བས། རྒྱ་གར་གྱི་བླ་མ་རྣམས་ལས་བར་ཆད་འདུལ་བའི་ཆོས་ལེན་པར་བཏང་བས་ཕུར་བའི་རྒྱུད་ལུང་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་ཞི། ནད་མུག་རྒྱུན་ཆད། ཡབ་ཡུམ་གཉིས་ཀ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བརྙེས་ནས་ཡང་ཕུར་སྦྲག་མའི་སྒྲུབ་ཐབས་མང་དུ་མཛད་ཕུར་སྲུང་བཅུ་དྲུག་སོགས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས་ནས་སྲུང་མར་བསྐོས། གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་ཐམས་ཅད་ཐུགས་སུ་ཆུད་ཅིང་དངོས་གྲུབ་གཉིས་ལ་མངའ་བརྙེས། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཧེ་རུ་ཀ་དངོས་དང་སྐལ་པ་མཉམ་པའི་ཚུལ་གྱིས་དགེ་བའི་བཤེས་གཉེན་གྱི་དབང༌། རིག་པའི་རྩལ་གྱི་དབང༌། རྒྱུད་ཀྱི་གླེགས་བམ་གྱི་དབང༌། རིག་པ་རྩལ་དབང་བཞི་རྫོགས་ནས་དོན་གཉིས་ལྷུན་གྲུབ་དྨ་སཾ་བྷ་ཝ་ཞེས་གྲགས་པའོ། །བཞི་པ་སེང་གེ་སྒྲ་སྒྲོགས་བདུད་ཀྱི་གཤེད་ཆེན་ནི། རྒྱལ་བའི་བསྟན་པ་སོགས་ཏེ། རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པར་རྒོལ་བའི་ཚེ་པཎྜི་ཏ་རྣམས་ལ་མཁའ་འགྲོ་མའི་ལུང་གིས་བསྐུལ་བ་བཞིན་གསོལ་བ་བཏབ་པས་པཎ་ཆེན་ལྔ་བརྒྱའི་ཚོགས་དཔོན་དུ་བྱོན་ནས་ལུང་རིག་གིས་ཚར་བཅད། ནུས་པ་འགྲན་ཏེ་མུ་སྟེགས་རྣམས་ཀྱིས་ངན་སྔགས་སྒྲུབ་པའི་ཚེ་མཁའ་འགྲོ་བདུད་འདུལ་མའི་དྲག་སྔགས་ཀྱིས་ཐོག་ཕབ་ནས་མུ་སྟེགས་ཀྱི་སྟོན་པ་བསྒྲལ། གྲོང་ཁྱེར་མེས་བསྲེགས། ལྷག་མ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་ནས་བདུད་དང་མུ་སྟེགས་ལྷ་མིན་གྱི་ཕལ་རྒོལ་གང་གིས་འགྲན་གྱི་དོ་ཟླ་མེད་པར་ཆོས་ཀྱི་རྒྱལ་མཚན་བསྒྲེངས་ཏེ་བདུད་ཀྱི་གཤེད་དུ་གྱུར་པའི་མཚན་བདུད་སྡེ་ཚར་གཅོད་སེང་གེ་སྒྲ་སྒྲོགས་སུ་གྲགས་པའོ། །ལྔ་པ་འཛམ་གླིང་རྒྱན་མཆོག་ནི། སྲིན་པོའི་ཁ་གནོན་སོགས་ཏེ། བལ་བོད་ཀྱི་མཚམས་སུ་ནག་ཕྱོགས་བདུད་སྲིན་དམ་སྲི་རྟ་གདོང་རྒོད་མ་ཁ་སོགས་ས་གསུམ་གྱི་དྲེགས་པ་རྣམས་རྡོ་རྗེ་ཕུར་པའི་ནུས་སྟོབས་ཀྱིས་བསྒྲལ་ནས་བདེ་ཆེན་མཆོག་གི་ས་ལ་དགྱེས་དགུར་རྩེན་པའི་ཕྱིར། བལ་མོ་ཤཱཀྱ་དེ་ཝི་སྒྲུབ་སྡེ་མོ་མཛད་དེ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་སྐུ་གསུང་ཐུགས་དཔལ་ཧེ་རུ་ཀའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེན་པོ་དང་གཉིས་སུ་མེད་པ་སྐུ་ལྔ་ལྷུན་གྲུབ་མི་སློབ་རིག་འཛིན་གྱི་གོ་འཕང་གྲུབ་ནས་སངས་རྒྱས་ཐམས་ཅད་དང་གསུང་བགྲོ་བར་གྱུར། རྡོ་རྗེའི་རིགས་ཅན་རྣམས་ཧེ་རུ་ཀའི་འདུས་པའི་རྒྱུད་ལུང་མན་ངག་སྤྱི་དང་བྱེ་བྲག་དུ་མས་སྨིན་གྲོལ་ལ་བཀོད། ངེས་པའི་དོན་དུ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་གི་གསང་བ་དང་གཉིས་སུ་མེད་པར་མཆོག་གི་རིག་འཛིན་གྲུབ་པའི་ཚུལ་བསྟན་པའོ། །དྲུག་པ་པདྨ་འབྱུང་གནས་ནི། འདྲེ་ཡི་ཡུལ་དུ་སོགས་ཏེ། ལོག་ལྟས་རྒྱུད་བསླད་པའི་ནག་ཕྱོགས་འདྲེ་སྲིན་དང་མཚུངས་པ་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན་གྱི་སྲས་མོ་མནྡཱ་ར་ཝར་ཆོས་བསྟན་པས། སྲས་མོ་རྒྱལ་ཁམས་ཀྱི་ཨ་ཙ་ར་ཞིག་གིས་བསླུས་ཞེས་ཡུལ་ཀུན་ཏུ་མི་སྙན་པ་གྲགས་པ་རྒྱལ་པོས་ཐོས་ནས་བལྟས་པས་སློབ་དཔོན་ཆེན་པོས་ཆོས་བསྟན་པ་མཐོང་ནས་བློན་པོ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་བཟུང་སྟེ་ཞགས་པས་བཅིངས་ལུང་གསུམ་མདོར་ཏིལ་མར་གྱི་མེ་ལ་བསྲེགས་པས། ཏིལ་མར་མཚོར་འཁྱིལ་བའི་མཐར་མེ་ལྕེ་ཕྱིར་མཆེད་པས་གྲོང་ཁྱེར་བསྲེགས། མཚོ་དབུས་སུ་ཡབ་ཡུམ་གཉིས་བསིལ་བསིལ་དུ་བཞུགས་པས་དད་པའི་གནས་ལ་བཀོད་དེ་རྒྱལ་པོའི་འགྱོད་བཤགས་སུ་རང་གི་ཆས་གོས་ཐམས་ཅད་ཕུལ་ཏེ་རང་དབང་མེད་པར་དད་པའི་གནས་ལ་བཀོད་ནས་གྲོལ་བར་མཛད་པའི་མཚན་འཆི་མེད་པདྨ་འབྱུང་གནས་ཞེས་གྲགས་པའོ། །བདུན་པ་ཉི་མ་འོད་ཟེར་ཁྱད་འཕགས་རིག་འཛིན་ནི། བོད་ཀྱི་ཉི་མ་སོགས་ཏེ། སྐུ་ལ་རྫོགས་པ་སོགས་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་ལ་སོགས་པར་བྱོན་ཏེ་བཀའ་བབ་རིག་འཛིན་བརྒྱད་སོགས་རིག་འཛིན་གྲུབ་ཐོབ་རྣམས་དང་མཇལ། སྦྱོར་སྒྲོལ་གྱི་སྤྱོད་པའི་རོལ་རྩེད་སྣ་ཚོགས་པས་རྡོ་རྗེ་ཐེག་པའི་དགོངས་སྤྱོད་རྒྱ་མཚོ་ལྟ་བུར་མངའ་དབང་བསྒྱུར། མཁའ་འགྲོ་རྣམས་ལ་གསང་སྔགས་ཀྱི་ཆོས་བསྟན་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་ལ་དབང་ཐོབ། ཁྱད་པར་བོད་ཀྱི་རྒྱལ་པོས་སྤྱན་དྲངས་པ་བཞིན་ཕེབས་ནས། བོད་ཀྱི་ལྷ་སྲིན་ཆེ་དགུ་ཐམས་ཅད་དང༌། མགུལ་ལྷ་བཅུ་གསུམ། དགེ་བསྙེན་ཉེར་གཅིག་སོགས་དམ་ལ་བཏགས་ནས་ནག་ཕྱོགས་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་འཕྲོག །ཆོས་དང་ཟབ་གཏེར་གྱི་བསྟན་པ་སྲུང་བར་ཁས་བླངས་པས་མཚོན་མི་དང་མི་མ་ཡིན་པ་གསུམ་གྱི་གདུལ་བྱ་སྤྱི་དང༌། ཁྱད་པར་འདུལ་བ་ལ་སྔོན་གྱི་སྨོན་ལམ་དུས་སུ་བབ་པས་ཞི་རྒྱས་དབང་དྲག་གི་མཛད་པ་རྒྱ་མཚོ་ལྟ་བུས་ཚར་གཅོད་རྗེས་འཛིན་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པའི་རོལ་པས་མཐའ་འཁོབ་བོད་ཡུལ་མུན་པའི་གླིང་གི་གདུལ་དཀའ་འདུལ་བ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བར་སྟོན་པས་རིག་རྩལ་འཇིགས་མེད་བརྟུལ་ཞུགས་སྤྱོད་རྩལ་འཆང་བའི་རིག་འཛིན་ཁྱད་པར་འཕགས་པའམ་འགྲོ་འདུལ་ཉི་མ་འོད་ཟེར་ལ་གསོལ་བ་འདེབས་པའོ། །བརྒྱད་པ་ཁྲོ་རྒྱལ་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་ལོད་ནི། དཔལ་མོ་ཐང་གི་སོགས་ཏེ། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཐོག་མར་མི་མ་ཡིན་རྣམས་མ་བཏུལ་ན་བར་ཆད་རྩོམ་པར་མཁྱེན་ནས་མང་ཡུལ་ཕྱོགས་ཀྱི་རི་ཕན་ཚུན་གོ་བརྗེས་གཡའ་རི་གངས་རི་རྣམས་སྡིག་མཛུབ་ཀྱིས་བཤིག་པ་དང་བཅས་མངའ་རིས་དབུས་གཙང་མདོ་ཁམས་ཡན་ཆད་དངོས་བརྒྱུད་རྫུ་འཕྲུལ་གྱི་བཀོད་པ་དུ་མའི་སྒོ་ནས་ལྕེ་ཕུ་ཤམ་པོ་ལུང་དུ་ཡར་ལྷ་ཤམ་པོ། བྱང་འདམ་ཤོད་ལྷ་བུའི་སྙིང་དྲུང་དུ་ཐང་ལྷ་ཡར་ཞུ། བསམ་ཡས་ཧས་པོ་རི་ནས་རྨ་རྒྱལ་སྤོམ་ར་ལ་སོགས་པའི་ལྷ་སྲིན་ཆེ་དགུ་ཐམས་ཅད་དང༌། བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་སོགས་དམ་ལ་བཏགས་ནས་བོད་དུ་མུ་སྟེགས་རྒྱུ་བའི་སྒོ་འཕྲང་སྲུང་བར་བཀའ་བསྒོས། གསང་མཚན་སོ་སོར་བསྩལ། སྲོག་སྙིང་མདངས་སུ་ཕུལ། རྡོ་རྗེའི་བཀའ་རྟགས་ཀྱི་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་བཅུག །རྡོ་རྗེ་ཐེག་པའི་བསྟན་པ་དང་བསྟན་འཛིན་སྐྱོང་བར་ཐ་ཚིག་བསྒོས། ཀུན་ཀྱང་རྡོ་རྗེའི་རིགས་སུ་ལུང་བསྟན་ནས་སྣང་སྲིད་དྲེགས་པའི་ཚོགས་ཀུན་མཐར་བྱེད་འཁྱོལ་བའི་ཁྲོ་རྒྱལ་སྟོབས་འདུས་རྫུ་འཕྲུལ་མཐུ་ཆེན་ཞེས་ཡོངས་སུ་གྲགས་པའོ། །དགུ་པ་པདྨ་སཾ་བྷ་ཝའམ་གསང་མཚན་རྡོ་རྗེ་དྲག་པོ་རྩལ་ནི། དམ་པ་ཆོས་ཀྱི་སོགས་ཏེ། བོད་ཡུལ་ལྷ་སྲིན་ཀླུ་རྒྱལ་མལ་གྲོས་མགོ་བསྡུས་ཏེ་མངའ་བདག་མཆོད་ཡོན་གྱི་ཕྲིན་ལས་ལ་ཐོ་འཚམས་པར་མཁྱེན་ནས་མཆིམས་ཕུའི་ཀླུ་འདུལ་བྱ་ཁྱུང་ཕུག་ཏུ་སློབ་དཔོན་དགོངས་པ་ལ་བཞུགས་ཏེ་བཏུལ་ཞིང་དམ་ལ་བཏགས། རྗེ་རྒྱལ་པོ་ཁྲི་སྲོང་གི་ཕྲིན་ལས་སྒྲུབ་པའི་གྲོགས་སུ་བཅོལ། བསམ་ཡས་ཧས་པོ་རི་ནས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་རྡོ་རྗེའི་བཀའ་ནན་རབ་བརྗིད་བསྩལ་ཏེ་བྲན་བཞིན་བཀོལ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོའི་རྨང་བཏིང༌། ཉིན་མོ་མི་དང་མཚན་མོ་ལྷ་འདྲེས་བརྩིགས་པས་མིག་འཕྲུལ་ལྟ་བུའི་ལྷ་ཁང་བརྒྱ་དང་བརྒྱད། ཇོ་མོ་གླིང་གསུམ་སོགས་རྒྱ་གར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས་རི་རབ་གླིང་བཞི་ཉི་ཟླ་ལྕགས་རི་དང་བཅས་པའི་ཚུལ་དུ་ཡོད་པའི་ཆོས་འཁོར་ཆེན་པོ་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟན་པར་བཅས་པ་བཞེངས་ཏེ་ཆོ་འཕྲུལ་གྱི་བཀོད་པ་མཐའ་ཀླས་པས་རབ་ཏུ་གནས་པ་ཡང་མཛད། མདོ་རྒྱུད་བསྟན་བཅོས་ལུང་གི་ཆོས་ཐམས་ཅད་ལོ་པཎ་བསྡེབས་པས་གཏན་ལ་འབེབས་པའི་ཕྱིར་འཇིག་རྟེན་མིག་གཅིག་བཻ་རོ་ཙཱ་ན་སོགས་ལོ་ཙཱ་བ་ལུང་བསྟན་ཅིང་ཤེས་བྱ་ལ་སྦྱངས་པས་རྒྱལ་བའི་དགོངས་མཛོད་སྒྲ་ཇི་བཞིན་དུ་རྟོལ་ནུས་པའི་གཟུངས་སྤོབས་བློ་གྲོས་ཀྱི་གཏེར་མཛོད་ལ་དབང་ཐོབ། རྡོ་རྗེའི་སྐུ་བརྙེས་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དངོས་ལྟ་བུའི་པཎྜི་ཏ་བརྒྱ་རྩ་ཞལ་འཛོམ། སངས་རྒྱས་ལས་ཀྱང་དཀོན་པའི་ནང་རྒྱུད་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་གི་ཆོས་འཁོར་འབྱམས་ཀླས་པས། རྗེ་འབངས་འདུས་པ་སྔ་ཕྱི་བར་གསུམ་གྱིས་མཚོན་ཁྲིམས་ལྡན་གྱི་དགེ་འདུན། རྡོ་རྗེའི་སྐུ་བརྙེས་པའི་རིག་འཛིན། སྒྲ་བསྒྱུར་གྱི་ལོ་ཙ། སྤྲུལ་པའི་རྒྱལ་བློན། ནུས་ལྡན་གྱི་སྔགས་པ། མཚན་ལྡན་གྱི་ཌཱ་ཀི་སོགས་མི་དང་མི་མིན་གྱི་འཁོར་ཐུན་མོང་ཐུན་མིན་བགྲང་ལས་འདས་པ་སྨིན་གྲོལ་ལ་བཀོད་ནས། ཕྱི་ལྟར་ན་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས། ནང་ལྟར་བརྟན་གཡོ་སྲིད་ཞིའི་སྤྱི་དཔལ་ཁྱབ་བདག་བདེ་ཆེན་རྒྱལ་པོ་པདྨ་སཾ་བྷ་ཝ། གསང་བ་དབྱིངས་རིག་གཉིས་མེད་དང་པོའི་སངས་རྒྱས་མཚོ་སྐྱེས་རྡོ་རྗེ་འཆང༌། ཡང་གསང་སྤྱི་དཔལ་ཆེ་བའི་ཆེ་མཆོག་རྡོ་རྗེ་དྲག་རྩལ་ཧེ་རུ་ཀ་ཆེན་པོའི་མཚན་གྱིས་བརྗིད་ཅིང༌། དེ་དག་རེ་རེ་བཞིན་ཕྱི་སྒྲུབ་བར་ཆད་ཀུན་སེལ། ནང་སྒྲུབ་བསམ་པ་ལྷུན་གྲུབ། གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག །ཡང་གསང་རྡོ་རྗེ་དྲག་རྩལ་བཅས་པའི། རྒྱུད། སྒྲུབ་ཐབས། མན་ངག་བསམ་གྱིས་མི་ཁྱབ་པ་ཟས་རྒྱས་སྨིན་གྲོལ་གྱི་ལམ་ཡོངས་སུ་རྫོགས་པ་རིག་འཛིན་རྩལ་འཆང་རྣམ་གསུམ་ལ་ཟབ་གཏེར་གྱི་བགོ་སྐལ་དུ་བཀའ་བབ་པས་མཚོན་ངོ་མཚར་མཐའ་ཡས་པའི་ཕྲིན་ལས་ཀྱི་གསང་བས་བོད་ཁམས་གདུལ་བྱ་འདུལ་བ་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་ཚུལ་བསྟན་པའོ། །བཅུ་པ་སྐལ་ལྡན་འདྲེན་མཛད་ནི། བསམ་ཡས་མཆིམས་ཕུ་སོགས་ཏེ། སྔོན་སྨོན་བཙན་པོའི་ཐུགས་བསྐྱེད་དུས་སུ་བབ་པས་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱིས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་གསང་མཛོད་འབྱེད་དགོས་པར། ལུས་སྲོག་ལོངས་སྤྱོད་མཚན་ལྡན་གྱི་ཕྱག་རྒྱའི་རྟེན་དང་བཅས་ཏེ་གསོལ་བ་བཏབ་པ་བཞིན། མཆིམས་ཕུ་ནགས་ཀྱི་དུར་ཁྲོད་ཆེན་པོའི་བྲག་དམར་ཀེའུ་ཚང་དུ་ལས་ཅན་རྗེ་འབངས་སྙིང་གི་བུ་དགུ་ལ་ཐུགས་ཀྱི་མནོག་ཆོས་མཐར་ཐུག་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྒོ་ཐོག་མར་ཕྱེ་སྟེ། ལས་ཅན་སྙིང་གི་བུ་དགུ་དབང་དུས་སུ་གྲོལ། སྐུ་ཡི་དབེན་གནས་སྦྲག་ཡངས་རྫོང་སོགས་གདོད་ནས་གྲུབ་པའི་གནས་ཆེན་དུ་བྱིན་གྱིས་བརླབས། གནུབས་ཆེན་གྱིས་ཉི་ཟླ་གདན་དུ་བཏིང་བ་ལ་སོགས་པའི་གྲུབ་རྟགས་བསྟན། གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོར་རྒྱལ་སྲས་ལྷ་རྗེ་གཙོ་བོར་གྱུར་པའི་ལས་ཅན་གྱི་རིག་འཛིན་ཕོ་མོ་ཉེར་གཅིག་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། ཁམས་ཀྱི་ཡེ་རྒྱལ་ནམ་མཁའ་མཛོད་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ། ཐུགས་དམ་ཟབ་པ་སྐོར་བདུན། བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་མཚོན་པའི་ཐུན་མོང་ཐུན་མིན་གྱི་ཆོས་འཁོར་ཟབ་ཅིང་རྒྱ་ཆེ་བའི་རྒྱུད་ལུང་མན་ངག་བགྲང་ལས་འདས་པའི་ཆོས་སྒོ་འབུམ་ཕྲག་དུ་མ་བསྐལ་པ་སྐད་ཅིག་དང༌། སྐད་ཅིག་བསྐལ་པར་བསྒྱུར་བས་བསྟན་ནས་ལོ་ཟླའི་ངལ་བ་ལ་མ་ལྟོས་པར་ཕལ་ཆེར་ནི་དབང་དུས་སུ་གྲོལ་བ་དུས་མཉམ་དུ་བྱུང་བས་སེམས་ཅན་སངས་རྒྱས་སུ་བསྒྱུར་ཏེ། ཟབ་གསལ་ཆོས་སྐུ་ཟང་ཐལ་སྒྲིབ་མེད་ཀྱི་གནས་ལུགས་སངས་རྒྱས་ཟ་མ་ཏོག་གི་ཡིན་ལུགས་མངོན་དུ་གྱུར་པས་འབྲས་བུའི་ཡོན་ཏན་ཡོངས་སུ་རྫོགས་པར་མཛད་པས། བོད་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་བ་ལྟ་བུ་རྒྱ་གར་དུ་མ་བྱུང་བ་འོད་དཔག་མེད་མགོན་མར་མེ་མཛད་ཀྱིས་ཀྱང་བསྔགས་པས་མཚོན། མདོ་སྔགས་བསྟན་གཉིས་ཉི་ཟླའི་སྣང་བས་ཁྱབ་པར་བརྡལ་ནས་བོད་ཡུལ་མི་དང་མི་མིན་གྱི་གདུལ་བྱ་ཐམས་ཅད་རྣམ་གྲོལ་གྱི་ས་ལ་བཀོད་པར་མཛད། བན་ཆོས་ལ་ལོག་པར་བལྟ་ཞིང་ལྟ་སྤྱོད་ལོག་པའི་བོན་པོ་སྡིག་ཅན་ཐམས་ཅད་རྒྱལ་པོའི་བཀའ་ཁྲིམས་དང་མཁན་སློབ་ཀྱི་ལུང་རིག་གིས་ཚར་བཅད་ནས་མཐའ་རུ་སྤྱུགས། སྐལ་ལྡན་ལས་འཕྲོ་ཅན་རྣམས་སྨིན་གྲོལ་གྱི་གསང་བ་བསམ་མི་ཁྱབ་པས་ཟབ་དོན་ཡེ་ཤེས་ཀྱི་སྐལ་པ་མཆོག་གི་ས་ལ་དབུགས་དབྱུང་བར་མཛད་དོ། །བཅུ་གཅིག་པ་གསང་བའི་བདག་པོ་རཀྴ་ཐོད་ཕྲེང་ནི། དེ་ནས་ཨོ་རྒྱན་སོགས་ཏེ། བོད་ཡུལ་དུ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཚུལ་གྱིས་རྒྱལ་བློན་འབངས་འཁོར་ཐམས་ཅད་ལ་ཞལ་གདམས་ཞིབ་པར་བསྩལ། ཆོས་འཁོར་རྣམ་གསུམ་སོགས་མཐའ་འདུལ་གྱི་གཙུག་ལག་རྣམས་ལ་རབ་གནས་མཛད། གུང་ཐང་ལ་ཁར་བོད་ཀྱི་རྗེ་འབངས་རྣམས་སྐྱེལ་མར་ཕེབས་ཏེ། འབྲས་བུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རང་གཟུགས་བསམ་པ་ལྷུན་གྲུབ་ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ་གྱི་བསྐྱེད་རིམ་ལས་ཚོགས་དང་བཅས་པ་དང༌། ཉོན་མོངས་དུག་ལྔ་རང་གྲོལ་གྱི་རྫོགས་རིམ་བཅས་གནང་ནས། ཨོ་རྒྱན་ཞེས་འཕུར་འགྲོ་སྟེ་སྲིན་པོ་རྣམས་ལས་ཀྱི་རྫུ་འཕྲུལ་གྱིས་འཕུར་ཞིང་འགྲོ་བའི་གནས་སུ་བྱོན་ནས། སྲིན་རྒྱལ་རཀྴ་ཐོད་ཕྲེང་གནས་སྤར་ཏེ་དེའི་ཁོག་པར་ཡེ་ཤེས་གཏད་དེ། དེར་གནས་པ་ཐམས་ཅད་ཆོས་ལ་བཙུད་དེ་རིག་འཛིན་གྱི་ས་ལ་བཀོད། མི་ཡི་གདུལ་བྱ་ལས་ཀྱང་མི་མ་ཡིན་གྱི་གདུལ་བྱ་ལྷག་པར་འདུལ་ཆེ་བའི་ངོ་མཚར་གྱི་རྫུ་འཕྲུལ་བསྟན་ཏེ། མདོར་ན་གདུལ་དཀའ་རྒྱུད་མི་སྲུན་པའི་ཡིད་ཅན་འདུལ་བ་ལ་སངས་རྒྱས་ལས་ཀྱང་ཁྱད་པར་འཕགས་པའི་ཕྲིན་ལས་མངའ་བས་གསང་བའི་བདག་པོ་རཀྴ་ཐོད་ཕྲེང་རྩལ་དུ་གྲགས་པའོ། །བཅུ་གཉིས་པ་བདེ་ཆེན་རྒྱལ་པོ་ནི། སྐུ་གསུང་ཐུགས་ལྡན་སོགས་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་དཔལ་དང་ལྡན་པས་མཁའ་ཁྱབ་ཀྱི་འགྲོ་བ་སྲིད་ཞིའི་གཡང་ས་ལས་རང་བཞིན་ཤུགས་ཀྱི་ཐུགས་རྗེས་འདྲེན་པའི་རྟོགས་པའི་ཡོན་ཏན་གྱི་དཔལ་དང༌། ཉོན་ཤེས་ཀྱི་སྒྲིབ་པ་ཀུན་སྤང་བའི་ཡོན་ཏན་མཐར་ཕྱིན་ཏེ་ཁམས་གསུམ་གྱི་ཤེས་བྱའི་ཆོས་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་ཆགས་ཐོག་བྲལ་བས་ས་ལེར་མཁྱེན་པའི་ཡེ་ཤེས་ལ་མངའ་དབང་འབྱོར་པས་དུས་གསུམ་ཀུན་མཁྱེན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པ་གང༌། རང་དོན་དུ་རྡོ་རྗེ་ནང་གི་ས་ལམ་མ་ལུས་པ་ཡོངས་སུ་རྫོགས་པས་ཐུན་མོང་མཆོག་གི་དངོས་གྲུབ་ཀྱི་གསང་མཛོད་ལ་དགྱེས་དགུར་སྤྱོད་ནུས་པའི་གོ་འཕང་མཆོག་བརྙེས་ནས་དོན་གཉིས་འབད་མེད་དུ་གྲུབ། རིག་པ་རྩལ་གྱི་དབང་ཐོབ། སྣང་སྲིད་ཟིལ་གནོན་སྲིད་ཞིའི་སྤྱི་དཔལ་འཇིགས་བྲལ་ཧེ་རུ་ཀ་དཔལ་ཆེན་པོ། ཡི་དམ་ཞི་ཁྲོ་རབ་འབྱམས་སྤྲོ་ཞིང་སྡུད་པའི་ཁྱབ་བདག་གང༌། རྣམ་པ་ཙམ་དུ་འཁོར་འདས་བརྟན་གཡོའི་དཔལ་གྱི་དྭངས་མ་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང༌། སྟོང་ཉིད་རྣམ་ཀུན་མཆོག་ལྡན་ཟུང་འཇུག་གི་རྒྱལ་སར་དབང་འབྱོར་བའི་སྐུ་ལྔ་ལྷུན་གྲུབ་མཆོག་གི་རིག་པ་འཛིན་པའི་སྐུ་ཅན་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱི་འཁོར་ལོས་བསྒྱུར་བ། རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེན་པོ་གང་གིས་ཇི་ཙམ་སྙིགས་མའི་སེམས་ཅན་གྱི་ལས་ཉོན་བརླང་སྤྱོད་ཤུགས་ཆེ་བ་དེ་ཙམ་དུ་དམིགས་མེད་ཐུགས་རྗེ་ཆེན་པོས་མཁའ་ཁྱབ་ཀྱི་གདུལ་བྱ་ནམ་ཡང་ཡལ་བར་མི་འདོར་བའི་བརྩེ་བའི་ཤུགས་དྲག་པོས་གདུལ་དཀའི་ཡིད་ཅན་དང་ནག་ཕྱོགས་ལ་ལྷག་པར་དཔའ་བའི་དབང་གིས། རྡོ་རྗེའི་མཚན་གྱི་སྤྲིང་ཡིག་གི་ཟེགས་མ་ཙམ་གྱིས་ཀྱང་བླ་མེད་བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཐམས་ཅད་མྱུར་དུ་ཞི་ཞིང༌། ནམ་ཡང་དེའི་དབང་དུ་མི་འགྱུར་བར་མཐར་ཐུག་བྱང་ཆུབ་ཀྱི་བར་དུ་ངེས་པར་སེལ་བའི་མཐུ་མངའ་ན་ཚུལ་བཞིན་སྒྲུབ་ཅིང་བསྙེན་པ་ལ་སྨོས་ཅི་དགོས་པའི་ནུས་རྩལ་སྟོབས་བཅུ་མི་འཇིགས་རྣམ་པ་བཞིའི་བདག་ཉིད་ཆེན་པོ་གང་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་བ་འདེབས་ནས་ཐུགས་དམ་རྨད་བྱུང་རྗེས་སུ་བསྐུལ་བའོ། །གཉིས་པ་ཞར་བྱུང་ཕྱི་གསོལ་འདེབས་ཀྱི་སྒྲུབ་ཚུལ་ལ་དངོས་དང༌། འཕྲོས་དོན་དབང་གི་རྣམ་བཞག་འཆད་པའོ། །དང་པོ་ནི། སྙིང་བྱང་གི་རྡོ་རྗེའི་ཚིག་རྐང་ལས། དུས་ད་ལྟ་དང་མ་འོངས་པའི་ཆོས་བྱེད་པ་རྣམས་ལ་བར་ཆད་བྱུང་ན་གང་གི་སེལ༔ དངོས་གྲུབ་སྒྲུབ་ན་གང་གིས་འགྲུབ༔ ལམ་ཐམས་ཅད་གང་གིས་བགྲོད་ཅེས་གསོལ་བས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དམ་པའི་ཆོས་ཚུལ་བཞིན་བྱེད་པ་རྣམས་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང༔ དེ་སེལ་བའི་ཐབས་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གསུངས་མི་གསུང་གསུང་བར་མི་འགྱུར་རོ༔ བར་ཆད་བསལ་ན་དངོས་གྲུབ་ཀྱང་དེའི་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ལམ་ཐམས་ཅད་བགྲོད་པ་ཡིན་པས༔ ཐོག་མར་ཕྱི་ནང་གསང་བའི་བར་ཆད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པས་བྱང་ཆུབ་མངོན་དུ་མཛད་པའི་ཐོག་མར་བདུད་ཀྱི་ཆོ་འཕྲུལ་ཆེན་པོའི་དཔུང་གཡོ་བ་ལ་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་མཛད་པ་དང༌། བྱང་སེམས་སློབ་པ་ལམ་ཞུགས་ལ་ཡང་བདུད་ཀྱི་བར་གཅོད་འབྱུང་བར་མདོ་སྡེ་རྣམས་ནས་གསུངས་པས་མཚོན་སྤྱིར་བླ་མེད་བྱང་ཆུབ་ཀྱི་ལམ་སྒྲུབ་པ་ལ་བར་གཅོད་འབྱུང་ཞིང༌། ལྷག་པར་སྙིགས་དུས་ཀྱི་ཡིད་ཅན་རྒྱུ་དུག་གསུམ་ཤུགས་དྲག་པས་འབྲས་བུ་ནད་མུག་མཚོན་གསུམ་འགལ་རྐྱེན་གྱི་རིགས་ཆེས་མང་ལ་ཆོས་བྱེད་ཕལ་ཆེ་བར་ཆད་ཀྱི་དབང་དུ་འགྲོ་བ་མང་ཞིང༌། བར་ཆད་དེ་ལའང་ཕྱི་འབྱུང་བཞིའི་གཡོ་འཁྲུགས་འཆི་བདག་དང་ཕུང་པོའི་བདུད་ཀྱི་ཆོ་འཕྲུལ་ནད་མུག་མཚོན་དང་སྐྱེ་འཆི་བར་དོའི་འཇིགས་པ། ནང་རྩ་རླུང་ཐིག་ལེའི་བར་ཆད་ཉོན་མོངས་པའི་བདུད་ཀྱི་ཆོ་འཕྲུལ་ཆགས་སྡང་རྨོངས་གསུམ་གྱི་འཁྲུལ་སྣང༌། གསང་བ་གཟུང་འཛིན་འཁྲུལ་རྟོག་གི་བར་ཆད་ལྷའི་བུའི་བདུད་ཀྱི་ཆོ་འཕྲུལ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བར་དུ་གཅོད་པ་རྒྱུ་འབྲས་ཕྲ་རགས་ཀྱི་རྣམ་པ་ཆེས་མང་པོ་ཞིག་ལྡང་བར་འགྱུར་ལ། དེ་སེལ་བའི་ཐབས་འོག་ཏུ་དངོས་ཤུགས་ཀྱིས་རིམ་པར་བསྟན་པ་བཞིན་རྣམ་པ་ལྷ་སྔགས་ཏིང་འཛིན་རྫས་དང་མན་ངག་གི་རྣམ་གྲངས་གང་བསྟན་པ་ཐམས་ཅད་ཀྱི་ཟབ་ཏིག་སྙིང་པོ་ནི་དཀྱིལ་འཁོར་ཁྱབ་བདག་སྣང་སྲིད་ཟིལ་གནོན་མ་ཧཱ་གུ་རུ་ཉིད་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་དེ་ཁོ་ན་ཉིད་ལམ་དུ་བྱེད་པ་འབའ་ཞིག་ཡིན་པས་ན། ལུགས་འདིའི་རྣམ་འཕྲུལ་བཅུ་གཉིས། བར་ཆད་སེལ་བའི་ཆོས་བཀའ་བཞི་བཅས་བླ་མ་རྩ་གསུམ་དབྱེར་མེད་དུ་སྒྲུབ་པར་དགོངས་པས་བསྟན་པའི་ཕྱིར། ཡི་དམ་དང་མཁའ་འགྲོ་གཞན་གྱི་སྒྲུབ་ཐབས་ལས་བླ་མ་རྩ་གསུམ་གྱི་རྣམ་པར་སྒྲུབ་པས་བྱིན་རླབས་འདི་ཉིད་མྱུར་བར་གསུངས་པ་དང༌། དེ་ཐམས་ཅད་ཀྱི་སྒོ་འབྱེད་དུ་མེད་དུ་མི་རུང་ཞིང༌། དབང་པོ་མཆོག་དམན་ཀུན་གྱིས་ཉམས་སུ་ལེན་དུ་རུང་ཞིང་བསྐྱེད་རྫོགས་ཀྱི་སྤྲོས་པ་རྒྱ་ཆེར་མ་བསྟན་ཀྱང་ཟབ་དོན་གྱི་བྱིན་རླབས་ཀུན་ལས་ཁྱད་པར་དུ་འཕགས་པ་གསོལ་འདེབས་ཀྱི་སྒྲུབ་ཐབས་ཞེས་ལམ་ཐམས་ཅད་ཀྱི་སྲོག་ཏིག །སྔོན་དངོས་རྗེས་གསུམ་གྱི་ཉམས་ལེན། བསྐྱེད་རྫོགས་རྫོགས་ཆེན་ཀུན་གྱི་གེགས་སེལ་བོགས་འབྱིན་ཐམས་ཅད་བླ་མའི་རྣལ་འབྱོར་གཅིག་ལ་ཚང་བས་འདི་ནི་གཅིག་ཆོག་ཡིད་བཞིན་ནོར་བུ་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་བཅུད་ཐུན་མོང་མ་ཡིན་པ་སྟེ། རྒྱལ་པོས་ཡུལ་གྱི་དགྲ་བཏུལ་ན་མངའ་ཐང་ལོངས་སྤྱོད་ཤུགས་ཀྱིས་རྒྱས་པ་བཞིན་འགལ་རྐྱེན་བར་ཆད་སེལ་བས་མཐུན་རྐྱེན་མཆོག་ཐུན་གྱི་དངོས་གྲུབ་ཤུགས་འབྱུང་དུ་ཐོབ། དེའི་བྱེད་ལས་ཀྱིས་རིག་འཛིན་རྣམ་པ་བཞིའི་ལམ་གྱི་ཡོན་ཏན་ངང་གིས་རྫོགས་ནས་དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་འཛེགས་པའི་ཕྱིར། དེ་དག་ཀུན་གྱི་རྩ་བ་བླ་མའི་རྣལ་འབྱོར་འདི་ཉིད་གཅེས་པར་གསུངས་པས། མདོར་ན་ལམ་ཐམས་ཅད་ཀྱི་སྙིང་པོ་བླ་མ་ལ་གསོལ་བ་འདེབས་པ་ཉིད་ཡིན་པས་དངོས་གཞིའི་བསྐྱེད་རྫོགས་ཀྱང་འདིས་གཞུང་བསྲང་མ་ཤེས་ན་སྔགས་ཀྱི་ལམ་རྣལ་མར་ནམ་ཡང་མི་འགྱུར་བའི་ཕྱིར་ཐོག་མར་གཅིག་ཆོག་རྒྱལ་པོ་བླ་མའི་རྣལ་འབྱོར་ལ་ཕྱི་གསོལ་འདེབས་ཀྱི་སྒྲུབ་པ་ཞེས་གསར་སྙིང་མཁས་གྲུབ་ཀུན་ལ་གྲགས་ཤིང༌། བླ་མའི་རྣལ་འབྱོར་འདི་ནི་བསྐྱེད་རིམ་གྱི་གསལ་བརྟན་དག་གསུམ། དག་རྫོགས་སྨིན་གསུམ་རྫོགས་རིམ་ཐབས་གྲོལ་གྱི་ལམ་རྩོལ་བཅས་ལྟ་བུ་བྱ་དཀའ་ལ། དབང་པོས་འཆུན་མི་ནུས་པ་སོགས་མེད་ཅིང༌། མཁས་བླུན་ཀུན་ལ་བདུད་རྩི་ལྟ་བུར་གྱུར་པ་དང༌། བྱེ་བྲག་ཏུ་ཡང༌། གུ་རུ་ཉིད་ཀྱི་ཞལ་ནས་སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་ཞིག་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་བསྡུ༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་པ་དང༔ འཛམ་བུ་གླིང་སྤྱི་དང་གདོང་དམར་བོད་ཀྱི་རྒྱལ་ཁམས་ཐམས་ཅད་འདུལ་བའི་སླད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༌། མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བ་ཙམ་དུ་བསྟན་པ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད༔ རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་འགྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་ཐོབ་ཅིག༔ ཞེས་གསུངས་པ་ནི་གསོལ་བ་འདེབས་དགོས་པའི་རྒྱུ་མཚན་དང༌། ཇི་ལྟར་གསོལ་བ་གདབ་པའི་ཚུལ་ནི། གསོལ་བ་གང་ལ་འདེབས་པའི་ཡུལ་བརྒྱུད་པ་དྲུག་ལྡན་གྱི་བླ་མ་ཕྱོགས་དུས་དཀོན་མཆོག་རྩ་གསུམ་མ་ལུས་པའི་ངོ་བོར་ཤེས་པས། གང་གིས་གསོལ་བ་འདེབས་པ་པོས་མཁའ་མཉམ་འགྲོ་བ་ཀུན་གྱི་བྱང་རང་གིས་དྲངས་པས། ཇི་ལྟར་གསོལ་བ་འདེབས་ན་བླ་མ་ཉིད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་འབྱུང༌། དངོས་གྲུབ་ཐམས་ཅད་ཀྱི་བྱེད་པ་པོར་བློས་ཐག་བཅད་ནས་རེ་ལྟོས་ལིང་སྐྱུར་གྱི་གདུང་ཤུགས་དྲག་པོས། དགོས་པ་གང་གི་ཕྱིར་ན། རིམ་གཉིས་སྒོམ་པའི་བར་ཆད་ཞི་ཞིང་དངོས་གྲུབ་སྤྱི་དང་ཁྱད་པར་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་ཞུགས་པས་མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པའི་སླད་དུའོ། །གཉིས་པ་འཕྲོས་དོན་དབང་གི་རྣམ་བཞག་ནི། སྙིང་བྱང་གཞུང་ལས། གུ་རུ་རིན་པོ་ཆེ་ཉིད་དཀྱིལ་འཁོར་གྱི་གཙོ་མཆོག་རིགས་ཐམས་ཅད་ཀྱི་ཁྱབ་བདག་སྣང་སྲིད་ཟིལ་གནོན་ཆེན་པོའི་ཆ་བྱད་དུ་བཞུགས་པའི་དབུ་གཙུག་ཏུ་ལོངས་སྤྱོད་རྫོགས་སྐུ་དང༔ ཆོས་སྐུའི་སངས་རྒྱས༔ ཕྱོགས་མཚམས་སུ་རིགས་ཀྱི་གཙོ་བོ་བཅུ་གཉིས་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་སྤྲུལ་ནས༔ སྐད་ཅིག་གཅིག་གི་བྱེ་བྲག་ལས་དབང་བསྐུར་བ་དང༌། རྩ་བའི་གདམས་པ་རྒྱས་བསྡུས་མཐའ་ཡས་པ་ལས་ལྡན་རྣམས་ཀྱི་དབང་པོ་དང་མཚམས་པར་བསྟན་ནས༔ སླར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གུ་རུ་ཉིད་ལ་འདུས༔ གུ་རུ་རིན་པོ་ཆེ་ཉིད་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་ངང༔ དགོངས་པ་མི་གཡོ་བ་འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ ཞེས་དང༌། ལེའུ་བཞི་པ་ལས། དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས༔ ཞེས་པ་ལྟར་ད་ལྟ་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱང་ཐུན་མོང་མ་ཡིན་པའི་ལམ་ལ་འཇུག་པའི་ཐོག་མར་སངས་རྒྱས་ཀྱི་ས་བོན་གདབ་པའི་རིམ་པ་དབང་གིས་སྨིན་པ་ཁོ་ན་གལ་ཆེ་སྟེ། ས་བོན་མེད་པའི་ཞིང་ས་ལ་སོ་ནམ་ཇི་ལྟར་བྱས་ཀྱང་འདོད་པའི་ལོ་ཏོག་སྨིན་པ་མེད་ལ། ས་བོན་བཏབ་ནས་སོ་ནམ་ལེགས་པར་མ་བྱས་ཀྱང་དེ་དང་མཚམས་པའི་ལོ་འབྲས་འབྱུང་བ་བཞིན་དབང་གི་ཡེ་ཤེས་རང་སེམས་ལ་ལྷན་སྐྱེས་སུ་བཞུགས་ཀྱང་ནུས་པ་སད་བྱེད་དབང་གི་ཆོ་ག་ཁོ་ན་ལ་རག་ལས་པས་སྔགས་ལམ་གྱི་དང་པོ་དབང་ཐོབ་པ་ཁོ་ན་གཅེས་ལ། དབང་བསྐུར་བ་དེ་ཡང༌། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བ། རྒྱུད་དག་ནུས་པ་ཐོབ་ཕྱིར་དབང༌། ཞེས་གསུངས་པ་ལྟར། དབང་འབོགས་པ་པོ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་དགོས་པའི་ཕྱིར། གཞི་སྡོམ་གསུམ་རྣམ་པར་དག་ཅིང༌། ལམ་ཐོས་བསམ་སྒོམ་པས། རང་དོན་མཐར་ཕྱིན་པའི་མཁྱེན་པ་ཅན། སློབ་མ་རྗེས་སུ་འཛིན་པའི་བརྩེ་བ་ཆེན་པོ་མངའ་བ། ཚིག་གི་གདམས་པས་སྒྲོ་འདོགས་གཅོད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་ཀྱི་སྟོབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་ཀྱི་གེགས་སེལ་ཞིང་རྟོགས་པའི་བོགས་འབྱིན་ནུས་པའི་ཡེ་ཤེས་གསུམ་དང་ལྡན་པ་མ་བསྟེན་ན་སོ་སྐྱེ་རྣམས་རང་སྟོབས་ཀྱིས་ཡང་དག་པའི་ལམ་ལ་ཞུགས་པ་ལྟ་ཅི། འཇིག་རྟེན་གྱི་ཤེས་རིག་ཙམ་ཡང་རྟོགས་པར་མི་ནུས་པས། དབང་ཆོག་ནོར་བུའི་ཕྲེང་བ་ལས། བསྙེན་རྫོགས་ནུས་ལྡན་སློབ་དཔོན་གྱིས༔ ཞེས་གསུངས། དེ་དང་འཚམ་པའི་སློབ་མ་ཡང་སྣོད་དང་མ་ལྡན་ན་དབང་བསྐུར་ཡང་དོན་དུ་མི་འགྱུར་བས་དྭངས་འདོད་ཡིད་ཆེས་ཀྱི་དད་པ། སྲིད་ལས་ངེས་འབྱུང༌། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་བློ་གྲོས་དང་སྙིང་སྟོབས་ཆེ་བའི་དབང་པོ་རྣོན་པོ་དགོས་པ་དབང་གཞུང་ལས། ཤེས་རབ་སྙིང་རྗེ་ལྡན་པ་ཡི༔ སློབ་མ་རྗེས་སུ་གཟུང་བའི་ཕྱིར༔ ཞེས་གསུངས། དེ་ལྟ་བུའི་བླ་སློབ་ཀྱི་རྟེན་འབྲེལ་ཚོགས་པས་རང་རང་གི་རྒྱུད་ལ་མཚུངས་ལྡན་གྱི་རྒྱུ་སྐུ་བཞི་ཡེ་ཤེས་ལྷན་སྐྱེས་སུ་གནས་པ་ཉིད་ཀྱི་ནུས་པ་ལྷན་ཅིག་བྱེད་རྐྱེན་སྔགས་ཀྱི་དབང་གི་ནུས་པས་མངོན་གྱུར་དུ་སད་པར་བྱེད་པ་སྟེ། བྱ་བའི་ལས་དབང་དེ་ལའང༌། བླ་སློབ་ཀྱི་དབང་པོའི་ཁྱད་པར་གྱིས་ཐུན་མོང་དང་ཐུན་མིན་གྱི་རྣམ་བཞག་མང་དུ་འབྱུང་ཡང་དབང་ཆོག་རྩ་བའི་དངོས་བསྟན་གདུལ་བྱ་ཐུན་མོང་སྤྱི་ཙམ་གྱི་དབང་དུ་བྱས་ནས་འཆད་ན། དཀྱིལ་འཁོར་རབ་འབྱམས་ཀྱི་སྒོས་དབང༌། སྤྱི་དབང་འབྲིང་པོ། དོན་དབང་གཏོར་མ་ལས་བརྟེན་པའི་ཆིག་རྫོགས་གསུམ་ལས། དང་པོ་ལའང༌། གནས་དང་ཡོ་བྱད་དུས་ཕུན་སུམ་ཚོགས་པར། སའི་ཆོ་ག་སྔོན་དུ་འགྲོ་བས་ལྷ་དང་བུམ་པ་སློབ་མ་ལྷག་པར་གནས་པ་དང༌། ཐིག་ཚོན་རྒྱན་བཀོད་དཀྱིལ་འཁོར་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པའམ་གཏེར་གཞུང་ནས་འབྱུང་བའི་ཚིག་གིས་རིག་པའི་མེ་ཏོག་དོར་ཞིང་གནང་བ་ནོད་དེ་ཕྱི་མཚན་མ་དང་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པས་རྒྱུད་སྦྱངས་བས། སློབ་མ་ལ། བྱེད་པ་རྫས་སྔགས་ཏིང་ངེ་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱིས་རྒྱུད་སྡེ་སྤྱི་ལ་གྲགས་པའི་དབང་བཞི་རིམ་ཅན་དུ་བསྐུར་བར་བྱ་སྟེ། གསོལ་གདབ། རྒྱུད་སྦྱང༌། སྡོམ་བཟུང་དམ་ལ་བཞག་པ། ཡེ་ཤེས་དབབ་བསྟིམ། མེ་ཏོག་དོར་ཞིང༌། མིག་དབྱེ། འཇུག་པ་སྔོན་དུ་འགྲོ་བས། དངོས་གཞི་དབང་ལ། སློབ་བུ་དད་པ་ཅན་ལ་ཕྱི་ཕན་པ་བུམ་དབང༌། ཡན་ལག་ཐུན་མོང་རིག་པའི་དབང་ལྔ་དང༌། ལྷ་དབང༌། བརྩོན་འགྲུས་ཅན་ལ་སྐུ་གསུང་ཐུགས་ཡོན་ཏན་གྱི་དབང༌། བརྟུལ་ཞུགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་ལས་བཞིའི་ཕྲིན་ལས་ཀྱི་དབང་རྣམས་ནང་ནུས་པ་འཇུག་པའི་དབང༌། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་ལ་གསང་བ། ཤེར་ཡེ། བཞི་པ་གསང་བ་ཟབ་མོའི་དབང་གསུམ་སྟེ་དེ་དག་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་དབང་དང༌། སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་ལ་སྲུང་ཟློག་བསད་གསུམ། མནན་སྲེག་འཕང་གསུམ་གྱི་ལས་རྣམས་སྒྲུབ་པར་རྗེས་སུ་གནང་བ་དང༌། གཉིས་པ་སྤྱི་དབང་འབྲིང་པོ་ཟླུམ་པོ་བཞི་དབང་ཞེས་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་རིག་འཛིན་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་པ་སྟེ། རྡུལ་ཚོན་མེ་ལོང་བུམ་པ་དང༔ གཏོར་མ་ལ་སོགས་རྫས་དག་ལ༔ བརྟེན་ནས་མཚན་ཉིད་ཀུན་ལྡན་པའི༔ བླ་མས་བྱིན་རླབས་དབང་བསྐུར་ན༔ དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག༔ བཞི་པའི་དེ་ཉིད་དབང་བཞི་ཐོབ༔ ཞེས་སོ། །གསུམ་པ་དོན་དབང་གཏོར་མ་བརྟེན་པའི་ཆིག་རྫོགས་ནི། སྤྱིར་གཏོར་མ་ལ་ཤེས་པ་བཞིར་ཡོད་པ་ལས་དབང་དུས་ལྷར་ཤེས་པ་སྟེ། ཕྱི་ལྟར་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ནང་ལྟར་བླ་མ་སྐུ་གསུམ་ཐོ་བརྩེགས་སུ་བཞུགས་ཤིང༌། རྩ་བ་གསུམ་གྱི་ལྷ་ཚོགས་སྤྲིན་ལྟར་གཏིབས་པ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ལས་མཛད་པའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཤར་བ་སྤྱི་བོར་སྤྱན་དྲངས་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བྱིན་རླབས་སྟན་ཐོག་གཅིག་ཏུ་ཐོབ། སྒོ་གསུམ་གྱི་འགལ་རྐྱེན་ཞི། དབང་བཞིའི་ལམ་སྒོམ་པ་ལ་དབང༌། སྐུ་བཞིའི་གོ་འཕང་ཐོབ་པའི་སྐལ་པ་ཅན་དུ་བྱས་ཤིང༌། མཐར་དངོས་གྲུབ་ཏུ་ཤེས་པས་གཏོར་ཟན་ལ་ལོངས་སྤྱད་པས་དངོས་གྲུབ་རྣམ་པ་གཉིས་སྟན་གཅིག་ཏུ་ཐོབ་པའོ། །བྱ་བ་སློབ་མའི་སྒོ་གསུམ་ཕྲ་རགས་གདོད་ནས་གདན་གསུམ་ཚང་བའི་ལྷར་དག་པ་ཉིད་འཕྲོད་པར་བྱས་པ་ལས་རང་སྐལ་གྱི་སྦྱང་བྱའི་དྲི་མ་ཅི་རིགས་པ་དག་པའམ་ཉམས་སྨད་པར་བྱས་ཤིང༌། འཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཅི་རིགས་པ་གསོས་ཐེབས་པའི་མཐུས་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་དབང་ཐོབ་པ་སྟེ། དབང་གཞུང་ལས། ཤར་གྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རྒྱལ་བའི་གདུང་འཚོབ་པདྨ་དབྱིངས་ནས་བཞེངས༔ འོད་དུ་ཞུ་ནུས་བུམ་པའི་བདུད་རྩིར་གསལ༔ དབང་ལྷས་བཟུང་སྟེ་ནམ་མཁར་གནས་པར་གྱུར༔ ཞེས་སོགས་རིམ་པར་བསྟན་པ་བཞིན་ངོ་བོ་གུ་རུ་རྒྱལ་བའི་གདུང་འཚོབ་ཉིད། རྣམ་པ་མི་བསྐྱོད་པ་རྡོ་རྗེ་ཆུ་ཡིས་གང་བའི་བུམ་པའི་དབང་རྫས་སུ་བཞེངས་ནས་བླ་མ་ཡི་དམ་གཉིས་སུ་མེད་པས་དབང་བསྐུར་བས་ཡི་དམ་དང་མཁའ་འགྲོ་སྤྱིའི་དབང་བསྐུར་ལས་ཆེས་ཟབ་པའི་ཁྱད་ཆོས་དང་ལྡན་པས་ན། བླ་མ་དང་ཡི་དམ་གཉིས་བླ་མར་བསྡོམ་པས་དངོས་གྲུབ་མྱུར་ཞིང་བྱིན་རླབས་ཚན་ཆེ་བ་དང༌། བླ་མ་ལས་ཡི་དམ་ལྷག་པར་བཟུང་བས་དངོས་གྲུབ་དབུལ་ཞིང་རྟེན་འབྲེལ་འཁྱུག་པའི་ལོ་རྒྱུས་དུ་མ་བྱུང་བ་ལྟར། གཞུང་ལས། དེ་ལྟར་ཟབ་པའི་ཡང་རྩེ་གསང་སྔགས་ཀྱི༔ འཇུག་སྒོ་སྙིང་པོ་དབང་གི་རིམ་པ་སྟེ༔ དེ་ཡང་བླ་མ་ཡི་དམ་དབྱེར་མེད་པའི༔ ཚུལ་ལ་བརྟེན་ན་བྱིན་རླབས་ལྷག་པར་ཆེ༔ འདི་ནི་ཀུན་དང་མཐུན་ལས་ཁྱད་འཕགས་པའི༔ བྱེ་བྲག་ཆོས་རྣམས་གསལ་བར་བསྟན་པ་སྟེ༔ ཞེས་དང༌། མདོར་ན་ཡང་ཟབ་སྙིང་པོའི་གདམས་པ་འདིའི༔ དབང་ཐོབ་དམ་ཚིག་སྲུང་བ་ཐམས་ཅད་ཀྱང༔ ཚེ་འདིའི་མི་མཐུན་བར་ཆད་ཀུན་ཞི་ཞིང༔ ཕྱི་མ་པདྨ་ཅན་དུ་ངེས་པར་སྐྱེ༔ ཞེས་གསུངས་པ་ལྟར་རོ། །དགོས་པ་དང་ཕན་ཡོན་ཁྱད་པར་ལྡན་པའི་དབང་གིས་རྒྱུད་སྨིན་ཀྱང་དེའི་དོན་རྒྱུད་ལ་བརྟེན་པའི་སྲོག་ནི་དམ་ཚིག་སྟེ། དེའང་དབང་བསྐུར་བ་ཉིད་ཀྱིས་དམ་ཚིག་དང་སྡོམ་པ་ཐོབ་པ་ཡིན་པས་དེ་ཉིད་ལེགས་པར་བསྐྱང་དགོས། དེ་ལ་དབྱེ་ན་བདེ་འདུས་ཞི་རྒྱུད་ལས། སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྣམ་པར་དབྱེ་བས་བཟུང་བྱ་སྟེ༔ ཞེས་པས་སྤྱི་ཡི་དམ་ཚིག་སོ་བྱང་སྔགས་གསུམ་གྱི་བསླབ་པ་སྙིང་ལྟར་སྲུང༌། ཁྱད་པར་གྱི་དམ་ཚིག་སྔགས་བླ་མེད་ཀྱི་རིགས་ལྔ་སྤྱི་དང་རྩ་བ་ཡན་ལག་གི་དམ་ཚིག་སྙིང་ཁྲག་ལྟར་སྲུང༌། ལྷག་པའི་དམ་ཚིག་རྡོ་རྗེ་སློབ་དཔོན་གྱི་བཀའ་མི་གཅོག་པ་སོགས་བརྡ་ཡིས་བསྟན་པ་ཉི་ཤུ་སྲོག་ལྟར་གཅེས་པས་སྲུང་ཞིང་རྣམ་པར་དག་པར་བྱ་བ་མཆོག་ཏུ་གཅེས་པས་དེའི་རྣམ་བཞག་རྒྱས་པ་ལམ་རིམ་ཡེ་ཤེས་སྙིང་པོ་རྩ་འགྲེལ་ལས་ཤེས་པར་བྱ་དགོས་སོ། །གཉིས་པ་ཐུན་མིན་སྤྱི་ཡི་དོན་བླ་མ་སྐུ་གསུམ་རྩ་བ་གསུམ་གྱི་སྒྲུབ་ཐབས་ལྟར་བཤད་པ་ལ། ཟབ་གཏེར་འདི་ཉིད་ཀྱི་ཤིང་རྟ་ཆེན་པོ་ཀུན་གཟིགས་འཇམ་མགོན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པས་བཞེད་པ་ལྟར་དཀྱིལ་འཁོར་ཐམས་ཅད་འབྱུང་བ་རྩ་བའི་རྣལ་འབྱོར་གྱིས་ལམ་གྱི་ཁོག་ཕུབ། སྒོས་བཀའ་རྣམ་འཕྲུལ་བཅུ་གཉིས་སོ་སོའི་དགོངས་དོན་རྒྱས་པར་བཤད་པའོ། །དང་པོ་ནི་ཞལ་གདམས་སྙིང་བྱང་ལེའུ་བཞི་པའི་བསྟན་དོན་དང༌། ཐུགས་སྒྲུབ་རྩ་བའི་ཕྲིན་ལས་རྒྱས་བསྡུས་འཁྲུགས་བསྡེབས་ཀྱི་ཚུལ་དུ་བཤད་པ་ལ་གསུམ། སྔོན་འགྲོ་བསགས་སྦྱངས་འགལ་སྤོང་མཐུན་སྒྲུབ་ཀྱི་རིམ་པ་དང༌། དངོས་གཞི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ། མཐར་ཕྲིན་ལས་ཀྱི་ཁ་སྐོང་རྗེས་ཀྱི་བྱ་བའོ། །དང་པོ་སྔོན་འགྲོ་ལའང༌། ཐུན་གྱི་སྔོན་འགྲོ་དང༌། ཁྲིད་ཀྱི་སྔོན་འགྲོ། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། ཕྲིན་ལས་སྙིང་པོ་ལས། དབེན་པར་བདེ་བའི་སྟན་ལ་འདུག༔ སྦྱོར་དངོས་རྗེས་ཀྱིས་ཉམས་སུ་བླང༔ ཞེས་པ་ལྟར། དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་མ་ཉམས་པས་སྒོ་གསུམ་རྣམ་པར་དག་པའི་གང་ཟག་སྔགས་ལམ་ལས་དངོས་གྲུབ་མྱུར་དུ་སྒྲུབ་པར་འདོད་པའི་གང་ཟག་དག་གིས་ས་བོན་གདབ་པ་དེ་ཉིད་བསྐྱེད་སྲིང་བའི་ཐབས་ཟབ་མོའི་ལམ་ལ་འབད་པས་མྱུར་དུ་ཟུང་འཇུག་གི་གོ་འཕང་མཆོག་ལ་སྦྱོར་བར་ངེས་པས་སྙིང་པོའི་ཉམས་ལེན་ལ་བརྩོན་པ་གལ་ཆེ་ཞིང༌། ལམ་རིམ་གྱིས་བཀྲི་བའི་རྣམ་བཞག་ཤེས་ན་དབང་པོ་རབ་འབྲིང་ཐ་གསུམ་ཀའི་དོན་དུ་འགྱུར་བ་དང༌། གོང་མའི་ཡོན་ཏན་རྒྱུད་ལ་སྐྱེ་བ་ལ་འོག་མའི་གཞི་ཚུགས་པ་གནད་དུ་ཆེ་བས་རིམ་འཇུག་གི་ཚུལ་དུ་འཆད་པ་ལ། དབེན་གནས་སུ་བསམ་གཏན་གྱི་ཁང་བུར་བདེ་བའི་སྟན་ལ་འདུག་པས་ཡུན་རིང་སྡོད་ཚུགས། དཀོན་མཆོག་གསུམ་ལ་ཆོས་མཐར་ཕྱིན་པའི་གསོལ་བ་བཏབ་པས་བར་ཆད་མི་འབྱུང༌། བླ་མ་སངས་རྒྱས་སུ་མཐོང་བས་མོས་གུས་བསྐྱེད་པས་སྒོ་གསུམ་ལ་བྱིན་རླབས་འཇུག །རྐྱེན་གྱིས་མི་འཕྲོག་པའི་དྲན་པ་རང་མལ་དུ་བཞག་པས་སྒོམ་དོན་གསལ་ཐེབས་པའི་ཕྱིར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་ཀྱིས་མདུན་གྱི་ནམ་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་སྐྱབས་གནས་ཀུན་འདུས་གཅིག་ཆོག་ནོར་བུའི་ལུགས་སུ་བསྒོམ་ལ། དུས་གསུམ་སངས་རྒྱས་སོགས་གཏེར་ཁ་འདི་ཉིད་ནས་འབྱུང་བའི་གསོལ་འདེབས་དང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་མཆོག་མཐའ་རུ་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་དྲག་ཏུ་བསྐྱེད་དེ་གསོལ་བ་བཏབ་པས་བླ་མའི་སྐུ་ལས་བྱུང་བའི་འོད་ཟེར་སྣ་ཚོགས་པ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས། མཐར་བླ་མ་འཁོར་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་སྟེ་ཐུགས་ཡིད་བསྲེས་ལ་མཉམ་པ་བཞག་གོ །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་མོ། །དང་པོ་ལའང་སྙིང་བྱང་ལས། དལ་འབྱོར་མཆོག་ཐོབ་མི་རྟག་སྐྱོ་ཤས་ཅན༔ ངེས་འབྱུང་དྲག་པོས་རྒྱུ་འབྲས་བླང་དོར་བརྩོན༔ ཞེས་གསུངས་པས་ལྟར་ལམ་གྱི་གཞི་རྟེན་སྐྱེས་བུ་ཆུང་ངུའི་ལམ་དང་ཐུན་མོང་བློ་ལྡོག་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་བའི་ཁྲིད་ནི། མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་རྟེན་གྱི་ངོ་བོ་ཡིན་ལ། རང་འབྱོར་གཟུགས་རྒྱན་ལ་སོགས་པ་ལྟ་བུ་ལྔ་དང༌། གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་ལྔ་ནི་དེའི་ཁྱད་ཆོས་ཏེ། དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་དུ་མི་རུང་བའི་རྟེན་འདི་ནི། ཚུལ་ཁྲིམས་ལ་སོགས་པའི་དགེ་བའི་ལས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་གྱིས་མཚམས་མ་སྦྱར་ན་མི་ཐོབ་པས་སོ་སྐྱེའི་རྟེན་ལ་བསོད་ནམས་བསོག་པ་དཀོན་པས་རྒྱུ་ལ་བསམ་ན་ཐོབ་པར་དཀའ། དཔེ་ཨུ་དུམ་ཝ་ར་དང༌། སྟོང་གསུམ་རྒྱ་མཚོར་གྱུར་པའི་ཁར་རླུང་གིས་གཡེངས་བའི་གཉའ་ཤིང་བུ་ག་གཅིག་པར་མཚོ་གཏིང་རུས་སྦལ་ལོང་བ་ལོ་བརྒྱ་ཕྲག་རེའི་མཚམས་སུ་རུས་སྦལ་མཚོ་ཁར་དོན་པའི་མགྲིན་པ་འཕྲད་དཀའ་བ་ལས་ཀྱང་དལ་འབྱོར་ཐོབ་དཀའ་བ་སོགས་ཀྱི་དཔེ། རིགས་དྲུག་གི་སེམས་ཅན་གྱི་ནང་ནས་མི་ཡི་གྲངས་ཉིན་མཚན་གྱི་སྐར་མ་ལྟ་བུའི་ཁྱད་གསུངས་པ་སོགས་སྒོ་གང་ནས་ཀྱང་རྙེད་དཀའ་བའི་ལུས་འདི་ལ། དབུལ་པོས་ནོར་རྙེད་པ་ལས་ལྷག་པའི་གཅེས་སྤྲས་ཀྱིས་ཚེ་འདི་ལྟོས་ཀྱི་སྣང་བ་ཐམས་ཅད་བློས་ལིང་གིས་བཏང་ནས་ཕྱི་མའི་གཏན་འདུན་བྱང་ཆུབ་སྒྲུབ་པ་ལ་སྒྲིམས་དགོས་ཤིང༌། དགེ་བའི་གྲོགས་དང་འགྲོགས། སྡིག་པའི་གྲོགས་སྤངས་ཏེ་མྱུར་དུ་ཆོས་ལ་འབད་དགོས་ཤིང༌། ཆོས་ཀྱི་སྒོ་འབྱེད་དང་རྩ་བ་ནི་སྐྱབས་འགྲོ་ཁོ་ན་ཡིན་ཏེ། དེ་ལའང་སྐྱེས་བུ་གསུམ་གྱི་ལམ་ལྟར་དབྱེ་བ་ལས་ཐེག་ཆེན་གསང་སྔགས་བླ་མེད་ཀྱི་སྐྱབས་འགྲོ་ལྟར་ཉམས་སུ་ལེན་པར་རིགས་སོ། །གཉིས་པ་འཆི་བ་མི་རྟག་པའི་ཁྲིད་ནི། སྤྱིར་སྣོད་བཅུད་དུ་སྣང་བ་འདི་དག་དང་པོ་ཉིད་ནས་བདེན་པར་གྲུབ་པ་མེད་ཀྱང༌། རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་བློ་བུར་དུ་འདུས་ཤིང་བྱས་པའི་ཆོས་མ་བརྟགས་ཉམས་དགའ་ཙམ་ལས་རྟག་པ་གཅིག་ཀྱང་མེད་པ་མཐའ་བཞིས་བསྡུས་པ་ཤ་སྟག་ཡིན། རགས་པ་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་ལོ་ཟླ་དུས་བཞི་དང་ཉིན་མཚན་སྐད་ཅིག་རེ་རེས་འཕོ་ཞིང་འཇིག །བྱེ་བྲག་མིའི་ཚེ་ལ་ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་བར་སྣང་གི་གློག་དང་མཚུངས། ཤི་བའི་ཚེ་ཆོས་མ་གཏོགས་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་གང་གིས་ཀྱང་མི་ཕན་པས་འཇིག་རྟེན་ལྟར་སྣང་གི་ཆོས་རིང་དུ་བོར་ནས་ལྷ་ཆོས་རྣམ་དག་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་སྤྱད་པར་བྱ། ཆོས་དེ་ལའང་གནས་སྐབས་མངོན་མཐོ་དང་རང་གཅིག་པུ་ཞི་བདེའི་ལམ་གྱིས་ཕན་པ་མེད་པས་གཏན་འདུན་བྱང་ཆུབ་ཀྱི་རྒྱུ་མ་ནོར་བ་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་དགོས་པའི་ཕྱིར་སྨོན་འཇུག་གི་སེམས་བསྐྱེད་ཅིང་དེའི་བསླབ་བྱ་ལ་སློབ་པའི་ཚུལ་ལ་འབད་དགོས་སོ། །གསུམ་པ་ལས་རྒྱུ་འབྲས་བསམ་པ་ནི། ཐར་པ་དམ་པའི་ལྷ་ཆོས་སྒྲུབ་པའི་གཞིའམ་རྩ་བ་ནི་སེམས་པ་ཡིད་དང་བྱས་པ་ལུས་ངག་གི་འབྲས་བུ་རྣམ་སྨིན་དང་བཅས་པའི་ཚུལ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་བསྟན་པ་བཞིན་ཡིད་ཆེས་པས་བླང་དོར་བྱ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ཕུང་བརྒྱད་ཁྲིའི་བསྟན་དོན་མཐར་ཐུག་སྟེ། དེ་དག་ཀྱང་བསྡུ་ན་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླང་བའི་སྒོ་གསུམ་མི་དགེ་བཅུའི་ལས་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་གསུམ། བསོད་ནམས་ཆ་མཐུན་གྱི་དགེ་བཅུ་འཁོར་དང་བཅས་པས་མཐོ་རིས། ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱིས་བྱང་ཆུབ་གསུམ་ཐོབ་ཅིང༌། ལས་འབྲས་མི་བསླུ་ཞིང་མི་འཆོལ་བ་བྱེད་པ་པོ་རང་ལ་སྨིན་པ་དང༌། རྒྱུ་ཆུང་ཡང་འབྲས་བུ་ཆེ་བར་འཕེལ་འགྱུར་དང་བཅས་པས་འཕེན་རྫོགས་བྱས་བསགས་བཞིར་ཕྱེ་བས་སྡིག་པ་ལ་འགྱོད་བཤགས་ཀྱིས་བསྡམ། དགེ་རྩ་དྭངས་བླང་གིས་ཟག་བཅས་ཐུན་མོང་གི་སྒོ་གསུམ་གྱི་དགེ་བས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་སེམས་སྲུང་བའི་བརྟུལ་ཞུགས་ལ་རྩེ་གཅིག་ཏུ་འབད། སོ་སྐྱེ་འཁྲུལ་པ་དང་བཅས་པའི་སྐབས་འདིར་སྡིག་ལྟུང་སྤྱི་དང་ཁྱད་པར་ཉམས་ཆགས་ཀྱི་གཉེན་པོར་རྡོར་སེམས་སྒོམ་བཟླས་ལ་རྒྱུན་དུ་འབད་པར་གཅེས་སོ། །གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་རིམ་ནི། སྐྱེས་བུ་ཆུང་ངུའི་ལམ་ཙམ་གྱིས་ཐར་པ་ཞི་བ་བླ་མེད་ཀྱི་གོ་འཕང་སྒྲུབ་མི་ནུས་པས། འཁོར་བ་ལས་ངེས་པར་འབྱུང་བའི་བློ་བསྐྱེད་དགོས་པས་ཐོག་མཐའ་མེད་པའི་འཁོར་བ་འདིར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། ལྷ་དང་མི་ལྷ་མ་ཡིན་ཕལ་ཆེར་འགྱུར་བའི་སྡུག་བསྔལ། ཁམས་གོང་མ་གཉིས་གཙོས་ཕུང་ལྔ་བསྡུས་པའི་འཁོར་ཆོས་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་སྟེ། ད་ལྟ་ནད་དང་དགྲ་སོགས་སྡུག་བསྔལ་ལྟར་སྣང་བ་ཡུད་ཙམ་རེ་ལའང་ལུས་སེམས་ཀྱིས་མི་བཟོད་ན། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཚབས་ཆེན་སྨིན་དུས་བཟོད་བླག་མེད་པའི་རྒྱུ་མཚན་ཞིབ་པར་བསམ་ནས། དེ་ལས་མྱུར་དུ་ཐར་འདོད་ཀྱི་ངེས་འབྱུང་གི་བློ་ཤུགས་དྲག་པོ་བཅོས་མ་མ་ཡིན་པ་སྙིང་ཁོང་རུས་པའི་གཏིང་ནས་ཡང་ཡང་བསྐྱེད་དེ་མཐོ་རིས་དང་ཐར་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་བརྩོན་དགོས་ཕྱིར། ཚོགས་བསགས་ཀྱི་སྙིང་པོ་མཎྜལ་འབུལ་བ་སོགས་ལ་བརྩོན་པར་གལ་ཆེའོ། །གསུམ་པ་སྐྱེས་བུ་ཆེན་པོ་དང་ཐུན་མོང་གི་ལམ་རིམ་བསྟན་པ་ལ་གཉིས། མདོ་སྔགས་ཐུན་མོང་གི་ལམ་དང༌། མཐར་ཐུག་རྡོ་རྗེ་ཐེག་པའི་ལམ་གྱི་སྔོན་འགྲོའོ། །དང་པོ་མདོ་སྔགས་ཐུན་མོང་གི་ལམ་གྱི་རྩ་བ་སྐྱབས་འགྲོ། ལམ་གྱི་སྙིང་པོ་སེམས་བསྐྱེད་པ་གཉིས་ལས། དང་པོ་ནི། སྙིང་བྱང་ལས། དད་དང་སྙིང་རྗེར་ལྡན་པའི་གང་ཟག་གིས༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་འདོད་ན༔ དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས༔ ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བ་དང༔ ཞེས་པ་ལྟར་སྲིད་པ་སྡུག་བསྔལ་གྱི་རྒྱུ་འབྲས་དེ་ལས་རང་སྟོབས་ཁོ་ནས་སྐྱོབ་མི་ནུས་པ་ཚད་མས་གྲུབ་པས་ཡུལ་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་དགོས་ཤིང༌། སྐྱབས་འགྲོའི་རྒྱུ་ངེས་འབྱུང་དང་གཞན་ཕན་གྱི་བསམ་པ། ཡུལ་ཚངས་སོགས་ལོག་པའི་སྟོན་པ་དང་རྟག་ཆད་ཀྱི་ལམ་དང་དེ་འཛིན་གང་ཟག་བཅས་སྤང༌། དེ་དག་ལས་ཁྱད་པར་དུ་མས་འཕགས་པ་ཐུན་མོང་དཀོན་མཆོག་གསུམ། ཁྱད་པར་རྩ་བ་གསུམ། ཀུན་འདུས་རྡོ་རྗེ་སློབ་དཔོན་སྐུ་གསུམ་དབྱེར་མེད། གང་ཟག་རང་གིས་ཐོག་དྲངས་མ་གྱུར་མཁའ་ཁྱབ་ཀྱི་འགྲོ་བས་དུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཚུལ་ཅི་མཛད་ཁྱེད་ཤེས་ཀྱི་གུས་པ་ཆེན་པོས། སྐྱབས་ཡུལ་གཙོ་བོ་བླ་མ་སྣང་སྲིད་ཟིལ་གནོན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས་སྤྲུལ་སྐུ། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། མཐའ་བསྐོར་ཀུན་དུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྣམས་ངོ་བོ་སྐུ་གསུམ་དབྱེར་མེད་རིག་འཛིན་བླ་མའི་ཡེ་ཤེས་གཅིག་གི་བདག་ཉིད་ལ་རྣམ་པ་མཆོག་གསུམ་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་བཀོད་པར་འགག་མེད་དུ་ཤར་བར་གསལ་བཏབ་ནས་ཡུལ་དང་བྱེད་པོ་གཉིས་སུ་འཛིན་པ་ཀུན་རྫོབ་རྒྱུའི་སྐྱབས་འགྲོ། སེམས་ཉིད་ཡེ་ནས་རང་བཞིན་རྣམ་དག་ཡེ་ཤེས་སུམ་ལྡན་དཀོན་མཆོག་རྩ་གསུམ་དུ་ལྷུན་གྱིས་གྲུབ་པ་ལ་དེ་ལྟར་ཤེས་པས་ཡུལ་དང་བྱེད་པོ་གཉིས་མེད་དུ་རྟོགས་པ་དོན་དམ་འབྲས་བུའི་སྐྱབས་འགྲོ་ཟུང་འཇུག་གི་སྒོ་ནས་ཉམས་སུ་ལེན་ཏེ། ན་མོ༔ བདག་དང་མཁའ་མཉམ་སོགས་སྐྱབས་འགྲོ་བསགས། གཉིས་པ་དངོས་གཞི་སེམས་བསྐྱེད་བཤད་པ་ལ་གསུམ། དང་པོ་སྨོན་སེམས་བསྐྱེད་པ་ནི། སྐྱབས་ཡུལ་གྱི་ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ། རྒྱུ་ལ་སྦྱོང་བ་ཇི་ལྟར་རང་ཉིད་དུས་ཀུན་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའི་ཉམས་མྱོང་ལ་དཔག་སྟེ་རིགས་དྲུག་ཀུན་ཀྱང་དེ་ལྟར་འདོད་པ་མཚུངས་ལྡན་ཡིན་པའི་རྒྱུ་མཚན་ལ་བསམ་ནས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་བྱེད་པ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཉོན་བྲལ་འདོད་ཀྱི་སྙིང་རྗེ་དྲག་ཏུ་བསྒོམས་ཏེ། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་འདོད་ཀྱི་འདུན་པ། རྒྱལ་བ་སྲས་དང་བཅས་པས་གཡར་དམ་ཇི་ལྟར་བཞེས་པ་བཞིན་བདག་གིས་ཀྱང་ཉེར་ལེན་བྱ་སྙམ་དུ་དམ་བཅའ་བ་དངོས་ལ་སེམས་ཉིན་མཚན་དུས་དྲུག་ཏུ་སྦྱང༌། སྤྱོད་པ་ལ་སྦྱོང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་བདེ་སྡུག་གཏོང་ལེན་གྱི་ཉམས་ལེན་ཁམས་བཟང་ངན་སྐྱིད་སྡུག་མཐོ་དམན་ཇི་ལྟར་བྱུང་ཡང་རྐྱེན་ངན་གྱིས་མི་འཆོར་བའི་གོ་ཆ་བགོས་ལ། ཧོཿ སྔོན་གྱི་རྒྱལ་བ་སྲས་དང་བཅས་སོགས་གྲངས་བསགས། གཉིས་པ་ཚོགས་བསགས་པ་ནི། མདོ་སྔགས་ཐུན་མོང་དུ་གྲགས་པའི་ཡན་ལག་བདུན། སློབ་དཔོན་སངས་རྒྱས་གསང་བས་སྒྱུ་འཕྲུལ་ལམ་རིམ་ལས་གསུངས་པའི་ཡན་ལག་བརྒྱད། བཀའ་བརྒྱད་ཡོངས་རྫོགས་དང་གཏེར་རྙིང་ཐུགས་སྒྲུབ་འགའ་ཞིག་ལས་འབྱུང་བའི་ཡན་ལག་བཅུ་པ་སོགས་ཀྱི་རྣམ་དབྱེར་མཆིས་ཀྱང༌། འདིར་སྤྱི་འགྲོའི་ཡན་ལག་བདུན་པས་ཚོགས་བསགས་ཏེ་དམིགས་འདོན་ཟུང་འཇུག་ཏུ་འབད་པས་ཀུན་རྫོབ་དང་དོན་དམ་གྱི་སེམས་གཉིས་མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་གོང་འཕེལ་དུ་བསླབ་བོ། །ངག་འདོན་ནི། ཨོཾ་ཨཱཿཧཱུྃ་ཧྲཱིཿ རིག་འཛིན་པདྨ་འབྱུང་གནས་སོགས་སོ། །གསུམ་པ་འཇུག་པ་སེམས་བསྐྱེད་ལ་བློ་སྦྱོང་བ་ནི། སེམས་ཅན་ཐམས་ཅད་མར་ཤེས་པས་དང་དུ་ལེན་འདོད་ཀྱི་བྱམས་པས་རང་གི་བདེ་བ་གཞན་ལ་གཏོང༌། དེ་དག་སྲིད་ལམ་དུ་སྡུག་བསྔལ་བར་ཤེས་ནས་སྤང་དུ་མི་བཟོད་པའི་སྙིང་རྗེས་གཞན་གྱི་སྡུག་བསྔལ་རང་གིས་བླང༌། ལྷ་དང་སངས་རྒྱས་ཀྱི་བདེ་བ་ཐོབ་པར་སྤྲོ་བས་མི་འབྲལ་བར་སྨོན་པ་དགའ་བ། ཉེ་རིང་ཆགས་སྡང་ཕྱོགས་རིས་མེད་པའི་བཏང་སྙོམས་ཀྱི་དམ་བཅའ་བཞིས་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་ནས། སྦྱིན་སོགས་ཕར་ཕྱིན་དྲུག་རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པ། གདུལ་བྱའི་རྒྱུད་བྱང་ཆུབ་ལ་སྨིན་པའི་ཁྱད་ཆོས་བཞི་ལྡན་གྱིས་རང་རྒྱུད་སྨིན་པར་བྱས་ནས། བསྡུ་བའི་དངོས་པོ་བཞིའི་ཐབས་ཀྱིས་སེམས་ཅན་གཞན་འཕྲལ་ཡུན་གྱི་བདེ་དཔལ་ལ་སྨིན་པར་བྱེད་པ་ལག་ལེན་དུ་འདེབས་པའི་འདུན་པ་དང་ཆབས་ཅིག །བསོད་ནམས་འདི་ཡིས་འགྲོ་ཀུན་སོགས་བརྗོད་དེ་ཉམས་སུ་བླང་ངོ༌། །གཉིས་པ་ལམ་གྱི་མཐར་ཐུག་རྡོ་རྗེ་ཐེག་པའི་སྔོན་འགྲོ་ལ། འགལ་རྐྱེན་སྦྱང་བ། མཐུན་རྐྱེན་བསགས་པ། ལམ་ཀུན་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། སྙིང་བྱང་ལས། ལམ་གྱི་མཐར་ཐུག་རྡོ་རྗེ་ཐེག་པ་ཡི༔ ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་ཀུན༔ རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཟབ་མོས་སྦྱང༔ ཞེས་སྤྱིར་སོ་སྐྱེའི་རྒྱུད་ཀྱི་སྒྲིབ་གཉིས་ཚན་པོ་ཆེས་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་ཅིང༌། ཁྱད་པར་དངོས་གཞིའི་ཉམས་རྟོགས་ཀྱི་གེགས་ནི་སྡིག་ལྟུང་གཉིས་ཡིན་པས་དེ་དག་སྦྱོང་བྱེད་ཀྱི་གཉེན་པོ་ཁྱད་པར་འཕགས་པ་རྡོར་སེམས་སྒོམ་བཟླས་ཏེ། དེ་ཉིད་སྟོབས་བཞི་ཚང་བས་བཤགས་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བཤགས་པ་ཚད་ལྡན་གཅིག་གིས་བྱང་བས་ན། བཤགས་ཡུལ་གྱི་རྟེན་བླ་མ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་ལ་སྐྱབས་འགྲོ་དང་བྱང་ཆུབ་སེམས་གཉིས་ལྡན་པས་བདག་གཞན་གྱི་སྡིག་པ་དག་པར་མཛད་དུ་གསོལ་སྙམ་པས། ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང་སོགས་ངག་འདོན་ལྟར་དང༌། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་ལྷ་བསྒོམ། ཡིག་བརྒྱ་དང་ཡིག་དྲུག་གི་སྔགས་བཟླ། སྡིག་སྒྲིབ་བཀྲུ་བའི་དམིགས་གནད་ཀྱིས་གཉེན་པོ་དགེ་བ་སྤྱོད་པ། སུན་འབྱིན་པའི་སྟོབས་སྔར་བྱས་ལ་འགྱོད་པ་དང་བཅས་གནོང་བཤགས་ཀྱི་ཚིག་རྒྱས་བསྡུས་གང་འོས་བརྗོད་མཐར། སོར་ཆུད་པའམ་ལྡོག་པའི་སྟོབས་ཕྱིན་ཆད་སྡོམ་པའི་སེམས་ཀྱི་དམ་བཅའ་བཟུང་སྟེ་འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ལས་རིམ་གྱི་ཐོག་མར་སྦྱོར་བ་ཤིན་ཏུ་འབྲེལ་ཆགས་པ་དང༌། བསྒོམ་བཟླས་ཀྱི་ཕན་ཡོན་ཚད་མེད་པར་གསུངས་སོ། །གཉིས་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ནི། སྙིང་བྱང་ལས། མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་མཎྜལ་འབུལ༔ ཞེས་པ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་འབྲེལ་པ་ཅན་དུ་གྲུབ་པས་བདེན་གཉིས་དབྱེར་མེད་ཀྱི་ལྟ་བས་གཞི་བཟུང༌། ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པས་རྒྱུ་བྱས། སྐུ་གཉིས་ཀྱི་འབྲས་བུ་འབྱུང་བ་ཆོས་ཉིད་ཡིན་པས་ཚོགས་གཉིས་བསགས་པ་ལ་འབད་པ་གལ་ཆེ། ཚོགས་བསགས་པ་ལའང་བྱ་སླ་དོན་ཆེ་བ་མཎྜལ་འབུལ་བ་ལས་ལྷག་པ་མེད་པས་གང་ལ་འབུལ་བའི་ཡུལ་སྒྲུབ་པའི་མཎྜལ་ཚོགས་རྟེན་དུ་གསལ་ཕྱིར་ཚོམ་བུ་ལྔ་བཀོད་པ་མདུན་སྟེགས་ལ་བཞག་ནས་མཆོད་པས་བསྐོར། འབུལ་བྱའི་དངོས་པོ་མཆོད་པའི་མཎྜལ་གཙང་ཞིང་དག་ལ་གྱ་ནོམ་པ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པ་དམིགས་རྟེན་དུ་བྱས་ཏེ། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བསམ་མི་ཁྱབ་པའི་བཅུད་ཀྱིས་གཏམས། ནང་ལྟར་ན་རང་ལུས་ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་སྣོད་བཅུད་ཀྱི་རིན་པོ་ཆེའི་འབྱུང་གནས་སུ་གྲུབ་པ། གསང་བ་ལྟར་ན་འཁོར་འདས་ཀྱི་སྤྱི་གཞིའི་ཀློང་དུ་སྙིང་རྗེའི་ཆབ་ཀྱིས་བརླན་པའི་བྱང་སེམས་ཀྱི་རི་རབ་ཚད་མེད་དགའ་བཞི་ཡེ་ཤེས་བཞི་སོགས་གླིང་དང༌། ཐབས་ཤེས་ཉི་ཟླ་ལྷུན་གྱིས་གྲུབ་པ་སྟེ་མདོར་ན་ཡུལ་ཆོས་ཀྱི་དབྱིངས་ལ་རིག་པ་རང་བྱུང་གི་རྩལ་སྣང་གཟུགས་བརྙན་ལྟར་ནམ་མཁའི་མཐས་གཏུགས་པ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་ལྟར་ཕུལ་ཞིང༌། མཐར་འཁོར་གསུམ་ཡོངས་དག་གིས་རྒྱས་བཏབ་སྟེ་འབུལ་བཞིན། ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་སོགས་ངག་འདོན་རྒྱས་བསྡུས་ཀྱིས་ཕུལ་བས་ཚོགས་གཉིས་ཡུད་ཙམ་གྱིས་རྫོགས་པའི་ཐབས་ཟབ་པའི་ཕུལ་དུ་ཕྱིན་པའོ། །གསུམ་པ་ལམ་ཀུན་གྱི་སྙིང་པོ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ནི། སྙིང་བྱང་ལས། ཁྱད་པར་ལམ་རྣམས་ཀུན་གྱི་སྙིང་པོ་ནི༔ མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ ཞེས་པ་ལྟར་སྤྱིར་ཞི་བ་བླ་ན་མེད་པ་བྱང་ཆུབ་ཀྱི་གོ་འཕང་ཐོབ་ན་གཏན་དུ་བདེ་བའི་ཕ་རོལ་དུ་སོན་པས་བསྒྲུབ་བྱའི་མཐར་ཐུག་ཡིན་ལ། དེ་འཐོབ་བྱེད་ནི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་བདག་རྐྱེན་ལ་རག་ལས། དེ་ཉིད་ཀྱང་དད་པ་འབའ་ཞིག་གིས་བསྟེན་པ་མདོ་རྒྱུད་ཐམས་ཅད་ནས་མགྲིན་གཅིག་ཏུ་གསུངས་ཤིང༌། དེ་དག་ཀུན་ལས་ཀྱང་སྔགས་ཀྱི་ལམ་འདིར་ཁྱད་པར་དུ་གལ་ཆེ་ཞིང༌། རང་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་པ་དང་ཐུན་མོང་མཆོག་གི་དངོས་གྲུབ་ཀྱི་གཞི་ནི་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཁོ་ན་ཡིན། དེ་ཉིད་དཀོན་མཆོག་ཀུན་འདུས་སུ་ངེས་ཤེས་བརྟན་པོས་རྣལ་འབྱོར་བྱེད་པ་ལ་འབད་ཅིང༌། དེ་ཡང་རང་ལ་བཀའ་དྲིན་ཐོབ་པའི་བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་དུ་བསྒོམ་པའི་རྣལ་འབྱོར་ཉིད་ཆེས་ཟབ་ཅིང་བྱིན་རླབས་ཆེ་བ་དུ་མས་འཕགས་ཤིང་བླ་མའི་རྣལ་འབྱོར་གྱི་སྙིང་པོ་མོས་གུས་ཡིན་པ་དང༌། དེ་ཡང་ཐོག་མར་བཅོས་མ་དང༌། གོམས་ནས་བཅོས་མིན་གྱི་མོས་གུས་དྲག་པོས་གསལ་གདབ་པའི་ཚུལ་ནི། སྙིང་བྱང་ལས། གསོལ་འདེབས་ཚུལ་དུ་ཕྱི་ལྟར་སྒྲུབ་པ་དང༔ བསྙེན་པའི་ཚུལ་དུ་ནང་ལྟར་བསྒྲུབ་པར་བྱ༔ གསང་བ་དོན་གྱི་བླ་མ་རྩེ་གཅིག་བསྒོམ༔ ཞེས་པ་ལྟར་དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ནི། མདུན་གྱི་ནམ་མཁར་མཆོད་སྤྲིན་སོགས་ངག་འདོན་ལྟར་ཡུལ་ལམ་རྟེན་གསལ་གདབ། དད་གུས་དྲག་པོས་གསོལ་འདེབས་བར་ཆད་ལམ་སེལ་དང༌། དུས་གསུམ་སངས་རྒྱས་ཀྱིས་གསོལ་བ་གདབ། སྤྲོ་ན་བརྒྱུད་འདེབས་ཀྱང་བྱ། གཉིས་པ་ནང་བསྙེན་པའི་ཚུལ་དུ་སྒྲུབ་པའི་ཚུལ་ནི། དེ་ལྟར་གསོལ་བ་བཏབ་པས་སོགས་ཀྱིས་བྱིན་རླབས་དབང་བཞིའི་ཡེ་ཤེས་ལམ་དུ་འོད་ཟེར་སྤྲོས་ཐིམ་གྱི་ཚུལ་དུ་བླང་བའི་དམིགས་པ་བཅས་བཛྲ་གུ་རུ་བཟླ། གསུམ་པ་གསང་བ་ལས་སྦྱོར་གྱི་ཚུལ་ལ། བླ་མ་ཨོ་རྒྱན་ཆེན་པོ་ཉིད་སོགས་ཀྱིས་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ཏེ་རང་སྣང་རིས་མེད་ཆེན་པོ་རྩོལ་བྲལ་ལྷུག་པར་བསྐྱངས་ནས་དགེ་བ་བསྔོ་བའམ། དངོས་གཞིའི་རྣལ་འབྱོར་གང་དགོས་ལ་འཇུག་པའོ། །དེ་ལྟར་བསྒོམས་པས་མཆོག་གི་དངོས་གྲུབ་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱང་མངོན་དུ་བྱེད་ནུས་ན་ལམ་གཞན་གྱི་ཡོན་ཏན་ཞར་བྱུང་དུ་རྫོགས་པར་ངེས་པ་ནི་གསར་རྙིང་རྒྱུད་གཞུང་ཀུན་ལས་རྒྱ་ཆེར་གསུངས་སོ། །སྤྱིར་སངས་རྒྱས་ཀྱིས་ཐེག་པ་ཆེ་ཆུང་གི་ཆོས་བསྟན་པ་ཐམས་ཅད་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཤེས་ན་འཕགས་པའི་ལམ་གྱི་ཡོན་ཏན་མྱུར་དུ་རང་རྒྱུད་ལ་སྐྱེ་བརྟན་གོང་འཕེལ་དུ་འབྱུང་ངེས་པས་ན། རྡོ་རྗེ་ཐེག་པའི་ལམ་གྱི་བསྐྱེད་རྫོགས་གང་གི་སྐབས་སུ་ཡང་ཐོག་མར་སྔོན་འགྲོའི་སྦྱོང་བ་གནད་དུ་ཁེལ་བས་བློ་རྒྱུད་སྦྱོང་བ་ཞིང་ཐ་རྒོད་བཏུལ་བའི་སོ་ནམ་ལྟ་བུ་སྔོན་འགྲོའི་ཉམས་ལེན་རྒྱུད་ཐོག་ཏུ་བཀལ་བས་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་ལ་བསམས་པས་ཚེ་འདིར་བློ་ལྡོག །རྒྱུ་འབྲས་ཡིད་ཆེས་དང་འཁོར་བའི་ཉེས་དམིགས་ལ་བསམ་པས་འཁོར་བར་བློ་ལྡོག །ཐམས་ཅད་མཁྱེན་པའི་གོ་འཕང་གི་ཡོན་ཏན་ལ་བསམ་པས་ཞི་བ་ཕྱོགས་གཅིག་ལས་བློ་ལྡོག །ཆོས་ཀུན་སྐྱེ་མེད་སྒྱུ་མའི་དཔེ་བརྒྱད་ལྟ་བུར་གཏན་ལ་ཕབ་པས་གཟུང་འཛིན་ཞེན་རྟོག་ལས་བློ་ལྡོག་པ་བཞི་ཡིས་སེམས་རྒྱུད་དུལ་བར་བྱས་ནས། སྐྱབས་འགྲོ་འབུམ་ཐེར། འདི་སྐབས་སམ་ཡན་ལག་བདུན་པའི་སྐབས་གང་རུང་དུ་ཕྱག་འབུམ་ཐེར། སྨོན་སེམས་ཚོགས་བསགས། འཇུག་པ་བཅས་སོ་སོར་འབུམ་ཐེར། འབྲིང་གིས་སྨོན་པ་སེམས་བསྐྱེད་འབུམ། ཚོགས་བསགས་དང༌། འཇུག་པ་ཁྲི་རེ། ཡིག་བརྒྱ་འབུམ་ཕྲག་ཁ་སྐོང་དང་བཅས་པ་འགྲོ་ངེས་དང༌། ཡིག་དྲུག་ཅི་ནུས། མཎྜལ་རྒྱས་པ་འབུམ་ཐེར་རམ་མ་གྲུབ་ན་ཁྲི། བསྡུས་པ་འབུམ་ཐེར། བླ་མའི་རྣལ་འབྱོར་གསོལ་འདེབས་བར་ཆད་ལམ་སེལ་ཁྲི། དུས་གསུམ་སངས་རྒྱས་འབུམ་ཐེར་འགྲོ་ངེས་བྱ། དེ་ཡང་ཐུན་མགོར་བར་ཆད་ལམ་སེལ་ཉེར་གཅིག་ནས་བདུན་ཡན་ཆད་གང་རིགས་དང༌། དེ་ནས་བསྡུས་པ་བསགས། བསྙེན་པའི་ཚུལ་དུ་སྙིང་པོ་བཛྲ་གུ་རུ་བྱེ་བ། འབྲིང་འབུམ་ཕྲག་བཅུ་གཉིས། ཐ་མ་འབུམ་ཕྲག་བཞི་བཟླ། གསང་སྒྲུབ་དགོངས་པ་བསྐྱང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་མཉམ་བཞག་ཡུན་རིང་བ་རེ་བྱ། དེ་ཡང་སྐྱབས་འགྲོ་ནས་བརྩམས་བླ་མའི་རྣལ་འབྱོར་ཡན་རང་རང་ཉམས་ལེན་གང་ཡིན་དེ་ཐུན་གྱི་དངོས་གཞིར་བྱས་ནས་ཐུན་རེ་རེ་བཞིན་སྔོན་འགྲོ་ཆ་ཚང་འགྲོ་བར་བྱའོ། །འདི་དག་ཉམས་ལེན་ངག་འདོན་གྱི་ཚུལ་རྗེ་བླ་མ་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་བྱང་ཆུབ་མཆོག་གི་ས་བོན་དང༌། དེ་ཉིད་གཏེར་སྲས་རིན་པོ་ཆེ་རྡོ་རྗེ་དབང་མཆོག་གིས་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྤྱོད་གུང་སྤྲོས་ཏེ་རྒྱས་པར་བཀྲལ་བ་གང་རུང་ལྟར་བྱ་དགོས་སོ། །དེ་དག་ནི་སྔོན་འགྲོའི་ཉམས་ལེན་རྒྱས་པར་བྱ་བའི་ཚུལ་ཡིན་ལ། བསྙེན་སྒྲུབ་དཀྱུས་འགྲོ་ཙམ་གྱི་སྐབས་ཀྱང་སྔོན་འགྲོ་མདོར་བསྡུས་སྔོན་དུ་སོང་ན་ལེགས་ཤིང་རིག་འཛིན་རྩལ་འཆང་གསུམ་གྱི་ཕྱག་བཞེས་ཀྱང་དེ་ལྟར་མཛད་པས། ཐོག་མར་སྐྱབས་འགྲོ་ཁྲི་དང་སྦྲགས་པའི་ཕྱག་དེ་མཚུངས་གྲུབ་ན་ལེགས། སེམས་བསྐྱེད་ཅི་ནུས། ཡིག་བརྒྱ་ཁྲི། མཎྜལ་རྒྱས་བསྡུས་གང་རིགས་ཁྲི། བླ་མའི་རྣལ་འབྱོར་ཕྱི་སྒྲུབ་གསོལ་འདེབས་བསྡུས་པ་ཁྲི། བར་ཆད་ལམ་སེལ་ཀྱང་སྟོང་ཕྲག་ཙམ་གྲུབ་ན་བྱ། ནང་སྒྲུབ་བཛྲ་གུ་རུ་བཞི་འབུམ། གསང་སྒྲུབ་དགོངས་པ་བསྐྱང་བ་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱ་དགོས་གསུངས་སོ། །གསུམ་པ་ཆོ་གའི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ། མཐུན་རྐྱེན་སྒྲུབ་པའོ། །དང་པོ་ལའང་གསུམ། བགེགས་བསྐྲད་པ་དང༌། སྲུང་བའི་འཁོར་ལོ་བསྒོམ་པ། བཤགས་པ་བྱ་བའོ། །དང་པོ་ནི། ཕྲིན་ལས་སྔོན་འགྲོའི་ཆོས་བདུན་ལས། དེ་ལ་དང་པོར་ཚོགས་བསགས་ཤིང༔ གཉིས་པར་བགེགས་ཚོགས་མཚམས་བཅད་བྱ༔ གསུམ་པར་འགལ་རྐྱེན་སྡིག་ལྟུང་བཤགས༔ བཞི་པར་རྡོ་རྗེའི་དམ་བཅའ་བཟུང༔ ལྔ་པར་ཡེ་ཤེས་བྱིན་ཆེན་འབེབས༔ དྲུག་པར་མཆོད་རྫས་བྱིན་གྱིས་བརླབ༔ བདུན་པར་རང་རིག་རང་གསལ་གདབ༔ དེ་ལྟ་བུ་ཡི་ལས་རིམ་གྱིས༔ ཏིང་འཛིན་ཟབ་མོའི་སྣོད་དུ་འགྱུར༔ ཞེས་གསུངས་པའི་ཚོགས་བསགས་ལ་སྐྱབས་སེམས་ཡན་ལག་བདུན་པ། ཚད་མེད་བཞི་ཡི་རྣམ་བཞག་ཁྲིད་ཀྱི་སྔོན་འགྲོའི་སྐབས་བཤད་ཟིན་ཅིང༌། སྐབས་དོན་འགལ་རྐྱེན་བསལ་བའི་དང་པོ་བགེགས་བསྐྲད་པ་ནི་གདོད་ནས་རང་བཞིན་གྱི་དངོས་མཚན་དུ་མ་གྲུབ་ཀྱང་རང་གི་ཉོན་མོངས་པའི་རྟོག་ཚོགས་ཕྱི་རོལ་དུ་ཤར་བས་མཚན་མ་ལྟར་སྣང་བ། བདག་འཁོར་ཡོ་བྱད་རྣམས་ལ་འཚེ་ཞིང་གླགས་ལྟ་བའི་བགེགས་ཀྱི་ཚོགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ལ། བདག་ཉིད་པདྨ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པས་བཤམས་པའི་གཏོར་མ་སྔགས་དང་ཕྱག་རྒྱས་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་བརླབས་ཏེ་བརྔན་པར་བྱིན་ལ། བདེན་པའི་ཚིག་གིས་གནོད་འཚེ་མེད་པར་གཞན་དུ་སོང་ཞིག་པའི་བཀའ་བསྒོ། བརྔན་ཀྱང་མི་ཚིམ་ཞིང་ཞི་བའི་ཚིག་ལ་མི་ཉན་པའི་གདུག་པ་ཅན་མཐའ་དག་དྲག་སྔགས་མེ་མཚོན་ཁྲོ་ཆུང་འབར་བའི་ཆར་དབབ་པས་སྡིག་བསྐྲད་གཟིར་ཏེ་དཔག་ཚད་མང་པོའི་ཕ་རོལ་ཏུ་བསྐྲད་པར་བསམ་ལ་ཡུངས་ཐུན་གུ་གུལ་དྲག་སྔགས་ལྟང་སྟབས་རོལ་མོ་བཅས་པས་བསྐྲད་དོ། །གཉིས་པ་སྲུང་འཁོར་ནི། རྐུན་མ་བསྐྲད་ནས་སྒོ་བསྡམས་པའི་དཔེ་ལྟར་བར་གཅོད་ཀྱི་བགེགས་བསྐྲད་ནས་ཕྱིན་ཆད་མི་འཇུག་པའི་སླད་དུ་སྲུང་བའི་འཁོར་ལོ་བསྒོམས་པ་སྟེ། བདག་ཉིད་པདྨ་དབང་ཆེན་གྱི་སྐུ་ལས་འཕྲོས་པའི་འོད་ཀྱིས་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རལ་གྲི་ཡེ་ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་གྱིས་གཏམས་པའི་གུར་ཁང་སྲ་བརྟན་གཟི་བརྗིད་ཅན་གཞོམ་གཞིགས་དང་བྲལ་བའི་དབུས་སུ་སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་ཀྱི་རང་བཞིན་ལྷུན་གྲུབ་ཀྱི་ཀློང་ནས་བར་དུ་གཅད་བྱ་གཅོད་བྱེད་གསུམ་ཀ་དག་མཉམ་ཆེན་པོར་ཤེས་པས་མཚམས་གཅད་པར་བྱ་བའོ། །གསུམ་པ་སྡིག་པ་བཤགས་པ་ལ་གསུམ་ལས། དང་པོ་བཤགས་པའི་རྟེན་བརྡ་སྒོ་དབྱེ་བ་ནི། སྣང་སྲིད་གདོད་ནས་རིག་འཛིན་བླ་མའི་རྡོ་རྗེའི་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་རྫོགས་པའི་གནས་ལུགས། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་པས་སྒྲིབ་ནས་རང་ངོ་མ་མཐོང་བ་ལ། ཐུགས་རྗེ་རིག་རྩལ་གྱི་སྒོ་མ་བཞིར་དད་མོས་གདུང་བས་བསྐུལ་ཏེ། གསོལ་བ་བཏབ་པས་རང་རིག་སྙིང་པོ་དོན་གྱི་ཚད་མེད་པའི་སྒོ་བཞི་ཤག་གིས་ཕྱེ་ནས་ཡེ་ཤེས་ལྷ་ཡི་རང་ཞལ་དངོས་སུ་མཇལ་བར་མོས། གཉིས་པ་བརྡ་ཕྱག་ནི། དོན་དམ་ལྷ་བདག་བཟང་ངན་གཉིས་སུ་མེད་པར་མཉམ་པ་ཉིད་དུ་བཞུགས་ཀྱང༌། ཀུན་རྫོབ་གློ་བུར་འཁྲུལ་སྣང་གིས་དོན་གྱི་ཡིན་ལུགས་ད་ལྟའི་བར་རང་ཞལ་མ་མཇལ་བའི་ནོངས་པ་བཤགས་པའི་ཐོག་མར་སྒྲིབ་བྲལ་ཡེ་ཤེས་ལྷ་ཡི་འཁོར་ལོ་མངོན་སུམ་དུ་མཇལ་བ་ལ་ངོ་མཚར་ཆེ་བས་ངོམས་ཤིང་ཡིད་ཆེས་པའི་དད་པའི་གདིང་གིས་བཏུད་པའོ། །གསུམ་པ་བཤགས་པ་དངོས་ནི། སྣང་སྤྱོད་ཡེ་ཤེས་ཀྱི་འཁོར་ལོར་དག་པའི་ཆོས་ཉིད་མ་རྟོག་པར། རིག་རྩལ་བདག་ཏུ་འཛིན་པའི་ཀུན་རྟོག་གིས་ལོག་པའི་ལམ་དུ་གོལ་ཞིང་འཁྲུལ་པའི་སེམས་ཅན་གྱི་སྒོ་གསུམ་ཉེས་པར་སྤྱོད་པའི་ཚོགས་གནོང་འགྱོད་དང་ལྡན་པས་ཡེ་ཤེས་ལྷ་ཡི་སྤྱན་སྔར་བཤགས་ན་བྱང་ཞིང་དག་སྟེ་ལྷག་པའི་ལྷས་རྗེས་སུ་བཟུང་བའི་སྐལ་ལྡན་དུ་གྱུར་པར་བསམ་མོ། །བརྡ་སྒོ་ཕྱག་འཚལ་བཤགས་པ་རང་རིག་གསལ་གདབ་རྣམས་ཕྲིན་ལས་རྒྱས་པ་བདེ་གཤེགས་འདུས་པ་ལས་འབྱུང་བ་ལྟར་བཤད་པའོ། །གཉིས་པ་མཐུན་རྐྱེན་སྒྲུབ་པའི་དང་པོ་བྱིན་དབབ་པ་ནི། མཐུན་རྐྱེན་གཙོ་བོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབ་པ་ལ། དབབ་བྱ་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཆེན་པོའི་གཟི་བྱིན། དབབ་པའི་ཡུལ་བདག་གནས་སྒྲུབ་པའི་ཡོ་བྱད་དང་བཅས་པ་རྣམས་ལ། འབེབས་པའི་ཚུལ་དད་མོས་གདུང་ཤུགས་སྔགས་དང་ཏིང་འཛིན་རྫས་སྦྱར་སྤོས་ཀྱི་དུད་པ་དར་གྱི་གཡབ་མོ་ཞྭ་ཕོད་རྒྱན་དང་རོལ་མོ་ཅང་ཏེའུ་གར་དང་བཅས་པས་བསྐུལ། མཁའ་ཁྱབ་ཏུ་སད་པའི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ཞིང་བསྟིམས་པས་གཉིས་སྣང་གི་མཚན་རྟོག་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཤར་བར་མོས་གུས་གདུང་བའི་དབྱངས་དང་བཅས་ཏེ་དབབ། ཧཱུྃ་གསུམ་གྱིས་བྱིན་བསྡུ་ཞིང་བརྟན་པར་བྱའོ། །གཉིས་པ་མཆོད་རྫས་བྱིན་གྱིས་བརླབས་པ་ནི། རང་ཉིད་དབང་ཆེན་རྟ་མཆོག་ཏུ་གསལ་བའི་ཐུགས་ལས་ཡེ་ཤེས་ཀྱི་རང་རྩལ་རྃ་ཡྃ་ཁྃ་ལས་མེ་རླུང་ཆུ་བྱུང་བས་མ་དག་པའི་དངོས་འཛིན་གྱི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་བསང༌། ཐ་མལ་དུ་ཞེན་པའི་དངོས་པོ་རྣམས་སྟོང་ཉིད་དུ་སྦྱངས་ནས། ཨོཾ་་ཏྲཱྃ་ཧྲཱིཿལས་སྣོད་བཅུད་འོག་མིན་པདྨོ་བཀོད་པའི་གཞལ་ཡས་ཁང་གི་ཕྱོགས་ཀུན་ཏུ་ཕྱི་མཆོད་ལྷ་རྫས་ཀྱི་ཉེར་སྤྱོད་རྒྱན་གོས་འབྱོར་པ་ཡོ་བྱད། དབང་ལྔའི་པུཥྤེ་སོགས་རང་བྱུང་གི་དམ་རྫས་ལྔ། རྡོ་རྗེའི་གཟུགས་སོགས་འདོད་ཡོན་སོ་སོའི་ལྷ་མོ་དང་བཅས་པ་ནམ་མཁའ་གང་བར་མོས། ནང་མཆོད་སྨན་འབྱུང་བ་ལྔ་པོ་ཤ་ལྔ་བདུད་རྩི་ལྔ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཀྱི་བདུད་རྩི་བདེ་བ་ཆེན་པོ། གཏོར་མ་རིན་ཆེན་གྱི་གཞལ་ཡས་དབུས་འདོད་ཡོན་ལྷ་མོ་ནམ་མཁའི་དབྱིངས་ཁྱབ་པ། རཀྟ་དམར་གྱི་ཐོད་རློན་ཨེ་ཡི་དབྱིངས་སུ་མཚན་འཛིན་རྒྱུད་དྲུག་གི་དགྲ་བགེགས་བསྒྲལ་བའི་སྙིང་ཁྲག་གི་རྒྱ་མཚོ་སྲིད་ཞིའི་ཆགས་བཅུད་འདུས་པ་ལྷ་མོ་གཱིརྟིའི་པདྨ་རཀྟའི་རྒྱུན་གྱིས་བྱིན་བརླབས་པ་རྣམས་སོ་སོར་མེ་རླུང་གི་སྦྱོར་བས་མཚན་འཛིན་རང་གའི་རྟོག་པ་སྦྱངས། དམ་ཡེ་གཉིས་མེད་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་པ་སྨན་གཏོར་རཀྟའི་བདུད་རྩིའི་རྒྱ་མཚོ་རུ་རྟོགས། ལྷ་སྔགས་ཏིང་འཛིན་རྫས་ཀྱི་ནུས་པ་ཐམས་ཅད་ཚོགས་པས་ནམ་ཡང་ཟད་མེད་མཁའ་ཁྱབ་ཡེ་ཤེས་ཀྱི་འཁོར་ལོར་སྦར་བ་དང༌། གསང་མཆོད་གཉིས་སྣང་གི་ལོག་རྟོག་དབྱིངས་སུ་བསྒྲལ། ཡུལ་དབང་ཤེས་གསུམ་ཞེན་མེད་སྒྱུ་མའི་རོལ་པར་གཏན་མེད་ཆོས་སྐུའི་བདག་ཉིད་དུ་དག་པས་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བས། ལྷག་པའི་ཏིང་ངེ་འཛིན་གྱིས་སྣོད་བཅུད་རྒྱུད་གསུམ་གྱི་སྣང་སྤྱོད་ཀུན་བཟང་མཆོད་པའི་ཕྱག་རྒྱ་ལས་འདའ་བ་མེད་པས་སེམས་ཉིད་ཡེ་ཤེས་ཀྱི་རོལ་པར་སྡུད་པ་སྣང་སྲིད་གཞིར་བཞེངས་ཡེ་ཤེས་ཀྱི་མཆོད་པ་སྟེ། མདོར་ན་ཐམས་ཅད་མཆོད་རྫས་དམ་ཚིག་གི་ཕྱག་རྒྱ་ལ། སོ་སོའི་རང་སྔགས་བརྗོད་པ་ཆོས་རྒྱ། བཅའ་བ་ལས་རྒྱ། སྒོམ་པ་ཡེ་རྒྱ་ཀུན་ཀྱང་ཡེ་ཤེས་ཀྱི་རོལ་པར་ཤེས་པ་ཕྱག་རྒྱ་ཆེན་པོ་རུ་ཤར་བས་དཀྱིལ་འཁོར་པ་རྣམས་ཀྱི་རྡོ་རྗེའི་དབང་པོའི་སྤྱོད་ཡུལ་དུ་བདེ་ཆེན་འདོད་དགུར་སྤེལ་ཏེ་བྱིན་གྱིས་བརླབས་པའོ། །གསུམ་པ་རང་རིག་རང་གསལ་གདབ་པ་ནི། སྔོན་དངོས་རྗེས་གསུམ། བསྐྱེད་བཟླས་རྫོགས་པའི་སྤྲོས་པ་ཅི་ལྟར་བསྟན་ཀྱང་དོན་གྱི་གནད་ཏིག་རང་རིག་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་བླ་མ་རྩ་གསུམ་གྱི་ལྷ་རུ་གདོད་ནས་འདུ་འབྲལ་མེད་པར་བཞུགས་ཏེ་རང་དང་གཉིས་སུ་མེད་པའི་དོན་རྟོགས་ན། སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དེའི་ཀློང་ནས་སྤྲོ་ཞིང་སྡུད་པའི་ཁྱབ་བདག་རིགས་འདུས་མ་ཧཱ་གུ་རུ་དངོས་དེ་ཉིད་ཡིན་པའི་གནས་ལུགས་དགོངས་པ་མ་བཅོས་རང་གསལ་གྱི་ངང་ལས་ཤར་བ་གསལ་བཏབ་པས་ལྷ་དང་ཆོས་ཉིད་དབྱེར་མེད་རྟོགས་པའི་གདེང་བསྐྱེད་པའི་ངང་དུ་བཞག་པ་ནི། བསྐྱེད་རྫོགས་ཟུང་འཇུག་དོན་གྱི་དགོངས་པ་མཐར་ཐུག་པའོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ། ལས་བྱང་རྒྱས་པ་བདེ་གཤེགས་འདུས་པ་ལས། དེ་ནས་དངོས་གཞིའི་ལས་ཀྱི་རིམ༔ དང་པོར་ཕྱག་རྒྱ་བསྐྱེད་ཅིང་གསལ༔ གཉིས་པར་ཡེ་ཤེས་དགུག་ཅིང་བསྟིམ༔ གསུམ་པར་དབྱེར་མེད་བཞུགས་སུ་གསོལ༔ བཞི་པར་ཕྱག་དང་མཆོད་པས་བསྙེན༔ ལྔ་པར་རྡོ་རྗེའི་གསང་གསུམ་བསྟོད༔ དྲུག་པར་ཛཔ་བསྐུལ་བཟླས་པས་འགྲུབ༔ བདུན་པ་ཕྲིན་ལས་མཐར་ཕྱིན་ནས༔ དབང་དང་དངོས་གྲུབ་བླང་བར་བྱ༔ ཞེས་པ་ལྟར་འཆད་པ་ལ། རྩ་བའི་རྣལ་འབྱོར་དང༌། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། རྒྱུ་ཏིང་འཛིན་གསུམ་གྱི་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། གསལ་བརྟན་དག་གསུམ་ལ་བསླབ་པ། སྲོག་སྡོམ་གཟེར་བཞི་བཤད་པའོ། །དང་པོ་ནི། ཕྲིན་ལས་རྒྱས་པ་ལས། དེ་ལ་དང་པོ་བསྐྱེད་རིམ་ནི༔ ཏིང་འཛིན་གསུམ་གྱིས་གཞི་བཟུང་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ༔ བྱིན་བརླབ་དབང་བསྐུར་ཕྱག་རྒྱས་གདབ༔ ཅེས་སྡོམ་གྱིས་བསྟན་པ་བཞིན། གཞི་ཏིང་འཛིན་གསུམ་རིམ་ཅན་དུ་འཆད་པ་ལ། སྙིང་བྱང་ལས། ཀུན་རྫོབ་དོན་དམ་ཆོས་རྣམས་ཐམས་ཅད་ཀུན༔ བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེ༔ དེ་བཞིན་ཉིད་དབྱིངས་སྟོང་ཆེན་རྣལ་འབྱོར་གྱིས༔ འཆི་བ་འོད་གསལ་གནས་ལུགས་མངོན་དུ་གྱུར༔ ཞེས་པ་ལྟར་ཐོག་མར་སྦྱང་བྱ་འཆི་སྲིད་ཆོས་སྐུའི་འོད་གསལ་གང༌། སྦྱོང་བྱེད་བདེན་གཉིས་ཀུན་རྫོབ་ཀྱི་སྣང་ཆ་ཐམས་ཅད་གདན་གསུམ་ལྷ་སྐུ། དོན་དམ་གྱི་གནས་ལུགས་ཆོས་དབྱིངས་ཀྱི་ཡེ་ཤེས། དེ་གཉིས་ཀྱི་གནས་སྣང་ཐམས་ཅད་གདོད་ནས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས་འདི་ནི་འཆི་བ་དག་པ་ཆོས་སྐུའོ་སྙམ་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱས་པས། མར་འཁོར་བའི་འཆི་སྲིད་དང་རྟག་ལྟ། གཟུགས་མེད་ཁམས་དག །ཡར་ཆོས་སྐུའི་འབྲས་བུ་རྫོགས་པར་བྱེད། བར་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའོ། །སྙིང་བྱང་ལས། དེ་ཉིད་མ་རྟོག་མཁའ་ཁྱབ་འགྲོ་བ་ལ༔ དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུའི་ཚུལ༔ ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམ་པ་ཡིས༔ བར་དོ་སྒྱུ་འཕྲུལ་དྲྭ་བའི་ལྷ་སྐུར་ཤར༔ ཞེས་པ་ལྟར་སྦྱང་བྱ་བར་སྲིད་ལོངས་སྐུའི་སྣང་བ་འོད་དང་ཐིག་ལེ། སྣང་དུས་ངོ་མ་ཤེས་པ་སྣང་གསུམ་ལུགས་ལྡོག་ཤིན་ཏུ་ཕྲ་བའི་བར་དོའི་ལུས་སེམས་ཕྱད་ཕྱོད་མ་ངེས་པ། སྦྱོང་བྱེད་རིག་རྩལ་སྙིང་རྗེ་སྒྱུ་མ་ལྟ་བུའི་སྤྲིན་མཁའ་ཁྱབ་ཏུ་བརྡལ་བར་བར་དོ་དག་པ་ལོངས་སྐུའོ་སྙམ་པའི་ང་རྒྱལ་གྱིས། བར་སྲིད་ཆད་ལྟ། གཟུགས་ཁམས་དག །ལོངས་སྐུའི་འབྲས་བུ་རྫོགས་པར་བྱེད། འོད་གསལ་ཡེ་ཤེས་ཀྱི་སྐུའི་རྒྱུ་སྙིང་རྗེ་ཆེན་པོ་སྐྱེ་བའི་སྨིན་བྱེད་དུ་འགྱུར། ཡང་སྦྱང་བྱ་ཕྱི་མའི་སྐྱེ་སྲིད་འཇུག་ལ་ཁད་ཀྱི་བར་དོའི་རླུང་སེམས་དེ། སྦྱོང་བྱེད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བདེ་གསལ་མི་རྟོག་པའི་ཐུགས་སྲོག་ཧྲཱིཿཡིག་དཀར་པོ་འོད་ཟེར་ལྔ་ལྡན་ཅན་སྐད་ཅིག་གིས་ནམ་མཁའ་ལ་བསྒོམས་ནས་སྨིན་སློབ་བྱེད་ན་གསལ་བརྟན་གྱི་ཚད་བརྒྱད་མ་སྐྱེས་བར་དུ་གསལ་བཏབ་སྟེ་སྐྱེ་བ་དག་པ་སྤྲུལ་སྐུའོ་སྙམ་པའི་ང་རྒྱལ་བྱ། དེས་སྐྱེ་སྲིད་དང་འདོད་ཁམས་དག །སྤྲུལ་སྐུའི་འབྲས་བུ་རྫོགས་པར་བྱེད། ཡེ་ཤེས་ཀྱི་ལྷ་སྐུར་ལྡང་བའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་དངོས་དང༌། ཡན་ལག་གི་རྣལ་འབྱོར་རོ། །དང་པོ་ལའང༌། རྟེན་ཞལ་ཡས་ཁང་དང༌། བརྟེན་པ་ལྷ་གསལ་བ་གཉིས་ལས། དང་པོ་ནི། འཇིག་རྟེན་དུ་སྣོད་ཡས་རིམ་གྱིས་ཆགས་པ་ལྟར་རྟེན་གྱི་དཀྱིལ་འཁོར་ཡང་དེ་ལྟར་སྒོམ་པར་བྱེད་པ་སྟེ། ནམ་མཁར་གནས་པའི་རྒྱུ་ཡི་ས་བོན་དེ་ལས་འབར་བ་ཆེན་པོའི་འོད་ཟེར་མེ་རླུང་ཆུའི་རྣམ་པར་སྤྲོས། སྣོད་བཅུད་མ་དག་པའི་དངོས་འཛིན་སྦྱངས་ནས་སྟོང་པར་གྱུར། རྒྱུའི་ཡི་གེ་ལས་ས་བོན་རྣམས་ཆད་པ་ཆོས་འབྱུང་ནམ་མཁའི་ཁོངས་སུ་རླུང་མེ་ཆུ་ས་འབྱུང་བཞི་རི་རབ་དང་བཅས་པ་བརྩེགས་པར་བསྒོམ། དེའི་སྟེང་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་འཐས་པར་བྱས་པའི་སྟེང་རྣམ་སྣང་གི་ངོ་བོ་་ལས་ཐར་པ་ཆེན་པོའི་གཞལ་མེད་ཁང༌། འོག་གཞི་ཁོར་ཡུག་ལོགས། ཐོག་ཕུབ། སྒོ་རྟ་བབ། རྒྱན་གྱི་ཁྱད་པར་ཕྱི་རོལ་དུ་རྡོ་རྗེ་སྲུང་བའི་འཁོར་ལོ་དང་བཅས་པའི་དབུས་སུ་གཞལ་ཡས་ཁང་གི་ནང་དུ་རིན་ཆེན་ཟུར་བརྒྱད། པདྨ་འདབ་བཞིའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླའི་གདན་དང་བཅས་པ་གསལ། གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། གཞལ་ཡས་ཁང་གི་དབུས་སུ་ཆེ་བཙན་འགྲན་ཟླ་བྲལ་བའི་བརྡར་སེང་ཁྲི། ཆགས་བྲལ་པདྨ་བདེ་སྟོང་གི་ཉི་ཟླའི་སྟེང་དུ་རྒྱུ་ཡི་ཧྲཱིཿདཀར་བབ་པ་ལས་འོད་འཕྲོས་འཕགས་པ་མཆོད། བྱིན་རླབས་འཇུག །སེམས་ཅན་གྱི་སྒྲིབ་པ་སྦྱངས། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་སྐད་ཅིག་གིས་སྤྲུལ་སྐུ་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་དཀྱིལ་འཁོར་གཙོ་མཆོག་གཟུང་འཛིན་གྱི་སྒྲིབ་པས་མ་གོས་པའི་སྐུ་མདོག་དཀར་ལ་དམར་མདངས་ཆགས་པ། གཞི་ཐིག་ལེ་ཉག་གཅིག་མཚོན་པའི་ཞལ་གཅིག་ཞི་བ་ལ་སྤྱན་ཧུར་བག་ཏུ་གཟིགས་པ་སོགས་ཅུང་ཟད་ཁྲོས་པའི་ཉམས་དང་ལྡན་ཞིང་གཞོན་ཚུལ་མཛེས་སྡུག་ཅན། ཁྱིམ་པ་སྲིད་ཀྱི་ཡོན་ཏན་རྫོགས་པ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། གསང་སྔགས་ཀྱི་རྒྱུད་སྡེའི་གསང་མཛོད་འཆང་བས་བེར་སྔོ་ཁྲ། མི་འགྱུར་བའི་བདེ་ཆེན་མཚོན་པས་སྐུ་རེག་ལྗང་གུ །བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཆོས་གོས་རྣམ་གསུམ་དམར་པོ་གསེར་གྱི་ཧ་རིས་ཅན། ཐམས་ཅད་དབང་དུ་སྡུད་པས་ཟ་བེར་སྨུག་པོ། ཐེག་དགུའི་ཡོན་ཏན་རྫོགས་པས་དབང་གི་ཅོད་པན་པདྨ་མཐོང་གྲོལ། ཕྱག་གཡས་པས་བུམ་པའི་དབང་གི་ཡོན་ཏན་རྫོགས་པས་གསེར་གྱི་རྡོ་རྗེ་ནམ་མཁར་འཕྱར་སྟབས་ཀྱིས་ལྡིང་བ། གཡོན་པས་མཉམ་གཞག་གིས་གསང་དབང་རྫོགས་པས་མཚན་ལྡན་གྱི་ཀ་པཱ་ལ། ཤེར་དབང་རྫོགས་པས་ཐོད་པའི་བདུད་རྩིའི་ནང་དུ་ཚེ་བུམ་བདུད་རྩིའི་བཅུད་ཀྱིས་གཏམས་པ་དཀུར་བསྟེན་པ། དབང་བཞི་པའི་དཔེ་དོན་གྱི་ཡེ་ཤེས་རྫོགས་པའི་བརྡར་སྦས་པའི་ཡུལ་མཚོན་པས་ཁ་ཊྭཱཾ་མཆན་ཁུང་གཡོན་དུ་བསྟེན་པ། རིག་པ་རྩལ་གྱི་དབང་ཐོབ་པས་རྩེ་གསུམ་དང༌། ཐབས་ཤེས་ཀྱི་འགྲོ་དོན་མཛད་ཕྱིར་ཌཱ་རུ་ཉི་ཟླ་སོགས་རྒྱན་ཆས་སྣ་ཚོགས་ཀྱིས་སྤྲས་པ། སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་རྒྱལ་པོ་རོལ་སྟབས་ཅན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ནུས་པས་སྣང་སྲིད་ཟིལ་གྱིས་གནོན་ཅིང༌། འཁོར་འདས་ཡོངས་ཀྱི་བདག་ཉིད་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲོ་བསྡུའི་སྤྱི་དཔལ་ཆེན་པོར་གསལ། དེའི་སྤྱི་བོར་ལོངས་སྐུ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕྱག་བཞི་པ་དཀར་པོ་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛིན་པ། དེའི་སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་ཚེ་བུམ་ཅན་གཉིས་ཀ་ལོངས་སྐུའི་ཆས་ཅན་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་བླ་མ་སྐུ་གསུམ་དང༌། གཙོ་བོའི་ཕྱོགས་བཞིར་པདྨ་འདབ་བཞིའི་ཤར་དུ་འགྲོ་མགོན་རྒྱལ་བའི་གདུང་འཛིན་དཀར་དམར་ཆགས་སྒེག་པའི་མདངས་ཅན་སྟག་ཤམ་རུས་པ་དང་རིན་པོ་ཆེ་རྒྱན་ཕྲེང་ཅན་རལ་གྲི་དང་ལྕགས་ཀྱུ་བསྣམས་ཏེ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷོ་རུ་པཎ་ཆེན་སྨྲ་བའི་སེང་གེ་ཆོས་འཆད་ཀྱི་རྒྱས་མདོ་སྔགས་ཀྱི་གླེགས་བམ་གཉིས་གཡས་གཡོན་པད་སྡོང་སྟེང་བསྣམས་ཏེ་སྐྱིལ་ཀྲུང་གིས་བཞུགས་པ། ནུབ་ཏུ་སྐྱེས་མཆོག་ཚུལ་བཟང་སེར་པོ་བརྗིད་ཆགས་པཎྜི་ཏའི་ཆས་ཅན་རྡོ་རྗེ་དང་བཅས་པས་རྒྱལ་མཚན་དང་རིན་པོ་ཆེའི་ཟ་མ་ཏོག་བསྣམས་པ། བྱང་དུ་བདུད་ཀྱི་གཤེད་ཆེན་དཀར་སྨུག་པད་ཞྭ་ཕོད་ཀ་ཆོས་གོས་ཅན་ཕྱག་གཉིས་ཕུར་པ་འདྲིལ་བ། དེའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཀྱི་ཤར་དུ་ཛམ་གླིང་རྒྱན་མཆོག་མཐིང་ག་བེར་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཞལ་ཁྲོ་ཚུལ་རལ་པ་གྱེན་དུ་བརྫེས་པ། ཕྱག་གཉིས་ཕུར་པ་འདྲིལ་ཞིང་བསྙེན་ཕུར་སྐེད་ལ་གཟིར་བ། ལྷོ་རུ་པདྨ་འབྱུང་གནས་ཞི་འཛུམ་ལོངས་སྐུ་རིན་ཆེན་རུས་རྒྱན་ཅན་རྡོར་དྲིལ་ཐུགས་ཀར་བསྣོལ་བ་ཡུམ་ལྷ་ལྕམ་དཀར་མོ་གྲི་ཐོད་ཅན། ནུབ་ཏུ་ཁྱད་འཕགས་རིག་འཛིན་སྣང་སྲིད་ཟིལ་གནོན་ཆས་དཀར་གསལ་གཡས་རྡོ་རྗེའི་ལམ་སྟོན། གཡོན་ཁ་ཊྭཱཾ་མཁར་བ་མཛད་དེ་གཤེགས་པའི་སྟབས་ཀྱིས་བཞེངས་པ། བྱང་དུ་རྫུ་འཕྲུལ་མཐུ་ཆེན་དམར་སྨུག་རབ་བྱུང་གི་ཆས་རྡོ་རྗེ་དང་ཕུར་པ་འཛིན་པ་སྟག་གི་སྟེང་ན་འགྱིང་བ། ཤར་ལྷོར་རིག་འཛིན་རྡོ་རྗེ་དྲག་རྩལ་དམར་པོ་སྲིན་པོ་ལྟར་ཁྲོས་པ་ལྕགས་ཀྱི་རྡོ་རྗེ་དང་ལྕགས་སྡིག་འཛིན་ཅིང་དུར་ཁྲོད་ཆས་ཅན་ཕག་མོ་མཐིང་ནག་གྲི་ཐོད་འཛིན་པ་དང་སྦྱོར་བས་རྒྱལ་བསེན་ཕོ་མོའི་སྟེང་དོར་ཐབས་སུ་བཞེངས་པ། ལྷོ་ནུབ་སྐལ་ལྡན་འདྲེན་མཛད་མཐིང་ནག་ཐུགས་ཀར་རྡོ་རྗེ་དང་དུང་ཁྲག་སྟེང་འོག་ཏུ་འཛིན་པ་ཡུམ་གནམ་ཞལ་སྔོ་སྐྱ་གྲི་ཐོད་ཅན་དུར་ཁྲོད་དཔལ་ཆས་ཀྱིས་བརྒྱན་ཏེ་རུ་ཏྲ་ཕོ་མོའི་སྟེང་དུ་བཞེངས་པ། ནུབ་བྱང་རཀྴ་ཐོད་ཕྲེང་རྡོ་རྗེ་ཐོད་ཁྲག་མཐིང་འོད་འབར་མ་གྲི་ཐོད་ཅན་དང་སྦྱོར་ཞིང་དུར་ཁྲོད་ཆས་ཅན་བཞེངས་སྟབས། བྱང་ཤར་བདེ་ཆེན་རྒྱལ་པོ་དྲང་སྲོང་ལྟར་ཁྲོས་པ་ཆགས་ཉམས་ཅན་རྡོར་དྲིལ་འཛིན་ནས་ཡུམ་དང་སྦྱོར་བ་ཧེ་རུ་ཀའི་ཆས་ཅན། ཞི་བ་རྣམས་པད་ཟླ་ཁྲོ་བོ་པད་ཉི་རུ་ཏྲ་ཕོ་མོའི་གདན་ཅན། སྒོ་བཞིར་པད་ཉིའི་ལས་བཞི་སྒྲུབ་མཛད་རིགས་བཞིའི་གིང་བཞི་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྲི་ཐོད་ཅན་རང་འོད་ཀྱི་ཡུམ་དང་སྦྱོར་བ། གཞལ་ཡས་ཁང་གི་ཕྱི་ནང་སྟེང་འོག་ཀུན་ཏུ་རིག་འཛིན་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དང་བཅས་པ་ཉི་མ་དང་འོད་ཟེར་བཞིན་གང་འདུལ་སྒྱུ་འཕྲུལ་གྱི་བཀོད་པ་བསམ་མི་ཁྱབ་པའི་བདག་ཉིད་ཅན་དུ་ལེགས་པར་གསལ། གཉིས་པ་ཡན་ལག་གི་རྣལ་འབྱོར་ལའང་བདུན་ལས། དང་པོ་བྱིན་གྱིས་བརླབ་པ་ནི། སྦྱང་བྱ་ལུས་ངག་ཡིད་ཀྱི་འཁྲུལ་སྣང༌། སྦྱང་འབྲས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་བདག་ཉིད། སྦྱོང་བྱེད་དམ་ཚིག་གི་འཁོར་ལོའི་སྤྱི་མགྲིན་སྙིང་གར་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པས་རྒྱས་གདབ་པས་རྣམ་པར་དག་པའི་བདག་ཉིད་ཅན་དུ་བྱིན་གྱིས་བརླབས། གཉིས་པ་དབང་བསྐུར་བ་ནི། སྦྱང་བྱ་ཉོན་མོང་དུག་ལྔ། སྦྱོང་བྱེད་ལྷ་ཚོགས་རྣམས་ཀྱི་མགོ་བོའི་གནས་ལྔར་རིགས་བདག་གཙོ་བོར་གྱུར་པའི་དེ་བཞིན་གཤེགས་པ་ལྔ་རང་རང་གི་ཡུམ་དང་སྦྱོར་བའི་བྱང་སེམས་ཡེ་ཤེས་རྣམ་པ་ལྔའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྐུ་གང༌། དུག་ལྔའི་དྲི་མ་བག་ཆགས་བཅས་སྦྱང༌། ཆུའི་ལྷག་མ་ཡར་ལུད་པས་རྡོ་རྗེའི་རིགས་ལ་མི་བསྐྱོད་པས་མཚོན་རིགས་དང་མཐུན་པའི་རིགས་བདག་གིས་ཕྱག་རྒྱས་རྒྱས་བཏབ་པས། སྦྱངས་འབྲས་སངས་རྒྱས་ཀུན་གྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྒྱུར་བས་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས། གསུམ་པ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀྱི་རྟོག་པ་བསལ་ཕྱིར་ཡེ་ཤེས་འཁོར་ལོ་སྒྲུབ་པ་ནི། སྦྱོང་བྱ་ན་ཚོད་རྫོགས་པའི་བྱིས་པ་བསམ་མནོ་དང་བློ་སྟོབས་འཕེལ་བ། སྦྱོང་བྱེད་དམ་ཚིག་གི་ཐུགས་སྲོག་ལས་བྱུང་བའི་འོད་ཟེར་གྱིས་སྐུ་གསུམ་གྱི་ཞིང་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་སོགས་ནས་ཆོས་སྐུ་ལས་མ་གཡོས་བཞིན་གཟུགས་སྐུ་བསྒོམས་པ་དང་འདྲ་བའི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ཏེ། སྐད་ཅིག་གིས་སྤྱན་དྲངས་ཏེ་དམ་ཚིག་གི་འཁོར་ལོ་དང་རོ་མཉམ་དུ་འདྲེས་པས་གདོད་ནས་ལུས་དམ་ཚིག །སེམས་ཡེ་ཤེས་སེམས་དཔར་ལྷུན་གྱིས་གྲུབ་པའི་ཡིན་ལུགས་མངོན་དུ་གྱུར་པར་མོས་ལ། དབྱངས་རོལ་བདུག་སྤོས་དར་གྱི་གཡབ་མོ་གདུང་ཤུགས་ཀྱི་ངར་དང་ལྡན་པས་སྤྱན་འདྲེན་གྱི་ཚིག་གིས་བསྐུལ་བ་རྣམས་བརྗོད་པས། སྦྱངས་འབྲས་སངས་རྒྱས་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར་པར་བསམ་མོ། །བཞི་པ་བཞུགས་གསོལ་ནི། ཡན་ལག་བརྒྱད་ལྡན་གྱི་ཆུའི་མཆོད་ཡོན་དང༌། འདག་ཆལ་དང་ལྡན་པའི་ཆུ་གཙང་གིས་ཕྱག་ཞབས་བསིལ་ནས་ཁྲི་རྐང་པད་ཉི་ཟླ་བའི་གདན་སོགས་གཙོ་འཁོར་དང་འཚམ་པའི་གདན་ལ་དངོས་གྲུབ་མ་ཐོབ་བར་བརྟན་པར་བཞུགས་སུ་གསོལ། ལྔ་པ་ཕྱག་བྱ་བ་ནི། འདི་དང་མཆོད་བསྟོད་ཀྱིས་སྦྱང་བྱ་བྱིས་པ་དེ་དབང་པོ་ཡུལ་ལ་སད་ནས་འདོད་ཡོན་ཞེན་རྟོག་སྦྱང༌། སྦྱངས་འབྲས་སངས་རྒྱས་པའི་ཞིང་དང༌། མཆོད་པ་ཕྱག་བསྟོད་ཀྱིས་ཚོགས་ཞིང་བླ་མེད་དུ་གྱུར་པ་ཉིད། སྦྱང་བྱེད་ཕྱག་མཆོད་བསྟོད་པའི་ལས་རིམ་སྟེ། དབྱིངས་ཡེ་གཉིས་མེད་ཀྱི་ངང་དུ་དམ་ཡེ་རོ་གཅིག་ཏུ་རྟོགས་པ་འདྲེས་པ་ནན་ཏན་གྱི་ཕྱག་རྣལ་འབྱོར་མཆོག་གི་ལུགས་དང༌། སྔགས་ཕྱི་པ་དང་སྒོ་བསྟུན་ཏེ་འཇིག་རྟེན་སྲི་ཞུའི་ཚུལ་དུ་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་བརྩེ་བ་བཞིན་ཕྱག་ཨ་ཏི་པཱུ་ཧོཿས་འཚལ་བས། པྲ་ཏཱིཙྪ་ཧོཿཞེས་དོན་གྱི་ཕྱག་ལེན་བཏབ་པར་མོས། དྲུག་པ་མཆོད་པ་ནི། མཆོད་ཡོན་ཞབས་བསིལ་མེ་ཏོག་སོགས་ལྷ་རྫས་ཕྱི་མཆོད། ཡིད་དུ་འོང་བའི་གཟུགས་སོགས་འདོད་ཡོན་ལྔ་དང༌། དབང་ལྔའི་པུཥྤེ་སོགས་དུར་ཁྲོད་རྫས་ཀྱི་ནང་མཆོད། རིགས་ཅན་ལྔའི་ཕྱག་རྒྱ་དང་སྙོམས་འཇུག་ལས་བྱུང་བའི་འདོད་པ་ཚིམ་བྱེད་ཀྱི་ཡོན་ཏན་ལྔ་སོགས་གསང་མཆོད། དུག་ལྔ་རྣམ་དག་རྩ་བརྒྱད་སྟོང་སྦྱར་གྱི་བདུད་རྩི་སྨན་མཆོད། སྣོད་བཅུད་ཀྱི་འདོད་ཡོན་ཟག་མེད་ཀྱི་བདེ་བའི་ཡེ་ཤེས་སྟོབས་བསྐྱེད་པའི་གཏོར་མ། རྒྱུད་དྲུག་ཁམས་གསུམ་གྱི་རྩ་བ་ཆགས་མེད་དམར་ཆེན་གྱི་དྭངས་མར་བསྐྱིལ་བའི་རཀྟ་བཅས་ཁྱད་པར་གྱི་མཆོད་པ་དང༌། གཉིས་འཛིན་གྱི་རྟོག་པ་སྐྱེ་མེད་དབྱིངས་སུ་བསྒྲལ་ནས་དམིགས་མེད་སྙིང་རྗེ་སྒྱུ་མ་ལྟ་བུའི་འཕྲུལ་འཁོར་གྱིས་དགྲ་བགེགས་བསྒྲལ་བའི་མཆོད་པ། མཆོད་པའི་བྱ་བྱེད་ལས་གསུམ་གདོད་ནས་དག་པའི་སྣང་ཤེས་སྐུ་དང་ཡེ་ཤེས་ཟུང་འཇུག་ཆེན་པོར་ཤར་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། མདོར་ན་དངོས་བཤམས་ཡིད་བྱུང་ཏིང་འཛིན་གྱི་མཆོད་པ་ཆོས་དབྱིངས་རྒྱས་པར་བསྐངས་ཏེ་ཕུལ་བས་བདེ་བ་ཆེན་པོའི་ལོངས་སྤྱོད་ལྷག་པར་སྤེལ་བའོ། །བདུན་པ་བསྟོད་པ་ནི། ཆོས་སྐུའི་དབྱིངས་ལས་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་ཞི་ཆགས་ཁྲོ་བོའི་རྣམ་པར་ཤར་བས། གང་འདུལ་སྤྲུལ་པའི་རོལ་པ་དང་བཅས་པའི་ཆེ་བའི་ཡོན་ཏན་དྲན་པས་བསྟོད་པ་ཟབ་ཅིང་རྒྱ་ཆེ་བ་རྡོ་རྗེའི་གླུ་དང་སྦྱར་ཏེ་བསྟོད་པས། རྟག་ཁྱབ་ཀྱི་ཕྲིན་ལས་ལ་ལྷག་པར་ཐུགས་གཞོལ་བར་མོས་པའོ། །གསུམ་པ་གསལ་བརྟན་དག་གསུམ་ལ་བསླབ་པ་ལ། དང་པོ་རྣམ་པ་གསལ་བ་ནི། སྤྱིར་ཕྲིན་ལས་སྔོན་དངོས་ཀྱི་ཆིངས་གོང་འོག་ཏུ་བཤད་པ་ལྟར་ཡིན་ཀྱང་གཙོ་བོར་ཐ་མལ་བདག་དང་བདག་གི་བའི་དངོས་ཞེན་དང་འཛིན་སྟངས་འགལ་བའི་བསྐྱེད་རིམ་གྱི་ཏིང་འཛིན་ལྷག་པར་ལམ་དུ་བྱེད་དགོས་ཤིང༌། དེ་ལ་ཡང༌། སྙིང་བྱང་ལས། ཁྱད་པར་སྐྱེ་བའི་རིམ་པ་སྦྱང་བའི་ཕྱིར༔ ཐ་མལ་སྣང་ཞེན་འགོག་པ་བསྐྱེད་རིམ་སྟེ༔ རྫུས་སྐྱེས་སྦྱོང་ཕྱིར་སྐད་ཅིག་དྲན་རྫོགས་དང༔ དྲོད་སྐྱེས་སྦྱོང་ཕྱིར་ས་བོན་སྤྲོ་བསྡུས་བསྐྱེད༔ མངལ་སྐྱེས་སྦྱོང་ཕྱིར་ས་བོན་ཕྱག་མཚན་སྐུ༔ སྒོང་སྐྱེས་སྦྱོང་ཕྱིར་རྒྱུ་འབྲས་ཧེ་རུ་ཀ༔ ཀུན་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང༔ ཞལ་ཕྱག་མཚན་ཉིད་ཡོངས་སུ་རྫོགས་པར་གསལ༔ ཞེས་པ་ལྟར་སྲིད་པ་སྐྱེ་བའི་རིམ་པ་དང་མཐུན་པར་བསྒོམ་པ་ལ། སྦྱང་བྱ་ནང་བཅུད་ཀྱི་སེམས་ཅན་སྐྱེ་གནས་བཞིས་བསྡུས་པའི་བག་ཆགས། སྦྱོང་བྱེད་སྣང་ལ་རང་བཞིན་མ་གྲུབ་པའི་སྟོང་གཟུགས་ཆུ་ཟླ་འཇའ་ཚོན་ལྟ་བུའི་ལྷ་སྐུ་བསྒོམས་པས། སྦྱངས་འབྲས་གཟུགས་སྐུ་གཉིས་འགྲུབ་པའི་ཉེར་ལེན་དུ་འགྱུར་བ་སྟེ། དེ་ལ་དབྱེ་ན་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཤིན་ཏུ་སྤྲོས་མེད་རྫུས་སྐྱེས་སྦྱང་བ། སྤྲོས་མེད་དྲོད་གཤེར་སྐྱེས་དང་མཐུན་པར་སྔགས་ཙམ་གྱིས་བསྐྱེད་པ། སྤྲོས་པ་ཆུང་བ་ལ་མངལ་སྐྱེས་དང་མཐུན་པར་མངོན་བྱང་གིས་བསྐྱེད་པ། སྤྲོས་བཅས་སྒོང་སྐྱེས་དང་མཐུན་པ་རྒྱུ་དང་འབྲས་བུའི་ཧེ་རུ་ཀའམ་བདག་སྲས་གཞན་སྲས་སུ་བྱ་བ་རྒྱུད་དང་སྒྲུབ་སྡེའི་དགོངས་པ། རྒྱས་པ་ཆེན་པོའི་བསྐྱེད་རིམ་ཞེས་དབང་པོ་ཡང་རབ་འབྲིང་ཐ་གསུམ་ལ་དགོངས་པའི་བསྐྱེད་རིམ་གྱི་རྣམ་གྲངས་བཞིར་གསུངས་ཤིང༌། དེ་ལ་བསྒོམ་ཚུལ་ཡང་བག་ཆགས་སྦྱོང་ཚུལ་ལ་ལྟོས་ན་སྐྱེ་བ་བཞི་པོ་གང་གིས་བསྡུས་པ་དེས་དེ་དང་མཐུན་པར་བསྒོམ་པ་དང༌། ཐོག་མེད་ཀྱི་བག་ཆགས་སྦྱང་ཕྱིར་རེ་རེས་ཀྱང་ཐམས་ཅད་བསྒོམ་པ་དང༌། གང་ཟག་གི་ཁྱད་པར་གྱིས། ལས་དང་པོ་པ་དང༌། སེམས་ཅུང་ཟད་བརྟན་པ། བརྟན་པ་ཆེར་ཐོབ་པ། ཤིན་ཏུ་ཐོབ་པའི་གོ་རིམ་དང་སྦྱར་ནས་རྒྱས་འབྲིང་བསྡུས་པ་སྐད་ཅིག་དྲན་རྫོགས་བསྒོམ་པ་ཀུན་མཁྱེན་ཀློང་ཆེན་པས་གསུངས་པ་ལྟར་ཤེས་དགོས་པ་ནི་སྤྱི་ཡི་ཆིངས་ཏེ། བྱེ་བྲག་ཏུ་བསྐྱེད་ཚུལ་གང་ཡང་རུང་བ་གཅིག་ལ། ཡང་སྙིང་བྱང་ལས། དེ་ལ་ཐོག་མར་རིམ་གྱིས་གོམས་པའི་ཕྱིར༔ བདག་ཉིད་ཕྱག་རྒྱ་གཅིག་པའི་སྐུར་བསྒོམ་ལ༔ ཞེས་དང༌། དེ་ནས་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ལ༔ སེམས་བཟུང་རིམ་གྱིས་གསལ་སྣང་འགྲུབ་པ་དང༔ རིགས་ཀྱི་ཚོམ་བུ་མཁའ་དང་མཉམ་པར་སྤྲོ༔ སྣང་སྲིད་གཞིར་བཞེངས་རིག་འཛིན་རྩལ་འཆང་གི༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ཏིང་འཛིན་གྱིས༔ ཚོམ་བུ་དང་བཅས་ཚོགས་ཀྱི་སྤྱོད་པ་ལ༔ བརྟེན་ནས་བླ་མེད་དངོས་གྲུབ་སྒྲུབ་པ་ནི༔ གནས་དུས་སྟོན་འཁོར་ཡོ་བྱད་ཕུན་ཚོགས་པ༔ ས་ཡི་ཆོ་ག་ཚུལ་བཞིན་བྱ་བ་དང༔ ཕྱི་ནང་གསང་བའི་མཚམས་ཀྱི་ཕྲིན་ལས་བསྒྲུབ༔ ཏིང་འཛིན་རྟེན་དུ་མཚན་མའི་དཀྱིལ་འཁོར་ནི༔ གཟུགས་བརྙན་གསལ་རྫོགས་རྒྱན་གྱིས་བརྒྱན་པ་བཞེངས༔ བདག་དང་འཁོར་རྣམས་རང་བྱུང་དཀྱིལ་འཁོར་ལྷ༔ ཐབས་དང་ཡེ་ཤེས་དབྱེར་མེད་ཉིད་དུ་བསྒོམ༔ ཞེས་གསུངས་པ་ལྟར་ལུས་ཅན་རྣམས་བྱིས་པ་དང༌། དར་ལ་བབ་པ། རྒན་པོའི་གནས་སྐབས་ཏེ་སྐྱེ་བའི་སྲིད་པ་གཅིག་ལ་གསུམ་དུ་འགྱུར་བ་དང་མཚུངས་པར། སྦྱོང་བྱེད་རྩ་བའི་ལྷ་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་ཀྱི་ཚུལ་དུ་ཉམས་སུ་བླངས་པས། གང་ཟག་གཅིག་གི་རྒྱུད་ལ་དབང་པོ་རྟུལ་འབྲིང་རྣོ་གསུམ་གསུམ་དུ་ན་འཕོ་བའི་དགོས་པ་དང་ལྡན། ལས་དང་པོ་པས་དཀྱིལ་འཁོར་ལ་གསལ་སྣང་ཐོབ་དཀའ་ཡང་ལྷག་པར་མོས་པས་བསྒོམ་པས་རྒྱུད་སྨིན་བྱེད་སྟོབས་ཆེ་བའི་ཕྱིར། སྙིང་བྱང་ལས། བདག་ཉིད་ཕྱག་རྒྱ་གཅིག་པའི་སྐུར་བསྒོམ་ལ༔ ཞེས་པ་ལྟར། དཔེར་ན་ཚུལ་འདིའི་ལས་བྱང་རྒྱུན་གྱི་བཀོལ་བྱང་ལྟ་བུའི་དགོངས་པ་དང་འབྲེལ་ལྷ་སྐུ་ཕྱག་རྒྱ་གཅིག་པ་དཀྱིལ་འཁོར་སྤྲོ་བསྡུས་བྱེད་པོ་གཙོ་བོ་སྣང་སྲིད་ཟིལ་གནོན་ལྟ་བུ་སེམས་བཟུང་སླ་ས་ནས་བརྩམས་དེའི་ཞལ། དེ་ལ་སྤྱན། ཤངས། རྫི་མ། མཆུ་སྒྲོས། སྙན། ཞི་ཁྲོའི་ཉམས་འགྱུར། ལང་ཚོའི་མདངས་སོགས་ཆ་ཤས་རེ་རེ་ནས་སེམས་བཟུང་སྟེ་ཟིན་པས་གསལ་སྣང་སྐྱེས་པ་དང་གཅིག་ཆར་དུ་གསལ་འདེབས། དེ་ཟིན་པ་དང་དབུ་ཞྭ། སྙན་རྒྱན། སྐུ། ཕྱག །ཞབས། ན་བཟའ། བཞུགས་སྟངས། ཕྱག་མཚན། གདན་སེང་ཁྲི་པད་ཟླ། རིགས་བདག་གཉིས་བཅས་གསལ་ལ་རྙོགས་པ་མེད་པའི་རྫིང་བུ་གསལ་དྭངས་ནང་དུ་གཟུགས་བརྙན་སྣང་བ་ལྟར་གསལ་བཀྲ་མ་འདྲེས་པར་མངོན་སུམ་བཞིན་བསྒོམ། དེ་ནས་ཕྲིན་ལས་སྙིང་འབྲིང་གང་རུང་དང་འབྲེལ། སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་སྒོ་བ་བཞི། གཞལ་ཡས་ཁང་སུམ་བརྩེགས། དབྱིབས་རྒྱན་ཆས་སོགས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་རྩལ་སྦྱངས། དེ་ལ་བརྟན་པ་ཐོབ་པ་དང་ཕྲིན་ལས་རྒྱས་པའི་འགྲོས་ཀྱིས་ཚོམ་བུ་ཚོགས་སུ་སྒྲུབ་པས་མྱུར་དུ་མཐོང་ལམ་གྱི་ཡེ་ཤེས་ལ་སྦྱོར་བའི་གནད་ཤེས་པས་ཕྱི་རོལ་གཟུགས་ཕུང་ཐ་མལ་དུ་སྣང་བ་རྣམས་སྦྱོང་བའི་ཕྱིར་གསལ་སྣང་གི་ཏིང་འཛིན་ཉམས་སུ་ལེན་པར་བྱ་དགོས་སོ། །གཉིས་པ་ང་རྒྱལ་བརྟན་པ་ནི། སྙིང་བྱང་ལས། དུས་ཀུན་ལྷ་དང་དབྱེར་མེད་ང་རྒྱལ་བཟུང༔ ཞེས་པ་ལྟར། རང་ཉིད་ལྷ་དེར་ཤེས་པ་ཙམ་གྱི་ང་རྒྱལ་མ་ཡིན་པར་འབྲས་དུས་ཀྱི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་མཐའ་དག་རྫོགས་པ་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་དྲན་པས་སྲིད་ཞིའི་གདུང་སེལ་དེ་ཉིད་དངོས་སུ་མོས་པའི་ང་རྒྱལ་བརྟན་པོ་དང༌། གསལ་སྣང་ཐོན་ནས་དེ་ཉིད་ཡེ་ཤེས་ཀྱི་སྐུར་དངོས་སུ་ངེས་པའི་ཤེས་པ་དྲག་པོས་རང་སེམས་ཐ་མལ་དུ་འཛིན་པའི་སེམས་སྦྱོང་བར་བྱེད་པ་ཡིན་ནོ། །གསུམ་པ་དག་པ་དྲན་པ་ནི། སྙིང་བྱང་ལས། གཞི་འབྲས་ཟུང་འཇུག་ལམ་གྱི་མཚོན་པའི་ཕྱིར༔ ཐ་མལ་སྣང་ཞེན་འགོག་པའི་རྣམ་དག་བསྒོམ༔ ཞེས་པ་ལྟར། རྒྱས་པར་ལྷ་བསྐྱེད་ཀྱི་སྐབས་སུ་ཅུང་ཟད་བསྟན་པས་མཚོན་དཀྱིལ་འཁོར་རྟེན་བརྟེན་པའི་བརྡ་དོན་རྟགས་གསུམ་རེ་རེ་ནས་དྲན་པར་བྱ་དགོས་ཀྱང་མདོར་བསྡུ་ན་སྡུག་བདེན་གྱི་རྟེན་དུ་གྱུར་པའི་ཐ་མལ་གྱི་ལུས་མ་ཡིན་པར་ཆོས་ཉིད་ཀྱི་སྟེང་ན་འབྲས་བུ་རྣམ་བྱང་གི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས་ཡོན་ཏན་གང་དང་གང་ལྷ་དེ་དང་དེའི་ངོར་གདོད་ནས་དག་པར་བཞུགས་པ་ལ། ཏིང་ངེ་འཛིན་བསྒོམ་པའི་ལྷ་དེ་ཡང་དེ་ལས་གཞན་དུ་མ་གྱུར་པར་རྣམ་པར་དག་པར་མོས་པས་སྣང་ཞེན་ཐམས་ཅད་ཀྱང་གདོད་ནས་རྣམ་པར་དག་པའི་ལྷ་ཡེ་ཤེས་ཀྱི་འཁོར་ལོ་རུ་སྦྱོང་བར་བྱེད་དོ། །བཞི་པ་སྲོག་སྡོམ་གཟེར་བཞི་བཤད་པ་ལ། ཏིང་ངེ་འཛིན་གྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར་བཤད་པའོ། །དང་པོ་ནི། སྙིང་བྱང་ལས། རྣམ་པ་གསལ་བ་འཇའ་ཚོན་ལྟ་བུ་སྟེ༔ རབ་ཀྱིས་རང་བཞིན་ཡོངས་གྲུབ་ཆེན་པོར་བལྟ༔ འབྲིང་གིས་སྤྱི་དང་བྱེ་བྲག་མ་འདྲེས་གསལ༔ ཐ་མས་ཏིང་འཛིན་དགོངས་པ་མི་འགྱུར་གཟེར༔ ཞེས་པ་ལྟར། སྦྱང་བྱ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པའི་གནས་ལུགས། སྦྱངས་འབྲས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་ངོ་བོར་གདོད་ནས་དག་པར་ཡིན་ཀྱང༌། སྣང་ཚུལ་མ་དག་པ་ལྟར་ཤར་ནས་སྲིད་པའི་རྒྱུ་འབྲས་སྤྱོད་པ་ཉིད། སྦྱོང་བྱེད་སྲོག་སྡོམ་གཟེར་བཞི་མན་ངག་གི་གནད་དུ་བསྣུན་པས་མཐར་ཐུག་གི་ཡིན་ལུགས་མངོན་དུ་བྱེད་ནུས་པས་འཁོར་འདས་མཉམ་ཉིད་དུ་དག་པའི་སྲོག་གི་གཟེར་བུས་བསྡོམས་ན་སྒྲུབ་པོའི་སྒོ་གསུམ་བྱ་བྱེད་དང་བཅས་པ་ལྷའི་སྐུ་གསུང་ཐུགས་དང་ཕྲིན་ལས་དང་བཅས་པའི་གནས་སྣང་གཉིས་ཀ་དག་པ་ཆེན་པོར་ལམ་དུ་ཁྱེར་བས་བསྐྱེད་རྫོགས་ཟུང་འཇུག་གི་གནད་ཐུན་མོང་མ་ཡིན་པ་སྔ་འགྱུར་རྙིང་མའི་ཁྱད་ཆོས་སུ་ངེས་པས་ན་དེའི་དོན་མདོ་ཙམ་བཤད་པ་ལ། སྙིང་བྱང་ལས། མཚན་ཉིད་ཚང་བའི་བྲིས་སྐུ་མདུན་དུ་བཀྲམ༔ དེ་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་གཏད༔ ཞེས་པ་ལྟར། ལྷ་སྐུ་མཚན་ཉིད་དང་ལྡན་ཞིང་རབ་གནས་ཅན་ཡིད་འཛིན་ནུས་པ་དམིགས་རྟེན་དུ་བྱས་ནས་མིག་གི་ལྟ་སྟངས། རླུང་གི་འགྲོ་ལྡོག །ཡིད་ཀྱི་འཛིན་སྟངས་གསུམ་ཡ་མ་བྲལ་བས་དམིགས་རྟེན་ལ་རྩེ་གཅིག་ཏུ་གཏད་དེ་ཡུན་ཐུང་ལ་གྲངས་མང་བར་བསྒོམས་པས། གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ། ཐོབ་པའི་ཉམས་གཅོང་རོང་གི་ཀླུང༌། གོམས་པའི་ཉམས་ཆུ་དལ་འབབ། བརྟན་པའི་ཉམས་མཚོ་རླུང་གིས་མ་བསྐྱོད་པ། མཐར་ཕྱིན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་རྣམས་རིམ་གྱིས་འཆར་ཞིང༌། སྙིང་བྱང་ལས། གསལ་སྣང་ཤར་ནས་བྱིང་རྒོད་སྐྱོན་སྤང་ལ༔ ལྷ་སྐུ་སྣང་སྟོང་ཟུང་འཇུག་ངང་དུ་བཞག༔ རྣམ་རྟོག་རྙོགས་མ་ཞི་བའི་ཉམས་མྱོང་སྐྱེ༔ སྐབས་སུ་ངལ་གསོ་ཤེས་པ་རྣལ་དུ་དབབ༔ སྐབས་སུ་ཏིང་འཛིན་རོལ་རྩལ་ཅིར་ཡང་བསྒྱུར༔ ཞེས་པ་ལྟར། དེའི་ཚེ་བྱིང་རྒོད་རྨུག་འཐིབ་བཏང་སྙོམས་ཀྱི་སྐྱོན་བསལ་ཞིང༌། སྐབས་སུ་སེམས་གཉུག་མའི་ངང་དུ་ངལ་གསོ། ལྷ་སྐུ་ཆེ་ཆུང་མདོག་དབྱིབས་སྤྱོད་ལམ་ཉེ་རིང་བཞུགས་གནས་མ་ངེས་པར་རྩལ་སྦྱོང་ཞིང་ལམ་དུ་སློང༌། ལྷ་དང་རང་སེམས་ཆོས་ཉིད་གསུམ་གཅིག་ཏུ་བསྲེ་བའི་བོགས་འབྱིན་རྣམས་ལ་བསླབ། ཐུན་མཚམས་སུ། སྙིང་བྱང་ལས། སྣང་སྲིད་ཐམས་ཅད་སྒྱུ་མའི་ལྷ་སྔགས་དང༔ ཡེ་ཤེས་ཆེན་པོའི་ངོ་བོར་ལམ་དུ་ཁྱེར༔ ཞེས་པ་ལྟར། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ། བགོ་བ་ཞི་ཁྲོའི་ཆས། བཟའ་བཏུང་ཚོགས་འཁོར། འགྲོ་འདུག་རྡོ་རྗེའི་གར་སོགས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བར་བྱས་པས་སྣང་ཆ་ལྷ་སྐུ་རུ་གསལ་བས་སྟོང་པ་ཕྱོགས་གཅིག་ཏུ་མི་གོལ། ཀུན་རྫོབ་ལམ་དུ་བྱེད་པས་བདེན་གཉིས་ཟུང་དུ་འཇུག །དངོས་པོའི་ཨ་འཐས་སྤངས་བས་ཐ་མལ་བདེན་ཞེན་སྤོང༌། ཆོ་གའི་ཡན་ལག་རྫོགས་པས་བསོད་ནམས་ཀྱི་ཚོགས་རྫོགས། སྐུའི་རྣམ་པ་གསལ་བས་གཟུགས་སྐུའི་ཉེ་རྒྱུ་འགྲུབ། འབྲས་བུའི་བཞུགས་ཚུལ་དང་མཐུན་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནད་དྲུག་དང་ལྡན་པར་དགོས་གསུངས། དེ་ལྟར་གོམས་པས་ཡིད་དང་སེམས་ཤིན་སྦྱང་གིས་དབང་པོ། ལུས་ཤིན་སྦྱང་གིས་ལུས་ལྷ་དངོས་སུ་གསལ་བ་གསུམ་དང༌། གཞན་སྣང་ཟིལ་གྱིས་གནོན། ལས་དང་དངོས་གྲུབ་ལ་ཐོགས་པ་མེད་པར་འགྱུར་རོ། །གཉིས་པ་སྙིང་པོ་སྔགས་ཀྱི་གཟེར་ལ། བསྙེན་སྒྲུབ་ཛཔ་ཀྱི་བཀོལ་བྱང་ལས། ཡང་ཟབ་ཐུགས་ཀྱི་སྒྲུབ་པའི་བཅུད༔ བར་ཆད་ཀུན་སེལ་ནང་སྒྲུབ་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི༔ ཛཔ་བཟླས་དམིགས་པའི་འཕྲུལ་འཁོར་འདི༔ ད་ལྟའི་སྣོད་ལྡན་རྗེ་འབངས་དང༔ ཕྱི་རབས་སྐྱེས་བུའི་དོན་དུ་བསྟན༔ ཞེས་གསུངས་པ་ལྟར། དཀྱིལ་འཁོར་གཙོ་བོ་ལ་བརྟེན་ནས་བསྙེན་པ། འཁོར་སྤྱི་དང་བྱེ་བྲག་ལ་བརྟེན་ནས་སྒྲུབ་པ། དཔའ་བོ་རིགས་བཞི་ཡབ་ཡུམ་ལ་བརྟེན་ནས་ལས་སྦྱོར་གསུམ་ལས། དང་པོ་བསྙེན་སྒྲུབ་གཉིས་ལ་སྦྱོར་བ་ཛཔ་ཀྱི་ཕྲིན་ལས་བསྐུལ་བ། དངོས་གཞི་བཟླས་དམིགས་གསལ་བཏབ་སྟེ་བཟླས་པ་བྱ་བ། མཇུག་སྟོང་ཚིག་གི་མཆོད་བསྟོད། མཐའ་བརྟེན་གསོལ་འདེབས་ཀྱི་སྒོ་ནས་བཞི་བསྟོད་བྱ་བ་སྟེ་བཞི་ལས། དང་པོ་བསྙེན་ལའང་ཛཔ་བཀོལ་ལས། བདག་དང་གཞན་དོན་གཉིས་མེད་གསུམ༔ ཞེས་པ་ལྟར། བདག་དོན་བྱིན་རླབས་དངོས་གྲུབ་བསྡུ་བས་རིག་འཛིན་ཚེ་ཡི་སྒྲུབ་པ་ལ། ཛཔ་སྤྱིའི་ཁོག་དབུབ་དང༌། ཛཔ་བཟླས་དངོས་སོ། །དང་པོ་ལའང༌། ཐོག་མར་དམ་ཡེ་དབྱེ་བ། བར་དུ་བཟླས་པ་དངོས། མཐར་དཀྱིལ་འཁོར་བསྡུ་བའོ། །དང་པོ་ནི། ཕྲིན་ལས་གཞུང་ལས། དྲུག་པ་ཛཔ་ཀྱི་ཕྲིན་ལས་ལ༔ དང་པོ་དམ་ཡེ་དབྱེ་བ་ནི༔ ཞེས་སོགས་ཀྱིས་བསྟན་པ་ལྟར། ་བི་ཤྭ་བི་ཤུདྡྷེ་སོགས་སྔགས་བརྗོད་པས། བདག་དམ་ཚིག་གི་འཁོར་ལོའི་དཀྱིལ་འཁོར་གསལ་བརྟན་གཟི་བརྗིད་འབར་བ་ལས་སྔར་དབྱིངས་ནས་སྤྱན་དྲངས་ཤིང་བསྟིམས་པའི་ཡེ་ཤེས་ལྷའི་འཁོར་ལོ་སྔགས་བརྗོད་པའི་རྐྱེན་གྱིས་ལོགས་སུ་ཕྱེ་སྟེ་བདག་དང་མདུན་བསྐྱེད་མེ་རི་འདབས་འབྱོར་གྱི་ཚུལ་དུ་ཞལ་སྤྲོད་ཀྱིས་བཞུགས་པ་ལ། བདག་མདུན་གཉིས་ཀའི་ཐུགས་སྲོག་སྙིང་པོའི་མཐར་རང་རང་གི་སྔགས་ཕྲེང་སྒྲ་དང་བཅས་པ་འཁོར་ཞིང་ལས་མཐུན་གྱི་འོད་ཟེར་འཕྲོ་བར་བསྒོམ། གཉིས་པ་ཛཔ་བསྐུལ་དང་བཟླས་པ་དངོས་བཅས་འོག་ཏུ་འབྱུང་ལ། གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། སྟོང་ཚིག་གི་མཆོད་པ། གསོལ་འདེབས་ཀྱི་སྒོ་ནས་གཞི་བསྟོད། ནོངས་བཤགས། རིག་པའི་མེ་ཏོག་དོར་བས་ཛཔ་ཁང་བསྡུ་ཞིང་གཉིས་མེད་དུ་བསྲེ་བའོ། །གཉིས་པ་ཛཔ་བཟླས་དངོས་ལ་གསུམ་ལས། དང་པོ་ཛཔ་ཀྱི་ཕྲིན་ལས་བསྐུལ་བ་ནི། ཧཱུྃ་ཧྲཱི༔ རིགས་བདག་ཚེ་དཔག་མེད་མགོན་དབྱིངས་ནས་བཞེངས༔ ཞེས་སོགས་ཏེ་གདུང་ཤུགས་སྤོས་རོལ་དབྱངས་དང་བཅས་པས་བསྐུལ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་དང་ཁྱད་པར་ཆོས་སྐུ་ཚེ་དཔག་མེད་ཀྱིས་སྔོན་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས་ད་ལྟའི་བར་གྱི་གདུལ་བྱའི་དོན་དུ་མཚན་ཐོས་པ་ཙམ་གྱི་དུས་མིན་འཆི་བའི་འཇིགས་པ་སྐྱོབ་པ་སོགས་ཇི་ལྟར་གཡར་དམ་དུ་བཞེས་པ་དག་རྗེས་སུ་བསྐུལ་ན་རྡོ་རྗེའི་ཐུགས་དམ་ཆེན་པོས་དགོངས་ལ་སྣང་སྲིད་སྣོད་བཅུད་ཀྱི་སྣང་ཆ་ཐམས་ཅད། འཆི་མེད་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གྱི་ལྷ་རུ་བཞེངས་ཏེ། སྒྲ་གྲགས་ཀུན་ཛཔ་དབྱངས། ཐུགས་འོད་གསལ་མཁྱེན་བརྩེའི་དགོངས་པས་སྒྱུ་འཕྲུལ་དྲྭ་བའི་གར་དང༌། རྡོ་རྗེའི་གླུ་བཅས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བ་ལ་དགོངས་པ་རྩེ་གཅིག་ཏུ་གཏད་པར་བསམ་པ་དང༌། གཉིས་པ་དངོས་གཞིའི་བཟླས་དམིགས་ནི། སྤྱི་བོའི་རིགས་བདག་ཚེ་དཔག་མེད་མགོན་སོགས་ཏེ། ཛཔ་བསྐུལ་ལས། བདག་ཉིད་པདྨ་ཐོད་ཕྲེང་ནི༔ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཏེ༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀྱང༔ དབྱིངས་ལས་བྱུང་ཞིང་དབྱིངས་སུ་འདུ༔ དེ་བཞིན་སྔགས་དང་ཕྱག་རྒྱ་དང༔ བསམ་ཡས་ལས་ཀྱི་བྱེ་བྲག་ཀུན༔ གང་འདུལ་དེར་སྣང་ཅིར་ཡང་སྟོན༔ དད་ལྡན་དངོས་གྲུབ་སྒྲུབ་པ་ལ༔ བསླུ་བ་མེད་ཅིང་བྱིན་རླབས་མྱུར༔ ཞེས་གསུངས་པ་ལྟར་ལྷ་སྔགས་ཏིང་འཛིན་གྱི་སྤྲོ་བསྡུ་ཐམས་ཅད་དཀྱིལ་འཁོར་ལྷའི་ཡེ་ཤེས་གཅིག་གི་རོལ་རྩེད་གང་འདུལ་དུ་སྟོན་པས་ཐ་དད་དུ་མ་མཆིས་པས། ལས་དང་པོ་བའི་གང་ཟག་ལ་ལྷ་ཉིད་སྔགས་ཀྱི་རྣམ་པར་བསྟན་པས་བརྗོད་བྱའི་ཡུལ་དུ་གྱུར་པ་དང༌། བཟླས་པས་ལས་དང་དངོས་གྲུབ་ཐམས་ཅད་རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་གྱིས་བྱེད། ལྷ་དེའི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་དང་ནུས་པ་སྔགས་དེ་ལའང་མངའ་བ། བསྐྱེད་རྫོགས་ཀྱི་ཏིང་འཛིན་དང་མ་ལྡན་ཀྱང་དད་ཅིང་མོས་པ་ཁོ་ནས་བཟླས་ན་ཡང་དངོས་གྲུབ་སྩོལ་བའི་ནུས་པ་ཅན་ཐབས་ཤེས་ཀྱི་ཡི་གེ་འདུས་པ་ལས་བྱུང༌། ལུས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ། དཀྱིལ་འཁོར་གྱི་ལྷའི་ཐུགས་སྲོག་ས་བོན་དང་གསུང་གི་རྣམ་པ་སངས་རྒྱས་ལོངས་སྤྲུལ་གྱི་སྐུ་ལས་ཡི་གེའི་སྤྲིན་སྤྲོ་བས་འགྲོ་བའི་དོན་མཛད་པ། ངག་གི་གདངས་སྒྲ་དང༌། མཚོན་བྱེད་དབྱིབས། རང་སྣང་ཡི་གེའི་སྤྲིན་སོགས་སུ་ཤར་བ། ཐ་སྙད་འཇིག་རྟེན་གྱི་སྤྱོད་ཡུལ་རྣམས་ལས་ཡི་གེའི་མཐུ་དང་ངོ་མཚར་ཆེ་བ་མེད་དེ། ཀུན་བྱང་གིས་བསྡུས་པའི་དོན་ཐམས་ཅད་གསལ་ནུས་པས་སངས་རྒྱས་ཀྱི་མཛད་པའང་ཡི་གེའི་དངོས་དང་བརྒྱུད་ནས་སྒྲུབ་པའི་སྣང་ཆ་མ་འགག་བཞིན་དུ། དོན་དམ་བརྗོད་མེད་ཀྱི་དབྱིངས་སུ་བབ་པའི་བདེན་གཉིས་མཉམ་པ་ཉིད་ཡི་གེ་འབྲུ་གཅིག་གི་སྟེང་དུ་གནས་པ་མཐོང་ན་གཟུངས་ཀྱི་སྒོ་བཞི་ཐོབ་པར་གསུངས་ཤིང༌། སྤྱིར་ཡི་གེ་ཐམས་ཅད་ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་ཕྱག་རྒྱ་ལས་མ་འདས་པས་ཆོས་ཉིད་ངོ་བོས་གྲུབ་པ། སྔགས་ཀྱི་རྣམ་པ་གང་ཞིག་མཆོག་ཐུན་གྱི་དངོས་གྲུབ་དེ་སྒྲུབ་པར་བྱེད་པའི་བདག་ཉིད་དུ་བསླུ་མེད་ཀྱིས་གྲུབ་པ་ཆོས་ཅན་རང་བཞིན་གྱིས་གྲུབ་པ། ལྷ་སོ་སོའི་ཐུགས་སྲོག་སྔགས་ཀྱི་རྣམ་པས་གདུལ་བྱ་གང་འདུལ་གྱི་ཕྲིན་ལས་དེའི་རྣམ་པ་འཕྲུལ་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་གྲུབ་པ། སྨན་དང་ནོར་བུ་བཞིན་སྔགས་དེ་ཀ་ལས་དངོས་གྲུབ་གང་གསུངས་པ་སྒྲུབ་པའི་ནུས་པ་ལྷན་སྐྱེས་སུ་མངའ་བ་ནུས་པའི་མཐུ་གྲུབ་པ་སྟེ་གྲུབ་པ་བཞི་དང་ལྡན་པར་ཤེས་དགོས་པ་ནི་དངོས་གྲུབ་ཀྱི་སྲོག་རྩ་ཞིག་ཡིན་པར་ཤེས་པར་བྱ་བ་ནི་གསུང་རིགས་སྔགས་སྤྱི་ལ་གལ་ཆེ་བའི་གནད་ཡིན་ཞིང༌། བདག་དོན་བྱིན་རླབས་དངོས་གྲུབ་བསྡུ་བའི་དམིགས་པ་དངོས་ནི་བཟླས་དམིགས་ཀྱིས་གསལ་བ་ལྟར་རོ། །བྱེ་བྲག་བཟླ་བྱའི་སྔགས་དོན་ནི། ཨོཾ་ནི་གྲུབ་པ་དང་བཀྲ་ཤིས་པའི་དོན་ཡེ་ཤེས་ལྔ་འདུས་ཀྱི་ཡི་གེས་མགོ་དྲངས་ཏེ། ཨ་མཱ་ར་ཎ་ཞེས་ཨ་ཐུང་དགག་པའི་སྒྲ་ཡིན་ཅིང༌། མཱ་ར་ཎ་འཆི་བ་ལ་འཇུག་པས་སྒྲ་སྦྱར་ན་མི་འཆི་བའམ། འཆི་མེད་ཅེས་བཅོམ་ལྡན་འདས་ཉིད་ལ་བོས་ནས། ཛཱི་ཝནྟེ་འཚོ་བ། སྭཱ་ཧཱ་གཞི་ཚུགས་པའི་དོན་ཏོ། །གསུམ་པ་བཟླས་པ་གྲུབ་མཚམས་མཇུག་སྟོང་ཚིག་གི་མཆོད་བསྟོད། ཡེ་ཤེས་ལྷ་ཚོགས་སོགས་དང༌། ཧྲཱིཿ ངོ་མཚར་ཕུན་ཚོགས་བདེ་ཆེན་ཞིང་སོགས་བཞི་བསྟོད་ཀྱིས་མཇུག་བསྡུ་བ་དང༌། དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཀྱི་རྟགས་འབྱུང་ཚུལ་བཅས་གཞུང་དུ་གསལ་བ་འོག་མ་ཀུན་ལ་འགྲེའོ། །གཉིས་པ་འགྲོ་འདུལ་འཕགས་པ་ལ་བརྟེན་པའི་གཞན་དོན་རིགས་དྲུག་དོང་སྤྲུགས་ཀྱི་ཏིང་འཛིན་ནི། སྤྱི་ཆིངས་ས་བཅད་གསུམ་སྔར་ལྟར་ལ། བྱེ་བྲག་འགྲོ་འདུལ་འཕགས་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདང་འདབ་མ་ལ་ཡི་གེ་དྲུག་གསལ་བའི་སྤྲོ་བསྡུས་རིགས་དྲུག་འཁྲུལ་པའི་རྒྱུ་འབྲས་སྦྱངས་ཤིང་ཡེ་ཤེས་དྲུག་གིས་འཕགས་པའི་གོ་འཕང་ལ་བཀོད་པར་བསམ་ལ། སྔགས་དོན་ནི། ཛཔ་བསྐུལ་རྒྱས་པའི་དགོངས་པ་ལྟར་ན། ཨོཾ་སྦྱོང་བྱེད་འོད་གསལ་ཡེ་ཤེས་ཀྱི་རང་མདངས་འོད་ཟེར་དཀར་པོས། སྦྱང་བྱ་ལྷའི་སྡུག་བསྔལ་འཕོ་ལྟུང༌། རྒྱུ་ཉོན་མོངས་པ་ང་རྒྱལ་དག་ནས། སྦྱངས་འབྲས་རིགས་དྲུག་ཀུན་འདུས་འགྲོ་འདུལ་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་ལ་བཀོད་པའོ། །དེ་བཞིན་དུ་མ་བྱ་གྲུབ་ཡེ་ཤེས་འོད་ཟེར་ལྗང་གུ །ལྷ་མིན་ཕྲག་དོག་དང་འཐབ་རྩོད། ལས་ཀྱི་རིགས་ཀྱི་འཕགས་པ་རྡོ་རྗེ་སྙིང་པོ། ཎི་སོར་རྟོག་ཡེ་ཤེས། འོད་ཟེར་དམར་པོ། མི་འདོད་ཆགས་བྲེལ་ཕོངས། པདྨ་རིགས་ཀྱི་འཕགས་པ་པདྨ་གཙུག་ཏོར། པད་ཆོས་དབྱིངས་ཡེ་ཤེས། །འོད་ཟེར་དཀར་པོ། དུད་འགྲོ་གཏི་མུག་དང་གླེན་ལྐུག །འཕགས་པ་སེམས་ཉིད་ངལ་གསོ། མེ་མཉམ་ཉིད་ཡེ་ཤེས། འོད་ཟེར་སེར་པོ། ཡི་དྭགས་བཀྲེས་སྐོམ་དང་སེར་སྣ། འཕགས་པ་དོན་ཡོད་ཞགས་པ། ཧཱུྃ་མེ་ལོང་ཡེ་ཤེས་འོད་ཟེར་མཐིང་ག །དམྱལ་བ་ཞེ་སྡང་དང་ཚ་གྲང༌། རྡོ་རྗེ་རིགས་ཀྱི་འཕགས་པ་འཁོར་བ་དོང་སྤྲུགས་སུ་གསུངས་པ་ལྟར་རོ། །ཧྲཱིཿནི་ཁྱབ་བྱ་མཁའ་ཁྱབ་རིགས་དྲུག་གི་སེམས་ཅན་ལ། ཁྱབ་བྱེད་འཕགས་པའི་ཐུགས་སྟོང་དང་སྙིང་རྗེ་དབྱེར་མེད་པས་གཟིགས་པའི་མཐུས། ཁྱབ་འབྲས་ཉོན་མོངས་པ་དྲུག་གི་རྒྱུ་འབྲས་སྦྱངས། ཕར་ཕྱིན་དྲུག་དང་ཡེ་ཤེས་དྲུག་གི་སྣང་བ་སྤྱོད་པའི་དོན་ནོ། །གསུམ་པ་རིགས་འདུས་གཙོ་བོ་ལ་བསྟེན་ནས་བདག་གཞན་གཉིས་མེད་ཀྱི་བཟླས་པ་ནི། ཛཔ་བསྐུལ་ལས། དཀྱིལ་འཁོར་གཙོ་བོ་ལ་བསྟེན་ནས༔ ལྷ་སྔགས་རྣམ་པ་ཐམས་ཅད་པའི༔ དམིགས་པའི་བྱེ་བྲག་མཐའ་དག་འབྱུང༔ ཞེས་པ་ལྟར། དཀྱིལ་འཁོར་ཐམས་ཅད་ཀྱི་འཕྲོ་གཞི་རྩ་བའི་ལྷ་སྔགས་ནི་འདི་ཉིད་ཡིན་ལ། དེ་ཉིད་སྐུ་དང་མཚན་གྱི་བཀོད་པ་ཅིར་ཡང་འགྱུར་བས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་ཚུལ་གྱི་འཕྲོ་གཞི་ཡིན་པས་བཟླས་པའི་དངོས་གཞི་འདི་ཉིད་དེ། སྤྱིར་བཟླས་པ་ལའང་ནང་གསེས་སུ་རྣམ་དབྱེ་བཞིར་གསུངས་ཏེ། སྙིང་བྱང་ལེའུ་བཞི་པ་ལས། བསྐྱེད་རིམ་ཡན་ལག་བཟླས་པའི་ཛཔ་དགོངས་ལ༔ བསྙེན་དང་སྒྲུབ་པའི་དམིགས་པ་རྣམ་པ་བཞི༔ ཐོག་མར་རང་གི་ཐུགས་ཀར་ཟླ་བའི་སྟེང༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཟླ་བ་ལ་གནས་མར་མེ་ལྟར་འབར་བའི༔ ཧྲཱིཿཡིག་ཐ་མར་སྔགས་ཀྱི་ཕྲེང་བ་ནི༔ རང་སྒྲ་དང་བཅས་བར་མེད་འཁོར་བ་ལ༔ སེམས་བཟུང་ཟླ་བ་སྐར་ཕྲེང་ལྟ་བུ་ཞེས༔ ལྷ་ཡི་རྒྱུད་བསྐུལ་བསྙེན་པའི་དགོངས་པའོ༔ དེ་ཉིད་ལས་འཕྲོས་སྔགས་ཕྲེང་ཞལ་ནས་ཐོན༔ མདུན་གྱི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་ལྟེ་བའི་པདྨོ་ནས༔ རང་གི་ལྟེ་བར་ཞུགས་ཤིང་སྔར་ལྟར་འཁོར༔ འོད་ཟེར་དྭངས་མ་ཐུགས་ཀྱི་ཐིག་ལེར་འཁྱིལ༔ བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པ་དང༔ དངོས་གྲུབ་མཐའ་དག་དབང་དུ་གྱུར་པར་བསྒོམ༔ འགལ་མེའི་འཁོར་ལོ་ལྟ་བུའི་ཏིང་འཛིན་ཏེ༔ ལྷ་དང་ཉེ་བར་བསྙེན་པའི་དགོངས་པའོ༔ འདི་ནི་རང་འོད་རིག་མའི་ཕྱག་རྒྱ་དང༔ འཁོར་གྱི་ལྷ་ཚོགས་བསྐུལ་ཕྱིར་སྤྲོ་བ་ཡི༔ དམིགས་པའི་བྱེ་བྲག་ཅིར་ཡང་བསྒྱུར་དུ་རུང༔ སྔགས་ལས་འཕྲོས་པའི་འོད་ཟེར་མཆོད་སྤྲིན་གྱིས༔ འཕགས་པ་མཆོད་ཅིང་བྱིན་རླབས་རང་ལ་ཐིམ༔ སྒྲིབ་དག་ཚོགས་རྫོགས་དབང་དང་དངོས་གྲུབ་ཐོབ༔ སླར་འཕྲོས་ཁམས་གསུམ་འགྲོ་བའི་ལས་ཉོན་སྦྱངས༔ རྒྱལ་པོའི་ཕོ་ཉ་ལྟ་བུའི་སྤྲོ་བསྡུ་ཡིས༔ དངོས་གྲུབ་སྒྲུབ་ལ་དབང་བའི་དགོངས་པའོ༔ དེ་ཚེ་ཕྱི་སྣོད་འོག་མིན་རྡོ་རྗེའི་ཞིང༔ ཅིར་སྣང་ལྷ་དང་བརྟན་གཡོའི་སྒྲ་ཀུན་སྔགས༔ དྲན་རྟོག་གཉིས་མེད་ཡེ་ཤེས་རོལ་པའི་ངང༔ སྣང་སྲིད་གཞིར་བཞེངས་ཆེན་པོར་བཟླས་པ་ནི༔ བུང་བ་ཚང་ཞིག་ལྟ་བུའི་རྣལ་འབྱོར་ཏེ༔ དངོས་གྲུབ་སྒྲུབ་པ་ཆེན་པོའི་དགོངས་པའོ༔ དེ་ལྟར་རྡོ་རྗེའི་ཛཔ་དགོངས་རྣམ་པ་བཞི༔ ཕྱག་རྒྱ་གཅིག་དང་ཕྱག་རྒྱ་སྤྲོས་བཅས་དང༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་གཙོ་བོར་སྦྱར༔ སྔ་མའི་གསལ་སྣང་རྫོགས་ནས་ཕྱི་མར་འཇུག༔ འོན་ཀྱང་བདག་ཉིད་རང་བྱུང་པདྨ་ཡི༔ མན་ངག་དགོངས་པ་སྟན་ཐོག་གཅིག་ཉིད་དུ༔ བསྙེན་སྒྲུབ་ཛཔ་དགོངས་ཆིག་དྲིལ་བྱ་བའི་ཚུལ༔ བྱིན་རླབས་རྟག་མཚན་མྱུར་དུ་འབྱུང་ཕྱིར་བསྟན༔ ཞེས་པ་ལྟར་སྤྱིར་བསྙེན་སྒྲུབ་ཡན་ལག་བཞི། དབང་དང་ཆོ་ག་བསྐྱེད་རྫོགས་ལམ་སོགས་གང་ལའང་འཇུག་ཏུ་རུང་མོད། ཀུན་གྱི་གོ་དོན་གནད་གཅིག་པས་འདིར་ཛཔ་དམིགས་ལས་གསུངས་པ་ལྟར་ན། ཡུལ་གཉན་པོ་ལ་འདྲིས་གདགས་པའི་དཔེས། ལྷ་སྔགས་ཏིང་འཛིན་ལ་ཐོག་མར་གོམས་སུ་བཅུག་སྟེ་ཏིང་འཛིན་གྱི་གཞི་སེམས་དཔའ་སུམ་བརྩེགས། ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བརྟན་གྱི་ཏིང་ངེ་འཛིན་ལ་བསླབ་པ་བསྙེན་པ། ཡུལ་གོང་མས་འོག་མའི་རྒྱུད་ཚོད་མཁྱེན་ཅིང་འོག་མས་ཀྱང་གོང་མའི་ཚོད་ལོངས་པས་ཐུགས་ཉེ་བ་ལྟར་བདག་མདུན་དམ་ཡེའི་དཀྱིལ་འཁོར་གཉིས་སུ་བསྒོམས་ལ་འགལ་མེ་ཀླད་བསྐོར་གྱི་དམིགས་བཟླས་ཀྱིས་བདག་གི་འོད་ཟེར་མཆོད་པའི་ཚུལ་གྱིས་མདུན་གྱི་ལྷ་མཉེས། མདུན་གྱི་ཐུགས་སྲོག་ལས་བྱུང་བའི་བྱིན་རླབས་དངོས་གྲུབ་རང་ལ་ཐོབ་པའི་ཐབས་ལ་བརྩོན་པ་ཉེ་བསྙེན། ཡུལ་གོང་འོག་ནང་གཤིན་པས་ཕན་ཚུན་མཉེས་པའི་བྱ་བ་ལ་བརྩོན་པ་དམ་ཡེ་གཉིས་མེད་ཀྱི་དགོངས་པའི་གདིང་གིས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པའི་ཕྲིན་ལས་ལ་རྩལ་སྦྱོང་བ་སྒྲུབ་པ། གོང་མས་འོག་མ་ལ་ལས་སྒྲུབ་པར་བཀའ་བསྒོས་ཤིང་དབུག་འབྱིན་ཏེ་རང་ལའང་ལས་དེ་སྟོབས་ཤུགས་ཀྱིས་བྱས་རྗེས་ཐོན་པ་ལྟར། སྣོད་བཅུད་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་བས་ཐུན་མོང་དང་ཁྱད་པར་གྱི་ལས་རབ་འབྱམས་སྒྲུབ་པ་ནི་སྒྲུབ་པ་ཆེན་པོ་སྟེ། སྤྱིར་རྒྱུད་ཀྱི་དགོངས་པ་སྤྱིར་བཏང་གིས་བསྐྱེད་རིམ་ཕྱག་རྒྱ་གཅིག་སྤྲོས། ཚོགས་སྒྲུབ་སོ་སོར་རྣལ་འབྱོར་པའི་ཏིང་འཛིན་གྱི་གསལ་སྣང་དང་སྦྱར་ཏེ་བཟླས་དམིགས་བཞི་རིམ་ཅན་དུ་སྦྱོར་བ་ཀུན་ལ་གྲགས་ཆེ་ཞིང༌། དེ་ལྟར་ཕྱག་བཞེས་སུ་ཡང་འབྱུང་མོད་རྩ་བའི་བཟླས་དམིགས་འདི་ལྟ་བུ་ལ་བཞི་ཀ་སྦྱར་ཞིང་བསྒོམས་པས་བསྙེན་སྒྲུབ་ལས་གསུམ་གཅིག་ཆོད་ཀྱི་དགོངས་པ་ཐུན་མོང་མ་ཡིན་པའི་མན་ངག་གབ་རྒྱ་ཅན་ཡིན་པས་འདི་ལྟར་ཉམས་ལེན་བྱ་བ་ཤིན་ཏུ་གཅེས་ཤིང༌། བླ་མ་སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་སྤྱི་དང་བྱེ་བྲག་གི་དམིགས་བསྒོམ་བཟླས་པ་ཀུན་ཀྱང་འདི་བཞི་ལས་མ་འདས་པ་ཡིན་ནོ། །སྔགས་དོན་ཀྱང་རྩ་སྔགས་བཛྲ་གུ་རུ་ཉིད་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཏེ། ཨོཾ་ཨཱཿཧཱུྃ་གསུམ་ནི་བླ་མ་སྐུ་གསུམ་གྱི་རྡོ་རྗེའི་གསང་བ་གསུམ་གྱི་སྙིང་པོ་ཡིན་པས་བསྙེན་པ། བཛྲ་གུ་རུ་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝའི་མཚན་དོན་གྱི་སྒྲས་བསྐུལ་བ་སྟེ་གཉིས་མེད་སྒྲུབ་པ་ཉེ་བསྙེན། པདྨ་ནི་གུ་རུ་སྣང་སྲིད་ཟིལ་གནོན་དེ་ཉིད་ཀྱི་མཚན་དང་སྐུ་ཡི་བཀོད་པ་གང་ལྟར་བསྟན་ཀྱང་དོན་ལ་རིགས་དང་མཚན་སྔགས་ཐམས་ཅད་གསུང་པདྨའི་རིགས་གཅིག་གི་ཆོ་འཕྲུལ་དུ་ཟླུམ་པའི་ཕྱིར་སྒྲུབ་པ། སིདྡྷི་ཧཱུྃ་ནི་སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་ཐམས་ཅད་བསྙེན་ཅིང་སྒྲུབ་པའི་འབྲས་བུ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བར་ཆེད་དུ་བསྐུལ་བ་སྒྲུབ་པ་ཆེན་པོ་སྟེ་བཟླ་བྱའི་སྔགས་ཀྱང་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་དངོས་གྲུབ་མཐའ་དག་སྒྲུབ་པའི་ལས་རབ་འབྱམས་གཏེར་ཁ་གཞན་ལས་ཀྱང་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱའོ། །གཉིས་པ་འཁོར་སྤྱི་དང་བྱེ་བྲག་ལ་བརྟེན་ནས་སྒྲུབ་པ་ལ། དང་པོ་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་ནས་སྒྲུབ་པ་ལ་དངོས་དང༌། ཞར་བྱུང་གཉིས་ལས། དང་པོ་ནི། ཛཔ་བཀོལ་ལས། བདག་དང་དཀྱིལ་འཁོར་ལྷ་ཚོགས་སོགས་ཏེ། སྒྲུབ་ཆེན་གྱི་སྐབས་ལྟར་སྣོད་བཅུད་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་སད་པས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོགས་མེད་དུ་སྒྲུབ་པར་མོས་པ་དང༌། སྔགས་དོན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ནི། གདུལ་བྱ་གང་འདུལ་དངོས་གྲུབ་སྩོལ་བའི་ཆེད་དུ་སྐུའི་རྣམ་འགྱུར་དང་ཕྱག་མཚན་སྣ་ཚོགས་པ་དང༌། གཙོ་འཁོར་ལྟར་བསྟན་ཀྱང༌། ངོ་བོ་བླ་མ་སྐུ་གསུམ་གྱི་ཡེ་ཤེས་འདོད་དགུའི་ཆོ་འཕྲུལ་གཅིག་ལས་རིགས་དང་དགོངས་པ་ལ་མཐོ་དམན་མེད་པར་མཚོན་པ་དང༌། ཐོད་ཕྲེང་རྩལ་ཞེས་པ། ཀ་པཱ་ལ་ཨཀྵ་བེ་ག་ཞེས་པ་སྟེ། ཀ་བདེ་བ། པཱ་ལ་སྐྱོང་བ། ཨཀྵ་མི་འགྱུར་བ། བེ་ག་ཤུགས་སམ་རྩལ། ཚིག་གསལ་དུ་བྱས་ན། བདེ་སྟོང་མི་འགྱུར་བའི་ཤུགས་ཞེས་པའོ། །བཛྲ་ས་མ་ཡ་ཛཿནི། མདོར་ན་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཐུགས་རྒྱུད་བསྐུལ་བ་ཙམ་གྱི་དངོས་གྲུབ་སྩོལ་བའི་རྡོ་རྗེའི་དམ་ཚིག་མྱུར་དུ་བསྐུལ་ནས། སིདྡྷི་ཕ་ལ་ཧཱུྃ་ཨཱཿནི། ཐུན་མོང་དང་མཆོག་གི་དངོས་གྲུབ་སྩོལ་ཅིག་གི་དོན་དང༌། ཧ་རྡོ་རྗེ་རི་རིན་ཆེན་ནི་པདྨ་ས་ལས་ཏེ་མཁའ་འགྲོ་རིགས་བཞི། ར་རྡོ་རྗེ་ཙ་རིན་ཆེན་ཧྲི་པདྨ་ཡ་ལས་ཏེ་གིང་བཞི། ཡུམ་ཐོག་མར་སྨོས་པ་ཤེས་རབ་ཀྱི་ཆས་བསྐུལ་ན་དངོས་གྲུབ་དང་ཕྲིན་ལས་མྱུར་བའི་དོན་དང༌། ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿནི། ཐུགས་ཀྱི་གཏིང་ནས་ཡང་ཡང་བསྐུལ་བས། སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་མཆོག་ཐུན་གྱི་དངོས་གྲུབ་བཟང་པོ་མྱུར་དུ་སྩོལ་ཅེས་པའོ། །ཐོད་ཕྲེང་རྩལ་སྔགས་གཏེར་ཁ་ཕལ་མོ་ཆེ་ནས་འབྱུང་ཞིང༌། དངོས་གྲུབ་དང་ལས་སྣ་ཚོགས་སྒྲུབ་པའི་སྔགས་ཁྱད་པར་ཅན་དུ་གསུངས་པ་དང༌། བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གཉིས་ཀར་མཐའ་དྲུག་ཚུལ་བཞིའི་བཤད་ཚུལ་ཀྱང་ཡོད་དོ། །དེ་ལྟར་སྒྲུབ་པའི་ཐུན་མཚམས་སུ། ཕྱི་ལྟར་སྒྲུབ་པའི་ཐུན་མཚམས་སུ༔ ཕྱག་རྒྱ་གར་གྱི་ལྟང་སྟབས་དང༔ བཟླས་བརྗོད་ཛཔ་ཀྱི་གླུ་དབྱངས་ལེན༔ ཞེས་པ་ལྟར་ཐོད་ཕྲེང་རྩལ་གྱི་ཛཔ་དབྱངས་ཀྱང་བྱའོ། །གཉིས་པ་ཞར་བྱུང་ལ། ནང་གསང་ཟབ་མོའི་ཧཱུྃ་སྒྲུབ་དང༌། རྫོགས་རིམ་གྱི་ཉམས་ལེན་སྙིང་པོའོ། །དང་པོ་ལ། ནང་སྒྲུབ་ངག་བཟླས་དང༌། གསང་སྒྲུབ་རླུང་གི་བཟླས་པའོ། །དང་པོ་ནི། ཛཔ་བཀོལ་ལས། བདག་དང་དཀྱིལ་འཁོར་ལྷ་ཚོགས་སོགས་ཏེ་སྙིང་བྱང་ལེའུ་བཞི་པར། ནང་ལྟར་ཟབ་མོ་ཧཱུྃ་གི་བཟླས་པ་ཡིས༔ བསྐྱེད་རིམ་སྣང་ཞེན་སྦྱང་ཞིང་རིགས་རྩལ་འཕེལ༔ ཞེས་པ་ལྟར། འདི་ནི་ཐུགས་སྲོག་གི་ས་བོན་དངོས་ཉིད་བཟླས་པས་ཐུགས་དམ་གནད་ནས་བསྐུལ་ཚབ་ཆེ་ཞིང༌། ཟབ་མོ་ཐུགས་ཀྱི་སྒྲུབ་པའི་སྙིང་པོ་མཐར་ཐུག་སྟེ། གཙོ་འཁོར་ཀུན་གྱི་ཐུགས་སྲོག་ལས་ཧཱུྃ་ཡིག་ཁ་དོག་ལྔ་ལྡན་འཕྲོས་ཤིང་སྔགས་ཀྱི་རང་སྒྲ་འཇམ་བརྗིད་སྙན་ལྡིར་འབྲུག་སྟོང་ལྟར་གྲགས་པས་བརྟན་གཡོ་ཀུན་ལ་ཁྱབ་པས་གཉིས་འཛིན་ཐ་མལ་གྱི་ཞེན་སྣང་ཐམས་ཅད་དབྱིངས་ཀ་དག་གི་ཀློང་དུ་སྦྱངས། གཙོ་འཁོར་ཀུན་གྱི་རྡོ་རྗེའི་གླུས་བདེ་ཆེན་ཡེ་ཤེས་ཀྱི་ཉམས་འབར་བས་རིག་རྩལ་རྒྱས་ཏེ་དོན་གཉིས་སྒྲུབ་པའི་ཕྲིན་ལས་ལ་དབང་ཐོབ་པར་བསམ་ལ་ཧཱུྃ་བཟླས་བྱའོ། །གཉིས་པ་གསང་སྒྲུབ་རླུང་བཟླས་ནི། ཛཔ་བཀོལ་ལས། གསང་བ་རླུང་དང་བདེ་ཆེན་བཟླས༔ ལུས་གནད་དང་བཅས་རླུང་རོ་བསལ༔ འབྱུང་འཇུག་གནས་གསུམ་ཧཱུྃ་དང་སྦྱར༔ ཞེས་སོགས་ལྟར། སྨིན་སློབ་ཏུ་བྱེད་ན་ལུས་གནད་ཆོས་བདུན་དང་ལྡན་པས་དུག་གསུམ་གྱི་རླུང་རོ་བསལ་ཏེ། རླུང་འབྱུང་འཇུག་གནས་གསུམ་རང་བབས་སུ་སེམས་གཏད་དེ་ཀུན་ཀྱང་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཧཱུྃ་ཡིག་གི་ངོ་བོར་མོས་ལ་བར་རླུང་བཟུང༌། བུམ་ཅན་དང་སྦྱར་བའི་འབྱུང་འཇུག་གནས་གསུམ་ཧཱུྃ་དུ་མོས་པས་རླུང་སེམས་བསྲེ། ཁྱད་པར་ཐུགས་སྲོག་ཧཱུྃ་གི་སྔགས་ཕྲེང་ཡབ་ཡུམ་གྱི་མཁའ་གསང་དང་ཞལ་ནས་བརྒྱུད་དེ་འཁོར་བས་བདེ་སྟོང་ཡེ་ཤེས་ཀྱི་ཉམས་འབར་བར་བསམ་པ། སྙིང་བྱང་ལས། གསང་བ་ཡང་ཟབ་བདེ་ཆེན་རླུང་བཟླས་ཀྱིས༔ ཏིང་འཛིན་བརྟན་ཅིང་ལས་སུ་རུང་བ་ཐོབ༔ ཞེས་པ་ལྟར་རོ། །གཉིས་པ་རྫོགས་རིམ་གྱི་ཉམས་ལེན་ནི། ཛཔ་བཀོལ་ལས། འདི་ནི་རང་འོད་རིག་མའི་ཕྱག་རྒྱ་དང༔ འཁོར་གྱི་ལྷ་ཚོགས་བསྐུལ་ཕྱིར་སྤྲོ་བ་ཡི༔ དམིགས་པའི་བྱེ་བྲག་ཅིར་ཡང་བསྒྱུར་དུ་རུང༔ ཞེས་པ་ལྟར། གཙོ་འཁོར་ཀུན་ཀྱང་རང་འོད་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་བདེ་བས་ཐབས་བྱས་ཏེ་ལྟེ་བའི་གཏུམ་མོ་བསྐུལ་ཞིང༌། ཧཾ་ཡིག་གི་རྒྱུན་བབ་པས་དགའ་བཞིའི་ཡེ་ཤེས་རྒྱུད་ལ་འདྲེན་པར་མོས་ལ་རླུང་བུམ་ཅན་བཟུང༌། ལྷ་སྔགས་སེམས་གསུམ་དུ་མ་རོ་གཅིག་ཏུ་ཤེས་པས་རིག་པ་འཛིན་མེད་དུ་འཇོག་པས་ལྷར་སྣང་བདེ་བ་ཆེན་པོའི་ཡེ་ཤེས་སུ་རྩལ་སྦྱང་བ་ལ་བསླབ་བོ། །གཉིས་པ་བྱེ་བྲག་ཏུ་སྒྲུབ་པ་ལ། ཛཔ་བཀོལ་ལས། བྱེ་བྲག་སོ་སོའི་སྒྲུབ་པ་ནི༔ རང་ཉིད་སྐུ་གསུམ་དབྱེར་མེད་པའི༔ རིག་འཛིན་གཙོ་བོའི་ང་རྒྱལ་བཅས༔ ཆེད་དུ་དམིགས་པའི་འཕྲུལ་འཁོར་རྣམས༔ གང་ལ་གནད་དུ་བསྣུན་པ་ན༔ གཅིག་ཉིད་དུ་མའི་ཚུལ་སྣང་བའི༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ ཏིང་འཛིན་རོལ་མོ་ཅིར་ཡང་གསལ༔ ཞེས་པ་ལྟར་སྤྱི་དང་བྱེ་བྲག་གི་ལས་དང་དངོས་གྲུབ་སྒྲུབ་པའི་ཆེད་དུ་རིག་འཛིན་རྣམ་འཕྲུལ་བཅུ་གཉིས་ཀྱི་སྐུར་བསྟན་ནས་ལྷ་སྔགས་རྣམ་འགྱུར་སྣ་ཚོགས་པ་གང་འདུལ་དུ་སྟོན་ཀྱང་དོན་ལ་དཀྱིལ་འཁོར་གཙོ་མཆོག་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་ཐ་དད་དུ་མི་གནས་པའི་གནད་ཀྱིས་རང་ཉིད་རིགས་འདུས་གཙོ་བོའི་ང་རྒྱལ་ལས་མི་གཡོ་བའི་ངང་བཟླ་བྱའི་ལྷ་སྔགས་གང་ཡིན་པ་དེ་བྱད་དང་མེ་ལོང་གི་གཟུགས་བརྙན་གཅིག་ཉིད་དུ་མའི་ཚུལ་དུ་སྣང་བས་སྐབས་ཐོབ་ཀྱི་ལས་དེ་ཐོགས་མེད་དུ་སྒྲུབ་པར་མོས་པ་སྤྱི་འགྲེ་ལ། དང་པོ་རྒྱལ་བའི་གདུང་འཛིན་ནི། ཧཱུྃ༔ དཀྱིལ་འཁོར་ཤར་ཕྱོགས་པདྨའི་སོགས། བཟླས་དམིགས་དཀྱུས་ལྟར་ལ། སྔགས་དོན་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུའི་བར་སྔར་ལྟར་ལ། པདྨ་རཱ་ཛ་ཞེས་བདེ་ཆེན་དབང་གིས་ལས་རབ་འབྱམས་མཛད་པ་པོ་གུ་རུ་རྒྱལ་བའི་གདུང་འཛིན་ནམ་པདྨ་རྒྱལ་པོའི་མཚན་ནས་བོས་ཏེ་བསྐུལ་བས། ཨ་སྟེང་ལྷ་ཡི་སྲོག །ནྲི་མི་ཡི་སྲོག །ཏྲི་མི་མ་ཡིན་གྱི་སྲོག་གི་སྙིང་པོ་རྣམས། ཛཿཛཿཞེས་པས་དེ་དག་གི་སྒོ་གསུམ་བརྟན་པར་བྲལ་བར་ཁུག་ཁུག །སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དབང་གི་དངོས་གྲུབ་བཟང་པོ་ཐམས་ཅད་སྩོལ་ཞེས་པའི་དོན་ནོ། །འདི་ནི་སྒྲུབ་བཀའ་བརྒྱད་ཀྱི་དབང་དུ་བྱས་ན་པདྨ་གསུང་གི་སྒྲུབ་པའོ། །གཉིས་པ་སྨྲ་བའི་སེང་གེ་ནི། ཧཱུྃ༔ དཀྱིལ་འཁོར་ལྷོ་ཕྱོགས་པདྨའི་སོགས་ཏེ། སྲིད་ཞི་ཤེས་རབ་ཀྱི་བཅུད་བསྡུ་བའི་དམིགས་པ་དང༌། སྔགས་དོན་ནི། །པདྨ་པྲཛྙཱ་ཛྙཱ་ན་ཞེས་གསུང་པདྨའི་རིགས་ཀྱི་ཁྱབ་བདག་སྨྲ་བའི་སེང་གེ་བླ་མ་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཞེས་འཇིག་རྟེན་ལས་འདས་པའི་མཁྱེན་གཉིས་ཀྱི་ནུས་པས་གཟུངས་སྤོབས་བློ་གྲོས་ཀྱི་དངོས་གྲུབ་བཟང་པོ་སྩོལ་བར་བསྐུལ་བའོ། །སྒྲུབ་བཀའ་བརྒྱད་ལས་འཇམ་དཔལ་སྐུ་དེ་བཞིན་གཤེགས་པའི་རིགས་སོ། །གསུམ་པ་སྐྱེས་མཆོག་ཚུལ་བཟང་པདྨ་སཾ་བྷ་ཝ་ནི། ཧཱུྃ༔ དཀྱིལ་འཁོར་ནུབ་ཕྱོགས་པདྨའི་སོགས་ཏིང་འཛིན་དང༌། སྔགས་དོན་ནི། པདྨ་སཾ་བྷ་ཝ་ནི། པདྨ་ལེགས་པའི་འབྱུང་གནས་ཞེས་མཚན་ནས་བོས་ཏེ། འདོད་དགུའི་འབྱོར་པ་ནོར་གྱིས་དངོས་གྲུབ་སྩོལ་བར་བསྐུལ་བའོ། །བདུད་རྩི་ཡོན་ཏན་རིན་པོ་ཆེ་རྡོ་རྗེ་ཉི་མའི་སྒྲུབ་བཀའོ། །བཞི་པ་བདུད་ཀྱི་གཤེད་ཆེན་ནི། ཧཱུྃ༔ དཀྱིལ་འཁོར་བྱང་ཕྱོགས་སོགས་ཏིང་འཛིན་དང༌། སྔགས་དོན་ནི། བཛྲ་གུ་རུ་པདྨ་ནི་རྡོ་རྗེའི་བླ་མ་པདྨ་དང་ཀཱི་ལི་ཀཱི་ལ་ཡ་རྡོ་རྗེ་ཕུར་པའི་རྩ་སྔགས་སྟེ་བླ་མ་ཡི་དམ་གཅིག་དྲིལ་དུ་སྒྲུབ་པའི་སྔགས་བྱིན་རླབས་ཆེ་ཞིང་མྱུར་བ་བླ་ཕུར་སྦྲགས་མ་ཞེས་ཟབ་པའི་ཚད་དུ་གསུངས་སོ། །ཕུར་པ་ཕྲིན་ལས་ཀྱི་སྒྲུབ་བཀའ་ཡིན་ནོ། །ལྔ་པ་འཛམ་གླིང་རྒྱན་མཆོག་ནི། ཧཱུྃ༔ ཤར་ཕྱོགས་རིན་ཆེན་འབར་བའི་རྩིབས་སྟེང་སོགས་ཏིང་འཛིན་དང༌། སྔགས་དོན་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བླ་མ་ཡི་དམ་དུ་ཞལ་བསྒྱུར་བའི་སྔགས་མཆོག་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་མོ་བཤད་ཚུལ་མཐའ་ཀླས་ཀྱང་དཀྱུས་ཙམ་དུ། ཡང་དག་སྙིང་པོར། ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ རུ་ལུ་འབྲུ་བརྒྱད་ཉིད་དུ་འདུས༔ ཨོཾ་ནི་རིགས་ལྔ་ཡབ་ཡུམ་བཅུ༔ རུ་ལུ་གོང་མ་སེམས་དཔའ་བརྒྱད༔ རུ་ལུ་འོག་མ་སེམས་མ་བརྒྱད༔ ཧཱུྃ་ནི་སྒོ་བ་ཁྲོ་བོ་བཞི༔ བྷྱོ་ནི་སྒོ་མ་ཁྲོ་མོ་ཉིད༔ ཧཱུྃ་ནི་སྤྲུལ་སྐུ་ཐུབ་པ་དྲུག༔ ཡིད་དང་ཆོས་གཉིས་རང་བྱུང་གནས༔ ཨོཾ་ནས་ཧཱུྃ་ལ་རྣམ་བསྐུལ་བས༔ ཞི་བ་བཞི་བཅུ་རྩ་གཉིས་སྨིན༔ ཞེས་དང་དེ་ཉིད་གནས་འགྱུར་ཁྲོ་བོ་ལྟར་ན། རྒྱུད་ཧེ་རུ་ཀ་མངོན་བྱུང་ལས། ཨོཾ་ནི་རྒྱལ་བ་ཡབ་ཡུམ་བཅུ། །རུ་ལུ་གོང་མ་ཁྲོ་བོ་བཅུ། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧཱུྃ་ནི་ཕྱག་རྒྱ་སྒོ་མ་བཞི། །བྷྱོ་ནི་བྲན་མོ་ཉི་ཤུ་བརྒྱད། །ཧཱུྃ་ནི་བྱང་ཆུབ་སེམས་ཀྱི་ངང༌། །འབར་བའི་དཀྱིལ་འཁོར་མ་ལུས་པའི། །བཟླས་པ་མཆོག་ནི་འདི་ལས་མེད། །ཅེས་སོ། །སྒྲུབ་བཀའ་བརྒྱད་ལས་ཐུགས་ཡང་དག་ཧེ་རུ་ཀའི་སྒྲུབ་པའོ། །དྲུག་པ་བདེ་བ་ཆེན་པོ་པདྨ་འབྱུང་གནས་ནི། ཧཱུྃ༔ ལྷོ་ཕྱོགས་རིན་ཆེན་འབར་བའི་སོགས་རྩ་གསུམ་རིག་འཛིན་ལྷ་ཡི་ཡེ་ཤེས་ཀྱི་གཟི་བྱིན་དབབ་པ་མཆོག་གི་ཏིང་འཛིན་དང༌། སྔགས་དོན་ནི། པདྨ་ཐོད་ཕྲེང་རྩལ་གོང་དུ་བཤད་ཟིན་པ་ལྟར་དང༌། འདི་དང་ཁྱད་འཕགས་རིག་འཛིན་གཉིས་བླ་མའི་སྒྲུབ་སྡེ་བྱིན་རླབས་ལམ་དུ་བྱེད་པའོ། །བདུན་པ་ཁྱད་འཕགས་རིག་འཛིན་འགྲོ་འདུལ་ཉི་མ་འོད་ཟེར་ནི། ཧཱུྃ༔ ནུབ་ཕྱོགས་རིན་ཆེན་འབར་བ་སོགས་ཏེ། སྣང་སྲིད་རིག་འཛིན་བླ་མའི་ཡེ་ཤེས་ཕྱག་རྒྱས་བཏབ་པས་ཆོས་སྐྱོང་དམ་ཅན་ལས་ལ་བསྐུལ། སྣང་སྲིད་སྡེ་བརྒྱད་འབྱུང་པོའི་ཁེང་སེམས་ཞི་སྟེ་ཅི་བསྒོ་བའི་ལས་ལ་རྒྱུ་ཞིང་བྲན་དུ་བཀོལ། མི་མ་ཡིན་གྱི་སྐྱེ་འགྲོ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ནུས་པས་ཤེས་རྒྱུད་དཀར་པོའི་ཕྱོགས་སུ་དབང་མེད་དུ་བསྒྱུར་བར་བསམ། སྔགས་དོན་ནི། མ་ཧཱ་གུ་རུ་ཞེས་བླ་མ་ཆེན་པོ་སྟེ་སྲིད་ཞི་ཀུན་ལ་ཁྱབ་པའི་ཆོས་དབྱིངས་དེ་ཁོ་ན་ཉིད་ནི་བླ་རུའམ་སྟེང་དུ་འཕགས་ཤིང༌། འཁོར་འདས་ཐམས་ཅད་དེ་ཉིད་ཀྱི་ཀློང་ལས་གཞན་དུ་མ་འདས་པ་གང་གི་ཡེ་ཤེས་ཕྱག་རྒྱའི་སྲོག་ལས་བསྐུལ་ཏེ་བཟླས་པས་ལས་རབ་འབྱམས་ཀྱི་དངོས་གྲུབ་སྩོལ་བར་གསོལ་བའོ། །བརྒྱད་པ་རྫུ་འཕྲུལ་མཐུ་ཆེན་རྡོ་རྗེ་གྲོ་ལོད་ནི། ཧཱུྃ༔ བྱང་ཕྱོགས་རིན་ཆེན་འབར་བ་སོགས་ཏེ། ཞི་བའི་ཕྲིན་ལས་ཀྱི་ཡུལ་དུ་མི་གནས་པའི་དམ་སྲི་གདུག་པ་ཅན་ཚར་ཐག་གཅོད་པ་དྲག་པོའི་ཏིང་ངེ་འཛིན་དང༌། སྔགས་དོན་ནི། ལོ་ཀོཏྟ་ར་ཞེས་ཁྲོ་བོ་འཇིག་རྟེན་མཆོག་ཅེས་སོ། །དགུ་པ་པདྨ་དྲག་པོ་རྡོ་རྗེ་དྲག་རྩལ་ནི། ཧཱུྃ༔ ཤར་ལྷོ་རིན་ཆེན་འབར་བའི་སོགས་ཏེ། དྲེགས་པ་གཟའ་ཀླུ་རྒྱལ་གསུམ་འདུལ་བའི་དྲག་པོའི་དགོངས་པས་གཟིར་བའི་ཏིང་འཛིན་དང༌། སྔགས་དོན་ནི། ཨར་ཙིཀ་ནི་ཁྲོས་པ། ནིར་ཙིཀ་ནི་ཤིན་ཏུ་ཁྲོས་པ། ན་མ་ཕྱག་འཚལ་ལོ། ཱབྷ་ག་བ་ཏེ། བཅོམ་ལྡན་འདས། ཧཱུྃ་ཧཱུྃ་ཐུགས་དམ་བསྐུལ་བ། ཕཊ྄༔ལས་ལ་བསྐུལ་བ། སྒྲ་སྡོམ་ན། ཁྲོས་པ་ཤིན་ཏུ་ཁྲོས་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྒྲུབ་སྡེ་བརྒྱད་ལས་དམོད་པ་དྲག་སྔགས། བཅུ་པ་སྐལ་ལྡན་འདྲེན་མཛད་ནི། ཧཱུྃ༔ ལྷོ་ནུབ་རིན་ཆེན་འབར་བའི་སོགས་ཏེ། མཆོག་ཐུན་གྱི་ལས་རབ་འབྱམས་སྒྲུབ་པའི་ཏིང་ངེ་འཛིན་དང༌། སྔགས་དོན་ནི། བཛྲ་ཀྲོ་དྷ་ནི་རྡོ་རྗེ་ཁྲོ་བོ། མ་ཧཱ་ཤྲཱི་ཧེ་རུ་ཀ་དཔལ་ཁྲག་འཐུང་ཆེན་པོ། ཧཱུྃ་ནི་ཐུགས་སྲོག །ཕཊ྄་ནི་གཏོར་ཤིག་པའོ། །ཁྲག་འཐུང་ཡོངས་རྫོགས་ཀྱི་སྙིང་པོ་རུ་གསུངས་སོ། །འདི་ཡང་བདུད་རྩི་ཡོན་ཏན་གྱི་སྒྲུབ་བཀའ་ཆེན་པོའོ། །བཅུ་གཅིག་པ་རཀྴ་ཐོད་ཕྲེང་ནི། ཧཱུྃ༔ ནུབ་བྱང་རིན་ཆེན་འབར་བའི་སོགས་ཏེ། དྲེགས་པ་ཟིལ་གནོན་གྱི་ཏིང་འཛིན་དང༌། སྔགས་དོན་ནི། བཛྲ་ཙཎྜ་རྡོ་རྗེ་གཏུམ་པོ། སརྦ་དུཥྚན་གདུག་པ་ཅན་ཐམས་ཅད་དོ། །འདི་དང་རྫུ་འཕྲུལ་མཐུ་ཆེན་གཉིས་དྲེགས་འདུལ་གྱི་སྒྲུབ་བཀའོ། །བཅུ་གཉིས་པ་བདེ་ཆེན་རྒྱལ་པོ་པདྨ་བཛྲ་ནི། ཧཱུྃ༔ བྱང་ཤར་རིན་ཆེན་འབར་བའི་སོགས་ཏེ། བདེ་བ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཏིང་འཛིན་གྱིས་མཆོག་གིས་ཡེ་ཤེས་བསྐྱེད་པའི་ཏིང་འཛིན་དང༌། སྔགས་དོན་ནི། པདྨ་བཛྲ་ནི་དབྱིངས་དང་ཡེ་ཤེས་སམ་བདེ་སྟོང་གི་གནས་ལུགས། དེ་མངོན་དུ་བྱེད་པ་ལ་རྡོ་རྗེ་བཙུན་མོའི་རྗེས་ཆགས་ཀྱི་དགའ་བ་ཤིན་ཏུ་གསང་བ་སྤྱོད་པ་ལྟོས་ནས་ཡུམ་གྱི་མཚན་དྷཱུ་མ་གྷ་ཡེ། གསང་བ་ཆེན་པོ་དེ་ཉིད་མངོན་སུམ་དུ་རྟོགས་ན་ཟབ་གསང་ངོ་མཚར་རྨད་བྱུང་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ན་མ་སྭཱ་ཧཱ་མཆོག་གི་དངོས་གྲུབ་ཀྱི་གཞི་ཚུགས་ཤིག་པའོ། །ཡང་ཛཔ་བཀོལ་ལས། འདི་དག་ཀུན་གྱི་ཛཔ་དགོངས་ལ༔ བདག་ཉིད་དམ་ཚིག་དཀྱིལ་འཁོར་དང༔ མདུན་གྱི་ཡེ་ཤེས་དཀྱིལ་འཁོར་པ༔ གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་བཀོད༔ བདག་ལས་འོད་འཕྲོས་མདུན་བསྐྱེད་བསྐུལ༔ དེ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ ཇི་སྐད་བཤད་པའི་དངོས་གྲུབ་སྒྲུབ༔ མཐར་ནི་བདག་གི་ཐུགས་ཀར་བསྡུ༔ ཞེས་གསུངས་པ་ལྟར་སྤྱིར་བསྙེན་པའི་དམིགས་བཟླས་བདག་བསྐྱེད་དང༌། སྒྲུབ་པ་དང་ལས་སྦྱོར་མདུན་བསྐྱེད་ལ་གཙོ་བོར་བརྟེན་དགོས་པས་སྒྲུབ་པའི་སྐབས་ཛཔ་ཁང་དབྱེ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེ་ལྟར་དམིགས་པའི་འཕྲུལ་འཁོར་ལ་འབད་པས་རྟགས་ཀྱི་རིམ་པ་བཅས་གཞུང་དུ་གསལ་ལ། དེ་ཡང་བདུད་ཀྱི་གཤེད་ཆེན། ཛམ་གླིང་རྒྱན་མཆོག །སྐལ་ལྡན་འདྲེན་མཛད། རཀྴ་ཐོད་ཕྲེང༌། པདྨ་བཛྲ་རྣམས་ནི། བསྒྲུབ་བྱ་བླ་མ་ཉིད་སྒྲུབ་བྱེད་ཡི་དམ་གྱི་བསྙེན་སྔགས་ཀྱིས་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པ་དང༌། གཞན་རྣམས་རིག་འཛིན་བླ་མའི་བསྙེན་སྔགས་ཡིན་ནོ། །གསུམ་པ་དཔའ་བོ་རིགས་བཞི་ལ་བརྟེན་ནས་ལས་སྦྱོར་ནི། ཛཔ་བཀོལ་ལས། བསྙེན་པས་ཐུགས་དམ་རྒྱུད་བསྐུལ་ཞིང༌། སྒྲུབ་པས་དངོས་གྲུབ་གང་འདོད་པ༔ འགྲུབ་པའི་སྐལ་པ་དང་ལྡན་ཚེ༔ ལས་སྦྱོར་ལས་བཞིའི་རིམ་པས་སྒྲུབ༔ ཅེས་པ་ལྟར། དཔེར་ན་འཇིག་རྟེན་པས་སྐྱབས་ནུས་པ་ཅན་ལ་བཅོལ་ཞིང༌། ཁྱིམ་དུ་ནོར་བསགས་ཏེ་དགྲ་འདུལ་གཉེན་སྐྱོང་ལ་བརྩོན་པ་བཞིན་ཐོག་མར་བསྙེན་པས་ལྷ་དང་ཉེ་བར་བྱས། སྒྲུབ་པས་དངོས་གྲུབ་གང་འདོད་ནུས་པའི་གདེང་ཐོབ་པའི་ཚེ་རྣོ་ལ་ངར་འདོགས་པ་བཞིན་ལས་བཞིའི་ཕྲིན་ལས་ཀྱི་རྩལ་ཕྱུང་ནས་ནུས་པ་འབྱིན་པ་ལས་སྦྱོར་ཏེ། དེ་ཡང་ལས་ཐམས་ཅད་ཞི་རྒྱས་དབང་དྲག་བཞིར་འདུ་བས། དང་པོ་ཞི་བ་ནི། ཛཔ་བཀོལ་ལས། དང་པོ་ཞི་བའི་ལས་སྒྲུབ་ན་སོགས་ལྟར། དུས་ཐོ་རངས། ཕྱོགས་ཤར་དུ་ཁ་བལྟས་ཏེ། འདུག་སྟངས་སེམས་སྐྱིལ། ཛཔ་དབྱངས་ཞི་ཞིང་དལ་བ། སྟངས་ཀྱི་སེམས་ཞི་ཞིང་དྭངས་པའི་ཡིད་ཀྱིས་ཏིང་འཛིན་ནི། བདག་མདུན་དཀྱིལ་འཁོར་ལྷ་ཚོགས་སོགས་ཏེ། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཡི་ཐུགས་ཀའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་བསྐུལ། དེའི་བདེ་བའི་གར་གྱིས་དཔའ་བོ་བསྐུལ་ཏེ་གཉིས་ཀས་ཞི་བའི་ལས་རབ་འབྱམས་སྒྲུབ་པར་གསུངས་པ་ནི། སྤྱིར་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་སྟེ། ཐོག་མར་དེའི་ཐུགས་རྒྱུད་བསྐུལ་བས་ལས་ཀྱི་ནུས་པ་མྱུར་དུ་སྟོན་པས་ན་ཡུམ་གྱིས་ཡབ་བསྐུལ་བའི་བཟླས་པ་ཞེས་སུ་གྲགས་ཤིང༌། སྐབས་སུ་འོད་ཟེར་ཙམ་དུ་མ་ཟད་སྐུ་དང་སྔགས་ཕྲེང་ཕྱག་མཚན་ཕོ་ཉའི་ཚུལ་དུ་སྤྲོ་བསྡུས་ལས་བྱེད་པར་བསམ་པས་བོགས་འབྱིན་པ་དང༌། རྟགས་ཚད་བཅས་གཞུང་གསལ་ལྟར་རོ། །སྔགས་དོན་ནི། ཧ་ནི་རྡོ་རྗེ་མཁའ་འགྲོའི་སྲོག་སྙིང༌། བཛྲ་དྷཱ་ཀི་ནི་རྡོ་རྗེ་མཁའ་འགྲོ། དེ་ཡང་ལེགས་སྦྱར་དུ་ཌཱ་ཀི་ཡིན་ཀྱང་མཁའ་འགྲོའི་བརྡ་ཡི་སྐད་དུ་དྷཱ་ཀི་ཞེས་བྱ། ར་ནི་རྡོ་རྗེ་དཔའ་བོའི་སྲོག་སྙིང༌། བཛྲ་ཀིང་ཀ་ར་རྡོ་རྗེ་གིང་ཆེན། ཨོཾ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ནི་ཞི་བའི་ལས་ཀྱི་སྙིང་པོ་དང་ཞི་བའི་ཕྲིན་ལས་ཀྱི་གཞི་ཚུགས་ཤིག་ཅེས་སོ། །ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ་བཏགས་པར་གསུངས་སོ། །གཉིས་པ་རྒྱས་པ་ནི། ༦༥ དུས་ཉི་ཤར། ཕྱོགས་ལྷོ། འདུག་སྟངས་རོལ་སྟབས། ཛཔ་དབྱངས་སྙན་བརྗིད། སྟངས་ཀྱི་སེམས་རྒྱས་ཤིང་རྔམས་པས། ཏིང་འཛིན་ནི། བདག་མདུན་དཀྱིལ་འཁོར་སོགས་དང༌། སྔགས་དོན། རིན་ཆེན་མཁའ་འགྲོ་དང་རིན་ཆེན་དཔའ་བོའི་སྲོག་ནས་བསྐུལ་བས་རྒྱས་པའི་ཕྲིན་ལས་སྤེལ་ཅིག་པའོ། །གསུམ་པ་དབང་ནི། དུས་དགོང་མོ། །ཕྱོགས་ནུབ། འདུག་སྟངས་པདྨའི་སྐྱིལ་ཀྲུང༌། ཛཔ་དབྱངས་ཆགས་ཤིང་ཞེན་པའི་ཉམས་འགྱུར་གྱི་སྒྲ། སྟངས་ཀྱི་སེམས་འདུན་ཅིང་འདོད་པས། ཏིང་འཛིན་ནི། བདག་མདུན་སོགས་ལྟར། སྔགས་དོན། པདྨ་མཁའ་འགྲོ་དང་པདྨ་དཔའ་བོའི་སྲོག་ནས་བསྐུལ་བས་དབང་གི་ཕྲིན་ལས་མཛོད་ཅིག་པའོ། །བཞི་པ་དྲག་པོ་ནི། དུས་སྲོད། ཕྱོགས་བྱང༌། འདུག་སྟངས་དྲག་ཤུལ་སྟབས་ཅེས་གསུངས་པ་ལམ་རིམ་ཡེ་ཤེས་སྙིང་པོའི་འགྲེལ་པར་ཙོག་པོའི་འདུག་སྟངས་གསུངས་པ་ཡིན་ནམ་སྙམ། ཛཔ་དབྱངས་སེར་ཆེན་བབ་པ་ལྟར། སྟངས་ཀྱི་སེམས་ཁྲོས་ཤིང་འཁྲུགས་པས། ཏིང་འཛིན་ནི། བདག་མདུན་དཀྱིལ་འཁོར་སོགས་ལྟར། སྔགས་དོན། ལས་ཀྱི་མཁའ་འགྲོ་དང་ལས་ཀྱི་དཔའ་བོའི་སྲོག་ནས་བསྐུལ་བས་མཐར་བྱེད་དྲག་པོའི་ལས་མཛོད་ཅིག་པའོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཀ་གྲུབ་པའི་རྗེས་དཀྱིལ་འཁོར་ཡོངས་རྫོགས་ལ་གཏང་རག་གི་མཆོད་པ་དང༌། རྡོ་རྗེ་གླུའི་བསྟོད་པ། ནོངས་བཤགས་བཅས་སྔོན་དུ་འགྲོ་བས། ཛཔ་ཁང་རང་ལ་བསྡུ་ཞིང་དམ་ཡེ་དབྱེར་མེད་དུ་བསྲེས་ཏེ་རོ་གཅིག་གི་ང་རྒྱལ་བྱའོ། །སྒྲུབ་ཆེན་གྱི་ཐུན་རྗེས་མའི་ཆོ་ག་དང་ཚེས་བཅུའི་དུས་མཆོད་ལྟ་བུའི་སྐབས་བསྡུ་ན། ཛཔ་བསྐུལ་ཡན་ལས་བྱང་སོར་བཞག་ལ། བསྙེན་སྒྲུབ་གཉིས་ལ་སྐུ་གསུམ་སྤྱི་དྲིལ་ཧཱུྃ་བཟླས་ཛཔ་ཀྱི་བཀོལ་བྱང་ལྟར་བཟླས་དམིགས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱ། དེ་ནས་རང་གི་ཐུགས་ནས་འོད་འཕྲོས་པས༔ དཔའ་བོ་རིགས་བཞིའི་ཐུགས་རྒྱུད་བསྐུལ་སོགས་དང༌། ཧ་རི་ནི་ས་ར་ཙ་ཧྲི་ཡ་སོགས་ཕྲིན་ལས་སྙིང་པོ་ལྟར་ལས་སྦྱོར་ཚུལ་དུ་ཅུང་ཟད་བཟླ་བ་དང༌། ཤིན་ཏུ་བསྡུ་ན། ཛཔ་བསྐུལ་ཡན་ལས་བྱང་རྒྱས་པ་སོར་བཞག་ལ། བསྙེན་སྒྲུབ་ལས་གསུམ་དམིགས་བཟླས་ཕྲིན་ལས་སྙིང་པོའི་རྣལ་འབྱོར་ཇི་ལྟ་བར་བགྱིས་པས་དོན་འགྲུབ་པ་ཡིན་ལ། དེ་གཉིས་གང་ལྟར་ཡང༌། སྟོང་ཚིག་གི་མཆོད་བསྟོད། གསོལ་འདེབས་བར་ཆད་ལམ་སེལ། ནོངས་བཤགས་རིག་པའི་མེ་ཏོག་དོར་བ་ལས་བྱང་རྒྱས་པ་ལྟར་བྱ་བར་གསུངས་སོ། །ཛཔ་བཀོལ་ལས། བླ་མའི་ཐུགས་སྒྲུབ་ཐམས་ཅད་ཀྱི༔ སྙིང་དང་འདྲ་བའི་ནང་སྒྲུབ་ལ༔ སྙིང་ཁྲག་དྭངས་མའི་ཚུལ་ཉིད་དུ༔ ཡང་ཟབ་ཛཔ་ཀྱི་དགོངས་པ་འདི༔ ཞེས་པ་ལྟར་གཏེར་བྱོན་བླ་སྒྲུབ་ཕལ་མོ་ཆེ་ལས་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ། ནང་ཡི་དམ་ལྷ་གནས་བསྒྱུར་གྱི་སྒྲུབ་པ། གསང་བ་ལུས་དཀྱིལ་རླུང་སྦྱོར་གྱི་ལས་སྦྱོར་ཞེས་གྲགས་པ་ལྟར། སྐབས་འདིར་བསྐྱེད་རིམ་ནང་སྒྲུབ་ལ་དངོས་གྲུབ་ཀྱི་གནས་ལ་དབུགས་འབྱིན་པའི་ཐབས་ཁྱད་པར་ཅན་ཡང་ཟབ་ཛཔ་ཀྱི་དགོངས་པ་རྒྱས་པར་བཤད་པ་སྟེ། སྤྱིར་གོང་གི་སྔགས་རེ་རེ་ལ་ཡང་ཕན་ཡོན་བསམ་མི་ཁྱབ་པར་གསུངས་ཤིང༌། དོན་ལ་སངས་རྒྱས་ཀྱི་གསུང་རྡོ་རྗེ་ལམ་དུ་བྱེད་པས་ངག་གི་སྒྲིབ་པ་སྦྱོང་བའི་གནད། སེམས་དཔའ་སུམ་བརྩེགས་ཀྱིས་སྒོ་གསུམ་མཉམ་དུ་གྲོལ་བའི་གནད། དམིགས་པ་སྔགས་ཕྲེང་ལ་གཏད་པས་ཐ་མལ་གྱི་རྟོག་པ་སྤང་བའི་གནད། ཟླ་བ་སྐར་ཕྲེང་གི་བཟླས་པས་རང་བབ་ཏིང་ངེ་འཛིན་ལ་གནས་པའི་གནད། མགལ་མེ་ཀླད་བསྐོར་གྱི་བཟླས་པས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་གནད། བུང་བ་ཚང་ཞིག་གི་བཟླས་པས་སྒྲ་གྲགས་སྔགས་སུ་གྲོལ་བའི་གནད། སྙིང་པོའི་སྲོག་ནས་བགྲང་བས་ལྷ་ཡི་བྱིན་གྱིས་རློབས་པའི་གནད། ངག་གི་ནུས་པ་འཕེལ་བས་ཅི་སྨྲས་གཞན་དོན་དུ་འགྱུར་བའི་གནད། རིག་སྔགས་ཀྱི་བདེན་ཚིག་གྲུབ་པས་སྨོན་ལམ་གང་བཏབ་འགྲུབ་པའི་གནད། རྒྱལ་བའི་གསུང་ལ་དབང་བས་ལྷ་འདྲེའི་བཀའ་བཞིན་སྒྲུབ་པའི་གནད་བཅུ་དང་ལྡན་པའོ། །གསུམ་པ་འཕྲོ་འདུའི་ཕྲིན་ལས་ཀྱི་གཟེར་ནི། གོང་དུ་ལས་སྦྱོར་གྱི་སྐབས་སུ་བསྟན་པ་ལྟར་ལྷ་སྔགས་ཏིང་འཛིན་གྱི་སྒོ་དུ་མས་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཞི་རྒྱས་དབང་དྲག་གི་ཕྲིན་ལས་སྣ་ཚོགས་ལ་རང་དབང་བརྙེས་པས་མཐར་ཐུག་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་ཕྲིན་ལས་ལ་དབང་ཐོབ་པའི་གསེང་ལམ་ཟབ་མོ་སྟེ། འདིས་ནི་མཆོག་གི་དངོས་གྲུབ་འགྲུབ་པས་ཐུན་མོང་ཤུགས་ཀྱིས་འབྱུང་བའི་གནད། དམིགས་པའི་མདེལ་ཁ་བསྒྱུར་བས་ལས་ཚོགས་གཞན་ལ་ལྟོས་མི་དགོས་པའི་གནད། ཕྲིན་ལས་མཐའ་རུ་ཕྱིན་པས་གཞན་དོན་འབད་མེད་འབྱུང་བའི་གནད། འགྲོ་དོན་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་འགྲུབ་པའི་གནད། སེམས་བསྐྱེད་ཀྱི་འཕེན་པས་ཐེག་དམན་དུ་མི་གོལ་བའི་གནད། གདུལ་བྱ་སྨིན་ཅིང་གྲོལ་བས་རྒྱལ་བའི་གདུང་འཛིན་པའི་གནད་དྲུག་དང་ལྡན་པ་ཡིན་ནོ། །བཞི་པ་དགོངས་པ་མི་འགྱུར་བའི་གཟེར་ནི། སྙིང་བྱང་ལེའུ་བཞི་པར། འདས་པ་འགགས་ཤིང་མ་འོངས་མ་སྐྱེས་པ༔ ད་ལྟའི་ཤེས་པ་ཟང་ཐལ་ངང་ཉིད་དུ༔ སེམས་ལ་སེམས་ཀྱི་བལྟས་པའི་ཚུལ་དུ་བཞག༔ དེ་ཚེ་རྣམ་པར་རྟོག་པ་ཅི་ཤར་ཡང༔ ཐམས་ཅད་སེམས་ཉིད་གཅིག་གི་རོལ་པ་སྟེ༔ ནམ་མཁའི་རང་བཞིན་འཕོ་འགྱུར་མེད་པ་ལྟར༔ སེམས་ཉིད་ཀུན་ཁྱབ་འཕོ་འགྱུར་མེད་པར་རྟོགས༔ འདི་ནི་ཐེག་པའི་མཐར་ཐུག་རྫོགས་པ་ཆེ༔ རང་བྱུང་སེམས་སྡེའི་དགོངས་པ་བླ་ན་མེད༔ དོན་གྱི་རྣལ་འབྱོར་འདི་ལ་སུས་སྤྱོད་པ༔ གསང་བའི་རྟགས་དང་ཡོན་ཏན་མཐའ་ཡས་འབྱུང༔ ཉམས་དང་རྟོགས་པའི་རྩལ་ཆེན་རིམ་གྱིས་རྫོགས༔ ཀུན་བཟང་པདྨའི་ཡེ་ཤེས་ཐོབ་པར་འགྱུར༔ ཞེས་པ་ལྟར་དུས་གསུམ་གྱི་རྟོག་པས་མ་བསླད་པའི་སེམས་ཀྱི་ཆོས་ཉིད་རང་གསལ་འདུས་མ་བྱས་པའི་ངང་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱང་བྱ་ཅན། མ་ཡེངས་མི་སྒོམ་རང་ཤར་ཆོས་ཉིད་གཅིག་གི་ངང་དུ་རླུང་སེམས་ཡེ་ཤེས་ཀྱི་ལྷ་གསུམ་དབྱེར་མེད་རོ་མཉམ་ཆེན་པོ་ངོ་ཤེས་པའི་ངང་བསྐྱངས་བས་འཁོར་འདས་ཀྱི་སྟོང་སྲོག་འཕྲོག །གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོ། ལམ་སྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ། འབྲས་བུ་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཉིད་གཅིག་ཏུ་བཟླུམ་པའི་སྲོག་ལ་དབང་ཐོབ་པས་སྒྲ་གཅན་གྱི་ཁས་ནམ་མཁའི་ཟླ་བ་གཅིག་བཟུང་བས་ཆུ་ཟླ་ཇི་སྙེད་ཟིན་པ་ལྟར་མདོ་རྒྱུད་བསམ་གྱིས་མི་ཁྱབ་པའི་དགོངས་གནད་དུས་གཅིག་ལ་ཉམས་སུ་ལོངས་བས་ན་གནད་ཁྱད་པར་ཅན་ཐེག་མཆོག་སྙིང་པོའི་ཉམས་ལེན་ཏེ། མཐར་ཐུག་ཧེ་རུ་ཀ་དཔལ་ཆེན་པོའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་པའི་དངོས་གྲུབ་ཐོབ་པར་བྱེད་དོ། །གསུམ་པ་ཕྲིན་ལས་ཀྱི་ཁ་སྐོང་རྗེས་ཀྱི་བྱ་བ་ལ་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ལ། ངོ་བོ་ནི་ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན་ཡིན་ལ། ངེས་ཚིག་ག་ཎ་ཙ་ཀྲའི་སྒྲ་ལས། བདེ་བ་ཆེན་པོའི་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པར་བྱེད་པའོ། །གང་དུ་ཚོགས་པའི་གནས་དུར་ཁྲོད་ལ་སོགས་པའི་སྡིག་ཅན་གྱི་སྐྱེ་བོས་སྤངས་པའི་དབེན་པའི་གནས་སུ་ཚོགས་ཁང་རིམ་པ་གསུམ་བརྩེགས་པར། ཚོགས་པའི་དུས་ཡར་མར་གྱི་ཚེས་བཅུ་དང་དབང་བསྐུར་བ་དང༌། རྣལ་འབྱོར་ཕོ་མོའི་ཉམས་རྟོགས་སྤེལ་ཞིང་རྟོག་སྒྲིབ་སྦྱང་བའི་ཕྱིར། ཇི་ལྟར་བྱ་བའི་ཁྱད་པར། བརྡ་དང་བརྡ་ཡི་ལན་གྱིས་བསྐུལ༔ ཞེས་པ་ལྟར། དབྱེ་ན། སྐལ་ལྡན་མི་ཡི་ཚོགས། རྗེས་རིམ་གཞུང་ལས། སློབ་དཔོན་ཐམས་ཅད་གོང་གྲལ་བྱ༔ རྣལ་འབྱོར་ཕོ་རྣམས་གཡས་དང་ནི༔ རྣལ་འབྱོར་མོ་རྣམས་གཡོན་དུ་འཁོད༔ གིང་ཕོ་གིང་མོ་མདུན་གྲལ་བྱ༔ ཞེས་གསུངས་པ་ལྟར་ཐབས་ཤེས་ཟུང་དུ་འབྲེལ་བའི་སྐྱེ་བོ་དུ་མ་འདུ་བ་དང༔ དགྱེས་ལྡན་ཡོ་བྱད་མཆོག་གི་ཚོགས༔ མ་དཱ་ན་དང་བ་ལ་སོགས༔ ལོངས་སུ་སྤྱོད་འོས་ལོངས་སྤྱོད་ཀུན༔ ཕུན་སུམ་ཚོགས་པར་བཤམས་པ་ལ༔ ཞེས་ཁྱད་པར་གྱི་ཡོ་བྱད་ཤ་ལྔ་བདུད་རྩི་ལྔ་སོགས་ཚང་བ་དང༌། བདག་ཉིད་ལྷར་གསལ་བའི་ཐུགས་ལས་ཡི་གེ་རྃ་ཡྃ་ཁྃ་ལས་མེ་རླུང་ཆུ་བྱུང་བས་དངོས་འཛིན་བག་ཆགས་གཉིས་སྣང་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཡི་གེ་ཨཱཿལས་མཚན་ལྡན་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བར་ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱི་ཡི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མི་ཡི་ཤ། ཤ་དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷཱུྃ་ལས་དྲི་ཆེན། ལྷོར་ཨཾ་ལས་རཀྟ། ནུབ་ཏུ་ཛཱིཾ་ལས་བྱང་སེམས། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ་ཀླད་པ། དབུས་སུ་ཧཱུྃ་ལས་དྲི་ཆུ་རྣམས་ཡེ་ཤེས་ལྔ་ཡི་རང་བཞིན་ཅན་དེ། ཚོགས་སྣོད་ཐོད་པ་མི་མགོ་སྐམ་པོ་ལྟག་པ་ནང་བསྟན་གསུམ་གྱི་སྟེང་དུ་ཡོད་པའི་འོག་ནས་ཨ་ལས་ཡེ་ཤེས་ཀྱི་མེ་འབར་རླུང་གིས་བསྐུལ་བས་ཤ་ལྔ་བདུད་རྩི་ལྔ་རིགས་ལྔའི་བདེ་སྟོང་ཡེ་ཤེས་ཀྱི་ངོ་བོར་ཞུ་དམ་ཚིག་གི་བདུད་རྩིར་རྟོགས། རླངས་པའི་ནང་ཧྲཱིཿཡི་འོད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆར་ལྟར་བབ་པས། ཏྲཱཾ་ལས་ཟེགས་མ་རེ་རེ་ལ་ཡང་འདོད་ཡོན་གྱི་མཆོད་པ་རྒྱ་ཆེ་ལྷུན་སྟུག་འཁོར་འདས་ཐམས་ཅད་ལ་ཁྱབ་པར་བྱིན་གྱིས་བརླབས་ནས། དངོས་གྲུབ་ལྷ་ཡི་ཚོགས་ཞེས། དངོས་གྲུབ་ཀྱི་རྟེན་དུ་རྩ་བ་གསུམ་ཆོས་སྲུང་དང་བཅས་པའི་གཟུགས་བརྙན་བཀོད་ཅིང་ཡེ་ཤེས་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྐུ་ཡི་རྡོ་རྗེའི་གར། གསུང་རྡོ་རྗེའི་སྔགས་སྒྲ། ཐུགས་ཡེ་ཤེས་ཀྱི་དགོངས་ཉམས་ལྷག་པར་འབར་བས། དཔའ་བོ་དཔའ་མོའི་འཁོར་ཚོགས་དང་བཅས་རོལ་མོའི་གླུ། མེ་ཏོག་གི་ཆར་གནམ་ས་བར་སྣང་གི་ཁྱོན་ཀུན་ཁེངས་པར་བྱོན་ཏེ་སྐུ་མགྲོན་གྱི་ཚུལ་དུ་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས་ལ། དེ་དག་ཀྱང་སྒྱུ་མ་དང་རྨི་ལམ་བཞིན་སྣང་ཆ་མ་འགགས་ཀྱང༌། ཆགས་སྡང་གི་འཛིན་ཞེན་མ་ཞུགས་པར་ཡུལ་དབང་ཤེས་གསུམ་ལྷ་ལ་ལྷ་རོལ་པའི་ཚུལ་དུ་སྤྱོད་པས་ཚོགས་གཉིས་འབད་མེད་དུ་རྫོགས་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚང་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པ། །འདུས་པ་ཆེན་པོའི་ཚོགས་སུ་བཤད། །ཐམས་ཅད་སྤྱོད་ལ་མི་འཛིན་པས། །ཚོགས་གཉིས་རྒྱུན་དུ་རྫོགས་བྱེད་པའི། །ཚོགས་ཆེན་པོ་རུ་ངེས་པར་བཤད། །ཅེས་སོ། སྤྱིར་རྣལ་འབྱོར་པའི་དགོངས་ཉམས་ཁྱད་པར་གྱིས་ལས་རྒྱ་ལ་བརྟེན་པའི་ཚོགས་འཁོར་མཚན་ཉིད་པ་དཀའ་རུང་རྒྱུ་མཚན་ཕྱོགས་ཙམ་བཤད་པ་དང༌། ཚོགས་མཆོད་དངོས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་འདོད་ཡོན་ལྔ་སྤྱིར་མཆོད་པ་ནི། ཕྱིའི་འདོད་ཡོན་ལྔ་སྣང་ལ་མ་འགག་པའི་ལྟ་བས་རྒྱས་ཐེབས་ན་ཡེ་ཤེས་དྲུག་སྟེ། དེ་ཉིད་འདོད་ཡོན་ལྷ་མོ་དྲུག་གི་རྣམ་འགྱུར་དུ་ཤར་བས། མཆོད་ཡུལ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་རྡོ་རྗེ་ལ་བདེ་བ་ཆེན་པོས་མཆོག་ཏུ་མཉེས་པར་བྱེད་པ་དང༌། གཉིས་པ་བྱེ་བྲག་ལ་གསུམ། ཕུད་དང་པོ་དམ་ཚིག་གི་རྫས་རྣམས་ཕྱི་ཉེར་སྤྱོད་ནང་འདོད་ཡོན། གསང་བ་རིག་མའི་ཚོགས་སུ་སྤྲུལ་ཏེ་འབུལ་ཞིང༌། དེ་དག་གི་རྗེས་རྩོལ་བྲལ་གདོད་མའི་གཞི་ལ་ངང་གིས་རྫོགས་པས་མཆོད་བྱ་མཆོད་བྱེད་བྲལ་བའི་གཤིས་སུ་མཉམ་པར་བཞག །ཚོགས་བར་པ་རྡོ་རྗེ་ཐེག་པའི་དམ་ཚིག་རྒྱ་མཚོའི་རྣམ་གྲངས་བསམ་མི་ཁྱབ་ཀྱང་སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུ་རྡོ་རྗེ་གསུམ་དུ་ཤེས་ན་ལམ་གནད་ཐམས་ཅད་ཚང་ཞིང་འདུ་བས་ཚོགས་བར་པ་ཤ་ལྔ་བདུད་རྩི་ལྔའི་དམ་ཚིག་གི་རྫས་ཡིན་པ་གསུམ་དང་གྲུབ་པ་བཞིའི་བདག་ཉིད་ཅན་དུ་ཕུལ་བས་རྟོག་སྒྲིབ་ཉམས་ཆགས་ཐམས་ཅད་དག་ནས་གསང་བ་གསུམ་གྱི་དངོས་གྲུབ་ཐོབ་པར་བསམ་པས་འབུལ་ཞིང་ཡིག་བརྒྱ་བརྗོད། ཚོགས་ཐ་མ་བསྒྲལ་བ་ནི། ཚོགས་བྱིན་རླབས་མ་བྱས་པ་ཟུར་དུ་བཅད་པའམ། ཡང་ན་བྱིན་གྱིས་བརླབས་པའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་བརྗོད་པས་རང་ལ་བསྡུས་རྗེས། སློབ་དཔོན་བདག་ཉིད་སྒྲོལ་བྱེད་ཧེ་རུ་ཀར་གསལ་བས་རང་བཞིན་གྱིས་སྒྲོལ་བའི་ལྟ་བ། ཏིང་འཛིན་གྱིས་སྒྲོལ་བའི་ཉམས། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ། ཐབས་ཆེན་པོའི་སྒྲོལ་བའི་སྔོན་བྱུང་གི་རྗེས་སུ་འཇུག་པའི་གདམས་ངག་མངོན་དུ་ཕྱུང་བའི་སྒྲོལ་བའི་མཛད་སྤྱོད་ལ་མཁས་པས་ཕྱག་སོར་བཅུའི་བར་དུ་བཟུང་བའི་ཕུར་པ་སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས་པའི་སྲས་མཆོག་ཀཱི་ལ་ཡི་མཚོན་ཆས། ཚོགས་ཐ་མ་ཉམས་པ་བདུན་ལྡན་གྱི་ཞིང་བཅུ་དངོས་སུ་གསལ་བ་གསུམ་དང་ལྡན་པས། དགྲ་བོའི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་རྣམ་ཤེས་མར་མེ་བསད་པ་ལྟར་གྱུར། ཕུར་རྩེ་རང་ལ་བསྟན་པས་བསྒྲལ་བྱའི་ཚེ་བསོད་དཔལ་གྱི་དྭངས་མ་རང་ལ་ཐིམ་པས་གཟི་བྱིན་ཆེ་རུ་སོང་བས་བདག་འཚེངས། འཛིན་གིང་གིས་བཀུག །སྒྲོལ་གིང་གིས་བསྒྲལ། སྟོབ་གིང་གིས་ཤ་ཁྲག་གི་དྭངས་མ་ཟག་མེད་བདུད་རྩིར་བསྒྱུར་ཏེ་ལྷ་ཚོགས་ལ་ཕུལ་བས་ལྷ་འཚེངས། ཕུར་རྩེའི་འོད་ཀྱིས་ཉམས་པའི་སྒྲིབ་པ་བསལ་ནས་རྣམ་ཤེས་ཨ་ཡི་རྣམ་པས་རྡོ་རྗེ་སེམས་དཔའི་སྲས་སུ་སངས་རྒྱས་པས་དགྲ་འཚེངས་བ་གསུམ་གྱིས་ཏ་ནའི་མཛད་སྤྱོད་མཐར་ཕྱིན་ཏེ། ཚོགས་སྒྲུབ་ཀྱི་དུས་ལྷ་ལས་དངོས་གྲུབ་ལེན་པ་རྣམས་ནི། གལ་པོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། གཉིས་པ་དམ་རྫས་བདུད་རྩིས་བཤགས། གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། ཞེས་པ་རྣམས་ཕྱི་ཡི་ཚོགས་དང༌། སློབ་དཔོན་མཆེད་ལྕམ་ལྷར་གསལ་བས་དམ་ཚིག་གི་རྫས་རྣམས་རོལ་ཞིང་ལོངས་སྤྱོད་ཅིང་འདོད་ཡོན་རྣམ་པ་ཐམས་ཅད་པས་མཉེས་ནས་ཚོགས་ཞིང་གི་ལྷ་ཐམས་ཅད་འདོད་ཆགས་ཆེན་པོས་བསྐུལ་ཏེ། དགའ་བཞི་ལུགས་འབྱུང་ལྡོག་གི་ཡེ་ཤེས་ཉམས་སུ་མྱོང་བ་ནང་གི་ཚོགས་མཆོད། རྣལ་འབྱོར་ཕོ་མོ་འཁྲིགས་པའི་ཀུན་སྤྱོད་ཀྱིས་སྙོམས་པར་ཞུགས་པས་དཔེ་དོན་ལྷན་སྐྱེས་ཀྱི་ཡེ་ཤེས་རོ་མཉམ་ཡང་དག་པར་སྦྱོར་བ་གསང་བའི་ཚོགས་འཁོར་དང༌། སྲོད་ལ་ཡུམ་ལས་དངོས་གྲུབ་ལེན་པ་སྦྱོར་བ་ཚད་དུ་ཕྱིན། སྟོང་རིག་ཟུང་འཇུག་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོད་པ། ཡང་གསང་ཚོགས་ཀྱི་འཁོར་ལོར་ལོངས་སྤྱད་དེ་རྡོ་རྗེའི་གླུ་གར་བྱ་བའི་དུས། གླུ་གར་དངོས། དེའི་ཕན་ཡོན་བཅས་རྫོགས་པ་ཆེན་པོའི་རྒྱུད་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་ལྟར་བྱ། སྨོན་ལམ་དང་ཤིས་བརྗོད་རྒྱུད་བཀླག་པ་རྣམས་ཀྱང་བྱས་པས་ཉམས་རྟོགས་བོགས་དབྱུང༌། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་བྱའོ། །ལྷག་མ་ནི། ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས། དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ། དཔལ་ཆེན་པོའི་ཕམ་ཕབ། རྣལ་འབྱོར་པའི་ཕུད་ཆ་གསུམ་པ་བསྣན་ཏེ། རྡོ་རྗེ་རྒྱལ་པོའི་ཡ་རྐན་རྟ་མགྲིན། མ་རྐན་ཕག་མོར་གསལ་བ་སྦྱོར་བའི་ཁ་ཕྲུ་བྱང་སེམས་ཀྱིས་བྲན་ཏེ་བདུད་རྩི་འདོད་ཡོན་གྱི་གཏེར་དུ་བརླབས་ནས་སྨན་རཀ་བྲན། རྐང་གླིང་བཤུག་པ་ཞིང་གི་གཡབ་མོ་ཚིལ་ཆེན་གྱི་དུད་པས་ལྷག་མགྲོན་རྣམས་དཀྱིལ་འཁོར་ནང་དུ་བོས་པར། སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་ཚེ་དབང་ཕྱུག་ཉེར་བརྒྱད། གིང་ཆེན་བཅོ་བརྒྱད། ལངྐ་བཞི། མ་བདུན་སྲིང་བཞི། འབར་མ་བརྒྱད་དང་ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས་ཡེ་ཤེས་སྒྱུ་མའི་ཕོ་ཉ། ཕུད་ལ་མི་འཚལ་ལྷག་མ་རོལ། དབུས་ལ་མི་གནས་དཀྱིལ་འཁོར་ཆེན་པོའི་མུ་རན་གྱི་མཐའ་ལ་གནས་པ་རྣམས་ཀྱིས། ལྷ་དང་བླ་མའི་མཚན་ཙམ་འཛིན་པ་ཡང་སྤྱི་བོར་ལེན་པའི་རྡོ་རྗེ་བྲོ་བོར་བའི་ཐ་ཚིག་བསྐུལ་ཕྱིར་ཕུལ་ནས་ལས་རབ་འབྱམས་སྒྲུབ་པར་བསྐུལ་ནས། སྒྲུབ་ཁང་གི་བྱང་ཤར་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་དུ་བསྐྱལ་བར་བྱའོ། །དེ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་དེར་འདུས་པ་ཐམས་ཅད་དཔལ་ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ་པའི་དངོས་གྲུབ་ཆེན་པོ་དུས་དེ་ཉིད་དུ་ཐོབ་པར་འགྱུར་ཞིང༌། རྗེས་མཐུན་པས་ཀྱང་རིམ་གྱིས་ཐོབ་པའི་སྐལ་པ་ཅན་འགྱུར་བ་སོགས་ཕན་ཡོན་ཆེ་སྟེ། རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང༌། །བགེགས་དང་བར་ཆད་ཞི་བ་དང༌། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང༌། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང༌། ལས་བྱང་བདེ་གཤེགས་འདུས་པ་ལས། དེ་ལྟར་ཚོགས་ཀྱི་འདུ་བ་ནི༔ རྗེས་མཐུན་ཙམ་ཞིག་སྤྱད་པས་ཀྱང༔ ཡུལ་ཁམས་བཀྲ་ཤིས་བྱིན་ཆེན་ལྡན༔ ཡོན་བདག་གེགས་ཞི་བསམ་དོན་འགྲུབ༔ དམ་ཚིག་ལྡན་པས་ཐབས་ཤེས་རྫས༔ ཟོས་ན་དངོས་གྲུབ་ཅི་འདོད་འབྱུང༔ ཚུལ་བཞིན་སྤྱད་ན་སྨོས་ཅི་དགོས༔ དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས༔ ཞེས་གསུངས་སོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། བརྟན་གཡོ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་ལྷ་ལ་བསྐུལ་བ་དང་མ་བསྐུལ་བས་སྙན་བསྲིངས་ཏེ་ཉེ་རིང་མི་མངའ་ཡང་འཁོར་བ་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པའི་ཕྱིར་སྔོན་རྒྱ་གར་རྡོ་རྗེ་གདན་དུ་པཎྜི་ཏ་ལྔ་བརྒྱ་བཞུགས་པ་ལ་མུ་སྟེགས་ཀྱི་རྒོལ་ནས་བསྟན་པ་འཇིག་པར་བརྩམས་པའི་ཚེ། ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་དགོས་པར་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པ་ལྟར་རྫུ་འཕྲུལ་གྱིས་ཕེབས་ནས་རྩོད་པས་ཚར་བཅད། མཐུ་འགྲན་པའི་ཚེ་གཡའ་རིའི་ནགས་ལ་སྒྲུབ་པ་མཛད་པས། ཡེ་ཤེས་ཀྱི་ཌཱ་ཀི་བདུད་འདུལ་དྲག་མོས་བྱད་ཕུར་འཇོམས་པའི་རིགས་སྔགས་ཕུལ་བ་བཞིན་ལག་ན་རྡོ་རྗེ་སེང་གེའི་ང་རོ་ཅན་གྱི་སྐུར་བཞེངས་ཏེ་རིག་སྔགས་ཀྱི་སྦྱོར་བ་བཤིག་པའི་ཏིང་ངེ་འཛིན་ལ་བཞུགས་པས་བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕར་བ་རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་བསྒྲིལ་བས་མུ་སྟེགས་གནས་པའི་ནགས་ཚལ་མེ་འབར་མཚོ་ཡང་སྐེམ་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་ཐོག་གིས་བསྒྲལ། འཁོར་ལྷག་མ་ཐམས་ཅད་ནང་པའི་བསྟན་སྒོར་བཅུག་ནས་ནང་པ་སངས་རྒྱས་པའི་བསྟན་པ་དང་སྟོན་པ་གཉིས་ཀ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མཛད་པ་བཞིན། རྩོད་དུས་སྙིགས་མའི་གདུལ་བྱ་ནད་མུག་མཚོན་གྱིས་མནར་ཞིང་སྡུག་བསྔལ་བའི་ཚེ། མཁྱེན་བརྩེ་ནུས་པའི་སྟོབས་རྩལ་སྤྲུགས་སུ་མཛད་པས་དུས་ཀྱི་རྒུད་པ་ཞི་ཞིང༌། བསྟན་འགྲོའི་དཔལ་ཡོན་རྒྱས་པར་མཛད་དུ་གསོལ་ཞེས་སྔོན་སློབ་པ་ལམ་གྱི་སྐབས་ཇི་ལྟར་བཅས་པའི་ཐ་ཚིག་གིས་གནད་ནས་སྨོས་ཏེ་གདུང་ཤུགས་དྲག་པོ་དང༌། གསང་བའི་རྔེའུ་ཆུང་སོགས་ཀྱི་སྒྲས་བསྐུལ་བས་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་གྱིས་ཇི་ལྟར་འདོད་པའི་དོན་མཛད་དེ་དབུགས་དབྱུང་བར་འགྱུར་རོ། །དོན་ལ་ཡེ་ཤེས་ཀྱི་གོ་འཕང་མངོན་དུ་གྱུར་ཀྱང་རྣམ་པ་འཇིག་རྟེན་རང་རྒྱུད་པའི་ཚུལ་དུ་སྟོན་ཅིང་སྟོན་པའི་བསྟན་པ་དང་ཁྱད་པར་བླ་མེད་རྡོ་རྗེ་ཐེག་པ་སྲུང་བའི་གཉེར་ཁ་དང་ལྡན་པའི་ཕོ་རྒྱུད་མོ་རྒྱུད་མ་ནིང་གི་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་སྐྱོང་སྤྱི་དང༌། སློབ་དཔོན་སངས་རྒྱས་གཉིས་པའི་ཐ་ཚིག་ལྷག་པར་ཕོག་པའི་མཁའ་འགྲོ་དམ་ཅན། དགེ་བསྙེན་ཉེར་གཅིག །བརྟན་མ་བཅུ་གཉིས་སོགས་བོད་ཀྱི་ལྷ་སྲིན་ཅི་བསྒོ་བའི་བཀའ་ལ་ཉན་པ་རྣམས་ལ་གཏོར་མ་འདོད་ཡོན་གྱི་ཕུང་པོར་བསྔོས་ཏེ། ཁང་བླངས་པའི་ཐ་ཚིག་བསྒྲགས་ཏེ་དྲན་པར་བྱས་ནས་ཕྲིན་ལས་བཞི་སོགས་འདོད་པའི་གཉེར་བྱང་བཅོལ་དུ་གཏད་པའོ། །གསུམ་པ་བརྟན་མ་སྐྱོང་པ་ནི། བརྟན་མ་བཅུ་གཉིས་འདི་དག་དོན་ལ་བདེ་མཆོག་གི་སྒོ་མཚམས་མ་ཡིན་ཀྱང་ཚུར་རོལ་གྱི་སྣང་ཆར་དགོས་པ་ཁྱད་པར་དུ་གྱུར་པ་སྔོན་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དང༌། སློབ་དཔོན་བཱ་སུ་དྷ་རས་ཨ་སུ་ར་ཡི་བྲག་ཕུག་ཏུ་སྣང་སྲིད་མ་མོའི་དཀྱིལ་འཁོར་དུ་བཅུག །བལ་བོད་མཚམས་སུ་རླངས་ཆེན་དཔལ་གྱི་སེང་གེ་དང་བཅས་པས་བོད་ཁམས་མཐའ་དག་ཕྱི་ནང་གི་ཀླ་ཀློ་ཆོས་མིན་གྱི་ཉེར་འཚེ་མི་འབྱུང་བའི་སླད་དུ་ཕྱོགས་བཞིའི་སོ་ཁ་སྲུང་བར་བསྒོས་པའི་ཕྲིན་ལས་རྟག་ཏུ་མཛད་པར་བསྐུལ་བའི་ཕྱིར། ཆེ་ཞེ་སྟེ་མ་སྲིང་གི་ཚུལ་དུ་བརྩེ་ཞིང་འདུད་པའི་སེམས་ལྡན་བདུད་མོ་གནོད་སྦྱིན་སྨན་མོའི་རིགས་ཅན་གྱི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་ལ་སྲུང་མའི་གཏོར་གཞོང་བཤལ་བའི་ཆུ་བདུད་རྩིར་བརླབས་ནས་ལས་ཀྱི་བརྔན་པར་སྦྱིན་པའོ། །བཞི་པ་རྡོ་རྗེའི་རྟ་བྲོ་ནི། སྔོན་དབང་ཆེན་རྟ་ཕག་ཡབ་ཡུམ་གྱི་རུ་ཏྲ་བཏུལ་བའི་ཚེ་རྟ་སྐད་དྲག་པོ་དང་བཅས་མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས་ཤིང་སྣང་སྲིད་པདྨ་དབང་གི་ཞིང་དུ་གྱུར་ནས་རིགས་བཞིའི་ཧེ་རུ་ཀའི་འཁོར་དུ་ཁྲོ་བོ་ཁྲོ་མོ་སེར་ལྟར་འདྲིལ་ཞིང༌། ཀང་ཀ་སོགས་དུར་བྱའི་འདབ་ཆགས་སྤྲིན་ལྟར་གཏིབས། གཅན་གཟན་ཕྲ་མེན་གྱི་གདོང་ཅན་རླུང་འཚུབས་ནས་རྡོ་རྗེའི་རྟ་ཡི་རྨིག་པས་བྲོ་བརྡུངས་བས་ལས་བཞིའི་ཕྲིན་ལས་མཐར་ཕྱིན་ཏེ་གཏི་མུག་ང་རྒྱལ་ཆགས་སྡང་རང་རྒྱུད་པ་ཚར་བཅད། ཉོན་མོངས་ཕུང་པོ་འཆི་བདག་ལྷའི་བདུད་དེ་འཇིགས་པའི་བདུད་བཞི་རང་སར་ཞི། ཕྱི་དགྲ་ང་ཡིར་འཛིན་པ། ནང་དགྲ་ངར་འཛིན། གསང་དགྲ་ཉོན་མོངས་རྣམས་གདོད་ནས་སྐྱེ་མེད་ཀྱི་དབྱིངས་སུ་བཅོམ་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པ་གནས་ལུགས་རྫོགས་པ་ཆེན་པོའི་གཤིས་སུ་རྣམ་ཐར་སྒོ་གསུམ་གྱིས་རྒྱས་བཏབ་པས་ནམ་ཡང་མི་ལྡང་བར་མནན་པའོ། །ལྔ་པ་བསྐྱེད་རིམ་བསྡུ་བ་ནི། དགོས་ཆེད་སེམས་ཅན་རྣམས་ཀྱི་རྒྱུད་ལ་འཁྲུལ་སྣང་རྟག་པར་ལྟ་བའི་མཐའ་ལ་ཞེན་པ་ཡོད་པ་དེ་སྦྱོང་བའི་ཕྱིར་ཡིན་ལ། སྡུད་ཚུལ་སྔར་ཆོས་སྐུ་སྐྱེ་མེད་དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་ཆོ་འཕྲུལ། ལོངས་སྐུ་འགག་མེད་ཡེ་ཤེས་སྒྱུ་མའི་བཀོད་པ་ཕྱི་སྣོད་གཞལ་ཡས་ཁང༌། ནང་བཅུད་བླ་མ་སྐུ་གསུམ་རྣམ་འཕྲུལ་བཅུ་གཉིས་སྒོ་སྐྱོང་གིང་བཞིར་སྣང་བ་ཀུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་རིམ་པར་བསྡུས་ཏེ། མཐར་ས་བོན་ནཱ་ད་ཤིན་ཏུ་ཕྲ་བའི་བར་དང༌། དེའང་འོད་གསལ་སྟོང་ཉིད་གདོད་ནས་རང་བྱུང་གི་ཐིག་ལེ་ཆེན་པོ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བསྡུས་ལ་ཅི་གནས་སུ་མཉམ་པར་བཞག་གོ །དྲུག་པ་རྒྱུན་གྱི་སྤྱོད་ལམ་ནི། སྟོང་ཉིད་ཁོ་ནར་སྙོམས་པར་འཇུག་པ་ནི་ཆད་པའི་མཐའ་ཡིན་པས། དེ་བསལ་བའི་སླད་དུ་སླར་ཡང་སྟོང་ཉིད་ཀྱི་ངང་ལས་སྙིང་རྗེའི་རང་རྩལ་ཆུ་ལས་ཉ་ལྡང་བ་ལྟར་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་བདག་ཉིད་ངོ་བོ་པདྨ་དབང་གི་ལྷ་ལ་རྣམ་པ་སྣང་སྲིད་ཟིལ་གནོན་ཕྱག་རྒྱ་གཅིག་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་སྐུ་རང་བྱུང་གཉུག་མའི་ཚུལ་དུ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་གོ་ཆས་རྒྱས་གདབ་ཅིང༌། གཟུགས་སྣང་སྒྲ་གྲགས་སེམས་ཀྱི་རྟོག་ཚོགས་ཐམས་ཅད་རིག་འཛིན་བླ་མའི་ལྷ་ཚོགས་དང་རྡོ་རྗེའི་སྔགས་སྒྲ་གནས་ལུགས་ཆོས་སྐུའི་ཡེ་ཤེས་གསང་གསུམ་མི་ཕྱེད་མཉམ་པ་ཉིད་དུ་ཤེས་པས་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་པའི་སྤྱོད་ལམ་ལ་འཇུག་གོ །འདི་དག་གི་སྦྱང་བྱ་ནི། བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུ་བ་ནི་གཟུགས་སོགས་སྣང་བ་ཐིམ་པ་དང༌། སྲུང་འཁོར་ནས་སྙིང་པོའི་ཕོ་བྲང་གི་ལྟེ་བའི་བར་བསྡུ་བ་ནི་ས་ཆུ་ལ་ཐིམ་པ་སོགས་རགས་པ་ཐིམ་པ། འཁོར་རྣམས་རིམ་པར་གཙོ་བོར་ཐིམ་པ་སྣང་བ། ཡུམ་ཡབ་ལ་དང༌། དེ་ཡེ་ཤེས་སེམས་དཔའ་ཐུགས་ཀའི་རྡོ་རྗེ་ལ་ཐིམ་པ་མཆེད་པ། ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ཐུགས་ཀའི་ཧྲཱིཿལ་ཐིམ་པ་ཐོབ་པ། དེ་གྱེན་རྫོགས་ཀྱི་ནཱ་དའང་བསྡུས་པ་ཉེར་ཐོབ་སྟེ་འཆི་བ་འོད་གསལ་དང༌། དེ་ལས་ལྷར་ལྡང་བ་བར་དོ་སྦྱང་ཞིང༌། སྦྱངས་འབྲས་ནི། སངས་རྒྱས་གཟུགས་ཀྱི་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ཅིང༌། ཆོས་ཀྱི་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་དང༌། དེ་ལས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པས་དེ་ལས་ལྡང་བ་མཚོན་ནོ། །ལམ་གོང་མའི་དུས་སུ་དབང་བཞི་པའི་ཉམས་ལེན་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཟུང་འཇུག་གི་སྐུར་ལྡང་ནུས་སུ་སྒྲུབ་པའི་རྒྱུར་འགྲོ་བས་སྨིན་བྱེད་དོ། །བདུན་པ་བསྔོ་སྨོན་ནི། ཤེས་རབ་སྟོང་ཉིད་ཆོས་ཀྱི་དབྱིངས་བླ་མེད་རྡོ་རྗེ་ཐེག་པའི་ལྟ་དགོངས་ཀྱི་གདིང་གིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་དང༌། ཐབས་ཆེན་གསང་སྔགས་ཟབ་ལམ་བསྐྱེད་རྫོགས་ཀྱི་ཆོ་འཕྲུལ་མང་པོས་དཀའ་བ་མེད་པ་བསོད་ནམས་ཀྱི་ཚོགས་ཟུང་དུ་འབྲེལ་བའི་སྟེང་དུ། བདག་ཉིད་ཀྱིས་དུས་གསུམ་དུ་བསགས་པའི་ཟག་བཅས་ཟག་མེད་ཀྱི་རྣམ་དཀར་མཐའ་དག་འགྱོད་པ་སོགས་ཀྱིས་ནམ་ཡང་མི་ཟད་པར་ཉིན་རེ་བཞིན་གོང་ནས་གོང་དུ་འགྱུར་ཁྱད་ཆེན་པོས་འཕེལ་བ་དང༌། སེམས་དང་པོ་བསྐྱེད་པ་ནས་བརྩམས་ལམ་སྒྲུབ་པ་ཐམས་ཅད་ཀྱི་འབྲས་བུ་རྒྱ་ཆེར་སྨིན་ཅིང་མཐར་དབྱུང་བ་ལ་མཆོག་ཏུ་བསྔགས་པ། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་དངོས་སམ་རྗེས་མཐུན་པས་རྒྱས་བཏབ་ཅིང༌། གཞན་དོན་དུ་བསྟན་འགྲོའི་ཕན་བདེའི་དཔལ་ལ་ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་ཞི་ཞིང་ལེགས་ཚོགས་ཐམས་ཅད་དབྱར་མཚོ་ལྟར་རྒྱས་འཕེལ་བརྟན་པ་དང་རང་དོན་དུ་རིམ་གཉིས་ཀྱི་ཏིང་འཛིན་གྱིས་རིག་འཛིན་རྣམ་བཞིའི་ས་ལམ་ཀྱི་སྤང་རྟོགས་མཐར་ཕྱིན་ནས་སྐུ་ལྔ་ལྷུན་གྲུབ་ཆོས་སྐུ་ཀུན་ཏུ་འཆང་པདྨ་རྒྱལ་པོའི་གོ་འཕང་ཐོབ་པར་སྨོན་པའོ། །ཤིས་བརྗོད་ཀྱིས་མཐའ་རྒྱས་བྱ་བ་ནི། ལས་རིམ་རྫོགས་པའི་མཐར་ཕྱོགས་དུས་རྒྱལ་བ་སྲས་བཅས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡཱ་ར་བའི་ཆར་ཆེན་པོ་འབེབས་པར་བསམ་ལ། རང་ཉིད་ཀྱང་དེ་དང་མཐུན་པའི་བདེན་ཚིག་གི་ཤིས་བརྗོད་དབྱངས་རོལ་དང་མེ་ཏོག་འཐོར་བ་སོགས་བྱས་པས། ཕྱོགས་དུས་ཀུན་ཏུ་མི་མཐུན་པའི་མིང་མི་གྲགས་ཤིང༌། བསམ་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་ཀྱི་དཔལ་སྤེལ་བའོ། །ཕྲིན་ལས་ཀྱི་རིམ་པ་དེ་དག་ཀྱང་གསང་སྔགས་ལུང་གི་སྒོ་བཞི་དང་འབྲེལ་དགོས་ཏེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལྟར། སྒྲུབ་པའི་ཕྲིན་ལས་སྔགས་དང་བསྙེན་སྒྲུབ་ལས་ཀྱི་སྲོག་སྡོམ་གཟེར་བཞིའི་ཏིང་འཛིན་གསུམ་ནི་སྦྱོང་བྱེད་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དུ་མ་རོ་གཅིག་ལམ་དུ་བྱས་པས། སྦྱང་བྱ་ཐ་མལ་སྒོ་གསུམ་གྱི་ཞེན་པ་དག་ཅིང༌། སྦྱངས་འབྲས་ཡེ་ཤེས་རྡོ་རྗེའི་སྡོམ་པ་ཆེན་པོའི་གོ་འཕང་ལ་སྦྱོར་བའི་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས། ཐམས་ཅད་དུ་འབྲེལ་ན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་རྡུལ་ཕྱག་སོགས་གསང་བའི་མཚན་དང༌། ཨ་ལ་ལ་ཧོ་སོགས་ཀྱི་བརྡ་ཡིས་ཀྱང་དངོས་གྲུབ་མི་ཡལ་ཞིང༌། བར་ཆད་མེད་པར་དངོས་གྲུབ་མྱུར་བའི་ཐབས་ཀྱི་གསེང་ལམ་ཁྱད་པར་ཅན་ཡིན་ལ། ཁྱད་པར་ཏིང་འཛིན་ནི། རྒྱུད་ལས། ཏིང་འཛིན་བསམ་གཏན་དག་དང་མི་ལྡན་ན། །གསང་སྔགས་བཟླས་ཀྱང་འགྲུབ་པར་མི་འགྱུར་ཏེ། །གསོ་དཔྱད་བཀླག་པས་ནད་ལ་མི་ཕན་ལྟར། །དེ་བས་ཏིང་འཛིན་བསམ་གཏན་འབད་པར་གཅེས། །ཞེས་སོ། །ལྷག་པར་བསྙེན་སྒྲུབ་ལས་ཀྱི་བཟླས་སྔགས་ནི། བསྙེན་སྒྲུབ་ཛཔ་ཀྱི་བཀོལ་བྱང་ལས། བདག་ཉིད་པདྨ་ཐོད་ཕྲེང་ནི༔ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཏེ༔ དཀྱིལ་འཁོར་འཁོར་ལོ་རབ་འབྱམས་ཀྱང༔ དབྱིངས་ལས་བྱུང་ཞིང་དབྱིངས་སུ་འདུ༔ དེ་བཞིན་སྔགས་དང་ཕྱག་རྒྱ་དང༔ བསམ་ཡས་ལས་ཀྱི་བྱེ་བྲག་ཀུན༔ གང་འདུལ་དེར་སྣང་ཅིར་ཡང་སྟོན༔ དད་ལྡན་དངོས་གྲུབ་སྒྲུབ་པ་ལ༔ བསྡུ་བ་མེད་ཅིང་བྱིན་རླབས་མྱུར༔ ཞེས་གསུངས་པ་ལྟར་ལས་རབ་འབྱམས་སྒྲུབ་པའི་ལྡེའུ་མིག་ལྟ་བུ་ཡིན་ཞིང༌། བྱིན་དབབ་པའི་དུས་སུ། ཞྭ་གོས་ཕོད་ཀ་རྒྱན་གྱིས་ཀླུབས༔ སྤོས་སྲེག་རོལ་མོ་སྙན་པར་འཁྲོལ༔ གར་འཁྲབས་གདུང་དབྱངས་ཞིང་གི་གཡབ༔ ཅེས་དང༌། པདྨའི་སྙིང་པོའི་རྒྱུད་ལས། མི་བསྐྱོད་སེམས་དཔའ་ཐུགས་ཀར་སྦས༔ ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འབར༔ གསང་བ་ཀུན་འདུས་ཐུགས་ཀར་ཧཱུྃ༔ རྡོ་རྗེ་དྲིལ་བུ་བསྣོལ་བས་འཁྱུད༔ དབྱིངས་ཕྱུག་ཐུགས་སྦས་ཡབ་ལ་བལྟ༔ ཕྱག་རྒྱ་རྡོ་རྗེ་ཐོད་པ་འབར༔ གསང་བ་ཀུན་འདུས་ཐུགས་ཀར་མཱུྃ༔ རྡོ་རྗེ་ཡབ་འཁྱུད་ཐོད་ཞལ་སྟོབ༔ ཞེས་པས་མཚོན་མཆོད་བསྟོད་སོགས་ལ་ཕྱག་རྒྱའང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཁྱད་པར་ཅན་དང་འབྲེལ་བ་སྟེ། སྔགས་གསུམ་ཕྱག་རྒྱ་བཞི་སོགས་རབ་ཆུ་བོའི་རྒྱུན། འབྲིང་ཉིན་མཚན་དུས་དྲུག་ཐ་མས་ཀྱང་ལོ་ཟླ་ལས་མི་འདའ་བར་བྱ་དགོས་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས། བློ་དང་ཁམས་ཀྱི་ནུས་ཚད་ཀྱི་གཞུང་རྒྱས་པར་ཁྲིགས་བསྐྱངས་ན་ངེས་པར་དངོས་གྲུབ་རྣམ་གཉིས་ཆེ་ལ་མྱུར་རོ། །ཅིའི་ཕྱིར་ཞེ་ན། ཆོ་ག་ཕྲ་མོ་ཡན་ཆད་ཀྱང་ཕལ་ཆེར་རྒྱུད་ལས་འབྱུང་ཞིང༌། འགའ་ཞིག་བླ་མ་གྲུབ་པ་བརྙེས་པའི་བཀའ་སྲོལ་ཕྱག་བཞེས་ལས་དང༌། དྷཱ་ཀི་མས་ལུང་བསྟན་པ་དང༌། ཨོ་རྒྱན་ཉིད་ཀྱིས་ཡངས་ལེ་ཤོད་དུ་ཉམས་དང་སྦྱར་བ་ཡིན་པས་ཀུན་ཏུ་ཐེ་ཚོམ་སྤོངས་ལ་སྒྲུབས་ཤིག །ནང་ཐེ་ཚོམ་ཅན་རྒྱུ་སླ་དེས་ཆོག་གཟུ་ལུམ་མཁན་རྣམས་ལ་དངོས་གྲུབ་ཏིལ་འབྲུ་ཙམ་མེད་དོ། །དེས་ན་དད་ཅིང་མོས་པ་ཁོ་ནས་ཉམས་སུ་བླང་བར་བྱའོ། །ཞེས་ཡང་ཡང་གསུངས་པ་ལྟར་རོ། །མདོར་ན་བསྐྱེད་བཟླས་རྫོགས་གསུམ་སོགས་ཐམས་ཅད་ཚང་བས་བསྒྲུབས་ན་མི་འགྲུབ་པ་གཅིག་ཀྱང་མེད་དེ། རྒྱུད་ལས། དད་བརྩོན་དྲག་པོས་བསྒྲུབ་གྱུར་ན། མཚམས་མེད་ལྔ་སྤྱོད་མི་ཡིས་ཀྱང༌། དངོས་གྲུབ་ཐོབ་པས་གསང་སྔགས་ཁྱད། ཞེས་གསུངས་པའང་ཞར་ལ་འཕྲོས་པའོ། །གཉིས་པ་སྒོས་བཀའ་རྣམ་འཕྲུལ་བཅུ་གཉིས་སོ་སོའི་དགོས་དོན་བཤད་པ་ལ། དང་པོ་བླ་མ་ཆོས་སྐུའི་སྒྲུབ་ཚུལ་གྱི་སྤྱི་དོན་ནི། ལེའུ་དང་པོའི་སྐབས་དགོངས་པ་མི་གཡོ་བ་འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ ཞེས་པའི་དོན་ཟབ་དོན་འབྱུང་བའི་གླེང་གཞི་སྟེ། གསོལ་འདེབས་ཀྱི་ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ཞེས་བླ་མ་ཆོས་སྐུ་ཚེ་འོད་དཔག་མེད་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་རྡོ་རྗེའི་ཚེ་སྒྲུབ་པའི་རྣལ་འབྱོར་ཟབ་འདྲིལ་དུ་བསྟན་པའི་ཚུལ་བཤད་པ་ལ། བསྒྲུབ་བྱའི་གཞི། སྒྲུབ་བྱེད་ཀྱི་ཐབས། དེའི་དགོངས་པ་གསུམ་དང་ལྡན་པ་སྟེ། དང་པོ་ནི་རྒྱུད་ལས། མི་འགྱུར་རྟག་པ་གཉུག་མའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །གློ་བུར་ལྟར་སྣང་སྲོག་གི་ཚེ། །ཞེས་གསུངས་པ་ལྟར། སེམས་ཅན་ཀུན་གྱི་རྒྱུད་ལ་གཟོད་ནས་མི་འགྱུར་བར་བཞུགས་པའི་རྟག་བརྟན་རྡོ་རྗེ་སེམས་དཔའི་ཡེ་ཤེས་མཆོག་ཉིད་འཆི་མེད་རྡོ་རྗེའི་གོ་འཕང་གི་བསྒྲུབ་གཞི་མཐར་ཐུག་ཡིན་ཅིང༌། དེའི་རང་མདངས་རྡོ་རྗེའི་ལུས་ཀྱི་དབུ་མའི་ཡར་མར་དུ་གནས་པའི་དཔྱིད་ཐིག་གཉིས་དང༌། འཁོར་ལོ་དྲུག་གི་ཐིག་ལེའི་བདག་པོར་གྱུར་པའི་དྭངས་མ་བཅུ་གཉིས་དང་སྙིགས་མ་ཉེར་བཞི་སོགས་འབབ། དེ་དག་ཀྱང་ཡེ་ཤེས་དང་རྗེས་འབྲེལ་དགའ་བཞིའི་འཕོ་བ་དང༌། རྣམ་ཤེས་དང་རྗེས་འབྲེལ་ལུས་ཟུངས་སམ་བླ་གནས་ཏེ་དེ་དག་རང་གནས་ལས་མི་གཡོ་ཞིང༌། སྟོབས་མ་ཉམས་པས་འཚོ་བའི་རྟེན་བྱེད་པ་དང༌། ཐིག་ལེའི་ཚེ་ཞེས་བསྒྲུབ་བྱའི་གཙོ་བོ་དང༌། ཚེ་སྲོག་གི་ངོ་བོ་རྣམ་ཤེས་དྲོད་དང་བཅས་པ་རྒྱུན་ཆགས་སུ་གནས་པའི་རྟེན་མི་ལྡན་པའི་འདུ་བྱེད་ལུས་ཀྱི་ངོ་བོ་འབྱུང་ལྔ་བདེ་བ་དང་བཅས་པ་ཁམས་དྲུག་འདུས་པ་རགས་པའི་གཟུགས་ཅན་རྟེན་དང་བརྟེན་པར་འབྲེལ་བས་བཞུགས་པ་སྲོག་གི་དབང་པོའི་ཚེ་ཞེས་ཁྱད་པར་གྱི་བསྒྲུབ་བྱ་སྟེ། དེ་དག་ནུས་པ་འཕེལ་ཞིང་བརྟན་པས་རིང་དུ་འཚོ་བའི་དཔལ་ཐོབ་ལ། ཉམས་ཤིང་གནས་ནས་འཁྱར་བ་སོགས་ཀྱི་ནད་གདོན་དུས་མིན་འཆི་བས་གཙེས་ཏེ་ཚེ་ཡི་རྒྱུན་ཆད་པར་བྱེད་པའོ། །གཉིས་པ་སྒྲུབ་བྱེད་ཀྱི་ཐབས་ལ། རྫས་སྔགས་རླུང་སྦྱོར་ཏིང་འཛིན་དུ་མ་ཡོད་པ་རྡོ་རྗེ་ཐེག་པའི་ལྷ་སྔགས་ཀྱི་རྣལ་འབྱོར་ཟབ་མོའི་གྲོགས་སུ་བསྒྲིལ་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པ་སྟེ། སྙིང་བྱང་ལས། བླ་མ་པདྨ་ཚེ་དཔག་མེད༔ རིགས་ལྔ་གཅིག་ཏུ་འདུས་པ་ཡི༔ གདམས་པ་ཟབ་མོ་འདི་འདྲ་བ༔ སྔོན་ཆད་རྒྱ་ཆེར་སྤེལ་བ་མེད༔ ད་ལྟ་མངའ་བདག་རྗེ་འབངས་དང༔ མ་འོངས་སྐྱེ་འགྲོའི་དོན་སླད་དུ༔ རང་བྱུང་པདྨ་བདག་གིས་བསྟན༔ ཞེས་གསུངས་པ་ལྟར། བསྒྲུབ་གཞི་ཆོས་ཉིད་གཉུག་མའི་ཚེ་ལ་ཡེ་ཤེས་ལྔ་དང་ཆོས་ཅན་ཐིག་ལེ་དྭངས་མ་ལྔ། དེ་གཉིས་ཀའི་རྟེན་ཁམས་དྲུག་འདུས་པའི་ལུས་ཀུན་ཡེ་ཤེས་རིགས་ལྔའི་ཏིང་འཛིན་ཟབ་མོའི་རྣལ་འབྱོར་གྱིས་སྙིགས་མའི་ཟག་པ་སྦྱངས་ཤིང་དྭངས་མ་ཡེ་ཤེས་ཀྱི་སྟོབས་སྤེལ་བས་ཆོས་ཉིད་འོད་གསལ་བྱང་ཆུབ་ཀྱི་སེམས་སྐྱེ་འཆིའི་གཞོམ་བྲལ་རྡོ་རྗེའི་གོ་འཕང་ཀྱང་མངོན་དུ་བྱེད་ནུས་ན་ཐུན་མོང་གི་ཚེ་སྒྲུབ་པ་ལ་ཚེགས་མེད་པའི་བསྐྱེད་རིམ་ཟབ་མོ་ཨོ་རྒྱན་ཚེ་དཔག་མེད་ཀྱི་གནས་ལྔར་རིགས་ལྔ་ཡབ་ཡུམ་དང༌། སྒེག་སོགས་བརྒྱད་དང་མགྱོགས་མ་བཞིས་བསྐོར་བའི་ལྷ་སྔགས་ཀྱི་རྣལ་འབྱོར་ལ་ནུས་པ་ཐོན་གྱི་བར་བརྩོན་པ་དང༌། དེའི་སྣོད་རུང་དུ་བྱ་བ་དབང་གི་ཆོ་གས་བསྙེན་སྒྲུབ་ལས་སུ་རུང་བའི་རྣལ་འབྱོར་པས་ཕྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང༌། ཡོངས་རྫོགས་སྒྲུབ་པ་ཆེན་པོའི་ཚེ་ཡི་མཐུན་རྐྱེན་སྤེལ་བ་དང༌། འབྱུང་ལྔ་བྱེ་བྲག་དང་སྤྱིའི་འཆི་བསླུའི་ཚུལ་ལ་བརྩོན་པས་དུས་མིན་གྱི་ཚེའི་འགལ་རྐྱེན་བར་ཆད་ཞི་བའི་ལས་རིམ་རྣམས་ཀྱིས་གློ་བུར་ལྟར་སྣང་སྲོག་གི་ཚེ། བསོད་ནམས་སྟོབས་ཀྱི་བསགས་པས་ལས་ཀྱི་འགྲོ་ལྡོག་བྱེད་པའི་ཚེ་གསོ་ཞིང་སྤེལ་བ་དང༌། ཆོས་ཅན་ཐིག་ལེའི་ཚེ་སྤེལ་བའི་རྣལ་འབྱོར་ཚེ་ཡུམ་ཙཎྜ་ལིའི་གཏུམ་མོ་ཞག་བདུན་མས་ནང་བཅུད་འབྱུང་བའི་དྭངས་མའི་སྲོག་སྒྲུབ་པས་འཕོ་མེད་རྡོ་རྗེ་སྡོམ་པའི་རྣལ་འབྱོར། ཐུན་མིན་རྫོགས་རིམ་གྱི་ཚུལ་དུ་བསྟན་པས་ཐིག་ལེ་དང་གཉུག་མའི་ཚེ་ཡི་སྟོབས་འཕེལ། རླུང་སེམས་ཀྱི་འཕོ་བའི་བྱེད་པ་བཅིངས་ཤིང་ཀུན་རྫོབ་ཀྱི་དྭངས་མ་རྒྱས་པ་དང༌། བསོད་ནམས་ཀྱི་ཚོགས་སྤེལ་བའི་ཐབས་ཀྱི་མཐར་ཐུག་ཚོགས་ཀྱི་འཁོར་ལོ། ཚེ་སྲོག་གི་རྟེན་བླ་ཉམས་ཡར་བ་བཀུག་ཅིང་བརྟན་པའི་ལས་རྣམས་ཀུན་གྱི་གྲོགས་སུ་གཅེས་པ་སྟེ། མདོར་ན་རྫས་སྔགས་ཏིང་ངེ་འཛིན་གྱི་བྱེད་པ་ཐམས་ཅད་ཚོགས་པའི་ནུས་པ་བསམ་གྱིས་མི་ཁྱབ་པས་དེའི་གཞུང་གཅིག་ཏུ་འདུས་གསལ་སྙིང་པོའི་བཅུད་དྲིལ་དུ་བསྟན་པ་ཤིན་ཏུ་ཟབ་གསང་རྒྱུད་ལུང་མན་ངག་གི་དགོངས་པའི་ཡང་ཞུན་མཐར་ཐུག་གཞན་ལ་མ་གྲགས་པ་ཡིན་པའི་ཚུལ་ཡང༌། སྙིང་བྱང་ལས། དེ་ལྟར་རྡོ་རྗེ་ཚེ་ཡི་ལུང༔ སྔོན་ཆད་ས་སྟེང་མ་གྲགས་པའི༔ ངོ་མཚར་ཐབས་མཆོག་དུ་མ་འདི༔ བདག་ཉིད་ཆེན་པོ་པདྨ་དང༔ ཚེ་ལམ་ཕྱག་རྒྱ་མནྡྷཱ་རས༔ མཱ་ར་ཏི་ཀའི་གསང་ཕུག་ཏུ༔ ཚེ་ཡི་རིག་འཛིན་སྒྲུབ་པའི་དུས༔ ཚེ་དཔག་མེད་པ་དངོས་སུ་བྱོན༔ རྒྱུད་དང་གདམས་པ་རྒྱ་ཆེར་གསུངས༔ རྒྱ་ནག་རི་བོ་དེ་ཤན་རྩེར༔ བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ༔ རྟེན་འབྲེལ་སྒོ་ནས་ཚེ་བསྲིང་བའི༔ ཐབས་དང་རིམ་པ་བརྒྱ་ཕྲག་ཞུས༔ དེ་རྣམས་ཀུན་གྱི་སྙིང་པོའི་བཅུད༔ ད་ལྟའི་མངའ་བདག་ཡབ་སྲས་དང༔ མ་འོངས་ཕྱི་མའི་འགྲོ་བ་ལ༔ ཤིན་ཏུ་བརྩེ་བའི་དགོངས་པས་གདམས༔ དེ་ཕྱིར་མཆོག་ཏུ་གཅེས་པར་ཟུངས༔ ཞེས་རྒྱུ་མཚན་ཁུངས་བཅས་རྡོ་རྗེའི་ཚིག་གིས་བསྟན་པ་ལ་ཡིད་ཆེས་པས་སྙིགས་དུས་ཀྱི་སྐབས་འདི་ལྟ་བུར་ཕོངས་པས་བདུད་རྩིའི་ཟས་བཞིན་བསྟེན་བྱ་གཅིག་པུར་གྱུར་པ་སྟེ། མན་ངག་གིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། རིག་འཛིན་རྩལ་འཆང་གསུམ་གྱི་བསྙེན་སྒྲུབ་ཀྱི་ཡི་གེ་ལས་འབྱུང་བ་ལྟར་ཤེས་པར་བྱ་བ་ཁོ་ནའོ། །གསུམ་པ་དེའི་རྣལ་འབྱོར་ལ་བརྩོན་པའི་དགོས་པ་ཡང༌། སྙིང་བྱང་ལས། ལས་རྣམས་ཀུན་གྱི་ཐོག་མར་ནི༔ རིག་འཛིན་ཚེ་ཡི་སྒྲུབ་པ་བྱ༔ ཆོས་སྤྱོད་བསླབ་ལྡན་རྣལ་འབྱོར་པའི༔ ཚེ་རིང་བ་ནི་དགེ་བ་སྟེ༔ འདི་དང་ཕྱི་མའི་དོན་འགྲུབ་ཅིང༔ དངོས་གྲུབ་ཀུན་ཀྱང་མངོན་དུ་འགྱུར༔ ཞེས་དང༌། ལྟ་དགོངས་ལྡན་པའི་སློབ་དཔོན་གྱི་དབང་བསྐུར་བ་ཙམ་གྱིས་ཀྱང་དགོས་དོན་འགྲུབ་སྟེ། ཐུན་མོང་མི་འགལ་ཁྱད་ཆོས་མང་ལྡན་པའི༔ ཟབ་མོའི་དབང་འདི་ཏིང་འཛིན་ལས་རུང་ཞིང༔ མན་ངག་ལྡན་པས་སུ་ལ་བསྐུར་གྱུར་ཀྱང༔ ཚེ་དང་ཡེ་ཤེས་བཀྲ་ཤིས་འཕེལ་བར་འགྱུར༔ ཚེ་ཟད་པའང་ལོ་གསུམ་ངེས་པར་བསྲིང༔ དེ་ཕྱིར་སྐལ་ལྡན་རྣམས་ཀྱིས་གཅེས་པར་ཟུངས༔ ཞེས་གསུངས། རང་རེའི་སྟོན་པ་གུ་རུ་རིན་པོ་ཆེ་ཉིད་ཀྱང་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་དུ་བཞུགས་བཞིན་ཚུར་མཐོང་གདུལ་བྱའི་ངོར་ཡང་བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀར་རྡོ་རྗེའི་ཚེ་སྒྲུབ་པས་ཚེ་དཔག་མེད་ཡབ་ཡུམ་དངོས་སུ་བྱོན་ནས་སྐྱེ་འཆི་མེད་པ་རྡོ་རྗེ་ཚེ་ཡི་དབང་བསྐུར། ཚེ་དབང་རིག་འཛིན་མངོན་དུ་མཛད་པས་ད་ལྟ་ཡང་འཛམ་གླིང་གི་གླིང་ཕྲན་རྔ་ཡབ་པདྨ་འོད་དུ་སྐུ་དངོས་བཞུགས་ཏེ་ནམ་མཁའ་ཇི་སྲིད་བར་འདས་གྲོང་མེད་པར་གསུངས་ཤིང༌། དེ་ཡི་རྗེས་སུ་བཟུང་བའི་རྗེ་འབངས་གྲོགས་ལྔ་ལ་སོགས་པས་མཚོན་ད་ལྟའི་བར་ཚེ་ཡི་དངོས་གྲུབ་བརྙེས་པ་དུ་མ་བྱོན་པས་རྟེན་འབྲེལ་དང་དགོས་པའི་ཆེ་བ་དུ་མ་ལྡན་པ། རང་གཞན་ཐམས་ཅད་སྲོག་ལས་གཅེས་པ་མེད་ཅིང༌། ཆོས་ལྡན་གྱི་ཚེ་རིང་བས་བསྟན་འགྲོའི་དཔལ་དུ་ཆེ་བ་མཐོང་ཆོས་སུ་གྱུར་ཕྱིར་སྐལ་བཟང་ཆོས་འདོད་དག་གིས་ཐོག་མར་ཉིད་དུ་བསྒྲུབ་ཅིང་བརྣག་པར་བྱ་བའི་ཆོས་སུ་གྱུར་པ་དང༌། ཟབ་གཏེར་འདིའི་ཆོས་བདག་ཏུ་བསྔགས་པ་དུ་མ་ཡང་ཚུལ་འདི་ཉམས་བཞེས་ཀྱིས་སྐུ་ཚེའི་དངོས་གྲུབ་བརྙེས་པ་དུ་མ་བྱོན་པའི་ལོ་རྒྱུས་ཀྱང་ཡོད་པ་ལྟར་རོ། །གཉིས་པ་ལེའུ་གཉིས་པའི་གཤམ་དུ་འགྲོ་འདུལ་འཁོར་བ་དོང་སྤྲུགས་ངན་སོང་ཐམས་ཅད་སྦྱོང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཞེས་གསུངས་པ་ལྟར། ལོངས་སྐུ་འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་སྒྲུབ་ཚུལ་བཤད་པ་ལ། གསོལ་འདེབས་ཀྱི། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ ཞེས་པའི་དགོངས་དོན་ཏེ། སྤྱིར་སངས་རྒྱས་ལོངས་སྐུ་ཞེས་པ་སྐུ་དང་ཞིང་ཁམས་རབ་འབྱམས་ཀྱི་ཁྱབ་བདག་ཆོས་སྐུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དུ་མངོན་པར་བྱང་ཆུབ་པའི་མགོན་པོ་འོད་མི་འགྱུར་བ་ཉིད། རང་སྣང་ལོངས་སྐུ་ཚངས་པ་རྔ་སྒྲའི་ཞིང་ན་ཡེ་ཤེས་རིགས་ལྔ་གངས་ཆེན་མཚོ་ངེས་པ་ལྔ་ལྡན་གྱི་བཀོད་པ་འབྱམས་ཀླས་པས་ཁྱབ་པ་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཉིད་དེ། ཐུན་མོང་གི་མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་ནས་ཀྱང༌། འཕགས་པའི་བ་སྤུའི་ཁུང་བུ་རེ་རེ་ཡང་ཞིང་ཁམས། དེ་འདུལ་བྱེད་ཀྱི་སྟོན་པ་སངས་རྒྱས་བྱང་སེམས། ཉན་རང༌། དག་མ་དག་སྣ་ཚོགས་བཀོད་པས་འགྲོ་བའི་དོན་མཛད་པར་གསུངས་པ་དང༌། བསྐལ་བཟང་འདིར་བྱོན་པའི་སངས་རྒྱས་སྟོང་ཀྱང་མགོན་པོ་འདིའི་རྣམ་རོལ། གསུང་རིགས་པའི་གསང་སྔགས་ཐམས་ཅད་ཀྱང་ལྷ་འདིའི་གསུང་གི་བདག་ཉིད་དུ་གསུངས་པས་མཚོན། མདོར་ན་རབ་འབྱམས་རྒྱལ་བ་ཀུན་གྱི་གཞན་ཕན་གྱི་ཕྲིན་ལས་རྟག་ཁྱབ་ལྷུན་གྲུབ་ཏུ་སྣང་བའི་བྱེད་པོར་རང་བྱུང་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཉིད་ལྷའི་ཕྱག་རྒྱར་བཞེངས་པ་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟེ། ཐམས་ཅད་མཁྱེན་པའི་ལམ་གྱི་གཞུང་ཤིང༌། སྐུ་གསུམ་མངོན་དུ་བྱེད་པའི་རྒྱུ་ཐུན་མིན་སྙིང་རྗེ། དེ་ཡང་རྟག་ཁྱབ་ལྷུན་གྲུབ་ཀྱི་ཐུགས་རྗེ་ལྷའི་ཕྱག་རྒྱར་བཞེངས་པ་བསྒྲུབས་ན། རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་འབད་མེད་དུ་སྐྱེས་ནས། རིང་དུ་འཚོ་བའི་ཚེ་འགྲུབ་ཀྱང་གཞན་ཕན་གྱི་ཕྲིན་ལས་རླབས་པོ་ཆེ་མ་བསྐྱངས་ན་བསྟན་འགྲོའི་དོན་གཉིས་མི་འགྲུབ་པས་སྟོང་ཉིད་སྙིང་རྗེའི་རྟོགས་པ་གོང་འཕེལ་དུ་བྱེད་པའི་རྣལ་འབྱོར་འགྲོ་འདུལ་འཕགས་པའི་ཕྲིན་ལས་ཏེ། འདི་ལ་ཡང་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་བསྙེན་པ། མདུན་བསྐྱེད་རིགས་ལྔ་སེམས་དཔའི་སྒྲུབ་པ། གཞན་དོན་ཚེ་ལྡན་དབང་དང༌། ཚེ་འདས་གནས་ལུང་གིས་རྗེས་སུ་འཛིན་པའི་ཐབས་བཅས་དང༌། གཞི་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་ལ་གདེང་ཐོབ། ལམ་དབང་ཐོབ་བསྙེན་སྒྲུབ་ལས་སུ་རུང་བའི་རྣལ་འབྱོར་པས་འཕགས་པའི་ཕྲིན་ལས་དང་རྣམ་ཐར་གྱི་རྗེས་སུ་སློབ་པའི་སྒོ་ཁྱད་པར་མི་འཁྲུགས་པའི་ཕྱག་རྒྱ་མཐོང་གྲོལ། རིགས་བདག་རྡོར་སེམས་ཀྱི་གསང་སྔགས་ཐོས་གྲོལ། འགྲོ་འདུལ་ངན་སོང་དོང་སྤྲུགས་ཀྱི་རྫས་མཆོག་མྱོང་གྲོལ། རྣམ་སྣང་ངན་སོང་སྦྱོང་བའི་བྱེ་མ་རེག་གྲོལ། རིན་འབྱུང་ཤཱཀྱ་སེང་གེའི་མཆོད་རྟེན་དྲན་གྲོལ། འོད་དཔག་མེད་པའི་ཞིང་སྦྱོང་སྒོམ་གྲོལ། དོན་ཡོད་སྨན་གྱི་བླ་མའི་ཆུ་སྦྱིན་འཐུང་གྲོལ། འཕགས་པ་སེམས་ཉིད་ངལ་གསོའི་རིག་པ་བཏགས་གྲོལ། འབྱུང་བཞི་ལ་བརྟེན་པའི་ཕྲིན་ལས་མཐའ་རྒྱས། དོན་ཡོད་ཞགས་པ་ལ་བརྟེན་པའི་གསོ་སྦྱོང་བསླབ་གྲོལ། པདྨ་གཙུག་ཏོར་ལ་བརྟེན་པའི་བདུག་སྤོས་ཚོར་གྲོལ། རྡོ་རྗེ་སྙིང་པོ་ལ་བརྟེན་པའི་མཆོད་སྦྱིན་སྤྱད་གྲོལ། ཕྱག་ན་རྡོ་རྗེ་ངན་སོང་ཀུན་འདྲེན་ལ་བརྟེན་པའི་བགེགས་དང་སྡིག་སྒྲིབ་དབང་ཁྲུས་ཀྱིས་སྦྱང་བ། སྨེ་བ་བརྩེགས་པ་ལ་བརྟེན་པའི་ཉམས་གྲིབ་མེས་སྦྱང་བ། རྣམ་པར་འཇོམས་པ་ལ་བརྟེན་པའི་དོན་ཀུན་འགྲུབ་པའི་འཁོར་ལོ། བདུད་རྩི་འཁྱིལ་པ་ལ་བརྟེན་པའི་ལས་ཀུན་བྱེད་པའི་རིལ་བུ་སྟེ། གྲོལ་བ་བཅུ་གཅིག་གི་ལས་སྦྱོར་གྱིས་ཕྲིན་ལས་མཐའ་རྒྱས་སུ་བྱེད་དགོས་ཤིང༌། དེར་མ་ཟད་དཀྱིལ་འཁོར་གྱི་ལྷ་འདི་དག་གི་ཐུགས་བསྐྱེད་དམ་བཅའ་སྨོན་ལམ་རིག་སྔགས་རེ་རེའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་པར་གསར་རྙིང་གི་མདོ་རྒྱུད་ཀུན་ལས་ཡང་ཡང་གསུངས་པ་ཉིད་དཀྱིལ་འཁོར་གཅིག་དྲིལ་དུ་སྒྲུབ་པ་དང༌། དེ་དག་གི་ཕྲིན་ལས་ཀྱི་སྒོ་ཐབས་དང་རྫས་ཀྱི་མན་ངག་དང་སྦྱར་བས་མཐོང་ཐོས་དྲན་རེག་གི་འདུལ་བྱ་བྱང་གྲོལ་ལ་འགོད་པ་འདི་ལྟ་བུ་ནི་སྔོན་ཆད་ཟབ་གཏེར་གྱི་གསང་བ་གང་དུའང་མ་གྲགས་པའི་ཁྱད་ཆོས་ངོ་མཚར་ཅན་རྒྱལ་སྲས་སེམས་དཔས་ཉམས་སུ་བཞེས་བྱ་མཆོག་གི་ལམ་སྟེ། རང་ཅག་གངས་ཅན་པ་རྣམས་ཀྱི་ལྷག་པའི་ལྷ་དང༌། འཕགས་པ་རང་གི་ཕྱག་མཚན་དུ་བཞེས་པའི་ཞིང་ཡིན་པས་བསྒྲུབ་བྱའི་ལྷ་མ་ནོར་བར་གྱུར་པ་དང༌། སློབ་དཔོན་སངས་རྒྱས་གཉིས་པ་ནས་བཟུང་ད་ལྟའི་བར་བོད་ཡུལ་གྱི་སྐྱེས་ཆེན་ཕལ་ཆེར་འཕགས་པའི་རྣམ་རོལ་དུ་ངེས་པས་ཚུལ་འདིའི་རིགས་སྔགས་ལ་བརྩོན་པས་དལ་འབྱོར་དོན་ལྡན་དུ་བྱ་བའང་སྙིང་བྱང་ལས། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་སྐུ༔ བོད་ཁམས་འགྲོ་འདུལ་ལྷག་པའི་ལྷ༔ འཕགས་མཆོག་ཐུགས་རྗེའི་བདག་ཉིད་ཀྱི༔ རྒྱུད་དང་མན་ངག་རྒྱ་མཚོ་རྣམས༔ ཨོ་རྒྱན་རང་བྱུང་རྣལ་འབྱོར་པ༔ པདྨ་བཛྲ་བདག་གིས་ནི༔ ཤར་ཕྱོགས་ཞིང་ཁམས་པོ་ཏཱ་ལར༔ འཕགས་པ་ཉིད་ལ་ཞུས་པ་དང༔ དྷཱ་ཀི་ལས་ཀྱི་དབང་མོ་ཆེས༔ པདྨ་རིགས་ཀྱི་རྒྱུད་ཀུན་བསྩལ༔ ཀླུ་སྒྲུབ་མི་ཏྲ་ཛོ་ཀི་ལས༔ མན་ངག་གནད་ཀྱི་སྙིང་པོ་བླངས༔ གངས་ཅན་འགྲོ་འདུལ་སྲོང་བཙན་རྗེའི༔ ཐུགས་ཀྱི་ཞལ་གདམས་ཀུན་ཀྱང་མཐོང༔ དེ་དག་ཀུན་གྱི་སྙིང་པོའི་བཅུད༔ ངན་སོང་འཁོར་བའི་དོང་སྤྲུགས་པའི༔ རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ་ཆེ༔ ཁ་ཚང་དོན་དྲིལ་བྱིན་རླབས་མྱུར༔ སྔོན་ཆད་གཞན་དུ་བསྟན་པ་མེད༔ དེང་འདིར་འཕགས་པའི་གདུལ་བྱའི་ཞིང༔ བོད་ཁམས་མངའ་བདག་ཡབ་སྲས་དང༔ མོ་འོངས་སྙིགས་མའི་འགྲོ་བ་ལ༔ ཤིན་ཏུ་བརྩེ་བས་བསམ་ཡས་གདམས༔ ཡལ་བར་མ་དོར་ཉམས་སུ་ལོངས༔ རང་གཞན་དོན་གཉིས་ངེས་པར་འགྲུབ༔ ཅེས་གསུངས་པ་ལྟར་ཆོས་གཏེར་ཕལ་ཆེ་བའི་གཙོ་བོ་བླ་རྫོགས་ཐུགས་གསུམ་དུ་གྲགས་པ་བཞིན། གཏེར་ཆེན་བླ་མ་རིན་པོ་ཆེར་ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྒྱས་བསྡུས་དུ་མ་བཞུགས་ཀྱང་འདི་ནི། གསུང་གི་བཀའ་བབ་ཀླུ་སྒྲུབ་དང་གྲུབ་མཆོག་མི་ཏྲ་ཛོ་ཀི །གངས་ཅན་མགོན་པོ་སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོའི་འཕགས་པའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་མ་ཎི་བཀའ་འབུམ་གྱི་ཟབ་དོན་གཅིག་དྲིལ་འབྲེལ་བ་ཐོགས་ཆོག་མར་ངེས་ཤིང༌། ལོག་འཚོའི་ཁུར་གྱིས་དུད་པའི་ལས་ངན་བདག་ལྟ་བུའི་ཆོས་སྐལ་དུ་སེམས་སོ། །གསུམ་པ་རིག་འཛིན་སྒྱུ་འཕྲུལ་དྲྭ་བ་རྣམ་འཕྲུལ་བཅུ་གཉིས་ཀྱི་སྤྲོ་བསྡུའི་བྱེད་པོ། སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་དཀྱིལ་འཁོར་ཐམས་ཅད་འབྱུང་བའི་ལས་བྱང་རྒྱས་འབྲིང་བསྡུས་གསུམ་རྒྱུན་གྱི་བཀོལ་བྱང་བཅས་པའི་ཉམས་ལེན་སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་སྟེ། རྩ་བ་ཡན་ལག་ལམ་ཐམས་ཅད་ཀྱི་སྔོན་དངོས་རྗེས་གསུམ་བསྙེན་སྒྲུབ་ཡན་ལག་བཞི། སྐུ་གསུང་ཐུགས་ཀྱི་བསྐྱེད་བཟླས་རྫོགས་གསུམ། མན་ངག་སྲོག་སྡོམ་གཟེར་བཞི་རྣམས་གསུངས་པ་གོང་དུ་བཤད་ཟིན་པ་ལྟར་ཡང་ཏིག་ཡེ་ཤེས་ཟང་ཐལ་གྱི་དགོངས་པའམ། ལམ་སྤྱི་ལ་གཅེས་པའི་དམར་བྱང་ངོ༌། །བཞི་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་དབང་དུ་བྱེད་པའི་ལས་རིམ་གུ་རུ་རྒྱལ་བའི་གདུང་འཛིན་མཁའ་འགྲོ་བཞི་སྐོར་ཏེ། སྐུ་ཡི་ངོ་མཚར་སོགས་ཏེ། འདི་ལའང་མཆོག་གི་དབང་སྡུད་མོས་གུས་ཀྱིས་བླ་མ་དབང་དུ་འདུ་བ་དང༌། རླུང་སེམས་ཀྱིས་འབྱུང་བ་དྷཱུ་ཏིའི་བཅུད་དུ་འགུགས་པ་དང༌། ཕྱག་རྒྱ་པདྨ་ཅན་གྱིས་ལྷན་སྐྱེས་རྡོ་རྗེ་བདེ་ཆེན་གྱི་ཡེ་ཤེས་དབང་དུ་བྱེད་པ་དང༌། ཐུན་མོང་གི་དབང་སྡུད་ཁམས་གསུམ་གྱི་སྐྱེ་འགྲོ་མོས་པ་བཞིས་ཚུལ་དུ་འགུགས་པ་རྣམས་ཏེ། གུ་རུ་པདྨ་རྒྱལ་པོ་གཙོ་འཁོར་གྱི་ལྷ་སྔགས། ་་་་་མཛད་འཕྲོར་ལུས།
[edit]

@#/__bla ma'i thugs sgrub bar chad kun sel las/_zhal gdams snying byang gi 'grel bshad snying por dril ba rtsa gsum sgyu 'phrul drwa ba'i rol rtsed ces bya ba bzhugs so// sku gsum 'od gsal rdo rje snying po'i khams/_/grub rig 'dzin pa bye ba'i gtsug rgyan che/_/skyabs gnas rgya mtsho'i spro bsdu'i khyab bdag mchog_/snang srid zil gnon pad+ma saM b+ha rgyal/_/mtha' yas rigs dang dkyil 'khor rgya mtsho'i gar/_/grub gnyis ngo mtshar bdud rtsi 'byung ba'i gnas/_/mgon khyod gsang ba mi zad rgyan 'khor dang*/_/ro mnyam nges pa'i yid kyi phyag gis 'dud/_/bde stong rol pas rdo rje'i sar sbyor zhing*/_/gsang sngags rgyud sde'i mdzod kyi gnyer 'dzin ma/_/'bum phrag DA ki'i tshogs rje mkhar chen bzas/_/zab don 'chad la byin rlabs dga' ston stsol/_/dbyings rig thog ma'i ston pa stangs dpyal gyi/_/rang rtsal rje 'bangs lo paN tshom bu'i sprin/_grub gnyis 'dod dgu'i gar mkhan bstan mchog srog_/rab dwangs yid kyi me tog 'dzum pas mchod/_zab gsang rgya che snga 'gyur bstan pa'i srog_/ngo mtshar rgyud don ji bzhin slong nus shing*/_/dus bab byin rlabs smon lam gzi byin can/_/skal bzang 'dod dgu'i chos 'dren shing rta che/_/mtsho skyes rgyal ba'i zhal skyin mchog gyur gling*/_/bka' bab rin chen bdun mdzes mkhyen brtse'i dbang*/_/mdzod lnga'i shing rta blo gros pha mtha' yas/_/snyigs dus sangs rgyas gsum la mi gus su/_/bdag rgyud gshis ngan tha rgod legs btul nas/_smin grol char gyis byin rlabs myu gu'i tshal/_skrun mdzad 'jam mgon mi pham zhe chen pa/_'jam dbyangs chos kyi blo gros yab sras rgyal/_/gting dpag dka' ba'i rdo rje gsang ba'i tshig_/byis pas lta ci 'phags blo'i yul min kyang*/_/dad mos gus pa'i bsam sbyor ches dkar bas/_/cung zad smra ba don dang ldan par mdzod/_/de la 'dir gang 'chad par bya ba ni/_/gu ru yid bzhin nor bu'i gsol 'debs nyi zla ltar grags pa gnyis las bar chad lam sel/_tshul ji ltar 'chad na zab gsang rdo rje'i gnas 'di'i mnga' bdag gter 'byin mkhas grub rgya mtsho'i tshogs rje pad+ma 'od gsal mdo sngags gling pa la thugs sgrub rnam gnyis kyi tshogs sgrub skabs mtsho skyes rgyal ba dgyes pas dngos su bstsal ba'i gsol 'debs tshul bzhi'i 'chad thabs ltar bshad pa la/_gsol 'debs rdo rje'i tshig rkang 'byung ba'i rgyu gleng gzhi/_'bras bu tshul bzhi'i dgongs don/_rjes 'khor la gdams shing gtad pa'o/__/dang po la gsum/_rdo rje'i mtshan gyi don/_rgyu gleng gzhi dngos/_rkyen gleng bslang ba'o/__/dang po ni/_bla ma'i thugs sgrub bar chad kun sel las:_zhal gdams snying byang yid bzhin nor bu bzhugs:_zhes pa ste/_spyir dngos po'i gshis lugs rjes su mtshon par byed pa ming ste/_ming la brten nas don rtogs dgos pa'i phyir mtshan gyi don cung zad bshad na/_bla ma ni ji skad du rdo rje'i tshig rkang las/_nga sgrub sangs rgyas thams cad 'grub:_nga mthong sangs rgyas thams cad mthong:_nga ni bde gshegs 'dus pa yin:_zhes dang*/_bla ma bde gshegs 'dus pa'i sku:_dkon mchog gsum gyi rang bzhin la:_zhes gsungs pa ltar rtsa gsum kun 'dril snying po'i rgyud las kyang*/_stong nyid dri bral shes rab pad+ma'i klong:_snang ba bde chen 'gyur med rdo rje gnyis:_zung 'jug sku brnyes yod do cog thams cad:_kun 'dus phyir na pad+ma badz+ra zhes:_thog ma'i sangs rgyas kun kyang 'dus pa dang:_da lta'i sangs rgyas rnams kyang de las byung:_ma 'ongs rnam 'dren byung tshad 'di yis sprul:_zhes dang*/_bla ma sangs rgyas thog mar byung ba'i don:_rang rig rgyal po rang gsal bla ma'i mchog:_tshogs ma bsags par mthong ba kun tu bzang:_de phyir kun bzang sngon du'ang bla ma byung:_zhes gsungs pa ltar gdod ma'i mgon po yang rang rig rgyal po dbyings rig pad+ma badz+ra'i bla ma la brten pas na sangs rgyas gzhan thams cad bla ma la ma brten par mi 'byung zhing*/_sangs rgyas bla ma las byung phyin chos dang dge 'dun mkha' 'gro chos skyong thams cad de las 'byung bar shugs kyis grub pas na bla ma ni sangs rgyas thams cad kyi mes po/_dkyil 'khor rgya mtsho'i khyab bdag_/skyabs gnas kun 'dus kyi bdag nyid zag pa med pa'i yon tan ma lus pa rdzogs pa dang*/_de nyid phan gnod kyi yul du lci bas na gu ru'i sgra lci ba la 'jug pa dang*/_yang*/_sku lnga mtshan brgyad cir yang snang:_rol pa rgyal ba zhi khro'i tshogs:_zhes gsungs pas mtshon drang don gzugs sku'i bkod pa ma 'gag pa'i sgyu 'phrul sku lnga/_mtshan brgyad/_rnam 'phrul bcu gnyis/_gu ru yid bzhin nor bu bcu gsum/_'phrul mtshan nyi shu/_mdo sngags kyi ston pa brgya rtsa sogs rig 'dzin bla ma'i mtshan dang sku yi bkod pa de thams cad kyi khyab bdag ni ma hA gu ru rdo rje thod phreng rtsal nyid de/_rgyud las/_sangs rgyas thog ma bla ma ste:_sangs rgyas kun kyang bla mar brten:_bla ma kun gyi rtsa ba yang:_bdag nyid ngo mtshar mtsho las 'khrungs:_pad+ma badz+ra 'chi med rgyal:_dus gsum bla ma thod pa rtsal:_rgyal kun 'dus pa de kho na:_zhi bar snang ba spyan ras gzigs:_khro bo dbang chen drag po rtsal:_dngos grub kun gyi bdag nyid rdzogs:_rdo rje phag mo la sogs pa'i:_mkha' 'gro rnams dang lhan cig rol:_phrin las rab myur dngos grub che:_sku lnga mtshan brgyad cir yang snang:_zhes mchog gsum rtsa gsum sku gsum rgya mtsho'i khyab bdag tu gsungs pa dang*/_theg dgu'i yang rtse gsang sngags bla med ni:_rags pa'i khams rdzogs mi lus la ltos pas:_mi yi yul du gsang sngags ston pa'i rgyal:_khyad 'phags 'jig rten 'di ru rtsal dbang can:_thod rgal rig pa'i rtsal dbang thob pa'o:_zhes pa ltar chos thams cad kyi mthar thug rdo rje theg pa ni bskyed rdzogs kyi thabs lam du byed pa ste/_gsang ba zab mo'i gzhi lam 'bras bu thams cad ni rdo rje'i khams drug yongs su rdzogs pa mi yi lus la brten nas ston cing lam du byed dgos pas phyogs dus 'dren pa thams cad 'dzam gling gi mi yi lus la brten nas 'tshang rgya bar mdzad pas na khyab bdag rig 'dzin thod pa rtsal chen po yang gdan gsum rdo rje'i grong khyer 'dzin pa'i rig 'dzin bla ma'i ye shes kyi dwangs ma 'od kyi sku ru byon pa ste/_de nyid kyi thugs ye shes chen po'i gsang mdzod kyi nying khu sgra tshig yi ge'i rnam par snang ba la thugs sgrub tu gsungs pa yang*/_'di nyid kyi phrin las rgyas pa bde gshegs 'dus pa las/_so sor rtog pa'i ye shes kyi:_rang rtsal gzhom med nA da'i rgyud:_rdo rje'i dbyangs kyis rab phye ba'i:_chos 'khor bye ba bsam yas pa:_'gro kun skad dang bsam pa bzhin:_gang 'dul cir yang snang ba las:_thams cad kun gyi zab pa'i bcud:_rgyud dang sgrub pa'i sde ru 'dus:_de la ye shes klong dgu yi:_phyag rgya'i bye brag ji snyed kun:_bla ma'i thugs las byung ba'i phyir:_'di sgrub bde gshegs thams cad 'grub:_ces gsungs/_bla ma'i thugs sgrub zab mo de la'ang bye ba phrag brgya zhes yongs su grags pas mtshon gter kha phal mo che nas rgyas 'bring bsdus pa/_thun mong thun min las skabs 'dir ni/_kha rag gnas yig las/_slar yang bstan gnyis zung 'jug bskyang ba'i phyir:_o rgyan rgyal po'i sras kyi tshul du sprul:_rgya gar yul du thos bsam mthar phyin nas:_rgyal ba'i bstan pa nyi ma shar bzhin byas:_las 'phro'i dbang gis bod kyi yul du 'ongs:_sa btul gtsug lag gsar bzhengs chos kyang bsgyur:_zhes gsungs pa dang*/_zab bdun bka' thang las/_kha cig snang ngor o rgyan rgyal po'i sras:_zhes 'byung ba bzhin 'dzam gling nub phyogs o rgyan rgyal po'i sras drag po'i phrin las rab 'byams la mnga' brnyes pa'i mtshan rtags dang ldan pa rgyal po thor cog can zhes gsol 'debs le'u bdun ma las 'byung ba ltar gu ru rin po che nyid mngal skyes kyi rnam par bstan pa'i mdzad pa dang 'brel ba'i bskyed rdzogs man ngag gi rnam bzhag rgyud sde drug gi dgongs pa dang mi 'gal ba/_tshig don gyi sgrom che ba/_gter ston dang gter chos gang la dpyad kyang zab mo'i lung bzhin mtshan nyid rdzogs tshul dngos stobs kyi rig pas grub pa/_mchog dang thun mong gi dngos grub gang bsgrubs kyang rtags mtshan myur du 'byung bas man ngag gi myong bas brgyan pa/_tshig nyung don zab zhal gsal bkra shis zhal dro rtsod bral gter chen rnam gsum gyi phyi nang gsang gsum gyi thugs sgrub rnam bzhi'i dgongs pa gcig tu dril ba/_kun mthun kun las khyad par 'phags pa/_mchog dman kun la brim pas gang la gang 'tshams su byon pa/_gdul bya dang po'i las can rnams tshong pa lam du zhugs pa bzhin bar chad che ba la dgongs nas/_phyi 'byung bzhi'i 'jigs pa bcu drug_/nang bskyed rdzogs la gnad du bsnun pa'i skabs rtsa rlung thig le'i gegs/_gsang ba don gyi gnas lugs sgra ji bzhin pa la gegs su che ba'i gzung 'dzin 'khrul rtog/_sngags la zhugs pa'i gang zag kun la dngos grub thob pa'i gegs su che ba nyams chag rtog sgrib kyi bar chad las rnam par rgyal ba'i phyir thugs rje ye sprul gyi gu ru rin po che nyid/_gdul bya thun mong gi snang char rig 'dzin rnam pa bzhi'i lam rim can du bgrod tshul mdzad pa'i rnam thar bstan pa'i skabs bar chad las rgyal nas rig pa rtsal gyi dbang thob/_dbang gi chu bo bzhi 'dus pa sngon byung ston pa'i rnam thar rjes 'jug gdul bya'i nyams len du bstan pa/_dngos bstan gab 'khrugs med pa/_thun mong khyad par gyi las tshogs rgya che zhing zab pas phyi sgrub b.ra~M chada~M ku~Mn sela~M zhes rdo rje'i mtshan du bstan pa ste/_snyigs ma'i gdul bya dad brtson chung blo rtul ba la brtse ba chen pos ched du dgongs nas o rgyan rdo rje thod phreng rtsal dngos kyi zhal bsnyen pa dang mtshungs pas na zha~Ml gdama~Ms te/_yang*/_dpal ldan sangs rgyas pad+ma skyes:_rang byung o rgyan rgyal po ngas:_'gro drug spyi dang khyad par du:_bod la bka' drin che bar byas:_da dung nga nyid ma brjed na:_bod 'bangs sdug bsngal sel bar nges:_de phyir sgrub thabs dpag med brtsams:_las can don du gter du sbas:_zhes gsungs pa ltar bod yul phyi ma'i gdul bya sku dngos mjal ba'i skal pas phongs pa la thugs rjes ma bskyud pa'i rang byung brtse ba chen po'i ye shes kyi gdangs thugs kyi brnag pa'i chos byin rlabs mtshungs pa med cing mchog thun dngos grub sgrub pa'i gseng lam zab gsang gnad 'dus gzhung gcig tu dril bas snyinga~M byanga~M zhes pa ste/_snying phyung lag mthil bkram pa de las med:_ces 'byung ba lta bu'o/__/des na 'di nyid bsgrubs pa'i phan yon kyang*/_gzhung las/_zab chos 'di nyid mthong zhing thos pas kyang:_phyi nang gsang ba'i bar chad zhi ba dang:_ngan song skye sgo chod par ma gyur na:_pad+ma bdag gis phyi rabs 'gro ba bslus:_nyams su blangs na sangs rgyas lta ci smos:_de phyir gces par zungs shig sa ma ya:_zhes gsungs pa ltar mchog thun mong dngos grub kyi sgo du mas rang gzhan bstan 'gro'i don chen sgrub pa'i thabs tshang la ma nor ba 'khor los bsgyur ba'i bang mdzod kha phye ba lta bur bstan pas na yida~M bzhi~Mn nora~M bu~M bzhuga~Ms so~M:_zhes gsungs pa'o/__/gnyis pa rgyud gleng gzhi dngos la/_mchod par brjod pas spyi don mdor bstan pa dang*/_rgyu gleng gzhi/_rkyen gleng bslang bas rgyas par bshad pa'o/__/dang po ni/_na mo gu ru:_bod skad du bsgyur na bla ma la phyag 'tshal lo zhes pa ste/_khyab bdag bde chen rgyal po dbyings rig pad+ma badz+ra thod pa rtsal gyi ye shes ni srid zhi dngos mtshan gang gis kyang ma gos par bla~M na 'phags shing*/_de'i rang rtsal 'gag pa med pa las 'khor 'das thams cad 'phro zhing 'byung ba'i ma~M ru gyur pa ste/_bla ma dgongs 'dus sku rgyud shel gyi ri bo las/_dri med mtsho gling ge sar rgyas pa'i steng:_mngal gyis ma gos pad+ma badz+ra rtsal:_bde ba'i ro 'byin lha lcam man+dA ra:_thabs shes bde stong gar gyi dbang phyug mchog:_rgyal ba yongs kyi thugs bcud 'dus pa ste:_de yi rtsal las rnam 'phrul du mar snang:_zhes dang*/_pad+ma g+har+b+ha tan+t+ra las/_rang byung ye shes snying po can:_thog ma tha ma'i rgyu 'bras med:_rkyen med 'ching med grol ba med:_gting gsal rang rig ye shes dbyings:_ka nas dag cing zang thal ngang:_lhun grub 'dus ma byas pa'o:_zhes gnas lugs gdod ma'i bzhugs tshul dang*/_bla ma gsang ba kun gyi bdag:_kun bzang sras mchog pad+ma 'byung:_bsam yas rigs dang dkyil 'khor kun:_sgyu 'phrul drwa ba spro zhing bsdu:_zhes rgyud dang dkyil 'khor ma lus pa'i khyab bdag tu bstan pa ste/_'di ni thun mong ltar bshad na/_gsol 'debs le'u bdun ma'i lo rgyus las/_rin chen mtsho gling pad+ma'i sdong po la:_rang byung sprul pa'i sku ru brda yis 'ong:_gang zhig las can skyes bu dad pa can:_bdag la gdung ba'i sems kyis gsol 'debs na:_rgyu 'bras rten 'brel smon lam khyad par gyis:_sangs rgyas gzhan las bdag nyid thugs rje myur:_mtsho rgyal mos pas rgyun du gsol ba thob:_ces pa nyid thun mong sngags don ltar na rdo rje lus kyi snying ga chos kyi 'khor lo'i dwangs ma'i thig le'i dbus su lhan skyes mi shigs pa'i chos nyid de/_gsang ba bla med theg pa mchog gi lam nas dbyings ka dag gang la'ang mi gnas pa'i ngo bo 'od gsal lhun grub so so rang rig pas don mngon sum du byas kyang don la yul dang yul can gnyis su med pa'i mnyam pa nyid du gyur pa ste/_yul de la kun rdzob ltar na che ba'i yon tan shes pa'i blos gus pa dang*/_don dam gnyis med ro mnyam rdo rje'i lta bas phyag bya ba'o/__/tshul 'di zhib tu bshad na thabs grol sogs tshul bzhi'i rnam bzhag rgyas par yod pa'ang shes par bya'o/__/gnyis pa ni/_zhal gdams snying byang gi gsham du gu ru nyid kyi rdo rje'i gsung las/_e ma hoH_ngo mtshar thugs rje'i zhing khams bod yul dbus:_sogs kyis sdom ste gsungs pa ltar gleng gzhi phun sum tshogs pa lnga ldan du bstan pa ste/_gter gzhung las/_sa pho spre'u'i lo dgun zla ra ba'i tshes bcu la:_zhes ring ba'i dus dang*/_de'i tshe de'i dus na:_zhes nye ba'i dus dang*/_dus gsum sangs rgyas thams cad kyi sogs nas/_pad+ma 'byung gnas de nyid:_ces dang*/_sku dgyes pa'i 'dzum sogs nas/_bzhugs so:_zhes pas ston pa/_las can dag pa'i 'khor sogs nas/_phyag 'tshal ste:_zhes spyi yi 'khor dang gsol ba ni/_kyai:_slob dpon chen po sogs nas/_bka' bstsal to:_zhes pas chos phun sum tshogs pa ste/_'di la'ang zhib par dpyad na/_gleng gzhi'i skabs su bsam yas sogs gsungs pa de gang zag 'ga' zhig gis sgra ji bzhin par bzung nas da lta rang bzhin gang zag zhig gis skye bo phal pa la dbang chos 'chad pa lta bur sems pa 'dug kyang*/_ston 'khor thun mong dang thun min gyi dgongs pa dang bstun na/_gu ru nyid kyi zhal nas/_nga nyid chos sku'i sangs rgyas thams cad dang dgongs pa dbyer med du bzhugs:_longs sku'i sangs rgyas thams cad spro zhing sdud:_sprul sku'i sangs rgyas thams cad dang ye shes ro gcig pa las tha dad pa'i tshul bstan:_zhes gsungs pa ltar thog ma'i sangs rgyas kun tu 'chang gis ston 'khor dgongs pa dbyer med kyi chos 'khor dus gsum rgyun mi 'chad par yod pa dang*/_dkyil 'khor gyi gtso bo bla ma snang srid zil gnon gyi ye shes dgongs pa'i snang ngor rtag pa rgyun gyi 'khor grub pa dang*/_bod yul gdul bya dus la bab skabs bar khang g.yu zhal can du zhal gdams snying byang bstan pa gsum rim dang cig char gyi so skye'i blos spyod yul las 'das par shes dgos te/_bod yul gdul bya phyogs ris dang sgo bstun pa'i gsung las/_mkhyen rab kyi bdag po chos rgyal khri srong lde'u btsan dang sogs gsungs pa bzhin dpal chen po'i ye shes klong dgu de'i skabs kyi gdul bya'i don du rje 'bangs kyi tshul bstan pa tsam las tha mal gyi gdul bya ma yin pa rdo rje'i tshig tu 'byung ba ltar la/_bstan pa'i bab dang bstun nas bshad na/_chos longs kyi gleng gzhi rgyal ba dgongs brgyud/_gu ru rje 'bangs gleng gzhi rig 'dzin brda brgyud/_gter chen rnam pa gsum man chad gang zag snyan brgyud/_mkha' 'gro gtad rgya/_smon lam dbang bskur/_shog ser tshig brgyud rdzogs tshul yin nam snyam ste/_bdag cag gi ston pa sangs rgyas pa'i mdzad pa ston pa'i tshe thun mong gi bshad par zhing pa'i bu mo legs skyes mas 'o ma phul bas sku gser mdog tu gyur/_byams pa'i stobs kyis bdud btul ba sogs dang*/_thun min gsang sngags kyi gleng gzhi'i skabs btsun mo sa 'tsho ma 'khor brgyad khri dang bcas pa chags chen gyi spyod pa mthar phyin pa dang*/_zhing pa'i bu mo legs skyes mas 'o thug phul ba bzhes pa'i tshe zas dang bcas pa'i snyom 'jug gi bde ba nye rgyu'i spyod pas mtshams sbyar te yid srub dpung dang bcas pa khro rgyal gshin rje gshed dang mi g.yo ba'i skur bzhengs nas bdud bcom ste bdud kyi bu mo rab bkram gyi grangs rnams 'dod chags chen pos rjes su bzung zhing*/_rje btsun sgrol mas bzhad pa brgyad kyis bdud skyengs par mdzad pa'i lo rgyus sogs kyis shes par nus so/_/gsum pa rkyen gleng bslang bas rgyas par bshad pa ni/_de'i tshe bdag cag rnams sogs nas gal che'o zhes gsungs so:_zhes pa'i bar gyis lhan cig pa'i 'khor rnams gus pa'i gdung shugs kyis bskul bas gu ru'i thugs ye shes kyi gsang mdzod sgo phye ste thugs rje yul la 'jug pa'i rkyen byas pa dang*/_sku dgyes pa'i mdangs dang gsung tshangs pa'i dbyangs kyis dbugs dbyung bas gsang ba zab mo'i sgo 'byed par rig nas rdo rje'i gnas la spro ba dang*/_ston 'khor dgongs pa gcig pa'i brda rtags kyis zab rgyas ngo mtshar ba'i thugs kyi brnag pa mthar thug pa'i smin grol gyis rjes su 'dzin par nges snyam pa'i spobs pa mchog tu skyes pa'i gleng bslang ba la/_rdo rje'i tshig gi rgyud zhes pa rgyud kyi lung dang 'brel ba/_zhal gdams zhes pa rgyud don myong bas gtan la phab pa/_dngos stobs kyi rig pas dpyad bzod pa/_man ngag gi tshul du gnang zhes pa dus gdul bya sogs skabs de la ched du dgongs te bstsal bas byin rlabs kyi tshan kha che ba'i khyad chos gsum dang ldan pa'i zab mo thugs kyi sgrub pa'i gnad byang gang*/_sngon byung ston pa'i mdzad pa la srod la bdud btul/_tho rangs mngon par byang chub pas 'jig rten gyi sgron ma bkod pa bzhin/_da lta dang ma 'ongs pa'i chos byed kyis 'gal rkyen bar chad zhi ba'i thabs la brtson pas/_mthun rkyen dngos grub rnam pa gnyis shugs 'byung du thob/_de'i dbang gis rdo rje'i sa lam kyang 'bad med du bgrod par byed nus shing*/_de thams cad kyi thabs zab pa'i mthar thug bla ma sgrub pa yin par bstan pas dgos ched bka' bstsal ba'o/__/de'i tshe de'i dus na sogs nas bka' bstsal to:_zhes pa'i bar ste/_nye ba'i 'khor lha yi sras po ye shes rol pa rtsal sngon gyi las smon dus la bab pas bskul bas 'gal rkyen zhi ba/_mthun rkyen sgrub pa'i las dang dngos grub thams cad kyi rtsa ba bla ma sgrub pa la thug_/bla ma sgrub pa'i rtsa ba mos gus la rag las/_mos gus skye ba rgyu mtshan shes pa'i dad pa gal che/_dad pa dang ldan na gsang sngags lam gyi rmang rdo ma 'khrugs pa'i tshul bstan pa sngon du 'gro bas 'gal rkyen bar chad sel ba la gtso bor dgongs pa'i gsol 'debs gsungs pa'o/__/de lta bu'i zab chos de nyid sa steng du ji ltar snang na/_yab gcig mnga' bdag khri srong la lha sras gsum bzhugs pa'i bar pa/_sa bcu'i dbang phyug mu rub btsad po zhes 'phags pa'i spang rtogs mthong ba'i chos la dngos su brnyes pa/_lha sras lo tsA ba zhes kyang grags pa mkhas pa'i phul du phyin pa mthar sku 'od lus su yal zhing ye shes gzigs pa'i grub pa mchog brnyes de nyid kyi rnam 'phrul/_snyigs dus 'dir dus bab kyi gter 'byin grub thob rgya mtsho'i 'khor los bsgyur ba o rgyan mchog gyur bde chen zhig po gling pa zhes yongs su grags pas spyan drangs pa ste/_rje 'di ni thams cad mkhyen pa yon tan rgya mtshos/_thugs bskyed khyad 'phags snyigs ma'i 'gro la dgongs/_/phrin las khyad 'phags gang 'dul der snang ston/_/rnam thar khyad 'phags sngon med gsang mdzod 'chang*/_/khyad par gsum ldan khyod la gsol 'debs/_/zhes gsungs pa ltar mnga' bdag yab sras kyis bod 'bangs nam yang yal bar mi 'dor ba'i phrin las kyi rang gzugs ches cher snyigs ma'i dus skabs 'di lta bur yang 'gog pa med pas sangs rgyas 'jig rten du byon pa lta bu'i ngo mtshar gyi rten 'brel gsar du shar ba ste/_kha rag gnas yig las/_rgyal blon thugs 'gal spyugs na yang:_da dung blo sems ma log pas:_bod la phan phyir 'di bzhin byas:_phyi rabs pa rnams dran par gyis:_zhes lha sras rang gis gsungs pa ltar bod khams phan bde'i rtsa lag gcig pur gyur pa dang*/_gter chen bla ma'i zab gter gyi gtso bo thugs sgrub skor bzhi zhes gtso bor sgrub sde dang*/_rgya che ba zab pa skor bdun zhes gtso bor rgyud sde bka' ma'i chos skad dang mthun pa'i dbang*/_sgrub thabs/_bskyed rdzogs/_rgyud bcas chos tshan re re bzhin tshang ba/_de dag kyang zab khyad kyi rnam grangs ngo mtshar ba re res brgyan pa sogs gter chos sus kyang 'gran zla dang bral ba dang*/_chos gter dang chabs cig dam rdzas/_sku gsung thugs rten ngo mtshar che ba du ma byon pas sngon med gsang ba'i mdzod kyi mnga' bdag rdo rje chos dngos su byon pa dang*/_mdzad pa'i phrin las kyang bshad sgrub las gsum kar phyogs su ma lhung bas 'dzam gling chos kyi shing rta 'jam mgon nyi zla zung gcig slob brgyud dang bcas pa gangs can mgon po rnam gnyis dbus sa dge bka' rnying gi mkhas grub bgrang las 'das pas zab chos kyi bdud rtsi dngos dang brgyud nas bzhes pas zab rgyas kyi nyi 'od bstan 'gro kun la khyab par brdal ba gang la rten 'brel mtha' 'khyol ba byung na gnas dang*/_gter kha brgya rtsa'i mnga' bdag tu bsngags kyang thun mong gi spyod yul du gyur pa zab gter sum cu so bdun du grags pa kha tshang don dril ba'i byin rlabs rtsa ba rig 'dzin bla ma'i thugs sgrub bar chad kun sel la phyi nang gsang ba yang gsang bzhi las/_phyi sgrub bar chad lam sel zhes gsungs pa gang dgung grangs nyi shu bzhes pa sa pho spre'u'i lo dbyug pa zla ba'i tshes bcur sku yi yon tan gyi gnas mchog zla nyin kha la rong sgo'i dpal chen po'i zhabs 'og nas bar chad med par spyan drangs pa lo brgyad du gsang dam mthar phyin par mdzad nas thugs nyams su bzhes/_dgung grangs nyer bdun shing yos smin zla'i tshes bcur gnas dus kyi rten 'brel phun sum tshogs pa dang*/_gu ru yab yum gyi byin rlabs lung gis skabs phye ste mtsho skyes rgyal ba'i zhal skyin rdul bral chos kyi spyan mnga' tshad ma'i skyes bu chen po kun gzigs mkhyen brtse'i dbang po dang yab sras lhan rgyas pas gtan la phab nas/_bai ro dngos byon 'jig rten mig gcig 'jam mgon chos kyi rgyal po pad+ma gar dbang gis gsan nas rtsa ba yan lag dang*/_sgrub thabs sogs gsal byed legs bshad du mas brgyan te lo paN rje 'bangs de dag gi thugs bskyed rmad du byung bas/_bod yul mtha' dbus thams cad phan bde'i dga' ston la dbugs dbyung ba dang*/_lung zin rtsa ba'i chos bdag bcu sogs la rim par spel bas skal bzang dngos grub kyi dga' ston la sbyar zhing*/_rim par smin grol gyi brgyud pa gyes pa dang*/_rtsa ba zhal gdams snying byang gi lung brgyud rig 'dzin rtsal 'chang chen po gsum ka las mkhan chen bla ma bkra shis 'od zer zhi ba'i snying po/_mkhas dbang rnal 'byor spyod pa bkra shis chos 'phel/_'jam pa'i dbyangs mtsho skyes zhabs/_slar yang snyigs dus kyis 'dren par byon pa mkhas grub rgya mtsho'i ded dpon bka' drin sum ldan 'jam dbyangs chos kyi blo gros pad+ma ye shes rdo rje'i zhal snga nas bka' drin 'dod dgu'i snying por thob pa'o/__/spyir 'jam mgon bla ma rin po che pad+ma ye shes rdo rjes gter chen mchog gling zab chos skor gter chen mchog gi sku gsung thugs kyi sras rig 'dzin tshe dbang nor bu'i zhabs las/_thugs sgrub bsam pa lhun grub kyi rtsa dbang tsam kaHthog gu ru lha khang du gsan par gnang zhing*/_gzhan gter kha yongs rdzogs gnas brtan dgon dang*/_ke la'i gdan sa'i gter chen mchog sprul rnam gnyis las lan gcig_/yab rje rig 'dzin grub pa'i dbang phyug 'gyur med tshe dbang rgya mtsho las lan gcig bcas gsan pa rtsa ba'i brgyud pa spyi de ltar la/_nang gses dbang lung khrid dang bcas pa'i yig cha spyi bye brag so so'i brgyud pa rje bla ma rin po che'i gsan yig sogs las shes par bya dgos kyi 'dir smos kyis mi ldang ngo*/__/spyir rig 'dzin rtsal 'chang rnam gsum thugs rgyud ye shes kyi dbyings tha mi dad pa'i dbang gis zab gter phal cher yang rtsa ba yan lag gi tshul du 'brel ba kho na shas che ba dang*/_lhag par thugs sgrub bar chad kun sel gter chen mchog gis spyan drangs shing gtan la phab pa dang*/_rtsa gsum bde gshegs 'dus pa rje bla ma mkhyen brtse'i dbang po'i phyag tu son te phyed tsam gtan la phab zin pa gnyis tshig ris phal che ba gcig par 'dug pas phyi ma mi mngon pa'i dbyings su rgyas btab ste byin rlabs kyi rgyun chu bo gcig 'dres su mdzad pas gter kha gnyis 'dus kyi dbang gis byin rlabs lhag par che ba yin zhes kun gzigs 'jam dbyangs bla ma'i zhal las thos so/__/gnyis pa 'bras bu tshul bzhi'i dgongs don bshad pa la/_gal po las/_tshig spyi sbas dang mthar thug yin/_zhes pa ltar sgra thad drang du bshad pa tshig gi don/_bskyed rdzogs sam mdo sngags thun mong gi dgongs pa spyi yi don/_thabs lam gtso bor ston pa sbas don/_dbang bzhi pa'i ye shes kho na rjen cer du ston pa mthar thug gi don dang bzhir gsungs pa ste/_de dag gi 'chad bya rtsa ba ni gsol 'debs bar chad lam sel nyid yin la/_gter byon thugs sgrub phal mo che'i dgongs pa phyi gsol 'debs kyi tshul du sgrub pa/_nang bla ma sku gsum du sgrub pa/_gsang ba bla ma drag po dmar mthing gi sgrub pa zhes phyi nang gsang ba'i sgrub tshul dang*/_yang na phyi gsol 'debs kyi tshul du bsnyen pa/_nang yi dam lhar gnas bsgyur gyi sgrub pa/_gsang ba lus dkyil rlung bzlas spro bsdu sogs las sbyor gyi tshul te bsnyen sgrub las gsum gyi rnam bzhag can zhes grags pa che ba ste/_de dag dgongs pa gung bsdebs kyi rim pa bzhin 'chad pa la bzhi/_thun mong spyi yi don nang bla ma sku gsum rtsa gsum gyi sgrub pa/_khyad par sbas don thabs lam gyi nye rgyu/_bla med mthar thug gi don dbyings rig gnyis med kyi rnal 'byor ltar bshad pa'o/__/dang po la'ang*/_rnam 'phrul bcu gnyis kyi mdzad pa gsol 'debs dngos kyi don dang*/_zhar byung phyi gsol 'debs kyi sgrub thabs bshad pa'o/__/dang po la'ang*/_mdzad pa spyir mdor bstan pa dang*/_rnam 'phrul bcu gnyis bye brag tu rgyas par bshad pa'o/__/dang po ni/_phrin las bde gshegs 'dus pa las/_nga nyid mchog gi sprul pa'i sku:_mdzad pa'i cho 'phrul mtha' klas kyang:_re zhig 'dzam gling gdul bya'i don:_d+ha na ko sha'i mtsho gling du:_brdzus skyes thog bab byung ba dang:_kha gcig snang ngor rgyal ba'i sras:_drag po'i mtshan dang ldan par bstan:_don la skal ldan snang ngo las:_nga yis cir yang sprul pa med:_de bas mtshan dang rnam thar dang:_sgrub pa'i thabs tshul ji snyed kun:_mi 'gal dngos grub thabs chen por:_bslu ba med pa nyid yin kyang:_'di ni rgyal sras thor cog can:_sku gsum dbyer med he ru ka:_snang srid thams cad zil gnon pa'i:_bcu gnyis mdzad pa'i rtsal 'chang ba:_dkyil 'khor phyag rgya la sbyar nas:_kun mthun kun las khyad 'phags shing:_gzhan du nam yang ma bstan pa:_da lta mnga' bdag yab sras dang:_ma 'ongs skal ldan skyes bu'i ngor:_thugs kyi yang zhun mthar thug chos:_su 'phrad nga dang 'bral med cing:_bar chad kun sel dngos grub thob:_mngon sum byin rlabs myur ba'i lam:_legs par bshad kyis nyams su longs:_zhes pa ltar bshad pa la/_gsol 'debs kyi thog ma rdo rje'i sngags don ni/_'di nyid kyi rgyun gyi bkol byang las/_'bru gsum sku gsum dbyer med la:_badz+ra gu ru rigs kyi gtso:_pad+ma dkyil 'khor 'khor lor snang:_sid+d+hi hU~M zhes dngos grub bskul:_bsnyen sgrub las gsum chig dril gyi:_rdo rje'i sngags 'dis las kun byed:_ces gsungs pa ltar thog ma'i rdo rje'i 'bru gsum dkyil 'khor gtso bo bla ma sku gsum/_badz+ra gu ru gtso mchog snang srid zil gnon/_pad+ma de'i bden don dag pa'i ye shes kyi rol pa rnam 'phrul bcu gnyis/_sid+d+hi hU~M zhes ston 'khor kun gyis mchog thun dngos grub stsol zhes pas gzhung 'di'i bstan bya'i dkyil 'khor gyi 'khor lo yongs rdzogs mtshon pa mdor bsdus su spyir bshad pa tsam ste/_gzhan du na 'di la'ang bshad tshul mtha' yas so/__/spyir sangs rgyas kyi yon tan thams cad sku gsum gyis bsdus pas na ngo bo chosa~M sku~M ste de la snanga~M ba~M zhes pa'i sgras thog ma'i 'od gsal gyi gnas lugs lhan skyes dang kun brtags kyi ma rig pas 'khrul ma nus pa'i ye shes de ni 'od gsal rdo rje snying po'i zhing ka dag gi grol gzhir gdod nas rang bzhin gyis mngon par byang chub pas sku dang ye shes kyi yon tan mtha~M' yasa~M la~M mnga' dbang bsgyur ba'i kun bzang 'od mi 'gyur ba dang*/_rnam pa ye shes lnga yi rtsal rang bzhin longa~Ms sku~M ni dmigs med thugasa~M rje~M'i ye gdangs mkha' khyab kyi sems can kun la rtag tu khyab par brdal bas chena~M po'i~M rang byung gi thugs rje de'i rtsal las tshangs pa rnga sgra'i zhing ye shes rigs lnga gangs chen mtsho nges pa lnga ldan gyi bkod pa 'byams klas pa kun gyi khyab bdag 'khor lo'i mgon po pad+ma kun tu 'chang chen po'i phyir gsal phyed snang rang bzhin sprul sku tshangs chen rigs zhing sku'i lnga'i sa bcu'i dbang phyug rnams kyi don mdzad/_de dag las 'gro 'dul thugs rje sprula~M sku~M'i phyogs dus kyi zhing kun dang*/_bye brag mi mjed 'jig rten 'di kho nar mdo sngags ston pa brgya rtsa/_'jig rten gyi khams lnga bcu/_de re re'i phyogs mtshams su mtshan brgyad kyi mtshan dang sku'i bkod pa sogs mtha' klas pa kun kyang pa~Md+ma~M 'byunga~M gna~Ms gcig gis mdzad pa'i cho 'phrul te rdo rje'i gsungs las/_rang byung pad+ma zhes byar grags pa nga:_sangs rgyas snang ba mtha' yas thugs las sprul:_'phags pa spyan ras gzigs dbang gsung gi 'od:_mkha' 'gro yongs kyi ming po dpa' bo'i rgyal:_dus gsum rgyal ba kun gyi phrin las bdag:_mnyam med kun bzang rdo rje 'chang chen po:_sprul pa'i skur snang thugs rje stobs tshan ldan:_gang la gang 'dul phrin las rlabs po che:_sems can rnams kyi re ba yid bzhin skong:_zhes so/__/chos kyi dbyings dang sems can thams cad la thugs bskyed dang mdzad pas khyab pa'i gu ru de'i sngon slob pa lam gyi dus skabs nas khyad par gyi gdul bya ru bdag gir mdzad pa ni rang re gangs can bod kyi sems can rnams yin te gu ru nyid kyi zhal nas/_bod kyi bla ma'i skal pa gu ru ste:_lha skal jo bo thugs rje chen po yin:_zhes pa ltar bda~Mg gi~M zhes bdag cag gangs can pa yongs kyi bla~M ma~M gu ru rin po che nyid yin la/_de'i tshul mthong phyogs re'i gdul bya'i snang ngo dang mthun pa'i mdzad pa kho na thos pa dang bsam pas kyang ngo~M mtsha~Mr phan bde'i dpal du gyur cing*/_sangs rgyas kun gyi phrin las rjes su sgrub pa'i sprula~M pa'i~M sku~M yin par rtogs nus te/_'jam dpal sgyu 'phrul drwa ba las/_/dpal ldan1 sangs rgyas pad+ma skyes2/_/kun mkhyen ye shes mdzod 'dzin pa3/_/rgyal po4 sgyu 'phrul sna tshogs 'chang5*/_/che ba6 sangs rgyas7 rig sngags 'chang8*/_/zhes gu ru rin po che'i mdzad pa thams cad mtshan mchog brgyad kyis bsdus pa'i mtshan dang che ba rdo rje'i rgyud kyis lung bstan pa ltar bshad na sangs rgyas kyi bstan pa rin po che 'bras bu'i tshul lhag par dar ba'i skabs shig rgya~M gara~M yula~M gyi mchog ma ga d+har rgyal po de wa pA las rgyal srid skyong bar byed la/_dpal o Di yA na'i yul na rgyal po ha ya li la zhes bya bas rgyal srid chos bzhin du~M byed pa'i rgyal po u rgyan gyi skad du prad/_rgya gar gyi skad du prig d+hA ra me tog phreng 'dzin la sras mtshan dang ldan pa kha dog dkar la dmar ba/_srin lag la pad+ma'i ri mo yod pa/_pad+ma rgyas pa lta bu'i mig dang mchu sgros can/_pad+ma ut+pal lcags kyu zhags pa la sogs pa'i sha mtshan dge ba'i ltas du ma yod pa zhig tu sku~M 'khrunga~Ms pa legs par sbyangs pa'i rnal 'byor pa zhig gis gsang sngags kyi sgrub pa po mchog tu 'gyur zhing*/_pad+ma'i rigs kyi mtshan nyid tshang bas 'od dpag med pas byin gyis brlabs pa'i phyir pad+ma b+ha ba si mtshan gsol/_cher skyes pa dang rig pa'i gnas che phra la thosa~M bsa~Mm mdza~Md pas tshegs med par mkhyen/_rgya gar dang o~M rgyan gyi paN grub du ma las gsang sngags phyi nang gi chos gsan cing sgrub pas 'od dpag med dang rta mgrin gtso bor gyur pa'i sangs rgyas byang sems mang pos rjes su bzung*/_khams gsum rnam rgyal dang gshin rje gshed sogs khro bo rnams grub/_gdod nas grub pa'i dur khrod brgyad nyul/_lha dang rig 'dzin las thun mong gi dngos grub thob/_khyad par sangs rgyas ye shes las 'dus pa/_sgyu 'phrul/_zla gsang thig le/_sangs rgyas mnyam sbyor/_las kyi phreng ba ste nang rgyud sde lnga gsan/_dbang gi ye shes ngo 'phrod/_shar phyogs b+hang+ga la'i grong khyer paN Du'i byang ngos par shi'i nags su phyag rgya pad+ma can dang bcas bsgrubs pas zung 'jug gi grub pa mngon sum brnyes/_mchog gi dngos grub thob/_rdo rje'i sku mngon du mdzad nas rgya gar shar nub lho dang dbus rnams su gang 'dul gyi 'gro don rgya chen po mdzad/_de dag las kyang 'gro lding dang*/_de las kyang boda~M yula~M du 'gro don ches che ba ste/_sprul pa'i rgyal po khri srong lde'u btsan gyis bod yul du dam chos dar bar bzhed nas/_A tsAr+Ya bo d+hi satwa zhes grags pa zhi ba 'tsho'am/_slob dpon shan+ta rak+Shi ta spyan drangs nas pho brang klu tshugs zhes bya ba'i yang thog tu dar gyi gur phub par bzhugs nas dge ba bcu dang*/_rten 'brel bcu gnyis/_khams bco brgyad las brtsams pa'i chos gsungs pas/_bod 'dre rnams khros nas pho brang 'phang thang chus khyer/_dmar po rir thog brgyab/_bod du mi bde ba nad mug lo nyes byung bar/_'dre srin gdug pa 'dul ba la gu ru rin po che gdan drangs dgos par mkhan pos lung bstan nas/_sba gsal snang bal yul du phyin nas spyan drangs te/_yul so so'i mi ma yin 'dul ba dang*/_sa cha rnams rtog zhib mdzad kyin bod yul da~Mbus su~M zhaba~Ms byo~Mn te brag dmar mgrin bzang du rje 'bangs rnams dang thog mar mjal zhing*/_ngo mtshar ba'i cho 'phrul gyis dad pa'i gnas la bkod cing yid ches par mdzad/_khyad par du yang rdzu 'phrul sna tshogs pas lha srin dam btags lan gnyis mdzad/_lha chos ci bder dar ba dang*/_gtsug lag khang dgongs pa bzhin bzhengs pa la bar chad med par lung bstan te/_brtan ma bcu gnyis/_dge bsnyen nyer gcig sogs srid pa'i drega~Ms pa~M sde brgyad che dgu thams cad dam 'og tu bcug_/gtsug lag khang bzhengs pa'i grogs su bkol te nyin mo mi dang mtshan mo lha 'dres bzhengs te chos kyi bka' srung du bcol bas lha 'dre rnams btula~M/_rje blon thun mong la phyi rgyud kr-i yog gi chos dang*/_man ngag lta phreng sogs gsungs/_thun min gyi las can rdo rje 'dus pa rje 'bangs snying gi bu dgu sogs la gsang sngags bla med kyi chos 'khor rgya cher bskor bas/_'phags yul pa yongs grags kyi gtam la slob dpon 'dis ri kha ba can du byon nas klu dang gnod sbyin gdug pa can btul/_rgyal po la sogs rdzu 'phrul gyis dad par byas zhes yongs su grags pa ltar/_sku dngos kyis phebs nas da lta'i bar mtha' klas pa'i gdul bya thams cad la dngos brgyud kyi khyad par las yul dus bsam gyis mi khyab par 'gro don rtag par bskyangs bas sangs rgyas las kyang bka' drin che bar mdzad nas/_'dzam gling 'di yul drug tu dbye ba'i bye brag nub na rig pa 'dzin pa'i gnas u~M rgya~Mn mkha' 'gro'i yula~M du~M grags pa der bzhugs pa'i gsang sngags kyi rgyud sde thams cad byung ba'i thog ma ma hA ru tra ni sha za srin po'i gling du byung ba ste/_de 'dul ba'i phyir rgyal ba rnams kyis dpal he ru ka rta phag yab yum du sprul nas drag po chen po ri bo ma la ya gnam lcags 'bar ba'i rtser bsgral/_de'i chung ma srin mo sogs dbang phyug nyer brgyad sbyor yum du bsten nas rdo rje theg pa'i lam gyi gsang ba zab mo'i rgyud sde 'dzam gling du snang ba'i rten 'brel rang bzhin gyis grub/_ru tra'i lus kyi yan lag brgyad 'dzam gling gi mtha' bskor du bzhag ste dpa' bo mkha' 'gro 'du ba'i gnas brgyad du byin gyis brlabs pa'i ya gyal tsit+ta o rgyan gnas su bab pas d+harma gany+dzi gtsug lag khang chen po brgyan pa ste/_des na ma la ya dang*/_rnga yab kyi gling rnams u rgyan gyi yul de'i rtsa ba yan lag gi gnas kyi bye brag tu gtogs pas rgya gar gyi nub byang*/_bod yul gyi lho nub/_zangs mdog dpal gyi ri bo'i rtse phyi ltar sha za srin po rnams 'dul ba'i srin rgyal rak+sha thod phreng*/_nang ltar rdo rje'i rigs can gyi rig 'dzin dang mkha' 'gro'i tshogs dang lhan cig pas sa spyod pad+ma 'od kyi zhing khams kyi tshogs khang*/_gsang ba snying dbus mi shigs pa'i thig ler mngon byang lngas byang chub pa'i sku lnga lhun grub rig 'dzin pad+ma kun tu 'chang ye shes rang snang gi nges pa lnga ldan 'og min chen po'i bkod pa lhun gyis rdzogs pa'i 'ja' lus rdo rje'i \u0f83sku nam mkha' ji srid bar du dngos su bzhuga~Ms te phyogs dus kyi sems can spyi dang khyad par bod yul gyi 'gro~M do~Mn mdza~Md par gsungs pas thun mong gi blo ngor 'jug pa'i rnam thar gyi spyi sdom du gsungs pa ste/_byang gter gsol 'debs le'u bdun ma'i mtsho rgyal zhus lan las/_gsol 'debs lo rgyus brjod pas dang ba 'dren:_yon tan mthong bas dad pa skye:_yid khyed shes kyi dad pas byin rlabs 'jug:_sems the tshom dang bral bas bsam pa 'grub:_ces gsungs pa ltar gsol ba gdab bya'i yul gyi rgyu mtshan shes pas dad pa skye bas na thog mar lo rgyus shes dgos la/_de yang thun mong gi mdzad pa la brten nas thun min gyi gsang ba zab mo yang rtogs nus te/_dper na so skye dang nyan rang gi snang char sangs rgyas mchog gi sprul pa'i sku'i mdzad pa bcu gnyis la brten nas thun min longs sku dang chos sku'i yon tan rim gyis rtogs pa lta bu ste/_de la ji ltar gsol ba 'debs na/_phyi gsol 'debs kyi sgrub pas bla ma'i rdo rje gsum nye bar bsnyen pa/_nang lha dang bla ma dbyer med du sgrub pa/_gsang ba thig rlung sems kyi rdzogs rim gyis las sbyor gyi tshul du gsol ba btab pas/_thugs rje yul la 'jug pa'i bdag rkyen du byed nas/_rtag rgyun shugs kyi thuga~Ms rje brtse ba chen po'i rje~Ms su dgongs te bda~Mg sogs nam yang yal bar mi 'dor bas sgo gsum la~M sku gsung thugs rdo rje gsum gyis byi~Mn gyi~Ms rloba~Ms shig_/ji ltar byin rlabs stsol na mkhyen brtse nus gsum gyi ye shes zab mo'i sgo nas rjes su 'dzin pas dbugs dbyung du gsol zhes thugs dam bskul ba ste/_mkha' khyab kyi 'gro ba kun dang khyad par gangs can gyi gdul bya la mas bu gcig pu la yid 'phreng ba bzhin ba~Mrtse bsa~M bda~Mg soga~Ms snyigs 'gro sdug bsngal gyi rgyu 'bras la dngos su spyod pa rnams lam log lam gol lam dman du ma btang bar spyir theg pa chen po/_sgos rdo rje theg pa'i 'dul zhing du yongs su grags pa ltar bla med rdo rje'i sa la lama~M sna~M dranga~M bar mdzad du gsol/_mtha' dag gdul bya'i khams dbang mos pa'i rim pa ji lta ji snyed mkhyen pa la chags thog dang bral ba'i dus gsum gzigs pa'i ye shes kyi dgonga~Ms pasa~M bda~Mg la~M sogs pa'i gdul bya'i dbang por rab 'bring tha ma'i bgo skal dang mthun pa'i sku rdzu 'phrul/_gsung kun tu brjod pa/_thugs rig pa/_phrin las rjes su bstan pa'i 'dul ba bzhi'i gnas skabs thun mong dang*/_mthar thug mchog gi dngo~Ms gruba~M rim dang cig char du stsola~M bar mdzod cig_/dbang dang stobs bcu mi 'jigs bzhi la mnga' brnyes pa'i nusa~M pasa~M bod yul mtha' 'khob mun gling du sangs rgyas kyi bstan pa nyi ma shar ba ltar mdzad nas mi dang mi ma yin thams cad btul ba ltar bda~Mg so~Mgs snyigs 'gro nad mug mtshon gyi bskal pas mnar ba la phyi nang gsang ba'i b.ra~M chada~M thams cad tshar gcod pa'i phrin las kyis sola~M cig ces smon pa'o/__/gang bsal bya'i bar chad de la'ang phyi~M yi~M snod 'jig rten la brten pa'i rags pa sa chu me rlung nam mkha'i 'byung ba lnga las sa g.yo me dgra gnam thog gru zhig sogs kyi gnod pas lus srog la b.ra~M du gco~Md pa'i 'gal rkyen mtha' dag gu ru 'byung bzhi dbang bsgyur gyi skur bzhengs nas/_phyi~M ru~M 'byung lnga'i dwangs ma ye shes yum lnga'i rang bzhin mthun rkyen du shar bas so~Ml la mi shigs rdo rje gsum gyi phyag rgyar grub par mdzod cig_/nanga~M bcud kyi sems can gyi lus la gnas pa'i sra gsher dro g.yo bu ga phra ba'i 'byung lnga byer sdud kyis bskyed pa'i skye 'chi bar do'i 'khrul snang gi~M b.ra~M chada~M thams cad gu ru sku gsum dbyer med bde gsal mi rtog chen po'i ye shes kyi snang bas gzung 'dzin rtsa rlung thig le'i 'jug pa dbu ma'i na~Mng du~M zhugs gnas thim gsum mthar phyin te rnam kun mchog ldan gyi stong nyid dang mchog tu mi 'gyur ba'i bde ba zung 'jug rdo rje'i grong khyer du sola~M cig_/gsa~Mng ba sems can gyi rgyud la gnas pa'i~M 'khrul rtog gi rtsa ba las nyon gzung 'dzin gyi b.ra~M chada~M kyis 'khrul snang dngos por zhen pa'i sdug bsngal rgyun mi chad du 'khor ba la/_gu ru bde chen rgyal po rdo rje nam mkha'i dkyil lta bu'i ye shes kyis dbyinga~Ms rig gnyis su~M med pa bde ba chen po'i dgongs pa mngon sum du rgyud la sad pas sola~M te ngal 'tsho bar mdzod cig_/bar chad de nyid sel mdzad kyi bla ma la rgyu mtshan shes pa'i gusa~M pasa~M phyaga~M 'tsha~Ml zhing thugs rgyud bskul/_blo snying brang gsum gtad de 'di nas byang chub bar du skyaba~Ms su~M mchi~M na/_de bzhin thugs rjes nam yang yal bar mi 'dor bar rjes su bzung ste gong du 'dod pa'i don la smon pa bzhin 'grub par mdzod cig_/rdo rje'i sngags don ni/_oM chos sku snang mtha'/_AHlongs sku thugs rje chen po/_hU~M sprul sku pad 'byung*/_badz+ra gu ru ni de gsum dbyer med mi mjed 'jig rten gyi zhing 'dir byon pa'i sangs rgyas gnyis pa rdo rje'i bla ma mchog ni/_pad+ma ni 'dam las skyes kyang 'dam gyis ma gos pa kha dog mdzes sdug gi phul du phyin cing zil mngar gyi ro dang 'dab ma'i nyams 'gyur sgeg gzugs kyi reg bya/_dri zhim po'i bsung sogs yid du 'ong ba'i 'dod yon kun rdzogs pas lha'i kyang rgyan du 'os pa bzhin/_'jig rten thun mong dang mthun pa'i bden don dag pa'i mdzad pa bcu gnyis kyis 'jig rten las 'das pa'i yon tan mtha' dag thun mong gi gdul bya la rjes su bstan te sangs rgyas dngos kyi phrin las 'jug pa'i yul du ma gyur pa'i 'dul dka'i 'gro ba yang btul zhing chos kyis smin par mdzad pa'i bdag nyid chen po'i ngo bo pad+ma'i rigs kyi dkyil 'khor dbang phyug gcig gi rang bzhin/_rnam pa gang 'dul ye shes kyi sgyu 'phrul phrin las rnam bzhi 'dod rgur ster ba'i rnam 'phrul bcu gnyis kyi rig 'dzin rtsal 'chang kun mtshon la/_sid+d+hi hU~M zhes tshul de'i rgyu mtshan shes pas de'i rjes su slob na rdo rje'i gsang ba gsum gyi go 'phang la spyod pa'i dngos grub kyi skal bzang ring por mi thog par ster bar mdzad nus pas de thugs kyi sa bon nas brjod pas ched du bskul ba'o/__/de dag gis sku gcig gi thog mtha' bar gyi mdzad pa mdor bstan nas/_/gnyis pa rgyas par bshad pa la/_/dang po pad+ma rgyal po rgyal ba'i gdung 'dzin gyi mdzad pa ni/_sku yi ngo mtshar sogs te/_u rgyan gyi rgyal po in+d+ra b+huti'i sras kyi tshul du bzhugs skabs rgyal srid bskyangs na 'gro don rgya cher mi 'byung bar gzigs nas bdud kyi blon po'i bu kha T+wAM gis bsgral te rgyal khrims bshig pa'i rkyen gyis dur khrod du spyugs pa slar rgyal blon 'dul ba'i dus la bab par gzigs nas u rgyan gyi yul du bsod snyoms la byon pas yul mis ngo shes te sngar gyi bdud blon sogs kyis tsan+dan gyi mer bsregs kyang ma nongs par mtsho dbus pad+ma'i sdong por yab yum gnyis thod phreng sku la gsol ba'i rdzu 'phrul gyi rnam pa bstan pas pad+ma thod phreng rtsal dang*/_o rgyan rgyal po'i bla mchod lo bcu gsum mdzad nas bka' 'dus chos kyi rgya mtshos rgyal po yab yum sogs las can thams cad mchog gi rig 'dzin grub par mdzad pas mtshan khams gsum dbang sdud pad+ma rgyal po zhes grags pa ni/_dang po u rgyan rgyal po'i sras su mdzad de yab yum gyi bzhed pa bskangs shing btsun mo 'od 'chang khab tu bzhes pas 'khor ba dang rnam pa mthun pa dang*/_khab las nges par byung nas dur khrod chen por dpa' bo mkha' 'gro'i tshogs rje mdzad de tan gan gyi spyod pas rdo rje nang gi sa lam gyi spang rtogs yongs su rdzogs par mdzad nas gdul bya'i lhag ma skyong ba'i phyir slar yang u rgyan rgyal khab thabs mkhas kyis btul zhing rdo rje'i rigs can du bskrun pas gdul dka' la phrin las lhag par 'jug cing thugs bskyed kyi go cha dang ldan pa rgyal sras dpa' bo chen po 'jam dpal dbyangs dang spyan ras gzigs sogs dang mtshungs pa'i rnam thar mngon sum du gyur pas rgyal ba'i gdung 'dzin zhes grags so/__/gnyis pa blo ldan mchog sred bla ma smra ba'i seng ge'i mdzad pa ni/_dam chos rin chen gsan sogs te/_rdo rje'i gdan du byon nas cho 'phrul sna tshogs bstan pas su yin dris par rang byung gi sangs rgyas yin par zhal gyis bzhes pas kun kyang yid ma ches te bskur pa btab pas/_dgos pa mang du gzigs nas za hor gyi yul nas slob dpon pra b+ha hasti las yo ga gsum gyi chos/_mkha' 'gro gsang ba ye shes kun dga' mo las gsang sngags phyi nang gsang ba'i dbang gsan te sgrib pa gsum spang tshul bstan/_rig 'dzin brgyad las sgrub sde brgyad/_sangs rgyas gsang ba las sgyu 'phrul/_shrI sing+ha las rdzogs chen gyis mtshon pa'i shes bya rig pa'i gnas mtha' dag slob dpon mchog phal kun las gsan pa tsam gyis shin tu mkhas par mkhyen/_ma bsgrubs par yang lha rnams zhal gzigs/_rgyud lung man ngag gi chos kyi sgo du ma bstan te mkhyen gnyis ye shes kyi rtsal rdzogs pas 'jam dpal rdo rje rnon po dang gnyis su med pa'i tshul mdzad pas mkhas pa blo ldan mchog sred smra ba'i seng ger grags pa'o/__/gsum pa pad+ma saM b+ha wa skyes mchog tshul bzang ni/_dam can dam la btags sogs te/_rgya gar shar phyogs kyi brag phug mA ra ti kar mgon po tshe dpag med dngos su grub ste skye 'chi med pa rdo rje'i dbang bskur/_tshe rgyud bye ba phrag brgya bstan nas za hor rgyal po gtsug lag 'dzin gyi sras mo man+dA ra dang bcas tshe dbang rig 'dzin gyi go 'phang mngon du mdzad/_slar yang phyag rgya chen po mchog gi rig 'dzin sgrub par bzhed nas rgya bod kyi sa mtshams me tog pad+ma dgun yang bkra ba bal yul yang le shod kyi brag phug tu dpal chen yang dag he ru ka'i rnal 'byor la gzhol ba'i tshe gnam sa bar gyi 'dre srin mthu bo che gsum gyis bar chad brtsams pas slob dpon gyi lta dgongs la gnod ma nus kyang yul du nad mug byung bas/_rgya gar gyi bla ma rnams las bar chad 'dul ba'i chos len par btang bas phur ba'i rgyud lung mi khur gnyis brdzangs pa phebs pa tsam gyis bar chad zhi/_nad mug rgyun chad/_yab yum gnyis ka phyag rgya chen po mchog gi rig 'dzin brnyes nas yang phur sbrag ma'i sgrub thabs mang du mdzad phur srung bcu drug sogs srid pa pho rgyud mo rgyud thams cad dam la btags nas srung mar bskos/_gsang sngags phyi nang gi rgyud sde thams cad thugs su chud cing dngos grub gnyis la mnga' brnyes/_dkyil 'khor rgya mtsho'i khyab bdag he ru ka dngos dang skal pa mnyam pa'i tshul gyis dge ba'i bshes gnyen gyi dbang*/_rig pa'i rtsal gyi dbang*/_rgyud kyi glegs bam gyi dbang*/_rig pa rtsal dbang bzhi rdzogs nas don gnyis lhun grub d+ma saM b+ha wa zhes grags pa'o/__/bzhi pa seng ge sgra sgrogs bdud kyi gshed chen ni/_rgyal ba'i bstan pa sogs te/_rdo rje gdan du mu stegs kyi ston pa lnga brgyas bstan par rgol ba'i tshe paN+Di ta rnams la mkha' 'gro ma'i lung gis bskul ba bzhin gsol ba btab pas paN chen lnga brgya'i tshogs dpon du byon nas lung rig gis tshar bcad/_nus pa 'gran te mu stegs rnams kyis ngan sngags sgrub pa'i tshe mkha' 'gro bdud 'dul ma'i drag sngags kyis thog phab nas mu stegs kyi ston pa bsgral/_grong khyer mes bsregs/_lhag ma rnams sangs rgyas kyi bstan pa la btsud nas bdud dang mu stegs lha min gyi phal rgol gang gis 'gran gyi do zla med par chos kyi rgyal mtshan bsgrengs te bdud kyi gshed du gyur pa'i mtshan bdud sde tshar gcod seng ge sgra sgrogs su grags pa'o/__/lnga pa 'dzam gling rgyan mchog ni/_srin po'i kha gnon sogs te/_bal bod kyi mtshams su nag phyogs bdud srin dam sri rta gdong rgod ma kha sogs sa gsum gyi dregs pa rnams rdo rje phur pa'i nus stobs kyis bsgral nas bde chen mchog gi sa la dgyes dgur rtsen pa'i phyir/_bal mo shAkya de wi sgrub sde mo mdzad de yang dag mar me dgu pa'i dkyil 'khor zhal phyes te sgrub pas phyag rgya chen po mchog gi dngos grub brnyes nas sku gsung thugs dpal he ru ka'i gsang gsum mi zad rgyan gyi 'khor lo chen po dang gnyis su med pa sku lnga lhun grub mi slob rig 'dzin gyi go 'phang grub nas sangs rgyas thams cad dang gsung bgro bar gyur/_rdo rje'i rigs can rnams he ru ka'i 'dus pa'i rgyud lung man ngag spyi dang bye brag du mas smin grol la bkod/_nges pa'i don du dkyil 'khor 'khor lo'i dbang phyug gi gsang ba dang gnyis su med par mchog gi rig 'dzin grub pa'i tshul bstan pa'o/__/drug pa pad+ma 'byung gnas ni/_'dre yi yul du sogs te/_log ltas rgyud bslad pa'i nag phyogs 'dre srin dang mtshungs pa za hor gyi yul du rgyal po gtsug lag 'dzin gyi sras mo man+dA ra war chos bstan pas/_sras mo rgyal khams kyi a tsa ra zhig gis bslus zhes yul kun tu mi snyan pa grags pa rgyal pos thos nas bltas pas slob dpon chen pos chos bstan pa mthong nas blon po rnams kyis gu ru rin po che bzung ste zhags pas bcings lung gsum mdor til mar gyi me la bsregs pas/_til mar mtshor 'khyil ba'i mthar me lce phyir mched pas grong khyer bsregs/_mtsho dbus su yab yum gnyis bsil bsil du bzhugs pas dad pa'i gnas la bkod de rgyal po'i 'gyod bshags su rang gi chas gos thams cad phul te rang dbang med par dad pa'i gnas la bkod nas grol bar mdzad pa'i mtshan 'chi med pad+ma 'byung gnas zhes grags pa'o/__/bdun pa nyi ma 'od zer khyad 'phags rig 'dzin ni/_bod kyi nyi ma sogs te/_sku la rdzogs pa sogs gdod nas grub pa'i dur khrod brgyad la sogs par byon te bka' bab rig 'dzin brgyad sogs rig 'dzin grub thob rnams dang mjal/_sbyor sgrol gyi spyod pa'i rol rtsed sna tshogs pas rdo rje theg pa'i dgongs spyod rgya mtsho lta bur mnga' dbang bsgyur/_mkha' 'gro rnams la gsang sngags kyi chos bstan pas thun mong dang mchog gi dngos grub la dbang thob/_khyad par bod kyi rgyal pos spyan drangs pa bzhin phebs nas/_bod kyi lha srin che dgu thams cad dang*/_mgul lha bcu gsum/_dge bsnyen nyer gcig sogs dam la btags nas nag phyogs lha 'dre thams cad kyi srog snying 'phrog_/chos dang zab gter gyi bstan pa srung bar khas blangs pas mtshon mi dang mi ma yin pa gsum gyi gdul bya spyi dang*/_khyad par 'dul ba la sngon gyi smon lam dus su bab pas zhi rgyas dbang drag gi mdzad pa rgya mtsho lta bus tshar gcod rjes 'dzin gyi cho 'phrul bsam gyis mi khyab pa'i rol pas mtha' 'khob bod yul mun pa'i gling gi gdul dka' 'dul ba la sangs rgyas las kyang bka' drin che bar ston pas rig rtsal 'jigs med brtul zhugs spyod rtsal 'chang ba'i rig 'dzin khyad par 'phags pa'am 'gro 'dul nyi ma 'od zer la gsol ba 'debs pa'o/__/brgyad pa khro rgyal rdzu 'phrul mthu chen rdo rje gro lod ni/_dpal mo thang gi sogs te/_bod yul du sangs rgyas kyi bstan pa dar ba la thog mar mi ma yin rnams ma btul na bar chad rtsom par mkhyen nas mang yul phyogs kyi ri phan tshun go brjes g.ya' ri gangs ri rnams sdig mdzub kyis bshig pa dang bcas mnga' ris dbus gtsang mdo khams yan chad dngos brgyud rdzu 'phrul gyi bkod pa du ma'i sgo nas lce phu sham po lung du yar lha sham po/_byang 'dam shod lha bu'i snying drung du thang lha yar zhu/_bsam yas has po ri nas rma rgyal spom ra la sogs pa'i lha srin che dgu thams cad dang*/_brtan ma bcu gnyis/_skyong ma bcu gnyis/_ya ma bcu gnyis sogs dam la btags nas bod du mu stegs rgyu ba'i sgo 'phrang srung bar bka' bsgos/_gsang mtshan so sor bstsal/_srog snying mdangs su phul/_rdo rje'i bka' rtags kyi phyag rgya gnyan po'i zil 'og tu bcug_/rdo rje theg pa'i bstan pa dang bstan 'dzin skyong bar tha tshig bsgos/_kun kyang rdo rje'i rigs su lung bstan nas snang srid dregs pa'i tshogs kun mthar byed 'khyol ba'i khro rgyal stobs 'dus rdzu 'phrul mthu chen zhes yongs su grags pa'o/__/dgu pa pad+ma saM b+ha wa'am gsang mtshan rdo rje drag po rtsal ni/_dam pa chos kyi sogs te/_bod yul lha srin klu rgyal mal gros mgo bsdus te mnga' bdag mchod yon gyi phrin las la tho 'tshams par mkhyen nas mchims phu'i klu 'dul bya khyung phug tu slob dpon dgongs pa la bzhugs te btul zhing dam la btags/_rje rgyal po khri srong gi phrin las sgrub pa'i grogs su bcol/_bsam yas has po ri nas lha srin sde brgyad thams cad la rdo rje'i bka' nan rab brjid bstsal te bran bzhin bkol nas bsam yas kyi gtsug lag khang chen po'i rmang bting*/_nyin mo mi dang mtshan mo lha 'dres brtsigs pas mig 'phrul lta bu'i lha khang brgya dang brgyad/_jo mo gling gsum sogs rgya gar o tan+ta pu ri'i gtsug lag khang la dpe byas nas ri rab gling bzhi nyi zla lcags ri dang bcas pa'i tshul du yod pa'i chos 'khor chen po lugs gsum mi 'gyur lhun gyis grub pa'i gtsug lag khang rten dang brtan par bcas pa bzhengs te cho 'phrul gyi bkod pa mtha' klas pas rab tu gnas pa yang mdzad/_mdo rgyud bstan bcos lung gi chos thams cad lo paN bsdebs pas gtan la 'bebs pa'i phyir 'jig rten mig gcig bai ro tsA na sogs lo tsA ba lung bstan cing shes bya la sbyangs pas rgyal ba'i dgongs mdzod sgra ji bzhin du rtol nus pa'i gzungs spobs blo gros kyi gter mdzod la dbang thob/_rdo rje'i sku brnyes bi ma la mi tra sogs sangs rgyas dngos lta bu'i paN+Di ta brgya rtsa zhal 'dzom/_sangs rgyas las kyang dkon pa'i nang rgyud sde gsum gyi rgyud lung man ngag gi chos 'khor 'byams klas pas/_rje 'bangs 'dus pa snga phyi bar gsum gyis mtshon khrims ldan gyi dge 'dun/_rdo rje'i sku brnyes pa'i rig 'dzin/_sgra bsgyur gyi lo tsa/_sprul pa'i rgyal blon/_nus ldan gyi sngags pa/_mtshan ldan gyi DA ki sogs mi dang mi min gyi 'khor thun mong thun min bgrang las 'das pa smin grol la bkod nas/_phyi ltar na snang srid zil gnon pad+ma 'byung gnas/_nang ltar brtan g.yo srid zhi'i spyi dpal khyab bdag bde chen rgyal po pad+ma saM b+ha wa/_gsang ba dbyings rig gnyis med dang po'i sangs rgyas mtsho skyes rdo rje 'chang*/_yang gsang spyi dpal che ba'i che mchog rdo rje drag rtsal he ru ka chen po'i mtshan gyis brjid cing*/_de dag re re bzhin phyi sgrub bar chad kun sel/_nang sgrub bsam pa lhun grub/_gsang sgrub mtsho skyes snying thig_/yang gsang rdo rje drag rtsal bcas pa'i/_rgyud/_sgrub thabs/_man ngag bsam gyis mi khyab pa zas rgyas smin grol gyi lam yongs su rdzogs pa rig 'dzin rtsal 'chang rnam gsum la zab gter gyi bgo skal du bka' bab pas mtshon ngo mtshar mtha' yas pa'i phrin las kyi gsang bas bod khams gdul bya 'dul ba la sangs rgyas las kyang bka' drin che ba'i tshul bstan pa'o/__/bcu pa skal ldan 'dren mdzad ni/_bsam yas mchims phu sogs te/_sngon smon btsan po'i thugs bskyed dus su bab pas 'jam dpal dbyangs dngos khri srong lde'u btsan gyis rdo rje theg pa'i rgyud lung man ngag gi gsang mdzod 'byed dgos par/_lus srog longs spyod mtshan ldan gyi phyag rgya'i rten dang bcas te gsol ba btab pa bzhin/_mchims phu nags kyi dur khrod chen po'i brag dmar ke'u tshang du las can rje 'bangs snying gi bu dgu la thugs kyi mnog chos mthar thug bde gshegs sgrub pa bka' brgyad kyi chos sgo thog mar phye ste/_las can snying gi bu dgu dbang dus su grol/_sku yi dben gnas sbrag yangs rdzong sogs gdod nas grub pa'i gnas chen du byin gyis brlabs/_gnubs chen gyis nyi zla gdan du bting ba la sogs pa'i grub rtags bstan/_g.yo ru khra 'brug gi gtsug lag khang chen por rgyal sras lha rje gtso bor gyur pa'i las can gyi rig 'dzin pho mo nyer gcig la bka' 'dus chos kyi rgya mtsho/_khams kyi ye rgyal nam mkha' mdzod du bka' 'dus chos kyi rgya mtsho'i snying po/_thugs dam zab pa skor bdun/_bsam yas bar khang g.yu zhal can du thugs sgrub bar chad kun sel sogs thugs sgrub bye ba phrag brgya'i mtshon pa'i thun mong thun min gyi chos 'khor zab cing rgya che ba'i rgyud lung man ngag bgrang las 'das pa'i chos sgo 'bum phrag du ma bskal pa skad cig dang*/_skad cig bskal par bsgyur bas bstan nas lo zla'i ngal ba la ma ltos par phal cher ni dbang dus su grol ba dus mnyam du byung bas sems can sangs rgyas su bsgyur te/_zab gsal chos sku zang thal sgrib med kyi gnas lugs sangs rgyas za ma tog gi yin lugs mngon du gyur pas 'bras bu'i yon tan yongs su rdzogs par mdzad pas/_bod yul du gsang sngags kyi bstan pa dar ba lta bu rgya gar du ma byung ba 'od dpag med mgon mar me mdzad kyis kyang bsngags pas mtshon/_mdo sngags bstan gnyis nyi zla'i snang bas khyab par brdal nas bod yul mi dang mi min gyi gdul bya thams cad rnam grol gyi sa la bkod par mdzad/_ban chos la log par blta zhing lta spyod log pa'i bon po sdig can thams cad rgyal po'i bka' khrims dang mkhan slob kyi lung rig gis tshar bcad nas mtha' ru spyugs/_skal ldan las 'phro can rnams smin grol gyi gsang ba bsam mi khyab pas zab don ye shes kyi skal pa mchog gi sa la dbugs dbyung bar mdzad do/__/bcu gcig pa gsang ba'i bdag po rak+sha thod phreng ni/_de nas o rgyan sogs te/_bod yul du sku dngos kyi gdul bya rdzogs tshul gyis rgyal blon 'bangs 'khor thams cad la zhal gdams zhib par bstsal/_chos 'khor rnam gsum sogs mtha' 'dul gyi gtsug lag rnams la rab gnas mdzad/_gung thang la khar bod kyi rje 'bangs rnams skyel mar phebs te/_'bras bu mthar phyin pa'i ye shes kyi rang gzugs bsam pa lhun grub yid bzhin nor bu lta bu'i gu ru bcu gsum gyi bskyed rim las tshogs dang bcas pa dang*/_nyon mongs dug lnga rang grol gyi rdzogs rim bcas gnang nas/_o rgyan zhes 'phur 'gro ste srin po rnams las kyi rdzu 'phrul gyis 'phur zhing 'gro ba'i gnas su byon nas/_srin rgyal rak+sha thod phreng gnas spar te de'i khog par ye shes gtad de/_der gnas pa thams cad chos la btsud de rig 'dzin gyi sa la bkod/_mi yi gdul bya las kyang mi ma yin gyi gdul bya lhag par 'dul che ba'i ngo mtshar gyi rdzu 'phrul bstan te/_mdor na gdul dka' rgyud mi srun pa'i yid can 'dul ba la sangs rgyas las kyang khyad par 'phags pa'i phrin las mnga' bas gsang ba'i bdag po rak+sha thod phreng rtsal du grags pa'o/__/bcu gnyis pa bde chen rgyal po ni/_sku gsung thugs ldan sogs te/_sku gsung thugs yon tan phrin las mi zad rgyan gyi 'khor lo'i dpal dang ldan pas mkha' khyab kyi 'gro ba srid zhi'i g.yang sa las rang bzhin shugs kyi thugs rjes 'dren pa'i rtogs pa'i yon tan gyi dpal dang*/_nyon shes kyi sgrib pa kun spang ba'i yon tan mthar phyin te khams gsum gyi shes bya'i chos thams cad skyu ru ra lag mthil du bzhag pa bzhin chags thog bral bas sa ler mkhyen pa'i ye shes la mnga' dbang 'byor pas dus gsum kun mkhyen o rgyan chos kyi rgyal po zhes yongs su grags pa gang*/_rang don du rdo rje nang gi sa lam ma lus pa yongs su rdzogs pas thun mong mchog gi dngos grub kyi gsang mdzod la dgyes dgur spyod nus pa'i go 'phang mchog brnyes nas don gnyis 'bad med du grub/_rig pa rtsal gyi dbang thob/_snang srid zil gnon srid zhi'i spyi dpal 'jigs bral he ru ka dpal chen po/_yi dam zhi khro rab 'byams spro zhing sdud pa'i khyab bdag gang*/_rnam pa tsam du 'khor 'das brtan g.yo'i dpal gyi dwangs ma bde chen mchog tu mi 'gyur ba'i ye shes dang*/_stong nyid rnam kun mchog ldan zung 'jug gi rgyal sar dbang 'byor ba'i sku lnga lhun grub mchog gi rig pa 'dzin pa'i sku can dpa' bo dang rnal 'byor ma'i tshogs kyi 'khor los bsgyur ba/_rtsa gsum rgya mtsho'i spyi gzugs chen po gang gis ji tsam snyigs ma'i sems can gyi las nyon brlang spyod shugs che ba de tsam du dmigs med thugs rje chen pos mkha' khyab kyi gdul bya nam yang yal bar mi 'dor ba'i brtse ba'i shugs drag pos gdul dka'i yid can dang nag phyogs la lhag par dpa' ba'i dbang gis/_rdo rje'i mtshan gyi spring yig gi zegs ma tsam gyis kyang bla med byang chub sgrub pa la phyi nang gsang ba'i 'gal rkyen bar chad thams cad myur du zhi zhing*/_nam yang de'i dbang du mi 'gyur bar mthar thug byang chub kyi bar du nges par sel ba'i mthu mnga' na tshul bzhin sgrub cing bsnyen pa la smos ci dgos pa'i nus rtsal stobs bcu mi 'jigs rnam pa bzhi'i bdag nyid chen po gang la yid khyed shes kyi dad pas gsol ba 'debs nas thugs dam rmad byung rjes su bskul ba'o/__/gnyis pa zhar byung phyi gsol 'debs kyi sgrub tshul la dngos dang*/_'phros don dbang gi rnam bzhag 'chad pa'o/__/dang po ni/_snying byang gi rdo rje'i tshig rkang las/_dus da lta dang ma 'ongs pa'i chos byed pa rnams la bar chad byung na gang gi sel:_dngos grub sgrub na gang gis 'grub:_lam thams cad gang gis bgrod ces gsol bas:_gu ru rin po che'i zhal nas:_dam pa'i chos tshul bzhin byed pa rnams la bar chad kyi rnam pa mtha' yas pa zhig 'byung na'ang:_de sel ba'i thabs bla ma la gsol ba 'debs pa kho na yin te:_de las lhag pa'i gdams pa ni dus gsum gyi sangs rgyas thams cad kyis kyang ma gsungs mi gsung gsung bar mi 'gyur ro:_bar chad bsal na dngos grub kyang de'i thob pa yin:_de la brten nas lam thams cad bgrod pa yin pas:_thog mar phyi nang gsang ba'i bar chad sel ba'i slad du bla ma la gsol ba 'debs pa nyid gal che'o:_zhes gsungs pa ltar bdag cag gi ston pas byang chub mngon du mdzad pa'i thog mar bdud kyi cho 'phrul chen po'i dpung g.yo ba la byams pa'i ting nge 'dzin gyis btul mdzad pa dang*/_byang sems slob pa lam zhugs la yang bdud kyi bar gcod 'byung bar mdo sde rnams nas gsungs pas mtshon spyir bla med byang chub kyi lam sgrub pa la bar gcod 'byung zhing*/_lhag par snyigs dus kyi yid can rgyu dug gsum shugs drag pas 'bras bu nad mug mtshon gsum 'gal rkyen gyi rigs ches mang la chos byed phal che bar chad kyi dbang du 'gro ba mang zhing*/_bar chad de la'ang phyi 'byung bzhi'i g.yo 'khrugs 'chi bdag dang phung po'i bdud kyi cho 'phrul nad mug mtshon dang skye 'chi bar do'i 'jigs pa/_nang rtsa rlung thig le'i bar chad nyon mongs pa'i bdud kyi cho 'phrul chags sdang rmongs gsum gyi 'khrul snang*/_gsang ba gzung 'dzin 'khrul rtog gi bar chad lha'i bu'i bdud kyi cho 'phrul thams cad mkhyen pa'i go 'phang la bar du gcod pa rgyu 'bras phra rags kyi rnam pa ches mang po zhig ldang bar 'gyur la/_de sel ba'i thabs 'og tu dngos shugs kyis rim par bstan pa bzhin rnam pa lha sngags ting 'dzin rdzas dang man ngag gi rnam grangs gang bstan pa thams cad kyi zab tig snying po ni dkyil 'khor khyab bdag snang srid zil gnon ma hA gu ru nyid kyi rdo rje gsum gyi ye shes chen po'i de kho na nyid lam du byed pa 'ba' zhig yin pas na/_lugs 'di'i rnam 'phrul bcu gnyis/_bar chad sel ba'i chos bka' bzhi bcas bla ma rtsa gsum dbyer med du sgrub par dgongs pas bstan pa'i phyir/_yi dam dang mkha' 'gro gzhan gyi sgrub thabs las bla ma rtsa gsum gyi rnam par sgrub pas byin rlabs 'di nyid myur bar gsungs pa dang*/_de thams cad kyi sgo 'byed du med du mi rung zhing*/_dbang po mchog dman kun gyis nyams su len du rung zhing bskyed rdzogs kyi spros pa rgya cher ma bstan kyang zab don gyi byin rlabs kun las khyad par du 'phags pa gsol 'debs kyi sgrub thabs zhes lam thams cad kyi srog tig_/sngon dngos rjes gsum gyi nyams len/_bskyed rdzogs rdzogs chen kun gyi gegs sel bogs 'byin thams cad bla ma'i rnal 'byor gcig la tshang bas 'di ni gcig chog yid bzhin nor bu lta bu sangs rgyas thams cad kyi dgongs bcud thun mong ma yin pa ste/_rgyal pos yul gyi dgra btul na mnga' thang longs spyod shugs kyis rgyas pa bzhin 'gal rkyen bar chad sel bas mthun rkyen mchog thun gyi dngos grub shugs 'byung du thob/_de'i byed las kyis rig 'dzin rnam pa bzhi'i lam gyi yon tan ngang gis rdzogs nas don gnyis lhun grub khams gsum chos kyi rgyal po'i rgyal srid la 'dzegs pa'i phyir/_de dag kun gyi rtsa ba bla ma'i rnal 'byor 'di nyid gces par gsungs pas/_mdor na lam thams cad kyi snying po bla ma la gsol ba 'debs pa nyid yin pas dngos gzhi'i bskyed rdzogs kyang 'dis gzhung bsrang ma shes na sngags kyi lam rnal mar nam yang mi 'gyur ba'i phyir thog mar gcig chog rgyal po bla ma'i rnal 'byor la phyi gsol 'debs kyi sgrub pa zhes gsar snying mkhas grub kun la grags shing*/_bla ma'i rnal 'byor 'di ni bskyed rim gyi gsal brtan dag gsum/_dag rdzogs smin gsum rdzogs rim thabs grol gyi lam rtsol bcas lta bu bya dka' la/_dbang pos 'chun mi nus pa sogs med cing*/_mkhas blun kun la bdud rtsi lta bur gyur pa dang*/_bye brag tu yang*/_gu ru nyid kyi zhal nas spyir rang la lam ston pa'i bla ma de sangs rgyas thams cad kyi phrin las gcig tu bsdus pa yin:_bye brag tu gsang sngags kyi gdams pa gnang ba'i bla ma de dus gsum gyi sangs rgyas las kyang lhag:_de la mos gus kha tsam min pa zhig med na chos kyi rtsa ba rul 'gro bar 'dug:_khyad par bod yul chos byed kun gyi bla ma ni bdag kho na la thug pa yin te:_nga nyid chos sku'i sangs rgyas thams cad dang dbyer med du bzhugs:_longs sku'i sangs rgyas thams cad spro zhing bsdu:_sprul sku'i sangs rgyas thams cad dang ye shes ro gcig pa las tha dad pa'i tshul du bstan pa dang:_'dzam bu gling spyi dang gdong dmar bod kyi rgyal khams thams cad 'dul ba'i slad du sprul pa yin pas na:_da ltar bzhugs pa'i chos rgyal lo paN skyes mchog rnams dang*/_ma 'ongs pa na bod khams 'dir sangs rgyas kyi bstan pa nam gnas kyi bar du 'byon par 'gyur ba'i bstan 'dzin gyi skyes bu dam pa rnams kyang:_bdag pad+ma 'byung gnas kyi thugs ye shes chen po'i ngang las:_gang 'dul sgyu 'phrul drwa ba tsam du bstan pa yin no:_de bas na kho bo la skyabs gnas thams cad kyi bdag nyid:_rtsa brgyud kyi bla ma kun 'dus su mos pas dus rgyun du ma brjed par gsol ba thob cig dang:_'dod pa'i dngos grub thams cad 'grub par ma gyur na kho bos dus gsum gyi rgyal ba thams cad bslus par 'gyur ro:_khyad par bar chad thams cad sel ba'i don du gsol ba 'di ltar thob cig:_zhes gsungs pa ni gsol ba 'debs dgos pa'i rgyu mtshan dang*/_ji ltar gsol ba gdab pa'i tshul ni/_gsol ba gang la 'debs pa'i yul brgyud pa drug ldan gyi bla ma phyogs dus dkon mchog rtsa gsum ma lus pa'i ngo bor shes pas/_gang gis gsol ba 'debs pa pos mkha' mnyam 'gro ba kun gyi byang rang gis drangs pas/_ji ltar gsol ba 'debs na bla ma nyid skyon kun zad/_yon tan kun rdzogs/_dgos 'dod kun 'byung*/_dngos grub thams cad kyi byed pa por blos thag bcad nas re ltos ling skyur gyi gdung shugs drag pos/_dgos pa gang gi phyir na/_rim gnyis sgom pa'i bar chad zhi zhing dngos grub spyi dang khyad par ye shes chen po'i byin rlabs rgyud la zhugs pas mchog gi dngos grub myur du 'grub pa'i slad du'o/__/gnyis pa 'phros don dbang gi rnam bzhag ni/_snying byang gzhung las/_gu ru rin po che nyid dkyil 'khor gyi gtso mchog rigs thams cad kyi khyab bdag snang srid zil gnon chen po'i cha byad du bzhugs pa'i dbu gtsug tu longs spyod rdzogs sku dang:_chos sku'i sangs rgyas:_phyogs mtshams su rigs kyi gtso bo bcu gnyis sogs rten dang brten par bcas pa'i dkyil 'khor mngon sum du sprul nas:_skad cig gcig gi bye brag las dbang bskur ba dang*/_rtsa ba'i gdams pa rgyas bsdus mtha' yas pa las ldan rnams kyi dbang po dang mtshams par bstan nas:_slar dkyil 'khor gyi 'khor lo thams cad gu ru nyid la 'dus:_gu ru rin po che nyid sku gsung thugs kyi gsang ba bsam mi khyab pa'i ngang:_dgongs pa mi g.yo ba 'chi med rdo rje'i ting nge 'dzin la snyoms par zhugs so:_zhes dang*/_le'u bzhi pa las/_dbang gis rgyud smin dam tshig rnam dag pas:_zhes pa ltar da lta lam zhugs kyi rnal 'byor pa rnams kyang thun mong ma yin pa'i lam la 'jug pa'i thog mar sangs rgyas kyi sa bon gdab pa'i rim pa dbang gis smin pa kho na gal che ste/_sa bon med pa'i zhing sa la so nam ji ltar byas kyang 'dod pa'i lo tog smin pa med la/_sa bon btab nas so nam legs par ma byas kyang de dang mtshams pa'i lo 'bras 'byung ba bzhin dbang gi ye shes rang sems la lhan skyes su bzhugs kyang nus pa sad byed dbang gi cho ga kho na la rag las pas sngags lam gyi dang po dbang thob pa kho na gces la/_dbang bskur ba de yang*/_he ru ka 'dus pa las/_gang gis gang la dbang bskur ba/_rgyud dag nus pa thob phyir dbang*/_zhes gsungs pa ltar/_dbang 'bogs pa po slob dpon mtshan nyid dang ldan pa zhig dgos pa'i phyir/_gzhi sdom gsum rnam par dag cing*/_lam thos bsam sgom pas/_rang don mthar phyin pa'i mkhyen pa can/_slob ma rjes su 'dzin pa'i brtse ba chen po mnga' ba/_tshig gi gdams pas sgro 'dogs gcod nus pa/_don gyi ngo sprod kyis rtogs pa skyed nus pa/_byin rlabs kyi stobs kyis ma dag pa'i snang ba 'gog nus pa/_nyams kyi gegs sel zhing rtogs pa'i bogs 'byin nus pa'i ye shes gsum dang ldan pa ma bsten na so skye rnams rang stobs kyis yang dag pa'i lam la zhugs pa lta ci/_'jig rten gyi shes rig tsam yang rtogs par mi nus pas/_dbang chog nor bu'i phreng ba las/_bsnyen rdzogs nus ldan slob dpon gyis:_zhes gsungs/_de dang 'tsham pa'i slob ma yang snod dang ma ldan na dbang bskur yang don du mi 'gyur bas dwangs 'dod yid ches kyi dad pa/_srid las nges 'byung*/_gzhan don la spro ba'i brtson 'grus blo gros dang snying stobs che ba'i dbang po rnon po dgos pa dbang gzhung las/_shes rab snying rje ldan pa yi:_slob ma rjes su gzung ba'i phyir:_zhes gsungs/_de lta bu'i bla slob kyi rten 'brel tshogs pas rang rang gi rgyud la mtshungs ldan gyi rgyu sku bzhi ye shes lhan skyes su gnas pa nyid kyi nus pa lhan cig byed rkyen sngags kyi dbang gi nus pas mngon gyur du sad par byed pa ste/_bya ba'i las dbang de la'ang*/_bla slob kyi dbang po'i khyad par gyis thun mong dang thun min gyi rnam bzhag mang du 'byung yang dbang chog rtsa ba'i dngos bstan gdul bya thun mong spyi tsam gyi dbang du byas nas 'chad na/_dkyil 'khor rab 'byams kyi sgos dbang*/_spyi dbang 'bring po/_don dbang gtor ma las brten pa'i chig rdzogs gsum las/_dang po la'ang*/_gnas dang yo byad dus phun sum tshogs par/_sa'i cho ga sngon du 'gro bas lha dang bum pa slob ma lhag par gnas pa dang*/_thig tshon rgyan bkod dkyil 'khor sgrub cing mchod de bdag nyid 'jug pa'am gter gzhung nas 'byung ba'i tshig gis rig pa'i me tog dor zhing gnang ba nod de phyi mtshan ma dang nang ye shes kyi dkyil 'khor du 'jug pas rgyud sbyangs bas/_slob ma la/_byed pa rdzas sngags ting nge 'dzin gsum tshogs pa'i cho ga khyad par can gyis rgyud sde spyi la grags pa'i dbang bzhi rim can du bskur bar bya ste/_gsol gdab/_rgyud sbyang*/_sdom bzung dam la bzhag pa/_ye shes dbab bstim/_me tog dor zhing*/_mig dbye/_'jug pa sngon du 'gro bas/_dngos gzhi dbang la/_slob bu dad pa can la phyi phan pa bum dbang*/_yan lag thun mong rig pa'i dbang lnga dang*/_lha dbang*/_brtson 'grus can la sku gsung thugs yon tan gyi dbang*/_brtul zhugs dang rdo rje slob dpon gyi dbang las bzhi'i phrin las kyi dbang rnams nang nus pa 'jug pa'i dbang*/_spyod rig mnyam pa'i brtul zhugs can la gsang ba/_sher ye/_bzhi pa gsang ba zab mo'i dbang gsum ste de dag ni stod las byang chub sgrub pa'i dbang dang*/_smad las dgra bgegs sgrol ba'i dbang la srung zlog bsad gsum/_mnan sreg 'phang gsum gyi las rnams sgrub par rjes su gnang ba dang*/_gnyis pa spyi dbang 'bring po zlum po bzhi dbang zhes rnam pa nyi shus byang chub pa'i dbang rig 'dzin 'dus pa rtsa ba'i rgyud kyi dgongs pa ste/_rdul tshon me long bum pa dang:_gtor ma la sogs rdzas dag la:_brten nas mtshan nyid kun ldan pa'i:_bla mas byin rlabs dbang bskur na:_dkyil 'khor kun gyi snying po mchog:_bzhi pa'i de nyid dbang bzhi thob:_zhes so/__/gsum pa don dbang gtor ma brten pa'i chig rdzogs ni/_spyir gtor ma la shes pa bzhir yod pa las dbang dus lhar shes pa ste/_phyi ltar rin po che'i gzhal yas khang mtshan nyid thams cad yongs su rdzogs pa'i dbus su/_nang ltar bla ma sku gsum tho brtsegs su bzhugs shing*/_rtsa ba gsum gyi lha tshogs sprin ltar gtibs pa/_chos skyong srung ma rnams kyis las mdzad pa'i sgyu 'phrul drwa ba chen po'i rten dang brten pa'i dkyil 'khor yongs rdzogs shar ba spyi bor spyan drangs pa la brten nas sku gsung thugs phyi nang gsang ba de kho na nyid kyi byin rlabs stan thog gcig tu thob/_sgo gsum gyi 'gal rkyen zhi/_dbang bzhi'i lam sgom pa la dbang*/_sku bzhi'i go 'phang thob pa'i skal pa can du byas shing*/_mthar dngos grub tu shes pas gtor zan la longs spyad pas dngos grub rnam pa gnyis stan gcig tu thob pa'o/__/bya ba slob ma'i sgo gsum phra rags gdod nas gdan gsum tshang ba'i lhar dag pa nyid 'phrod par byas pa las rang skal gyi sbyang bya'i dri ma ci rigs pa dag pa'am nyams smad par byas shing*/_'thob bya rang gnas kyi ye shes ci rigs pa gsos thebs pa'i mthus lam rim pa gnyis kyi ye shes mngon du skyes sam/_skye nges kyi nus rung du smin par byas pas rgyud 'gyur ba'i khyad par dbang thob pa ste/_dbang gzhung las/_shar gyi phyogs kyi dkyil 'khor chen po nas:_rgyal ba'i gdung 'tshob pad+ma dbyings nas bzhengs:_'od du zhu nus bum pa'i bdud rtsir gsal:_dbang lhas bzung ste nam mkhar gnas par gyur:_zhes sogs rim par bstan pa bzhin ngo bo gu ru rgyal ba'i gdung 'tshob nyid/_rnam pa mi bskyod pa rdo rje chu yis gang ba'i bum pa'i dbang rdzas su bzhengs nas bla ma yi dam gnyis su med pas dbang bskur bas yi dam dang mkha' 'gro spyi'i dbang bskur las ches zab pa'i khyad chos dang ldan pas na/_bla ma dang yi dam gnyis bla mar bsdom pas dngos grub myur zhing byin rlabs tshan che ba dang*/_bla ma las yi dam lhag par bzung bas dngos grub dbul zhing rten 'brel 'khyug pa'i lo rgyus du ma byung ba ltar/_gzhung las/_de ltar zab pa'i yang rtse gsang sngags kyi:_'jug sgo snying po dbang gi rim pa ste:_de yang bla ma yi dam dbyer med pa'i:_tshul la brten na byin rlabs lhag par che:_'di ni kun dang mthun las khyad 'phags pa'i:_bye brag chos rnams gsal bar bstan pa ste:_zhes dang*/_mdor na yang zab snying po'i gdams pa 'di'i:_dbang thob dam tshig srung ba thams cad kyang:_tshe 'di'i mi mthun bar chad kun zhi zhing:_phyi ma pad+ma can du nges par skye:_zhes gsungs pa ltar ro/__/dgos pa dang phan yon khyad par ldan pa'i dbang gis rgyud smin kyang de'i don rgyud la brten pa'i srog ni dam tshig ste/_de'ang dbang bskur ba nyid kyis dam tshig dang sdom pa thob pa yin pas de nyid legs par bskyang dgos/_de la dbye na bde 'dus zhi rgyud las/_spyi dang khyad par lhag pa yi:_rnam par dbye bas bzung bya ste:_zhes pas spyi yi dam tshig so byang sngags gsum gyi bslab pa snying ltar srung*/_khyad par gyi dam tshig sngags bla med kyi rigs lnga spyi dang rtsa ba yan lag gi dam tshig snying khrag ltar srung*/_lhag pa'i dam tshig rdo rje slob dpon gyi bka' mi gcog pa sogs brda yis bstan pa nyi shu srog ltar gces pas srung zhing rnam par dag par bya ba mchog tu gces pas de'i rnam bzhag rgyas pa lam rim ye shes snying po rtsa 'grel las shes par bya dgos so/__/gnyis pa thun min spyi yi don bla ma sku gsum rtsa ba gsum gyi sgrub thabs ltar bshad pa la/_zab gter 'di nyid kyi shing rta chen po kun gzigs 'jam mgon bla ma pad+ma 'od gsal mdo sngags gling pas bzhed pa ltar dkyil 'khor thams cad 'byung ba rtsa ba'i rnal 'byor gyis lam gyi khog phub/_sgos bka' rnam 'phrul bcu gnyis so so'i dgongs don rgyas par bshad pa'o/__/dang po ni zhal gdams snying byang le'u bzhi pa'i bstan don dang*/_thugs sgrub rtsa ba'i phrin las rgyas bsdus 'khrugs bsdebs kyi tshul du bshad pa la gsum/_sngon 'gro bsags sbyangs 'gal spong mthun sgrub kyi rim pa dang*/_dngos gzhi bskyed pa'i rim pa yan lag dang bcas pa/_mthar phrin las kyi kha skong rjes kyi bya ba'o/__/dang po sngon 'gro la'ang*/_thun gyi sngon 'gro dang*/_khrid kyi sngon 'gro/_cho ga'i sngon 'gro'o/__/dang po ni/_phrin las snying po las/_dben par bde ba'i stan la 'dug:_sbyor dngos rjes kyis nyams su blang:_zhes pa ltar/_dbang gis rgyud smin cing dam tshig ma nyams pas sgo gsum rnam par dag pa'i gang zag sngags lam las dngos grub myur du sgrub par 'dod pa'i gang zag dag gis sa bon gdab pa de nyid bskyed sring ba'i thabs zab mo'i lam la 'bad pas myur du zung 'jug gi go 'phang mchog la sbyor bar nges pas snying po'i nyams len la brtson pa gal che zhing*/_lam rim gyis bkri ba'i rnam bzhag shes na dbang po rab 'bring tha gsum ka'i don du 'gyur ba dang*/_gong ma'i yon tan rgyud la skye ba la 'og ma'i gzhi tshugs pa gnad du che bas rim 'jug gi tshul du 'chad pa la/_dben gnas su bsam gtan gyi khang bur bde ba'i stan la 'dug pas yun ring sdod tshugs/_dkon mchog gsum la chos mthar phyin pa'i gsol ba btab pas bar chad mi 'byung*/_bla ma sangs rgyas su mthong bas mos gus bskyed pas sgo gsum la byin rlabs 'jug_/rkyen gyis mi 'phrog pa'i dran pa rang mal du bzhag pas sgom don gsal thebs pa'i phyir/_dpal ldan rtsa ba'i bla ma rin po che sogs kyis mdun gyi nam mkhar ngo bo rtsa ba'i bla ma la rnam pa o rgyan snang srid zil gnon skyabs gnas kun 'dus gcig chog nor bu'i lugs su bsgom la/_dus gsum sangs rgyas sogs gter kha 'di nyid nas 'byung ba'i gsol 'debs dang*/_dus gsum sangs rgyas thams cad kyi ngo bo bla ma rin po che mkhyen/_bdag gi rgyud smin cing grol bar byin gyis brlab tu gsol/_zab lam gyi rtogs pa khyad par can skye bar byin gyis brlab tu gsol/_tshe 'di nyid la 'od gsal phyag rgya chen po'i lam mchog mtha' ru phyin par byin gyis brlab tu gsol/_zhes mos gus drag tu bskyed de gsol ba btab pas bla ma'i sku las byung ba'i 'od zer sna tshogs pa rang la thim pas rgyud byin gyis brlabs/_mthar bla ma 'khor bcas 'od du zhu nas rang la thim par bsam ste thugs yid bsres la mnyam pa bzhag go_/gnyis pa khrid kyi sngon 'gro la skyes bu chung 'bring che gsum gyi lam mo/__/dang po la'ang snying byang las/_dal 'byor mchog thob mi rtag skyo shas can:_nges 'byung drag pos rgyu 'bras blang dor brtson:_zhes gsungs pas ltar lam gyi gzhi rten skyes bu chung ngu'i lam dang thun mong blo ldog bzhi las/_dang po dal 'byor rnyed dka' ba'i khrid ni/_mi khom pa brgyad las log pa'i dal rten gyi ngo bo yin la/_rang 'byor gzugs rgyan la sogs pa lta bu lnga dang*/_gzhan 'byor snang ba'i bye brag gis gsal ba lta bu lnga ni de'i khyad chos te/_de lta bus brgyan pa'i mi lus rin po che 'di ni byang chub sgrub pa la med du du mi rung ba'i rten 'di ni/_tshul khrims la sogs pa'i dge ba'i las rgya chen po bsags shing smon lam gyis mtshams ma sbyar na mi thob pas so skye'i rten la bsod nams bsog pa dkon pas rgyu la bsam na thob par dka'/_dpe u dum wa ra dang*/_stong gsum rgya mtshor gyur pa'i khar rlung gis g.yengs ba'i gnya' shing bu ga gcig par mtsho gting rus sbal long ba lo brgya phrag re'i mtshams su rus sbal mtsho khar don pa'i mgrin pa 'phrad dka' ba las kyang dal 'byor thob dka' ba sogs kyi dpe/_rigs drug gi sems can gyi nang nas mi yi grangs nyin mtshan gyi skar ma lta bu'i khyad gsungs pa sogs sgo gang nas kyang rnyed dka' ba'i lus 'di la/_dbul pos nor rnyed pa las lhag pa'i gces spras kyis tshe 'di ltos kyi snang ba thams cad blos ling gis btang nas phyi ma'i gtan 'dun byang chub sgrub pa la sgrims dgos shing*/_dge ba'i grogs dang 'grogs/_sdig pa'i grogs spangs te myur du chos la 'bad dgos shing*/_chos kyi sgo 'byed dang rtsa ba ni skyabs 'gro kho na yin te/_de la'ang skyes bu gsum gyi lam ltar dbye ba las theg chen gsang sngags bla med kyi skyabs 'gro ltar nyams su len par rigs so/__/gnyis pa 'chi ba mi rtag pa'i khrid ni/_spyir snod bcud du snang ba 'di dag dang po nyid nas bden par grub pa med kyang*/_rgyu rkyen rten 'brel tshogs te blo bur du 'dus shing byas pa'i chos ma brtags nyams dga' tsam las rtag pa gcig kyang med pa mtha' bzhis bsdus pa sha stag yin/_rags pa snod bcud kyi 'jig rten chags 'jig lo zla dus bzhi dang nyin mtshan skad cig re res 'pho zhing 'jig_/bye brag mi'i tshe la nam 'chi cha med 'chi rkyen nges med bar snang gi glog dang mtshungs/_shi ba'i tshe chos ma gtogs blo stobs gnyen 'khor longs spyod gang gis kyang mi phan pas 'jig rten ltar snang gi chos ring du bor nas lha chos rnam dag rgyal ba sras dang bcas pas ji ltar gdams pa'i tshul bzhin du spyad par bya/_chos de la'ang gnas skabs mngon mtho dang rang gcig pu zhi bde'i lam gyis phan pa med pas gtan 'dun byang chub kyi rgyu ma nor ba theg pa chen po byang chub sems dpa'i lam la 'jug dgos pa'i phyir smon 'jug gi sems bskyed cing de'i bslab bya la slob pa'i tshul la 'bad dgos so/__/gsum pa las rgyu 'bras bsam pa ni/_thar pa dam pa'i lha chos sgrub pa'i gzhi'am rtsa ba ni sems pa yid dang byas pa lus ngag gi 'bras bu rnam smin dang bcas pa'i tshul thams cad mkhyen pa sangs rgyas kyis bstan pa bzhin yid ches pas blang dor bya ba ni nang pa sangs rgyas pa'i chos phung brgyad khri'i bstan don mthar thug ste/_de dag kyang bsdu na chags sdang rmongs gsum gyis kun nas bslang ba'i sgo gsum mi dge bcu'i las che 'bring chung gsum gyis ngan song gsum/_bsod nams cha mthun gyi dge bcu 'khor dang bcas pas mtho ris/_nges 'byung dang byang sems kyis zin pa'i thar pa cha mthun gyis byang chub gsum thob cing*/_las 'bras mi bslu zhing mi 'chol ba byed pa po rang la smin pa dang*/_rgyu chung yang 'bras bu che bar 'phel 'gyur dang bcas pas 'phen rdzogs byas bsags bzhir phye bas sdig pa la 'gyod bshags kyis bsdam/_dge rtsa dwangs blang gis zag bcas thun mong gi sgo gsum gyi dge bas sgo gsum gyi sgrib pa sbyang dus rtag tu dran shes bag yod kyis sems srung ba'i brtul zhugs la rtse gcig tu 'bad/_so skye 'khrul pa dang bcas pa'i skabs 'dir sdig ltung spyi dang khyad par nyams chags kyi gnyen por rdor sems sgom bzlas la rgyun du 'bad par gces so/__/gnyis pa skyes bu 'bring dang thun mong gi lam rim ni/_skyes bu chung ngu'i lam tsam gyis thar pa zhi ba bla med kyi go 'phang sgrub mi nus pas/_'khor ba las nges par 'byung ba'i blo bskyed dgos pas thog mtha' med pa'i 'khor ba 'dir ngan song gsum ni sdug bsngal gyi sdug bsngal/_lha dang mi lha ma yin phal cher 'gyur ba'i sdug bsngal/_khams gong ma gnyis gtsos phung lnga bsdus pa'i 'khor chos thams cad khyab pa 'du byed kyi sdug bsngal gyis rtag tu mnar ba ste/_da lta nad dang dgra sogs sdug bsngal ltar snang ba yud tsam re la'ang lus sems kyis mi bzod na/_'khor ba dang ngan song gi sdug bsngal tshabs chen smin dus bzod blag med pa'i rgyu mtshan zhib par bsam nas/_de las myur du thar 'dod kyi nges 'byung gi blo shugs drag po bcos ma ma yin pa snying khong rus pa'i gting nas yang yang bskyed de mtho ris dang thar pa'i rgyu bsod nams dang ye shes kyi tshogs gnyis bsags pa la brtson dgos phyir/_tshogs bsags kyi snying po maN+Dal 'bul ba sogs la brtson par gal che'o/__/gsum pa skyes bu chen po dang thun mong gi lam rim bstan pa la gnyis/_mdo sngags thun mong gi lam dang*/_mthar thug rdo rje theg pa'i lam gyi sngon 'gro'o/__/dang po mdo sngags thun mong gi lam gyi rtsa ba skyabs 'gro/_lam gyi snying po sems bskyed pa gnyis las/_dang po ni/_snying byang las/_dad dang snying rjer ldan pa'i gang zag gis:_tshe 'dir mchog thun dngos grub thob 'dod na:_dbang gis rgyud smin dam tshig rnam dag pas:_lam gyi rtsa ba skyabs su 'gro ba dang:_zhes pa ltar srid pa sdug bsngal gyi rgyu 'bras de las rang stobs kho nas skyob mi nus pa tshad mas grub pas yul khyad par can la skyabs su 'gro dgos shing*/_skyabs 'gro'i rgyu nges 'byung dang gzhan phan gyi bsam pa/_yul tshangs sogs log pa'i ston pa dang rtag chad kyi lam dang de 'dzin gang zag bcas spang*/_de dag las khyad par du mas 'phags pa thun mong dkon mchog gsum/_khyad par rtsa ba gsum/_kun 'dus rdo rje slob dpon sku gsum dbyer med/_gang zag rang gis thog drangs ma gyur mkha' khyab kyi 'gro bas dus byang chub ma thob kyi bar du/_tshul ci mdzad khyed shes kyi gus pa chen pos/_skyabs yul gtso bo bla ma snang srid zil gnon la brgyud pa'i bla mas bskor ba/_mdun du yi dam/_g.yas su sangs rgyas sprul sku/_rgyab tu chos/_g.yon du dge 'dun/_mtha' bskor kun du mkha' 'gro chos skyong nor lha rnams ngo bo sku gsum dbyer med rig 'dzin bla ma'i ye shes gcig gi bdag nyid la rnam pa mchog gsum rtsa gsum sgyu 'phrul drwa ba'i bkod par 'gag med du shar bar gsal btab nas yul dang byed po gnyis su 'dzin pa kun rdzob rgyu'i skyabs 'gro/_sems nyid ye nas rang bzhin rnam dag ye shes sum ldan dkon mchog rtsa gsum du lhun gyis grub pa la de ltar shes pas yul dang byed po gnyis med du rtogs pa don dam 'bras bu'i skyabs 'gro zung 'jug gi sgo nas nyams su len te/_na mo:_bdag dang mkha' mnyam sogs skyabs 'gro bsags/_gnyis pa dngos gzhi sems bskyed bshad pa la gsum/_dang po smon sems bskyed pa ni/_skyabs yul gyi tshogs zhing rnams dpang po'i tshul du byas te/_rgyu la sbyong ba ji ltar rang nyid dus kun sdug bsngal mi 'dod cing bde ba 'dod pa'i nyams myong la dpag ste rigs drug kun kyang de ltar 'dod pa mtshungs ldan yin pa'i rgyu mtshan la bsam nas bde ba dang bde ba'i rgyu bsod nams byed pa dang ldan 'dod kyi byams pa/_sdug bsngal dang sdug bsngal gyi rgyu las nyon bral 'dod kyi snying rje drag tu bsgoms te/_mkha' khyab kyi 'gro ba thams cad sangs rgyas kyi sa la 'god 'dod kyi 'dun pa/_rgyal ba sras dang bcas pas g.yar dam ji ltar bzhes pa bzhin bdag gis kyang nyer len bya snyam du dam bca' ba dngos la sems nyin mtshan dus drug tu sbyang*/_spyod pa la sbyong ba dge ba gzhan don du bsngo zhing bde sdug gtong len gyi nyams len khams bzang ngan skyid sdug mtho dman ji ltar byung yang rkyen ngan gyis mi 'chor ba'i go cha bgos la/_hoH_sngon gyi rgyal ba sras dang bcas sogs grangs bsags/_gnyis pa tshogs bsags pa ni/_mdo sngags thun mong du grags pa'i yan lag bdun/_slob dpon sangs rgyas gsang bas sgyu 'phrul lam rim las gsungs pa'i yan lag brgyad/_bka' brgyad yongs rdzogs dang gter rnying thugs sgrub 'ga' zhig las 'byung ba'i yan lag bcu pa sogs kyi rnam dbyer mchis kyang*/_'dir spyi 'gro'i yan lag bdun pas tshogs bsags te dmigs 'don zung 'jug tu 'bad pas kun rdzob dang don dam gyi sems gnyis ma skyes pa skyed cing skyes pa gong 'phel du bslab bo/__/ngag 'don ni/_oM AHhU~M hrIH_rig 'dzin pad+ma 'byung gnas sogs so/_/gsum pa 'jug pa sems bskyed la blo sbyong ba ni/_sems can thams cad mar shes pas dang du len 'dod kyi byams pas rang gi bde ba gzhan la gtong*/_de dag srid lam du sdug bsngal bar shes nas spang du mi bzod pa'i snying rjes gzhan gyi sdug bsngal rang gis blang*/_lha dang sangs rgyas kyi bde ba thob par spro bas mi 'bral bar smon pa dga' ba/_nye ring chags sdang phyogs ris med pa'i btang snyoms kyi dam bca' bzhis mkha' khyab kyi 'gro ba dmigs yul du byas nas/_sbyin sogs phar phyin drug rang rang gi mi mthun phyogs dang bral ba/_grogs 'khor gsum mi rtog pa'i shes rab kyis zin pa/_byed las gzhan gyi 'dod don rdzogs pa/_gdul bya'i rgyud byang chub la smin pa'i khyad chos bzhi ldan gyis rang rgyud smin par byas nas/_bsdu ba'i dngos po bzhi'i thabs kyis sems can gzhan 'phral yun gyi bde dpal la smin par byed pa lag len du 'debs pa'i 'dun pa dang chabs cig_/bsod nams 'di yis 'gro kun sogs brjod de nyams su blang ngo*/__/gnyis pa lam gyi mthar thug rdo rje theg pa'i sngon 'gro la/_'gal rkyen sbyang ba/_mthun rkyen bsags pa/_lam kun gyi snying po bla ma'i rnal 'byor ro/__/dang po ni/_snying byang las/_lam gyi mthar thug rdo rje theg pa yi:_nyams rtogs skye ba'i 'gal rkyen sdig sgrib kun:_rdo rje sems dpa'i rnal 'byor zab mos sbyang:_zhes spyir so skye'i rgyud kyi sgrib gnyis tshan po ches thar pa dang thams cad mkhyen pa la bar du gcod cing*/_khyad par dngos gzhi'i nyams rtogs kyi gegs ni sdig ltung gnyis yin pas de dag sbyong byed kyi gnyen po khyad par 'phags pa rdor sems sgom bzlas te/_de nyid stobs bzhi tshang bas bshags na sdig pa'i phung po ri rab tsam yang bshags pa tshad ldan gcig gis byang bas na/_bshags yul gyi rten bla ma rdo rje sems dpa' spyi bor bsgom la skyabs 'gro dang byang chub sems gnyis ldan pas bdag gzhan gyi sdig pa dag par mdzad du gsol snyam pas/_AH_bdag gi spyi bor pad zla'i steng sogs ngag 'don ltar dang*/_gnyen po kun spyod kyi stobs lha bsgom/_yig brgya dang yig drug gi sngags bzla/_sdig sgrib bkru ba'i dmigs gnad kyis gnyen po dge ba spyod pa/_sun 'byin pa'i stobs sngar byas la 'gyod pa dang bcas gnong bshags kyi tshig rgyas bsdus gang 'os brjod mthar/_sor chud pa'am ldog pa'i stobs phyin chad sdom pa'i sems kyi dam bca' bzung ste 'di nyid gsang sngags bla med kyi nang gi khrus yin pas las rim gyi thog mar sbyor ba shin tu 'brel chags pa dang*/_bsgom bzlas kyi phan yon tshad med par gsungs so/__/gnyis pa mthun rkyen tshogs bsags pa maN+Dal gyi rim pa ni/_snying byang las/_mthun rkyen bsod nams ye shes tshogs rdzogs phyir:_sku gsum zhing khams rgya mtsho'i maN+Dal 'bul:_zhes pa ltar chos thams cad rgyu 'bras 'brel pa can du grub pas bden gnyis dbyer med kyi lta bas gzhi bzung*/_tshogs gnyis zung 'brel du rdzogs pas rgyu byas/_sku gnyis kyi 'bras bu 'byung ba chos nyid yin pas tshogs gnyis bsags pa la 'bad pa gal che/_tshogs bsags pa la'ang bya sla don che ba maN+Dal 'bul ba las lhag pa med pas gang la 'bul ba'i yul sgrub pa'i maN+Dal tshogs rten du gsal phyir tshom bu lnga bkod pa mdun stegs la bzhag nas mchod pas bskor/_'bul bya'i dngos po mchod pa'i maN+Dal gtsang zhing dag la gya nom pa lag len mthong brgyud ltar bkod pa dmigs rten du byas te/_phyi ltar na dbang chen gser gyi sa gzhi la brten pa'i ri rab gling bzhi nyi zla sogs snod kyi 'jig rten lha mi'i 'byor tshogs bsam mi khyab pa'i bcud kyis gtams/_nang ltar na rang lus phung khams skye mched dkyil 'khor du lhun gyis grub pa snod bcud kyi rin po che'i 'byung gnas su grub pa/_gsang ba ltar na 'khor 'das kyi spyi gzhi'i klong du snying rje'i chab kyis brlan pa'i byang sems kyi ri rab tshad med dga' bzhi ye shes bzhi sogs gling dang*/_thabs shes nyi zla lhun gyis grub pa ste mdor na yul chos kyi dbyings la rig pa rang byung gi rtsal snang gzugs brnyan ltar nam mkha'i mthas gtugs pa byang chub sems dpa' nam mkha' mdzod kyi smon lam ltar phul zhing*/_mthar 'khor gsum yongs dag gis rgyas btab ste 'bul bzhin/_oM AHhU~M:_bdag dang mtha' yas sems can sogs ngag 'don rgyas bsdus kyis phul bas tshogs gnyis yud tsam gyis rdzogs pa'i thabs zab pa'i phul du phyin pa'o/__/gsum pa lam kun gyi snying po byin rlabs myur 'jug bla ma'i rnal 'byor ni/_snying byang las/_khyad par lam rnams kun gyi snying po ni:_mos gus bla ma'i rnal 'byor gnad du bsnun:_zhes pa ltar spyir zhi ba bla na med pa byang chub kyi go 'phang thob na gtan du bde ba'i pha rol du son pas bsgrub bya'i mthar thug yin la/_de 'thob byed ni dge ba'i bshes gnyen mtshan nyid dang ldan pa'i bdag rkyen la rag las/_de nyid kyang dad pa 'ba' zhig gis bsten pa mdo rgyud thams cad nas mgrin gcig tu gsungs shing*/_de dag kun las kyang sngags kyi lam 'dir khyad par du gal che zhing*/_rang rgyud la byin rlabs myur du 'jug pa dang thun mong mchog gi dngos grub kyi gzhi ni bka' drin sum ldan gyi bla ma kho na yin/_de nyid dkon mchog kun 'dus su nges shes brtan pos rnal 'byor byed pa la 'bad cing*/_de yang rang la bka' drin thob pa'i bla ma dang gu ru rin po che dbyer med du bsgom pa'i rnal 'byor nyid ches zab cing byin rlabs che ba du mas 'phags shing bla ma'i rnal 'byor gyi snying po mos gus yin pa dang*/_de yang thog mar bcos ma dang*/_goms nas bcos min gyi mos gus drag pos gsal gdab pa'i tshul ni/_snying byang las/_gsol 'debs tshul du phyi ltar sgrub pa dang:_bsnyen pa'i tshul du nang ltar bsgrub par bya:_gsang ba don gyi bla ma rtse gcig bsgom:_zhes pa ltar dang po phyi gsol 'debs kyi tshul du sgrub pa ni/_mdun gyi nam mkhar mchod sprin sogs ngag 'don ltar yul lam rten gsal gdab/_dad gus drag pos gsol 'debs bar chad lam sel dang*/_dus gsum sangs rgyas kyis gsol ba gdab/_spro na brgyud 'debs kyang bya/_gnyis pa nang bsnyen pa'i tshul du sgrub pa'i tshul ni/_de ltar gsol ba btab pas sogs kyis byin rlabs dbang bzhi'i ye shes lam du 'od zer spros thim gyi tshul du blang ba'i dmigs pa bcas badz+ra gu ru bzla/_gsum pa gsang ba las sbyor gyi tshul la/_bla ma o rgyan chen po nyid sogs kyis rang la bstims nas thugs yid bsres te rang snang ris med chen po rtsol bral lhug par bskyangs nas dge ba bsngo ba'am/_dngos gzhi'i rnal 'byor gang dgos la 'jug pa'o/__/de ltar bsgoms pas mchog gi dngos grub nam mkha' lta bu'i ye shes kyang mngon du byed nus na lam gzhan gyi yon tan zhar byung du rdzogs par nges pa ni gsar rnying rgyud gzhung kun las rgya cher gsungs so/__/spyir sangs rgyas kyis theg pa che chung gi chos bstan pa thams cad gang zag gcig gi rgyud la 'gal med du nyams su len shes na 'phags pa'i lam gyi yon tan myur du rang rgyud la skye brtan gong 'phel du 'byung nges pas na/_rdo rje theg pa'i lam gyi bskyed rdzogs gang gi skabs su yang thog mar sngon 'gro'i sbyong ba gnad du khel bas blo rgyud sbyong ba zhing tha rgod btul ba'i so nam lta bu sngon 'gro'i nyams len rgyud thog tu bkal bas dal 'byor rnyed dka' dang 'chi ba mi rtag la bsams pas tshe 'dir blo ldog_/rgyu 'bras yid ches dang 'khor ba'i nyes dmigs la bsam pas 'khor bar blo ldog_/thams cad mkhyen pa'i go 'phang gi yon tan la bsam pas zhi ba phyogs gcig las blo ldog_/chos kun skye med sgyu ma'i dpe brgyad lta bur gtan la phab pas gzung 'dzin zhen rtog las blo ldog pa bzhi yis sems rgyud dul bar byas nas/_skyabs 'gro 'bum ther/_'di skabs sam yan lag bdun pa'i skabs gang rung du phyag 'bum ther/_smon sems tshogs bsags/_'jug pa bcas so sor 'bum ther/_'bring gis smon pa sems bskyed 'bum/_tshogs bsags dang*/_'jug pa khri re/_yig brgya 'bum phrag kha skong dang bcas pa 'gro nges dang*/_yig drug ci nus/_maN+Dal rgyas pa 'bum ther ram ma grub na khri/_bsdus pa 'bum ther/_bla ma'i rnal 'byor gsol 'debs bar chad lam sel khri/_dus gsum sangs rgyas 'bum ther 'gro nges bya/_de yang thun mgor bar chad lam sel nyer gcig nas bdun yan chad gang rigs dang*/_de nas bsdus pa bsags/_bsnyen pa'i tshul du snying po badz+ra gu ru bye ba/_'bring 'bum phrag bcu gnyis/_tha ma 'bum phrag bzhi bzla/_gsang sgrub dgongs pa bskyang ba thun thams cad kyi mjug tu mnyam bzhag yun ring ba re bya/_de yang skyabs 'gro nas brtsams bla ma'i rnal 'byor yan rang rang nyams len gang yin de thun gyi dngos gzhir byas nas thun re re bzhin sngon 'gro cha tshang 'gro bar bya'o/__/'di dag nyams len ngag 'don gyi tshul rje bla ma mkhyen brtse rin po ches mdzad pa'i byang chub mchog gi sa bon dang*/_de nyid gter sras rin po che rdo rje dbang mchog gis thugs rje chen po pad+ma sgyu 'phrul drwa ba'i chos spyod gung spros te rgyas par bkral ba gang rung ltar bya dgos so/__/de dag ni sngon 'gro'i nyams len rgyas par bya ba'i tshul yin la/_bsnyen sgrub dkyus 'gro tsam gyi skabs kyang sngon 'gro mdor bsdus sngon du song na legs shing rig 'dzin rtsal 'chang gsum gyi phyag bzhes kyang de ltar mdzad pas/_thog mar skyabs 'gro khri dang sbrags pa'i phyag de mtshungs grub na legs/_sems bskyed ci nus/_yig brgya khri/_maN+Dal rgyas bsdus gang rigs khri/_bla ma'i rnal 'byor phyi sgrub gsol 'debs bsdus pa khri/_bar chad lam sel kyang stong phrag tsam grub na bya/_nang sgrub badz+ra gu ru bzhi 'bum/_gsang sgrub dgongs pa bskyang ba thun thams cad kyi mjug tu bya dgos gsungs so/__/gsum pa cho ga'i sngon 'gro la gnyis/_'gal rkyen bsal ba/_mthun rkyen sgrub pa'o/__/dang po la'ang gsum/_bgegs bskrad pa dang*/_srung ba'i 'khor lo bsgom pa/_bshags pa bya ba'o/__/dang po ni/_phrin las sngon 'gro'i chos bdun las/_de la dang por tshogs bsags shing:_gnyis par bgegs tshogs mtshams bcad bya:_gsum par 'gal rkyen sdig ltung bshags:_bzhi par rdo rje'i dam bca' bzung:_lnga par ye shes byin chen 'bebs:_drug par mchod rdzas byin gyis brlab:_bdun par rang rig rang gsal gdab:_de lta bu yi las rim gyis:_ting 'dzin zab mo'i snod du 'gyur:_zhes gsungs pa'i tshogs bsags la skyabs sems yan lag bdun pa/_tshad med bzhi yi rnam bzhag khrid kyi sngon 'gro'i skabs bshad zin cing*/_skabs don 'gal rkyen bsal ba'i dang po bgegs bskrad pa ni gdod nas rang bzhin gyi dngos mtshan du ma grub kyang rang gi nyon mongs pa'i rtog tshogs phyi rol du shar bas mtshan ma ltar snang ba/_bdag 'khor yo byad rnams la 'tshe zhing glags lta ba'i bgegs kyi tshogs stong phrag brgyad cu la sogs pa la/_bdag nyid pad+ma he ru ka'i nga rgyal dang ldan pas bshams pa'i gtor ma sngags dang phyag rgyas 'dod pa'i longs spyod zad mi shes par brlabs te brngan par byin la/_bden pa'i tshig gis gnod 'tshe med par gzhan du song zhig pa'i bka' bsgo/_brngan kyang mi tshim zhing zhi ba'i tshig la mi nyan pa'i gdug pa can mtha' dag drag sngags me mtshon khro chung 'bar ba'i char dbab pas sdig bskrad gzir te dpag tshad mang po'i pha rol tu bskrad par bsam la yungs thun gu gul drag sngags ltang stabs rol mo bcas pas bskrad do/__/gnyis pa srung 'khor ni/_rkun ma bskrad nas sgo bsdams pa'i dpe ltar bar gcod kyi bgegs bskrad nas phyin chad mi 'jug pa'i slad du srung ba'i 'khor lo bsgoms pa ste/_bdag nyid pad+ma dbang chen gyi sku las 'phros pa'i 'od kyis steng 'og phyogs mtshams kun tu rdo rje 'khor lo rin chen pad+ma ral gri ye shes kyi me dpung kha dog lnga ldan gyis gtams pa'i gur khang sra brtan gzi brjid can gzhom gzhigs dang bral ba'i dbus su sgo gsum lha sngags gnyug ma'i ye shes kyi rang bzhin lhun grub kyi klong nas bar du gcad bya gcod byed gsum ka dag mnyam chen por shes pas mtshams gcad par bya ba'o/__/gsum pa sdig pa bshags pa la gsum las/_dang po bshags pa'i rten brda sgo dbye ba ni/_snang srid gdod nas rig 'dzin bla ma'i rdo rje'i gsang ba gsum gyi dkyil 'khor du rdzogs pa'i gnas lugs/_lhan skyes dang kun brtags kyi ma rig pas sgrib nas rang ngo ma mthong ba la/_thugs rje rig rtsal gyi sgo ma bzhir dad mos gdung bas bskul te/_gsol ba btab pas rang rig snying po don gyi tshad med pa'i sgo bzhi shag gis phye nas ye shes lha yi rang zhal dngos su mjal bar mos/_gnyis pa brda phyag ni/_don dam lha bdag bzang ngan gnyis su med par mnyam pa nyid du bzhugs kyang*/_kun rdzob glo bur 'khrul snang gis don gyi yin lugs da lta'i bar rang zhal ma mjal ba'i nongs pa bshags pa'i thog mar sgrib bral ye shes lha yi 'khor lo mngon sum du mjal ba la ngo mtshar che bas ngoms shing yid ches pa'i dad pa'i gding gis btud pa'o/__/gsum pa bshags pa dngos ni/_snang spyod ye shes kyi 'khor lor dag pa'i chos nyid ma rtog par/_rig rtsal bdag tu 'dzin pa'i kun rtog gis log pa'i lam du gol zhing 'khrul pa'i sems can gyi sgo gsum nyes par spyod pa'i tshogs gnong 'gyod dang ldan pas ye shes lha yi spyan sngar bshags na byang zhing dag ste lhag pa'i lhas rjes su bzung ba'i skal ldan du gyur par bsam mo/__/brda sgo phyag 'tshal bshags pa rang rig gsal gdab rnams phrin las rgyas pa bde gshegs 'dus pa las 'byung ba ltar bshad pa'o/__/gnyis pa mthun rkyen sgrub pa'i dang po byin dbab pa ni/_mthun rkyen gtso bo snod bcud ye shes kyi 'khor lor byin gyis brlab pa la/_dbab bya lha'i sku gsung thugs yon tan phrin las kyi byin rlabs chen po'i gzi byin/_dbab pa'i yul bdag gnas sgrub pa'i yo byad dang bcas pa rnams la/_'bebs pa'i tshul dad mos gdung shugs sngags dang ting 'dzin rdzas sbyar spos kyi dud pa dar gyi g.yab mo zhwa phod rgyan dang rol mo cang te'u gar dang bcas pas bskul/_mkha' khyab tu sad pa'i rtsa gsum rgyal ba sras dang bcas pa char drag tu bab pa bzhin byon zhing bstims pas gnyis snang gi mtshan rtog dag pa rab 'byams ye shes kyi rol pa chen por shar bar mos gus gdung ba'i dbyangs dang bcas te dbab/_hU~M gsum gyis byin bsdu zhing brtan par bya'o/__/gnyis pa mchod rdzas byin gyis brlabs pa ni/_rang nyid dbang chen rta mchog tu gsal ba'i thugs las ye shes kyi rang rtsal ra~M ya~M kha~M las me rlung chu byung bas ma dag pa'i dngos 'dzin gyi nyes skyon thams cad bsregs gtor bkrus te bsang*/_tha mal du zhen pa'i dngos po rnams stong nyid du sbyangs nas/_oM [1$0000280\[WP:6,163\]\[WP:6,211\]\[WP:12,241\]1$0000300] trA~M hrIHlas snod bcud 'og min pad+mo bkod pa'i gzhal yas khang gi phyogs kun tu phyi mchod lha rdzas kyi nyer spyod rgyan gos 'byor pa yo byad/_dbang lnga'i puSh+pe sogs rang byung gi dam rdzas lnga/_rdo rje'i gzugs sogs 'dod yon so so'i lha mo dang bcas pa nam mkha' gang bar mos/_nang mchod sman 'byung ba lnga po sha lnga bdud rtsi lnga rigs lnga yab yum sbyor ba'i byang sems kyi bdud rtsi bde ba chen po/_gtor ma rin chen gyi gzhal yas dbus 'dod yon lha mo nam mkha'i dbyings khyab pa/_rak+ta dmar gyi thod rlon e yi dbyings su mtshan 'dzin rgyud drug gi dgra bgegs bsgral ba'i snying khrag gi rgya mtsho srid zhi'i chags bcud 'dus pa lha mo gIrti'i pad+ma rak+ta'i rgyun gyis byin brlabs pa rnams so sor me rlung gi sbyor bas mtshan 'dzin rang ga'i rtog pa sbyangs/_dam ye gnyis med bde stong rnam par mi rtog pa'i ye shes kyi ngo bo rnam pa sman gtor rak+ta'i bdud rtsi'i rgya mtsho ru rtogs/_lha sngags ting 'dzin rdzas kyi nus pa thams cad tshogs pas nam yang zad med mkha' khyab ye shes kyi 'khor lor sbar ba dang*/_gsang mchod gnyis snang gi log rtog dbyings su bsgral/_yul dbang shes gsum zhen med sgyu ma'i rol par gtan med chos sku'i bdag nyid du dag pas thabs shes gnyis su med par sbyor bas/_lhag pa'i ting nge 'dzin gyis snod bcud rgyud gsum gyi snang spyod kun bzang mchod pa'i phyag rgya las 'da' ba med pas sems nyid ye shes kyi rol par sdud pa snang srid gzhir bzhengs ye shes kyi mchod pa ste/_mdor na thams cad mchod rdzas dam tshig gi phyag rgya la/_so so'i rang sngags brjod pa chos rgya/_bca' ba las rgya/_sgom pa ye rgya kun kyang ye shes kyi rol par shes pa phyag rgya chen po ru shar bas dkyil 'khor pa rnams kyi rdo rje'i dbang po'i spyod yul du bde chen 'dod dgur spel te byin gyis brlabs pa'o/__/gsum pa rang rig rang gsal gdab pa ni/_sngon dngos rjes gsum/_bskyed bzlas rdzogs pa'i spros pa ci ltar bstan kyang don gyi gnad tig rang rig gzhir gnas kyi ye shes ngo bo rang bzhin thugs rje gsum ldan bla ma rtsa gsum gyi lha ru gdod nas 'du 'bral med par bzhugs te rang dang gnyis su med pa'i don rtogs na/_sgyu 'phrul drwa ba zhi khro rgyal ba'i dkyil 'khor thams cad de'i klong nas spro zhing sdud pa'i khyab bdag rigs 'dus ma hA gu ru dngos de nyid yin pa'i gnas lugs dgongs pa ma bcos rang gsal gyi ngang las shar ba gsal btab pas lha dang chos nyid dbyer med rtogs pa'i gdeng bskyed pa'i ngang du bzhag pa ni/_bskyed rdzogs zung 'jug don gyi dgongs pa mthar thug pa'o/_/rtsa ba'i sa bcad gnyis pa dngos gzhi la/_las byang rgyas pa bde gshegs 'dus pa las/_de nas dngos gzhi'i las kyi rim:_dang por phyag rgya bskyed cing gsal:_gnyis par ye shes dgug cing bstim:_gsum par dbyer med bzhugs su gsol:_bzhi par phyag dang mchod pas bsnyen:_lnga par rdo rje'i gsang gsum bstod:_drug par dzapa bskul bzlas pas 'grub:_bdun pa phrin las mthar phyin nas:_dbang dang dngos grub blang bar bya:_zhes pa ltar 'chad pa la/_rtsa ba'i rnal 'byor dang*/_de'i yan lag bye brag tu bshad pa'o/__/dang po la bzhi/_rgyu ting 'dzin gsum gyi khog dbub pa/_'bras bu rten dang brten pa'i dkyil 'khor bskyed pa/_gsal brtan dag gsum la bslab pa/_srog sdom gzer bzhi bshad pa'o/__/dang po ni/_phrin las rgyas pa las/_de la dang po bskyed rim ni:_ting 'dzin gsum gyis gzhi bzung nas:_rten dang brten pa'i dkyil 'khor gsal:_byin brlab dbang bskur phyag rgyas gdab:_ces sdom gyis bstan pa bzhin/_gzhi ting 'dzin gsum rim can du 'chad pa la/_snying byang las/_kun rdzob don dam chos rnams thams cad kun:_bden gnyis dbyer med lhag pa'i chos sku che:_de bzhin nyid dbyings stong chen rnal 'byor gyis:_'chi ba 'od gsal gnas lugs mngon du gyur:_zhes pa ltar thog mar sbyang bya 'chi srid chos sku'i 'od gsal gang*/_sbyong byed bden gnyis kun rdzob kyi snang cha thams cad gdan gsum lha sku/_don dam gyi gnas lugs chos dbyings kyi ye shes/_de gnyis kyi gnas snang thams cad gdod nas dbyer med lhag pa'i chos sku chen po'i ngang du mnyam par bzhag nas 'di ni 'chi ba dag pa chos sku'o snyam pa'i gzhi 'bras sbrel ba'i nga rgyal byas pas/_mar 'khor ba'i 'chi srid dang rtag lta/_gzugs med khams dag_/yar chos sku'i 'bras bu rdzogs par byed/_bar don gyi 'od gsal rgyud la skye ba'i gzhi 'ding bas rdzogs rim gyi smin byed du 'gyur ba'o/__/snying byang las/_de nyid ma rtog mkha' khyab 'gro ba la:_dmigs med snying rje sgyu ma lta bu'i tshul:_kun tu snang ba'i ting 'dzin bsgom pa yis:_bar do sgyu 'phrul drwa ba'i lha skur shar:_zhes pa ltar sbyang bya bar srid longs sku'i snang ba 'od dang thig le/_snang dus ngo ma shes pa snang gsum lugs ldog shin tu phra ba'i bar do'i lus sems phyad phyod ma nges pa/_sbyong byed rig rtsal snying rje sgyu ma lta bu'i sprin mkha' khyab tu brdal bar bar do dag pa longs sku'o snyam pa'i nga rgyal gyis/_bar srid chad lta/_gzugs khams dag__/longs sku'i 'bras bu rdzogs par byed/_'od gsal ye shes kyi sku'i rgyu snying rje chen po skye ba'i smin byed du 'gyur/_yang sbyang bya phyi ma'i skye srid 'jug la khad kyi bar do'i rlung sems de/_sbyong byed stong nyid snying rje zung 'jug bde gsal mi rtog pa'i thugs srog hrIHyig dkar po 'od zer lnga ldan can skad cig gis nam mkha' la bsgoms nas smin slob byed na gsal brtan gyi tshad brgyad ma skyes bar du gsal btab ste skye ba dag pa sprul sku'o snyam pa'i nga rgyal bya/_des skye srid dang 'dod khams dag_/sprul sku'i 'bras bu rdzogs par byed/_ye shes kyi lha skur ldang ba'i rdzogs rim gyi smin byed du 'gyur ba'o/__/gnyis pa rten dang brten pa'i dkyil 'khor bskyed pa la dngos dang*/_yan lag gi rnal 'byor ro/__/dang po la'ang*/_rten zhal yas khang dang*/_brten pa lha gsal ba gnyis las/_dang po ni/_'jig rten du snod yas rim gyis chags pa ltar rten gyi dkyil 'khor yang de ltar sgom par byed pa ste/_nam mkhar gnas pa'i rgyu yi sa bon de las 'bar ba chen po'i 'od zer me rlung chu'i rnam par spros/_snod bcud ma dag pa'i dngos 'dzin sbyangs nas stong par gyur/_rgyu'i yi ge las sa bon rnams chad pa chos 'byung nam mkha'i khongs su rlung me chu sa 'byung bzhi ri rab dang bcas pa brtsegs par bsgom/_de'i steng rdo rje'i rdul phra rab kyis 'thas par byas pa'i steng rnam snang gi ngo bo [1$0000280\[WP:6,168\]\[WP:6,212\]\[WP:12,241\]1$0000300] las thar pa chen po'i gzhal med khang*/_'og gzhi khor yug logs/_thog phub/_sgo rta bab/_rgyan gyi khyad par phyi rol du rdo rje srung ba'i 'khor lo dang bcas pa'i dbus su gzhal yas khang gi nang du rin chen zur brgyad/_pad+ma 'dab bzhi'i lte bar seng khri pad+ma nyi zla'i gdan dang bcas pa gsal/_gnyis pa brten pa lha bskyed pa ni/_gzhal yas khang gi dbus su che btsan 'gran zla bral ba'i brdar seng khri/_chags bral pad+ma bde stong gi nyi zla'i steng du rgyu yi hrIHdkar bab pa las 'od 'phros 'phags pa mchod/_byin rlabs 'jug_/sems can gyi sgrib pa sbyangs/_'od zer tshur 'dus yongs su gyur pa las bdag nyid skad cig gis sprul sku pad+ma 'byung gnas snang srid zil gnon dkyil 'khor gtso mchog gzung 'dzin gyi sgrib pas ma gos pa'i sku mdog dkar la dmar mdangs chags pa/_gzhi thig le nyag gcig mtshon pa'i zhal gcig zhi ba la spyan hur bag tu gzigs pa sogs cung zad khros pa'i nyams dang ldan zhing gzhon tshul mdzes sdug can/_khyim pa srid kyi yon tan rdzogs pa nang du rdo rje'i gsang gos dkar po/_gsang sngags kyi rgyud sde'i gsang mdzod 'chang bas ber sngo khra/_mi 'gyur ba'i bde chen mtshon pas sku reg ljang gu_/bstan pa yongs rdzogs kyi mnga' bdag chos gos rnam gsum dmar po gser gyi ha ris can/_thams cad dbang du sdud pas za ber smug po/_theg dgu'i yon tan rdzogs pas dbang gi cod pan pad+ma mthong grol/_phyag g.yas pas bum pa'i dbang gi yon tan rdzogs pas gser gyi rdo rje nam mkhar 'phyar stabs kyis lding ba/_g.yon pas mnyam gzhag gis gsang dbang rdzogs pas mtshan ldan gyi ka pA la/_sher dbang rdzogs pas thod pa'i bdud rtsi'i nang du tshe bum bdud rtsi'i bcud kyis gtams pa dkur bsten pa/_dbang bzhi pa'i dpe don gyi ye shes rdzogs pa'i brdar sbas pa'i yul mtshon pas kha T+wAM mchan khung g.yon du bsten pa/_rig pa rtsal gyi dbang thob pas rtse gsum dang*/_thabs shes kyi 'gro don mdzad phyir DA ru nyi zla sogs rgyan chas sna tshogs kyis spras pa/_srid zhi'i mtha' la mi gnas pa'i brdar zhabs gnyis rgyal po rol stabs can/_sku gsung thugs yon tan phrin las kyi nus pas snang srid zil gyis gnon cing*/_'khor 'das yongs kyi bdag nyid rtsa gsum rgyal ba rab 'byams spro bsdu'i spyi dpal chen por gsal/_de'i spyi bor longs sku thugs rje chen po 'gro 'dul phyag bzhi pa dkar po thal sbyar shel phreng pad dkar 'dzin pa/_de'i spyi bor chos sku snang ba mtha' yas dmar po mnyam bzhag tshe bum can gnyis ka longs sku'i chas can ngo bo rang bzhin thugs rje'i ye shes bla ma sku gsum dang*/_gtso bo'i phyogs bzhir pad+ma 'dab bzhi'i shar du 'gro mgon rgyal ba'i gdung 'dzin dkar dmar chags sgeg pa'i mdangs can stag sham rus pa dang rin po che rgyan phreng can ral gri dang lcags kyu bsnams te rdo rje'i skyil krung gis bzhugs pa/_lho ru paN chen smra ba'i seng ge chos 'chad kyi rgyas mdo sngags kyi glegs bam gnyis g.yas g.yon pad sdong steng bsnams te skyil krung gis bzhugs pa/_nub tu skyes mchog tshul bzang ser po brjid chags paN+Di ta'i chas can rdo rje dang bcas pas rgyal mtshan dang rin po che'i za ma tog bsnams pa/_byang du bdud kyi gshed chen dkar smug pad zhwa phod ka chos gos can phyag gnyis phur pa 'dril ba/_de'i phyi rol rin chen zur brgyad kyi shar du dzam gling rgyan mchog mthing ga ber dang dur khrod chas kyis brgyan pa zhal khro tshul ral pa gyen du brdzes pa/_phyag gnyis phur pa 'dril zhing bsnyen phur sked la gzir ba/_lho ru pad+ma 'byung gnas zhi 'dzum longs sku rin chen rus rgyan can rdor dril thugs kar bsnol ba yum lha lcam dkar mo gri thod can/_nub tu khyad 'phags rig 'dzin snang srid zil gnon chas dkar gsal g.yas rdo rje'i lam ston/_g.yon kha T+wAM mkhar ba mdzad de gshegs pa'i stabs kyis bzhengs pa/_byang du rdzu 'phrul mthu chen dmar smug rab byung gi chas rdo rje dang phur pa 'dzin pa stag gi steng na 'gying ba/_shar lhor rig 'dzin rdo rje drag rtsal dmar po srin po ltar khros pa lcags kyi rdo rje dang lcags sdig 'dzin cing dur khrod chas can phag mo mthing nag gri thod 'dzin pa dang sbyor bas rgyal bsen pho mo'i steng dor thabs su bzhengs pa/_lho nub skal ldan 'dren mdzad mthing nag thugs kar rdo rje dang dung khrag steng 'og tu 'dzin pa yum gnam zhal sngo skya gri thod can dur khrod dpal chas kyis brgyan te ru tra pho mo'i steng du bzhengs pa/_nub byang rak+sha thod phreng rdo rje thod khrag mthing 'od 'bar ma gri thod can dang sbyor zhing dur khrod chas can bzhengs stabs/_byang shar bde chen rgyal po drang srong ltar khros pa chags nyams can rdor dril 'dzin nas yum dang sbyor ba he ru ka'i chas can/_zhi ba rnams pad zla khro bo pad nyi ru tra pho mo'i gdan can/_sgo bzhir pad nyi'i las bzhi sgrub mdzad rigs bzhi'i ging bzhi rdo rje rin chen pad+ma rgya gram gri thod can rang 'od kyi yum dang sbyor ba/_gzhal yas khang gi phyi nang steng 'og kun tu rig 'dzin dkon mchog rtsa gsum chos skyong dang bcas pa nyi ma dang 'od zer bzhin gang 'dul sgyu 'phrul gyi bkod pa bsam mi khyab pa'i bdag nyid can du legs par gsal/_gnyis pa yan lag gi rnal 'byor la'ang bdun las/_dang po byin gyis brlab pa ni/_sbyang bya lus ngag yid kyi 'khrul snang*/_sbyang 'bras sangs rgyas thams cad kyi sku gsung thugs kyi gsang ba bsam mi khyab pa'i bdag nyid/_sbyong byed dam tshig gi 'khor lo'i spyi mgrin snying gar oM dkar AHdmar hU~M mthing gi rnam pas rgyas gdab pas rnam par dag pa'i bdag nyid can du byin gyis brlabs/_gnyis pa dbang bskur ba ni/_sbyang bya nyon mong dug lnga/_sbyong byed lha tshogs rnams kyi mgo bo'i gnas lngar rigs bdag gtso bor gyur pa'i de bzhin gshegs pa lnga rang rang gi yum dang sbyor ba'i byang sems ye shes rnam pa lnga'i bdud rtsi'i rgyun gyis dbang bskur/_sku gang*/_dug lnga'i dri ma bag chags bcas sbyang*/_chu'i lhag ma yar lud pas rdo rje'i rigs la mi bskyod pas mtshon rigs dang mthun pa'i rigs bdag gis phyag rgyas rgyas btab pas/_sbyangs 'bras sangs rgyas kun gyi bdag nyid khams gsum chos kyi rgyal por dbang bsgyur bas rang gnas kyi ye shes mngon du gyur par mos/_gsum pa bsgrub bya sgrub byed gnyis kyi rtog pa bsal phyir ye shes 'khor lo sgrub pa ni/_sbyong bya na tshod rdzogs pa'i byis pa bsam mno dang blo stobs 'phel ba/_sbyong byed dam tshig gi thugs srog las byung ba'i 'od zer gyis sku gsum gyi zhing dpal ri pad+ma 'od kyi pho brang sogs nas chos sku las ma g.yos bzhin gzugs sku bsgoms pa dang 'dra ba'i lha tshogs kyi rnam par bzhengs te/_skad cig gis spyan drangs te dam tshig gi 'khor lo dang ro mnyam du 'dres pas gdod nas lus dam tshig_/sems ye shes sems dpar lhun gyis grub pa'i yin lugs mngon du gyur par mos la/_dbyangs rol bdug spos dar gyi g.yab mo gdung shugs kyi ngar dang ldan pas spyan 'dren gyi tshig gis bskul ba rnams brjod pas/_sbyangs 'bras sangs rgyas thams cad dang dgongs pa gcig tu gyur par bsam mo/__/bzhi pa bzhugs gsol ni/_yan lag brgyad ldan gyi chu'i mchod yon dang*/_'dag chal dang ldan pa'i chu gtsang gis phyag zhabs bsil nas khri rkang pad nyi zla ba'i gdan sogs gtso 'khor dang 'tsham pa'i gdan la dngos grub ma thob bar brtan par bzhugs su gsol/_lnga pa phyag bya ba ni/_'di dang mchod bstod kyis sbyang bya byis pa de dbang po yul la sad nas 'dod yon zhen rtog sbyang*/_sbyangs 'bras sangs rgyas pa'i zhing dang*/_mchod pa phyag bstod kyis tshogs zhing bla med du gyur pa nyid/_sbyang byed phyag mchod bstod pa'i las rim ste/_dbyings ye gnyis med kyi ngang du dam ye ro gcig tu rtogs pa 'dres pa nan tan gyi phyag rnal 'byor mchog gi lugs dang*/_sngags phyi pa dang sgo bstun te 'jig rten sri zhu'i tshul du 'phrul dga'i lha rnams rang gis sprul pa'i longs spyod la brtse ba bzhin phyag a ti pU hoHsa 'tshal bas/_pra tIts+tsha hoHzhes don gyi phyag len btab par mos/_drug pa mchod pa ni/_mchod yon zhabs bsil me tog sogs lha rdzas phyi mchod/_yid du 'ong ba'i gzugs sogs 'dod yon lnga dang*/_dbang lnga'i puSh+pe sogs dur khrod rdzas kyi nang mchod/_rigs can lnga'i phyag rgya dang snyoms 'jug las byung ba'i 'dod pa tshim byed kyi yon tan lnga sogs gsang mchod/_dug lnga rnam dag rtsa brgyad stong sbyar gyi bdud rtsi sman mchod/_snod bcud kyi 'dod yon zag med kyi bde ba'i ye shes stobs bskyed pa'i gtor ma/_rgyud drug khams gsum gyi rtsa ba chags med dmar chen gyi dwangs mar bskyil ba'i rak+ta bcas khyad par gyi mchod pa dang*/_gnyis 'dzin gyi rtog pa skye med dbyings su bsgral nas dmigs med snying rje sgyu ma lta bu'i 'phrul 'khor gyis dgra bgegs bsgral ba'i mchod pa/_mchod pa'i bya byed las gsum gdod nas dag pa'i snang shes sku dang ye shes zung 'jug chen por shar ba de kho na nyid kyi mchod pa ste/_mdor na dngos bshams yid byung ting 'dzin gyi mchod pa chos dbyings rgyas par bskangs te phul bas bde ba chen po'i longs spyod lhag par spel ba'o/__/bdun pa bstod pa ni/_chos sku'i dbyings las gzugs sku longs spyod rdzogs pa zhi chags khro bo'i rnam par shar bas/_gang 'dul sprul pa'i rol pa dang bcas pa'i che ba'i yon tan dran pas bstod pa zab cing rgya che ba rdo rje'i glu dang sbyar te bstod pas/_rtag khyab kyi phrin las la lhag par thugs gzhol bar mos pa'o/__/gsum pa gsal brtan dag gsum la bslab pa la/_dang po rnam pa gsal ba ni/_spyir phrin las sngon dngos kyi chings gong 'og tu bshad pa ltar yin kyang gtso bor tha mal bdag dang bdag gi ba'i dngos zhen dang 'dzin stangs 'gal ba'i bskyed rim gyi ting 'dzin lhag par lam du byed dgos shing*/_de la yang*/_snying byang las/_khyad par skye ba'i rim pa sbyang ba'i phyir:_tha mal snang zhen 'gog pa bskyed rim ste:_rdzus skyes sbyong phyir skad cig dran rdzogs dang:_drod skyes sbyong phyir sa bon spro bsdus bskyed:_mngal skyes sbyong phyir sa bon phyag mtshan sku:_sgong skyes sbyong phyir rgyu 'bras he ru ka:_kun kyang rten dang brten pa'i dkyil 'khor dang:_zhal phyag mtshan nyid yongs su rdzogs par gsal:_zhes pa ltar srid pa skye ba'i rim pa dang mthun par bsgom pa la/_sbyang bya nang bcud kyi sems can skye gnas bzhis bsdus pa'i bag chags/_sbyong byed snang la rang bzhin ma grub pa'i stong gzugs chu zla 'ja' tshon lta bu'i lha sku bsgoms pas/_sbyangs 'bras gzugs sku gnyis 'grub pa'i nyer len du 'gyur ba ste/_de la dbye na skad cig dran rdzogs su bskyed pa shin tu spros med rdzus skyes sbyang ba/_spros med drod gsher skyes dang mthun par sngags tsam gyis bskyed pa/_spros pa chung ba la mngal skyes dang mthun par mngon byang gis bskyed pa/_spros bcas sgong skyes dang mthun pa rgyu dang 'bras bu'i he ru ka'am bdag sras gzhan sras su bya ba rgyud dang sgrub sde'i dgongs pa/_rgyas pa chen po'i bskyed rim zhes dbang po yang rab 'bring tha gsum la dgongs pa'i bskyed rim gyi rnam grangs bzhir gsungs shing*/_de la bsgom tshul yang bag chags sbyong tshul la ltos na skye ba bzhi po gang gis bsdus pa des de dang mthun par bsgom pa dang*/_thog med kyi bag chags sbyang phyir re res kyang thams cad bsgom pa dang*/_gang zag gi khyad par gyis/_las dang po pa dang*/_sems cung zad brtan pa/_brtan pa cher thob pa/_shin tu thob pa'i go rim dang sbyar nas rgyas 'bring bsdus pa skad cig dran rdzogs bsgom pa kun mkhyen klong chen pas gsungs pa ltar shes dgos pa ni spyi yi chings te/_bye brag tu bskyed tshul gang yang rung ba gcig la/_yang snying byang las/_de la thog mar rim gyis goms pa'i phyir:_bdag nyid phyag rgya gcig pa'i skur bsgom la:_zhes dang*/_de nas dkyil 'khor 'khor lo yongs rdzogs la:_sems bzung rim gyis gsal snang 'grub pa dang:_rigs kyi tshom bu mkha' dang mnyam par spro:_snang srid gzhir bzhengs rig 'dzin rtsal 'chang gi:_sgyu 'phrul drwa ba chen po'i ting 'dzin gyis:_tshom bu dang bcas tshogs kyi spyod pa la:_brten nas bla med dngos grub sgrub pa ni:_gnas dus ston 'khor yo byad phun tshogs pa:_sa yi cho ga tshul bzhin bya ba dang:_phyi nang gsang ba'i mtshams kyi phrin las bsgrub:_ting 'dzin rten du mtshan ma'i dkyil 'khor ni:_gzugs brnyan gsal rdzogs rgyan gyis brgyan pa bzhengs:_bdag dang 'khor rnams rang byung dkyil 'khor lha:_thabs dang ye shes dbyer med nyid du bsgom:_zhes gsungs pa ltar lus can rnams byis pa dang*/_dar la bab pa/_rgan po'i gnas skabs te skye ba'i srid pa gcig la gsum du 'gyur ba dang mtshungs par/_sbyong byed rtsa ba'i lha phyag rgya gcig pa/_phyag rgya spros bcas/_tshom bu tshogs sgrub kyi tshul du nyams su blangs pas/_gang zag gcig gi rgyud la dbang po rtul 'bring rno gsum gsum du na 'pho ba'i dgos pa dang ldan/_las dang po pas dkyil 'khor la gsal snang thob dka' yang lhag par mos pas bsgom pas rgyud smin byed stobs che ba'i phyir/_snying byang las/_bdag nyid phyag rgya gcig pa'i skur bsgom la:_zhes pa ltar/_dper na tshul 'di'i las byang rgyun gyi bkol byang lta bu'i dgongs pa dang 'brel lha sku phyag rgya gcig pa dkyil 'khor spro bsdus byed po gtso bo snang srid zil gnon lta bu sems bzung sla sa nas brtsams de'i zhal/_de la spyan/_shangs/_rdzi ma/_mchu sgros/_snyan/_zhi khro'i nyams 'gyur/_lang tsho'i mdangs sogs cha shas re re nas sems bzung ste zin pas gsal snang skyes pa dang gcig char du gsal 'debs/_de zin pa dang dbu zhwa/_snyan rgyan/_sku/_phyag_/zhabs/_na bza'/_bzhugs stangs/_phyag mtshan/_gdan seng khri pad zla/_rigs bdag gnyis bcas gsal la rnyogs pa med pa'i rdzing bu gsal dwangs nang du gzugs brnyan snang ba ltar gsal bkra ma 'dres par mngon sum bzhin bsgom/_de nas phrin las snying 'bring gang rung dang 'brel/_sku gsum rnam 'phrul bcu gnyis sgo ba bzhi/_gzhal yas khang sum brtsegs/_dbyibs rgyan chas sogs phyag rgya spros bcas kyi rnal 'byor la rtsal sbyangs/_de la brtan pa thob pa dang phrin las rgyas pa'i 'gros kyis tshom bu tshogs su sgrub pas myur du mthong lam gyi ye shes la sbyor ba'i gnad shes pas phyi rol gzugs phung tha mal du snang ba rnams sbyong ba'i phyir gsal snang gi ting 'dzin nyams su len par bya dgos so/__/gnyis pa nga rgyal brtan pa ni/_snying byang las/_dus kun lha dang dbyer med nga rgyal bzung:_zhes pa ltar/_rang nyid lha der shes pa tsam gyi nga rgyal ma yin par 'bras dus kyi sangs rgyas skyon kun zad yon tan mtha' dag rdzogs pa rtsa gsum rgya mtsho'i khyab bdag dran pas srid zhi'i gdung sel de nyid dngos su mos pa'i nga rgyal brtan po dang*/_gsal snang thon nas de nyid ye shes kyi skur dngos su nges pa'i shes pa drag pos rang sems tha mal du 'dzin pa'i sems sbyong bar byed pa yin no/__/gsum pa dag pa dran pa ni/_snying byang las/_gzhi 'bras zung 'jug lam gyi mtshon pa'i phyir:_tha mal snang zhen 'gog pa'i rnam dag bsgom:_zhes pa ltar/_rgyas par lha bskyed kyi skabs su cung zad bstan pas mtshon dkyil 'khor rten brten pa'i brda don rtags gsum re re nas dran par bya dgos kyang mdor bsdu na sdug bden gyi rten du gyur pa'i tha mal gyi lus ma yin par chos nyid kyi steng na 'bras bu rnam byang gi yon tan rnams rang bzhin lhun grub tu bzhugs pa las yon tan gang dang gang lha de dang de'i ngor gdod nas dag par bzhugs pa la/_ting nge 'dzin bsgom pa'i lha de yang de las gzhan du ma gyur par rnam par dag par mos pas snang zhen thams cad kyang gdod nas rnam par dag pa'i lha ye shes kyi 'khor lo ru sbyong bar byed do/__/bzhi pa srog sdom gzer bzhi bshad pa la/_ting nge 'dzin gyi gzer/_snying po sngags kyi gzer/_'phro 'du phrin las kyi gzer/_dgongs pa mi 'gyur ba'i gzer bshad pa'o/_/dang po ni/_snying byang las/_rnam pa gsal ba 'ja' tshon lta bu ste:_rab kyis rang bzhin yongs grub chen por blta:_'bring gis spyi dang bye brag ma 'dres gsal:_tha mas ting 'dzin dgongs pa mi 'gyur gzer:_zhes pa ltar/_sbyang bya sems can gyi lus ngag yid gsum bya byed dang bcas pa'i gnas lugs/_sbyangs 'bras sangs rgyas kyi sku gsung thugs yon tan phrin las dang bcas pa'i ngo bor gdod nas dag par yin kyang*/_snang tshul ma dag pa ltar shar nas srid pa'i rgyu 'bras spyod pa nyid/_sbyong byed srog sdom gzer bzhi man ngag gi gnad du bsnun pas mthar thug gi yin lugs mngon du byed nus pas 'khor 'das mnyam nyid du dag pa'i srog gi gzer bus bsdoms na sgrub po'i sgo gsum bya byed dang bcas pa lha'i sku gsung thugs dang phrin las dang bcas pa'i gnas snang gnyis ka dag pa chen por lam du khyer bas bskyed rdzogs zung 'jug gi gnad thun mong ma yin pa snga 'gyur rnying ma'i khyad chos su nges pas na de'i don mdo tsam bshad pa la/_snying byang las/_mtshan nyid tshang ba'i bris sku mdun du bkram:_de la yid mig rlung gsum rtse gcig gtad:_zhes pa ltar/_lha sku mtshan nyid dang ldan zhing rab gnas can yid 'dzin nus pa dmigs rten du byas nas mig gi lta stangs/_rlung gi 'gro ldog_/yid kyi 'dzin stangs gsum ya ma bral bas dmigs rten la rtse gcig tu gtad de yun thung la grangs mang bar bsgoms pas/_g.yo ba'i nyams ri gzar gyi 'bab chu/_thob pa'i nyams gcong rong gi klung*/_goms pa'i nyams chu dal 'bab/_brtan pa'i nyams mtsho rlung gis ma bskyod pa/_mthar phyin pa'i nyams rgya mtsho rlabs dang bral ba rnams rim gyis 'char zhing*/_snying byang las/_gsal snang shar nas bying rgod skyon spang la:_lha sku snang stong zung 'jug ngang du bzhag:_rnam rtog rnyogs ma zhi ba'i nyams myong skye:_skabs su ngal gso shes pa rnal du dbab:_skabs su ting 'dzin rol rtsal cir yang bsgyur:_zhes pa ltar/_de'i tshe bying rgod rmug 'thib btang snyoms kyi skyon bsal zhing*/_skabs su sems gnyug ma'i ngang du ngal gso/_lha sku che chung mdog dbyibs spyod lam nye ring bzhugs gnas ma nges par rtsal sbyong zhing lam du slong*/_lha dang rang sems chos nyid gsum gcig tu bsre ba'i bogs 'byin rnams la bslab/_thun mtshams su/_snying byang las/_snang srid thams cad sgyu ma'i lha sngags dang:_ye shes chen po'i ngo bor lam du khyer:_zhes pa ltar/_snang grags rigs gsum lha sngags ye shes kyi 'khor lo/_bgo ba zhi khro'i chas/_bza' btung tshogs 'khor/__'gro 'dug rdo rje'i gar sogs ye shes kyi rol par lam du khyer bar byas pas snang cha lha sku ru gsal bas stong pa phyogs gcig tu mi gol/_kun rdzob lam du byed pas bden gnyis zung du 'jug_/dngos po'i a 'thas spangs bas tha mal bden zhen spong*/_cho ga'i yan lag rdzogs pas bsod nams kyi tshogs rdzogs/_sku'i rnam pa gsal bas gzugs sku'i nye rgyu 'grub/_'bras bu'i bzhugs tshul dang mthun pas sku gsum lhun gyis grub pa'i gnad drug dang ldan par dgos gsungs/_de ltar goms pas yid dang sems shin sbyang gis dbang po/_lus shin sbyang gis lus lha dngos su gsal ba gsum dang*/_gzhan snang zil gyis gnon/_las dang dngos grub la thogs pa med par 'gyur ro/__/gnyis pa snying po sngags kyi gzer la/_bsnyen sgrub dzapa kyi bkol byang las/_yang zab thugs kyi sgrub pa'i bcud:_bar chad kun sel nang sgrub kyi:_bsnyen sgrub las sbyor dang bcas pa'i:_dzapa bzlas dmigs pa'i 'phrul 'khor 'di:_da lta'i snod ldan rje 'bangs dang:_phyi rabs skyes bu'i don du bstan:_zhes gsungs pa ltar/_dkyil 'khor gtso bo la brten nas bsnyen pa/_'khor spyi dang bye brag la brten nas sgrub pa/_dpa' bo rigs bzhi yab yum la brten nas las sbyor gsum las/_dang po bsnyen sgrub gnyis la sbyor ba dzapa kyi phrin las bskul ba/_dngos gzhi bzlas dmigs gsal btab ste bzlas pa bya ba/_mjug stong tshig gi mchod bstod/_mtha' brten gsol 'debs kyi sgo nas bzhi bstod bya ba ste bzhi las/_dang po bsnyen la'ang dzapa bkol las/_bdag dang gzhan don gnyis med gsum:_zhes pa ltar/_bdag don byin rlabs dngos grub bsdu bas rig 'dzin tshe yi sgrub pa la/_dzapa spyi'i khog dbub dang*/_dzapa bzlas dngos so/__/dang po la'ang*/_thog mar dam ye dbye ba/_bar du bzlas pa dngos/_mthar dkyil 'khor bsdu ba'o/__/dang po ni/_phrin las gzhung las/_drug pa dzapa kyi phrin las la:_dang po dam ye dbye ba ni:_zhes sogs kyis bstan pa ltar/[ 1$0000280\[WP:6,168\]\[WP:6,212\]\[WP:12,241\]1$0000300] bi shwa bi shud+d+he sogs sngags brjod pas/_bdag dam tshig gi 'khor lo'i dkyil 'khor gsal brtan gzi brjid 'bar ba las sngar dbyings nas spyan drangs shing bstims pa'i ye shes lha'i 'khor lo sngags brjod pa'i rkyen gyis logs su phye ste bdag dang mdun bskyed me ri 'dabs 'byor gyi tshul du zhal sprod kyis bzhugs pa la/_bdag mdun gnyis ka'i thugs srog snying po'i mthar rang rang gi sngags phreng sgra dang bcas pa 'khor zhing las mthun gyi 'od zer 'phro bar bsgom/_gnyis pa dzapa bskul dang bzlas pa dngos bcas 'og tu 'byung la/_gsum pa dkyil 'khor bsdu ba ni/__stong tshig gi mchod pa/_gsol 'debs kyi sgo nas gzhi bstod/_nongs bshags/_rig pa'i me tog dor bas dzapa khang bsdu zhing gnyis med du bsre ba'o/__/gnyis pa dzapa bzlas dngos la gsum las/_dang po dzapa kyi phrin las bskul ba ni/_hU~M hrI:_rigs bdag tshe dpag med mgon dbyings nas bzhengs:_zhes sogs te gdung shugs spos rol dbyangs dang bcas pas bskul bas dkyil 'khor gyi lha tshogs spyi dang khyad par chos sku tshe dpag med kyis sngon byang chub tu thugs bskyed pa nas da lta'i bar gyi gdul bya'i don du mtshan thos pa tsam gyi dus min 'chi ba'i 'jigs pa skyob pa sogs ji ltar g.yar dam du bzhes pa dag rjes su bskul na rdo rje'i thugs dam chen pos dgongs la snang srid snod bcud kyi snang cha thams cad/_'chi med rdo rje tshe yi dkyil 'khor gyi lha ru bzhengs te/_sgra grags kun dzapa dbyangs/_thugs 'od gsal mkhyen brtse'i dgongs pas sgyu 'phrul drwa ba'i gar dang*/_rdo rje'i glu bcas 'chi med tshe yi dngos grub stsol ba la dgongs pa rtse gcig tu gtad par bsam pa dang*/_gnyis pa dngos gzhi'i bzlas dmigs ni/_spyi bo'i rigs bdag tshe dpag med mgon sogs te/_dzapa bskul las/_bdag nyid pad+ma thod phreng ni:_rtsa gsum rgya mtsho'i spyi dpal te:_dkyil 'khor 'khor lo rab 'byams kyang:_dbyings las byung zhing dbyings su 'du:_de bzhin sngags dang phyag rgya dang:_bsam yas las kyi bye brag kun:_gang 'dul der snang cir yang ston:_dad ldan dngos grub sgrub pa la:_bslu ba med cing byin rlabs myur:_zhes gsungs pa ltar lha sngags ting 'dzin gyi spro bsdu thams cad dkyil 'khor lha'i ye shes gcig gi rol rtsed gang 'dul du ston pas tha dad du ma mchis pas/_las dang po ba'i gang zag la lha nyid sngags kyi rnam par bstan pas brjod bya'i yul du gyur pa dang*/_bzlas pas las dang dngos grub thams cad rtog med yid bzhin nor bu'i tshul gyis byed/_lha de'i mkhyen brtse nus gsum gyi byin rlabs dang nus pa sngags de la'ang mnga' ba/_bskyed rdzogs kyi ting 'dzin dang ma ldan kyang dad cing mos pa kho nas bzlas na yang dngos grub stsol ba'i nus pa can thabs shes kyi yi ge 'dus pa las byung*/_lus kyi dkyil 'khor du lhun gyis grub pa/_dkyil 'khor gyi lha'i thugs srog sa bon dang gsung gi rnam pa sangs rgyas longs sprul gyi sku las yi ge'i sprin spro bas 'gro ba'i don mdzad pa/_ngag gi gdangs sgra dang*/_mtshon byed dbyibs/_rang snang yi ge'i sprin sogs su shar ba/_tha snyad 'jig rten gyi spyod yul rnams las yi ge'i mthu dang ngo mtshar che ba med de/_kun byang gis bsdus pa'i don thams cad gsal nus pas sangs rgyas kyi mdzad pa'ang yi ge'i dngos dang brgyud nas sgrub pa'i snang cha ma 'gag bzhin du/_don dam brjod med kyi dbyings su bab pa'i bden gnyis mnyam pa nyid yi ge 'bru gcig gi steng du gnas pa mthong na gzungs kyi sgo bzhi thob par gsungs shing*/_spyir yi ge thams cad chos dbyings rnam kun mchog ldan gyi phyag rgya las ma 'das pas chos nyid ngo bos grub pa/_sngags kyi rnam pa gang zhig mchog thun gyi dngos grub de sgrub par byed pa'i bdag nyid du bslu med kyis grub pa chos can rang bzhin gyis grub pa/_lha so so'i thugs srog sngags kyi rnam pas gdul bya gang 'dul gyi phrin las de'i rnam pa 'phrul pa sangs rgyas kyis byin gyis brlabs te grub pa/_sman dang nor bu bzhin sngags de ka las dngos grub gang gsungs pa sgrub pa'i nus pa lhan skyes su mnga' ba nus pa'i mthu grub pa ste grub pa bzhi dang ldan par shes dgos pa ni dngos grub kyi srog rtsa zhig yin par shes par bya ba ni gsung rigs sngags spyi la gal che ba'i gnad yin zhing*/_bdag don byin rlabs dngos grub bsdu ba'i dmigs pa dngos ni bzlas dmigs kyis gsal ba ltar ro/__/bye brag bzla bya'i sngags don ni/_oM ni grub pa dang bkra shis pa'i don ye shes lnga 'dus kyi yi ges mgo drangs te/_a mA ra Na zhes a thung dgag pa'i sgra yin cing*/_mA ra Na 'chi ba la 'jug pas sgra sbyar na mi 'chi ba'am/_'chi med ces bcom ldan 'das nyid la bos nas/_dzI wan+te 'tsho ba/_swA hA gzhi tshugs pa'i don to/__/gsum pa bzlas pa grub mtshams mjug stong tshig gi mchod bstod/_ye shes lha tshogs sogs dang*/_hrIH_ngo mtshar phun tshogs bde chen zhing sogs bzhi bstod kyis mjug bsdu ba dang*/_dngos nyams rmi lam du dngos grub kyi rtags 'byung tshul bcas gzhung du gsal ba 'og ma kun la 'gre'o/__/gnyis pa 'gro 'dul 'phags pa la brten pa'i gzhan don rigs drug dong sprugs kyi ting 'dzin ni/_spyi chings sa bcad gsum sngar ltar la/_bye brag 'gro 'dul 'phags pa'i thugs kar pad zla'i steng du hrIHdang 'dab ma la yi ge drug gsal ba'i spro bsdus rigs drug 'khrul pa'i rgyu 'bras sbyangs shing ye shes drug gis 'phags pa'i go 'phang la bkod par bsam la/_sngags don ni/_dzapa bskul rgyas pa'i dgongs pa ltar na/_oM sbyong byed 'od gsal ye shes kyi rang mdangs 'od zer dkar pos/_sbyang bya lha'i sdug bsngal 'pho ltung*/_rgyu nyon mongs pa nga rgyal dag nas/_sbyangs 'bras rigs drug kun 'dus 'gro 'dul 'phags pa spyan ras gzigs kyi go 'phang la bkod pa'o/__/de bzhin du ma bya grub ye shes 'od zer ljang gu_/lha min phrag dog dang 'thab rtsod/_las kyi rigs kyi 'phags pa rdo rje snying po/_Ni sor rtog ye shes/_'od zer dmar po/_mi 'dod chags brel phongs/_pad+ma rigs kyi 'phags pa pad+ma gtsug tor/_pad chos dbyings ye shes/_/'od zer dkar po/_dud 'gro gti mug dang glen lkug_/'phags pa sems nyid ngal gso/_me mnyam nyid ye shes/_'od zer ser po/_yi dwags bkres skom dang ser sna/_'phags pa don yod zhags pa/_hU~M me long ye shes 'od zer mthing ga_/dmyal ba zhe sdang dang tsha grang*/_rdo rje rigs kyi 'phags pa 'khor ba dong sprugs su gsungs pa ltar ro/__/hrIHni khyab bya mkha' khyab rigs drug gi sems can la/_khyab byed 'phags pa'i thugs stong dang snying rje dbyer med pas gzigs pa'i mthus/_khyab 'bras nyon mongs pa drug gi rgyu 'bras sbyangs/_phar phyin drug dang ye shes drug gi snang ba spyod pa'i don no/__/gsum pa rigs 'dus gtso bo la bsten nas bdag gzhan gnyis med kyi bzlas pa ni/_dzapa bskul las/_dkyil 'khor gtso bo la bsten nas:_lha sngags rnam pa thams cad pa'i:_dmigs pa'i bye brag mtha' dag 'byung:_zhes pa ltar/_dkyil 'khor thams cad kyi 'phro gzhi rtsa ba'i lha sngags ni 'di nyid yin la/_de nyid sku dang mtshan gyi bkod pa cir yang 'gyur bas las dang dngos grub thams cad sgrub tshul gyi 'phro gzhi yin pas bzlas pa'i dngos gzhi 'di nyid de/_spyir bzlas pa la'ang nang gses su rnam dbye bzhir gsungs te/_snying byang le'u bzhi pa las/_bskyed rim yan lag bzlas pa'i dzapa dgongs la:_bsnyen dang sgrub pa'i dmigs pa rnam pa bzhi:_thog mar rang gi thugs kar zla ba'i steng:_gser gyi rdo rje rtse lnga'i lte ba ru:_zla ba la gnas mar me ltar 'bar ba'i:_hrIHyig tha mar sngags kyi phreng ba ni:_rang sgra dang bcas bar med 'khor ba la:_sems bzung zla ba skar phreng lta bu zhes:_lha yi rgyud bskul bsnyen pa'i dgongs pa'o:_de nyid las 'phros sngags phreng zhal nas thon:_mdun gyi ye shes sems dpa'i zhal du zhugs:_sku yi dbyibs brgyud lte ba'i pad+mo nas:_rang gi lte bar zhugs shing sngar ltar 'khor:_'od zer dwangs ma thugs kyi thig ler 'khyil:_bde ba chen po'i ye shes brtan pa dang:_dngos grub mtha' dag dbang du gyur par bsgom:_'gal me'i 'khor lo lta bu'i ting 'dzin te:_lha dang nye bar bsnyen pa'i dgongs pa'o:_'di ni rang 'od rig ma'i phyag rgya dang:_'khor gyi lha tshogs bskul phyir spro ba yi:_dmigs pa'i bye brag cir yang bsgyur du rung:_sngags las 'phros pa'i 'od zer mchod sprin gyis:_'phags pa mchod cing byin rlabs rang la thim:_sgrib dag tshogs rdzogs dbang dang dngos grub thob:_slar 'phros khams gsum 'gro ba'i las nyon sbyangs:_rgyal po'i pho nya lta bu'i spro bsdu yis:_dngos grub sgrub la dbang ba'i dgongs pa'o:_de tshe phyi snod 'og min rdo rje'i zhing:_cir snang lha dang brtan g.yo'i sgra kun sngags:_dran rtog gnyis med ye shes rol pa'i ngang:_snang srid gzhir bzhengs chen por bzlas pa ni:_bung ba tshang zhig lta bu'i rnal 'byor te:_dngos grub sgrub pa chen po'i dgongs pa'o:_de ltar rdo rje'i dzapa dgongs rnam pa bzhi:_phyag rgya gcig dang phyag rgya spros bcas dang:_tshom bu tshogs kyi sgrub pa gtso bor sbyar:_snga ma'i gsal snang rdzogs nas phyi mar 'jug:_'on kyang bdag nyid rang byung pad+ma yi:_man ngag dgongs pa stan thog gcig nyid du:_bsnyen sgrub dzapa dgongs chig dril bya ba'i tshul:_byin rlabs rtag mtshan myur du 'byung phyir bstan:_zhes pa ltar spyir bsnyen sgrub yan lag bzhi/_dbang dang cho ga bskyed rdzogs lam sogs gang la'ang 'jug tu rung mod/_kun gyi go don gnad gcig pas 'dir dzapa dmigs las gsungs pa ltar na/_yul gnyan po la 'dris gdags pa'i dpes/_lha sngags ting 'dzin la thog mar goms su bcug ste ting 'dzin gyi gzhi sems dpa' sum brtsegs/_sa bon sngags phreng dang bcas pa gsal brtan gyi ting nge 'dzin la bslab pa bsnyen pa/_yul gong mas 'og ma'i rgyud tshod mkhyen cing 'og mas kyang gong ma'i tshod longs pas thugs nye ba ltar bdag mdun dam ye'i dkyil 'khor gnyis su bsgoms la 'gal me klad bskor gyi dmigs bzlas kyis bdag gi 'od zer mchod pa'i tshul gyis mdun gyi lha mnyes/_mdun gyi thugs srog las byung ba'i byin rlabs dngos grub rang la thob pa'i thabs la brtson pa nye bsnyen/_yul gong 'og nang gshin pas phan tshun mnyes pa'i bya ba la brtson pa dam ye gnyis med kyi dgongs pa'i gding gis 'od zer spro bsdus don gnyis sgrub pa'i phrin las la rtsal sbyong ba sgrub pa/_gong mas 'og ma la las sgrub par bka' bsgos shing dbug 'byin te rang la'ang las de stobs shugs kyis byas rjes thon pa ltar/_snod bcud snang grags rig pa lha sngags ye shes kyi rnam rol du shar bas thun mong dang khyad par gyi las rab 'byams sgrub pa ni sgrub pa chen po ste/_spyir rgyud kyi dgongs pa spyir btang gis bskyed rim phyag rgya gcig spros/_tshogs sgrub so sor rnal 'byor pa'i ting 'dzin gyi gsal snang dang sbyar te bzlas dmigs bzhi rim can du sbyor ba kun la grags che zhing*/_de ltar phyag bzhes su yang 'byung mod rtsa ba'i bzlas dmigs 'di lta bu la bzhi ka sbyar zhing bsgoms pas bsnyen sgrub las gsum gcig chod kyi dgongs pa thun mong ma yin pa'i man ngag gab rgya can yin pas 'di ltar nyams len bya ba shin tu gces shing*/_bla ma sku gsum rnam 'phrul bcu gnyis spyi dang bye brag gi dmigs bsgom bzlas pa kun kyang 'di bzhi las ma 'das pa yin no/__/sngags don kyang rtsa sngags badz+ra gu ru nyid bsnyen sgrub las gsum chig dril te/_oM AHhU~M gsum ni bla ma sku gsum gyi rdo rje'i gsang ba gsum gyi snying po yin pas bsnyen pa/_badz+ra gu ru ni dkyil 'khor kun gyi khyab bdag rdo rje'i bla ma pad+ma saM b+ha wa'i mtshan don gyi sgras bskul ba ste gnyis med sgrub pa nye bsnyen/_pad+ma ni gu ru snang srid zil gnon de nyid kyi mtshan dang sku yi bkod pa gang ltar bstan kyang don la rigs dang mtshan sngags thams cad gsung pad+ma'i rigs gcig gi cho 'phrul du zlum pa'i phyir sgrub pa/_sid+d+hi hU~M ni sku gsum rnam 'phrul bcu gnyis thams cad bsnyen cing sgrub pa'i 'bras bu mchog thun gyi dngos grub stsol bar ched du bskul ba sgrub pa chen po ste bzla bya'i sngags kyang bsnyen sgrub las gsum chig dril dngos grub mtha' dag sgrub pa'i las rab 'byams gter kha gzhan las kyang rgya cher 'byung ba ltar shes par bya'o/__/gnyis pa 'khor spyi dang bye brag la brten nas sgrub pa la/_dang po dkyil 'khor yongs rdzogs la brten nas sgrub pa la dngos dang*/_zhar byung gnyis las/_dang po ni/_dzapa bkol las/_bdag dang dkyil 'khor lha tshogs sogs te/_sgrub chen gyi skabs ltar snod bcud rig 'dzin bla ma'i sku gsung thugs kyi 'khor lor sad pas ji ltar 'dod pa'i dngos grub thogs med du sgrub par mos pa dang*/_sngags don/_oM AHhU~M badz+ra gu ru pad+ma ni/_gdul bya gang 'dul dngos grub stsol ba'i ched du sku'i rnam 'gyur dang phyag mtshan sna tshogs pa dang*/_gtso 'khor ltar bstan kyang*/_ngo bo bla ma sku gsum gyi ye shes 'dod dgu'i cho 'phrul gcig las rigs dang dgongs pa la mtho dman med par mtshon pa dang*/_thod phreng rtsal zhes pa/_ka pA la ak+Sha be ga zhes pa ste/_ka bde ba/_pA la skyong ba/_ak+Sha mi 'gyur ba/_be ga shugs sam rtsal/_tshig gsal du byas na/_bde stong mi 'gyur ba'i shugs zhes pa'o/__/badz+ra sa ma ya dzaHni/_mdor na dkyil 'khor lha tshogs thams cad thugs rgyud bskul ba tsam gyi dngos grub stsol ba'i rdo rje'i dam tshig myur du bskul nas/_sid+d+hi pha la hU~M AHni/_thun mong dang mchog gi dngos grub stsol cig gi don dang*/_ha rdo rje ri rin chen ni pad+ma sa las te mkha' 'gro rigs bzhi/_ra rdo rje tsa rin chen hri pad+ma ya las te ging bzhi/_yum thog mar smos pa shes rab kyi chas bskul na dngos grub dang phrin las myur ba'i don dang*/_tsit+ta hrIM hrIM dzaHdzaHni/_thugs kyi gting nas yang yang bskul bas/_sarba sid+d+hi pha la hU~M zhes mchog thun gyi dngos grub bzang po myur du stsol ces pa'o/__/thod phreng rtsal sngags gter kha phal mo che nas 'byung zhing*/_dngos grub dang las sna tshogs sgrub pa'i sngags khyad par can du gsungs pa dang*/_badz+ra gu ru dang thod phreng rtsal gnyis kar mtha' drug tshul bzhi'i bshad tshul kyang yod do/__/de ltar sgrub pa'i thun mtshams su/_phyi ltar sgrub pa'i thun mtshams su:_phyag rgya gar gyi ltang stabs dang:_bzlas brjod dzapa kyi glu dbyangs len:_zhes pa ltar thod phreng rtsal gyi dzapa dbyangs kyang bya'o/__/gnyis pa zhar byung la/_nang gsang zab mo'i hU~M sgrub dang*/_rdzogs rim gyi nyams len snying po'o/__/dang po la/_nang sgrub ngag bzlas dang*/_gsang sgrub rlung gi bzlas pa'o/__/dang po ni/_dzapa bkol las/_bdag dang dkyil 'khor lha tshogs sogs te snying byang le'u bzhi par/_nang ltar zab mo hU~M gi bzlas pa yis:_bskyed rim snang zhen sbyang zhing rigs rtsal 'phel:_zhes pa ltar/_'di ni thugs srog gi sa bon dngos nyid bzlas pas thugs dam gnad nas bskul tshab che zhing*/_zab mo thugs kyi sgrub pa'i snying po mthar thug ste/_gtso 'khor kun gyi thugs srog las hU~M yig kha dog lnga ldan 'phros shing sngags kyi rang sgra 'jam brjid snyan ldir 'brug stong ltar grags pas brtan g.yo kun la khyab pas gnyis 'dzin tha mal gyi zhen snang thams cad dbyings ka dag gi klong du sbyangs/_gtso 'khor kun gyi rdo rje'i glus bde chen ye shes kyi nyams 'bar bas rig rtsal rgyas te don gnyis sgrub pa'i phrin las la dbang thob par bsam la hU~M bzlas bya'o/__/gnyis pa gsang sgrub rlung bzlas ni/_dzapa bkol las/_gsang ba rlung dang bde chen bzlas:_lus gnad dang bcas rlung ro bsal:_'byung 'jug gnas gsum hU~M dang sbyar:_zhes sogs ltar/_smin slob tu byed na lus gnad chos bdun dang ldan pas dug gsum gyi rlung ro bsal te/_rlung 'byung 'jug gnas gsum rang babs su sems gtad de kun kyang dkyil 'khor gyi sku gsung thugs gnyis su med pa'i ye shes kyi rang bzhin hU~M yig gi ngo bor mos la bar rlung bzung*/_bum can dang sbyar ba'i 'byung 'jug gnas gsum hU~M du mos pas rlung sems bsre/_khyad par thugs srog hU~M gi sngags phreng yab yum gyi mkha' gsang dang zhal nas brgyud de 'khor bas bde stong ye shes kyi nyams 'bar bar bsam pa/_snying byang las/_gsang ba yang zab bde chen rlung bzlas kyis:_ting 'dzin brtan cing las su rung ba thob:_zhes pa ltar ro/__/gnyis pa rdzogs rim gyi nyams len ni/_dzapa bkol las/_'di ni rang 'od rig ma'i phyag rgya dang:_'khor gyi lha tshogs bskul phyir spro ba yi:_dmigs pa'i bye brag cir yang bsgyur du rung:_zhes pa ltar/_gtso 'khor kun kyang rang 'od kyi phyag rgya dang mnyam par sbyor ba'i bde bas thabs byas te lte ba'i gtum mo bskul zhing*/_haM yig gi rgyun bab pas dga' bzhi'i ye shes rgyud la 'dren par mos la rlung bum can bzung*/_lha sngags sems gsum du ma ro gcig tu shes pas rig pa 'dzin med du 'jog pas lhar snang bde ba chen po'i ye shes su rtsal sbyang ba la bslab bo/__/gnyis pa bye brag tu sgrub pa la/_dzapa bkol las/_bye brag so so'i sgrub pa ni:_rang nyid sku gsum dbyer med pa'i:_rig 'dzin gtso bo'i nga rgyal bcas:_ched du dmigs pa'i 'phrul 'khor rnams:_gang la gnad du bsnun pa na:_gcig nyid du ma'i tshul snang ba'i:_ye shes sgyu 'phrul drwa ba las:_ting 'dzin rol mo cir yang gsal:_zhes pa ltar spyi dang bye brag gi las dang dngos grub sgrub pa'i ched du rig 'dzin rnam 'phrul bcu gnyis kyi skur bstan nas lha sngags rnam 'gyur sna tshogs pa gang 'dul du ston kyang don la dkyil 'khor gtso mchog gu ru rin po che gcig gi ye shes las tha dad du mi gnas pa'i gnad kyis rang nyid rigs 'dus gtso bo'i nga rgyal las mi g.yo ba'i ngang bzla bya'i lha sngags gang yin pa de byad dang me long gi gzugs brnyan gcig nyid du ma'i tshul du snang bas skabs thob kyi las de thogs med du sgrub par mos pa spyi 'gre la/_dang po rgyal ba'i gdung 'dzin ni/_hU~M:_dkyil 'khor shar phyogs pad+ma'i sogs/_bzlas dmigs dkyus ltar la/_sngags don ni/_oM AHhU~M badz+ra gu ru'i bar sngar ltar la/_pad+ma rA dza zhes bde chen dbang gis las rab 'byams mdzad pa po gu ru rgyal ba'i gdung 'dzin nam pad+ma rgyal po'i mtshan nas bos te bskul bas/_a steng lha yi srog_/n+ri mi yi srog_/tri mi ma yin gyi srog gi snying po rnams/_dzaHdzaHzhes pas de dag gi sgo gsum brtan par bral bar khug khug_/sarba sid+d+hi pha la hU~M:_zhes dbang gi dngos grub bzang po thams cad stsol zhes pa'i don no/__/'di ni sgrub bka' brgyad kyi dbang du byas na pad+ma gsung gi sgrub pa'o/__/gnyis pa smra ba'i seng ge ni/__hU~M:_dkyil 'khor lho phyogs pad+ma'i sogs te/_srid zhi shes rab kyi bcud bsdu ba'i dmigs pa dang*/_sngags don ni/_/pad+ma pradz+nyA dz+nyA na zhes gsung pad+ma'i rigs kyi khyab bdag smra ba'i seng ge bla ma 'jam dpal dbyangs kyi shes rab zhes 'jig rten las 'das pa'i mkhyen gnyis kyi nus pas gzungs spobs blo gros kyi dngos grub bzang po stsol bar bskul ba'o/__/sgrub bka' brgyad las 'jam dpal sku de bzhin gshegs pa'i rigs so/__/gsum pa skyes mchog tshul bzang pad+ma saM b+ha wa ni/_hU~M:_dkyil 'khor nub phyogs pad+ma'i sogs ting 'dzin dang*/_sngags don ni/_pad+ma saM b+ha wa ni/_pad+ma legs pa'i 'byung gnas zhes mtshan nas bos te/_'dod dgu'i 'byor pa nor gyis dngos grub stsol bar bskul ba'o/__/bdud rtsi yon tan rin po che rdo rje nyi ma'i sgrub bka'o/__/bzhi pa bdud kyi gshed chen ni/_hU~M:_dkyil 'khor byang phyogs sogs ting 'dzin dang*/_sngags don ni/_badz+ra gu ru pad+ma ni rdo rje'i bla ma pad+ma dang kI li kI la ya rdo rje phur pa'i rtsa sngags ste bla ma yi dam gcig dril du sgrub pa'i sngags byin rlabs che zhing myur ba bla phur sbrags ma zhes zab pa'i tshad du gsungs so/__/phur pa phrin las kyi sgrub bka' yin no/__/lnga pa 'dzam gling rgyan mchog ni/_hU~M:_shar phyogs rin chen 'bar ba'i rtsibs steng sogs ting 'dzin dang*/_sngags don ni/_oM ru lu ru lu hU~M b+h+yo hU~M:_zhes bla ma yi dam du zhal bsgyur ba'i sngags mchog dngos grub sgrub pa'i thabs zab mo bshad tshul mtha' klas kyang dkyus tsam du/_yang dag snying por/__zhi ba sangs rgyas bzhi bcu gnyis:_ru lu 'bru brgyad nyid du 'dus:_oM ni rigs lnga yab yum bcu:_ru lu gong ma sems dpa' brgyad:_ru lu 'og ma sems ma brgyad:_hU~M ni sgo ba khro bo bzhi:_b+h+yo ni sgo ma khro mo nyid:_hU~M ni sprul sku thub pa drug:_yid dang chos gnyis rang byung gnas:_oM nas hU~M la rnam bskul bas:_zhi ba bzhi bcu rtsa gnyis smin:_zhes dang de nyid gnas 'gyur khro bo ltar na/_rgyud he ru ka mngon byung las/_oM ni rgyal ba yab yum bcu/_/ru lu gong ma khro bo bcu/_/ru lu 'og ma phra men brgyad/_/hU~M ni phyag rgya sgo ma bzhi/_/b+h+yo ni bran mo nyi shu brgyad/_/hU~M ni byang chub sems kyi ngang*/_/'bar ba'i dkyil 'khor ma lus pa'i/_/bzlas pa mchog ni 'di las med/_/ces so/_/sgrub bka' brgyad las thugs yang dag he ru ka'i sgrub pa'o/__/drug pa bde ba chen po pad+ma 'byung gnas ni/_hU~M:_lho phyogs rin chen 'bar ba'i sogs rtsa gsum rig 'dzin lha yi ye shes kyi gzi byin dbab pa mchog gi ting 'dzin dang*/_sngags don ni/_pad+ma thod phreng rtsal gong du bshad zin pa ltar dang*/_'di dang khyad 'phags rig 'dzin gnyis bla ma'i sgrub sde byin rlabs lam du byed pa'o/__/bdun pa khyad 'phags rig 'dzin 'gro 'dul nyi ma 'od zer ni/__hU~M:_nub phyogs rin chen 'bar ba sogs te/_snang srid rig 'dzin bla ma'i ye shes phyag rgyas btab pas chos skyong dam can las la bskul/_snang srid sde brgyad 'byung po'i kheng sems zhi ste ci bsgo ba'i las la rgyu zhing bran du bkol/_mi ma yin gyi skye 'gro thams cad byang chub sems kyi nus pas shes rgyud dkar po'i phyogs su dbang med du bsgyur bar bsam/_sngags don ni/__ma hA gu ru zhes bla ma chen po ste srid zhi kun la khyab pa'i chos dbyings de kho na nyid ni bla ru'am steng du 'phags shing*/_'khor 'das thams cad de nyid kyi klong las gzhan du ma 'das pa gang gi ye shes phyag rgya'i srog las bskul te bzlas pas las rab 'byams kyi dngos grub stsol bar gsol ba'o/__/brgyad pa rdzu 'phrul mthu chen rdo rje gro lod ni/_hU~M:_byang phyogs rin chen 'bar ba sogs te/_zhi ba'i phrin las kyi yul du mi gnas pa'i dam sri gdug pa can tshar thag gcod pa drag po'i ting nge 'dzin dang*/_sngags don ni/_lo kot+ta ra zhes khro bo 'jig rten mchog ces so/__/dgu pa pad+ma drag po rdo rje drag rtsal ni/_hU~M:_shar lho rin chen 'bar ba'i sogs te/_dregs pa gza' klu rgyal gsum 'dul ba'i drag po'i dgongs pas gzir ba'i ting 'dzin dang*/_sngags don ni/_ar tsika ni khros pa/_nir tsika ni shin tu khros pa/_na ma phyag 'tshal lo/_\u0f71b+ha ga ba te/_bcom ldan 'das/_hU~M hU~M thugs dam bskul ba/_phaTa?:las la bskul ba/_sgra sdom na/_khros pa shin tu khros pa'i bcom ldan 'das la phyag 'tshal lo/_/sgrub sde brgyad las dmod pa drag sngags/_bcu pa skal ldan 'dren mdzad ni/_hU~M:_lho nub rin chen 'bar ba'i sogs te/_mchog thun gyi las rab 'byams sgrub pa'i ting nge 'dzin dang*/_sngags don ni/_badz+ra kro d+ha ni rdo rje khro bo/_ma hA shrI he ru ka dpal khrag 'thung chen po/_hU~M ni thugs srog_/phaTa? ni gtor shig pa'o/__/khrag 'thung yongs rdzogs kyi snying po ru gsungs so/__/'di yang bdud rtsi yon tan gyi sgrub bka' chen po'o/__/bcu gcig pa rak+sha thod phreng ni/_hU~M:_nub byang rin chen 'bar ba'i sogs te/_dregs pa zil gnon gyi ting 'dzin dang*/_sngags don ni/_badz+ra tsaN+Da rdo rje gtum po/_sarba duSh+Tan gdug pa can thams cad do/__/'di dang rdzu 'phrul mthu chen gnyis dregs 'dul gyi sgrub bka'o/__/bcu gnyis pa bde chen rgyal po pad+ma badz+ra ni/_hU~M:_byang shar rin chen 'bar ba'i sogs te/_bde ba chen po bsam gyis mi khyab pa'i ting 'dzin gyis mchog gis ye shes bskyed pa'i ting 'dzin dang*/_sngags don ni/_pad+ma badz+ra ni dbyings dang ye shes sam bde stong gi gnas lugs/_de mngon du byed pa la rdo rje btsun mo'i rjes chags kyi dga' ba shin tu gsang ba spyod pa ltos nas yum gyi mtshan d+hU ma g+ha ye/_gsang ba chen po de nyid mngon sum du rtogs na zab gsang ngo mtshar rmad byung rang rig ye shes kyi spyod yul yin pas na ma swA hA mchog gi dngos grub kyi gzhi tshugs shig pa'o/__/yang dzapa bkol las/_'di dag kun gyi dzapa dgongs la:_bdag nyid dam tshig dkyil 'khor dang:__mdun gyi ye shes dkyil 'khor pa:_gnyis ka'i thugs kar sngags phreng bkod:_bdag las 'od 'phros mdun bskyed bskul:_de las 'od zer spro bsdu yis:_ji skad bshad pa'i dngos grub sgrub:_mthar ni bdag gi thugs kar bsdu:_zhes gsungs pa ltar spyir bsnyen pa'i dmigs bzlas bdag bskyed dang*/_sgrub pa dang las sbyor mdun bskyed la gtso bor brten dgos pas sgrub pa'i skabs dzapa khang dbye dgos pa'i rgyu mtshan yang de yin no/__/de ltar dmigs pa'i 'phrul 'khor la 'bad pas rtags kyi rim pa bcas gzhung du gsal la/_de yang bdud kyi gshed chen/_dzam gling rgyan mchog_/skal ldan 'dren mdzad/_rak+sha thod phreng*/_pad+ma badz+ra rnams ni/_bsgrub bya bla ma nyid sgrub byed yi dam gyi bsnyen sngags kyis bla ma yi dam dbyer med du sgrub pa dang*/_gzhan rnams rig 'dzin bla ma'i bsnyen sngags yin no/__/gsum pa dpa' bo rigs bzhi la brten nas las sbyor ni/_dzapa bkol las/_bsnyen pas thugs dam rgyud bskul zhing*/_sgrub pas dngos grub gang 'dod pa:_'grub pa'i skal pa dang ldan tshe:_las sbyor las bzhi'i rim pas sgrub:_ces pa ltar/_dper na 'jig rten pas skyabs nus pa can la bcol zhing*/_khyim du nor bsags te dgra 'dul gnyen skyong la brtson pa bzhin thog mar bsnyen pas lha dang nye bar byas/_sgrub pas dngos grub gang 'dod nus pa'i gdeng thob pa'i tshe rno la ngar 'dogs pa bzhin las bzhi'i phrin las kyi rtsal phyung nas nus pa 'byin pa las sbyor te/_de yang las thams cad zhi rgyas dbang drag bzhir 'du bas/_dang po zhi ba ni/_dzapa bkol las/_dang po zhi ba'i las sgrub na sogs ltar/_dus tho rangs/_phyogs shar du kha bltas te/_'dug stangs sems skyil/_dzapa dbyangs zhi zhing dal ba/_stangs kyi sems zhi zhing dwangs pa'i yid kyis ting 'dzin ni/_bdag mdun dkyil 'khor lha tshogs sogs te/_bdag mdun dkyil 'khor gyi lha yi thugs ka'i 'od kyis rdo rje mkha' 'gro bskul/_de'i bde ba'i gar gyis dpa' bo bskul te gnyis kas zhi ba'i las rab 'byams sgrub par gsungs pa ni/_spyir phrin las kyi rtsa ba mkha' 'gro ste/_thog mar de'i thugs rgyud bskul bas las kyi nus pa myur du ston pas na yum gyis yab bskul ba'i bzlas pa zhes su grags shing*/_skabs su 'od zer tsam du ma zad sku dang sngags phreng phyag mtshan pho nya'i tshul du spro bsdus las byed par bsam pas bogs 'byin pa dang*/_rtags tshad bcas gzhung gsal ltar ro/__/sngags don ni/_ha ni rdo rje mkha' 'gro'i srog snying*/_badz+ra d+hA ki ni rdo rje mkha' 'gro/_de yang legs sbyar du DA ki yin kyang mkha' 'gro'i brda yi skad du d+hA ki zhes bya/_ra ni rdo rje dpa' bo'i srog snying*/_badz+ra king ka ra rdo rje ging chen/_oM shIn+tiM ku ru swA hA/_oM ni zhi ba'i las kyi snying po dang zhi ba'i phrin las kyi gzhi tshugs shig ces so/__/thod phreng rtsal gyi sngags sham du btags par gsungs so/__/gnyis pa rgyas pa ni/_65_dus nyi shar/_phyogs lho/_'dug stangs rol stabs/_dzapa dbyangs snyan brjid/_stangs kyi sems rgyas shing rngams pas/_ting 'dzin ni/_bdag mdun dkyil 'khor sogs dang*/_sngags don/_rin chen mkha' 'gro dang rin chen dpa' bo'i srog nas bskul bas rgyas pa'i phrin las spel cig pa'o/__/gsum pa dbang ni/_dus dgong mo/__/phyogs nub/_'dug stangs pad+ma'i skyil krung*/_dzapa dbyangs chags shing zhen pa'i nyams 'gyur gyi sgra/_stangs kyi sems 'dun cing 'dod pas/_ting 'dzin ni/_bdag mdun sogs ltar/_sngags don/_pad+ma mkha' 'gro dang pad+ma dpa' bo'i srog nas bskul bas dbang gi phrin las mdzod cig pa'o/__/bzhi pa drag po ni/_dus srod/_phyogs byang*/_'dug stangs drag shul stabs ces gsungs pa lam rim ye shes snying po'i 'grel par tsog po'i 'dug stangs gsungs pa yin nam snyam/_dzapa dbyangs ser chen bab pa ltar/_stangs kyi sems khros shing 'khrugs pas/_ting 'dzin ni/_bdag mdun dkyil 'khor sogs ltar/_sngags don/_las kyi mkha' 'gro dang las kyi dpa' bo'i srog nas bskul bas mthar byed drag po'i las mdzod cig pa'o/__/de ltar bsnyen sgrub las gsum ka grub pa'i rjes dkyil 'khor yongs rdzogs la gtang rag gi mchod pa dang*/_rdo rje glu'i bstod pa/_nongs bshags bcas sngon du 'gro bas/_dzapa khang rang la bsdu zhing dam ye dbyer med du bsres te ro gcig gi nga rgyal bya'o/__/sgrub chen gyi thun rjes ma'i cho ga dang tshes bcu'i dus mchod lta bu'i skabs bsdu na/_dzapa bskul yan las byang sor bzhag la/_bsnyen sgrub gnyis la sku gsum spyi dril hU~M bzlas dzapa kyi bkol byang ltar bzlas dmigs gsal btab la bzlas pa ci nus bya/_de nas rang gi thugs nas 'od 'phros pas:_dpa' bo rigs bzhi'i thugs rgyud bskul sogs dang*/_ha ri ni sa ra tsa hri ya sogs phrin las snying po ltar las sbyor tshul du cung zad bzla ba dang*/_shin tu bsdu na/_dzapa bskul yan las byang rgyas pa sor bzhag la/_bsnyen sgrub las gsum dmigs bzlas phrin las snying po'i rnal 'byor ji lta bar bgyis pas don 'grub pa yin la/_de gnyis gang ltar yang*/_stong tshig gi mchod bstod/_gsol 'debs bar chad lam sel/_nongs bshags rig pa'i me tog dor ba las byang rgyas pa ltar bya bar gsungs so/__/dzapa bkol las/_bla ma'i thugs sgrub thams cad kyi:_snying dang 'dra ba'i nang sgrub la:_snying khrag dwangs ma'i tshul nyid du:_yang zab dzapa kyi dgongs pa 'di:_zhes pa ltar gter byon bla sgrub phal mo che las phyi gsol 'debs kyi tshul du bsnyen pa/_nang yi dam lha gnas bsgyur gyi sgrub pa/_gsang ba lus dkyil rlung sbyor gyi las sbyor zhes grags pa ltar/_skabs 'dir bskyed rim nang sgrub la dngos grub kyi gnas la dbugs 'byin pa'i thabs khyad par can yang zab dzapa kyi dgongs pa rgyas par bshad pa ste/_spyir gong gi sngags re re la yang phan yon bsam mi khyab par gsungs shing*/_don la sangs rgyas kyi gsung rdo rje lam du byed pas ngag gi sgrib pa sbyong ba'i gnad/_sems dpa' sum brtsegs kyis sgo gsum mnyam du grol ba'i gnad/_dmigs pa sngags phreng la gtad pas tha mal gyi rtog pa spang ba'i gnad/_zla ba skar phreng gi bzlas pas rang bab ting nge 'dzin la gnas pa'i gnad/_mgal me klad bskor gyi bzlas pas bde stong ye shes bskyed pa'i gnad/_bung ba tshang zhig gi bzlas pas sgra grags sngags su grol ba'i gnad/_snying po'i srog nas bgrang bas lha yi byin gyis rlobs pa'i gnad/_ngag gi nus pa 'phel bas ci smras gzhan don du 'gyur ba'i gnad/_rig sngags kyi bden tshig grub pas smon lam gang btab 'grub pa'i gnad/_rgyal ba'i gsung la dbang bas lha 'dre'i bka' bzhin sgrub pa'i gnad bcu dang ldan pa'o/__/gsum pa 'phro 'du'i phrin las kyi gzer ni/_gong du las sbyor gyi skabs su bstan pa ltar lha sngags ting 'dzin gyi sgo du mas ye shes kyi rtsal 'byongs shing zhi rgyas dbang drag gi phrin las sna tshogs la rang dbang brnyes pas mthar thug sangs rgyas rnams kyi yon tan dang phrin las la dbang thob pa'i gseng lam zab mo ste/_'dis ni mchog gi dngos grub 'grub pas thun mong shugs kyis 'byung ba'i gnad/_dmigs pa'i mdel kha bsgyur bas las tshogs gzhan la ltos mi dgos pa'i gnad/_phrin las mtha' ru phyin pas gzhan don 'bad med 'byung ba'i gnad/_'gro don lhun gyis grub pas sangs rgyas kyi mdzad pa 'grub pa'i gnad/_sems bskyed kyi 'phen pas theg dman du mi gol ba'i gnad/_gdul bya smin cing grol bas rgyal ba'i gdung 'dzin pa'i gnad drug dang ldan pa yin no/__/bzhi pa dgongs pa mi 'gyur ba'i gzer ni/_snying byang le'u bzhi par/_'das pa 'gags shing ma 'ongs ma skyes pa:_da lta'i shes pa zang thal ngang nyid du:_sems la sems kyi bltas pa'i tshul du bzhag:_de tshe rnam par rtog pa ci shar yang:_thams cad sems nyid gcig gi rol pa ste:_nam mkha'i rang bzhin 'pho 'gyur med pa ltar:_sems nyid kun khyab 'pho 'gyur med par rtogs:_'di ni theg pa'i mthar thug rdzogs pa che:_rang byung sems sde'i dgongs pa bla na med:_don gyi rnal 'byor 'di la sus spyod pa:_gsang ba'i rtags dang yon tan mtha' yas 'byung:_nyams dang rtogs pa'i rtsal chen rim gyis rdzogs:_kun bzang pad+ma'i ye shes thob par 'gyur:_zhes pa ltar dus gsum gyi rtog pas ma bslad pa'i sems kyi chos nyid rang gsal 'dus ma byas pa'i ngang so sor rang rig pa'i ye shes kyis nyams su myang bya can/_ma yengs mi sgom rang shar chos nyid gcig gi ngang du rlung sems ye shes kyi lha gsum dbyer med ro mnyam chen po ngo shes pa'i ngang bskyangs bas 'khor 'das kyi stong srog 'phrog_/gzhi lta ba ye shes kyi 'khor lo/_lam sgom pa lha sngags kyi 'khor lo/_'bras bu zag med sku dang ye shes kyi 'khor lo chos nyid gcig tu bzlum pa'i srog la dbang thob pas sgra gcan gyi khas nam mkha'i zla ba gcig bzung bas chu zla ji snyed zin pa ltar mdo rgyud bsam gyis mi khyab pa'i dgongs gnad dus gcig la nyams su longs bas na gnad khyad par can theg mchog snying po'i nyams len te/_mthar thug he ru ka dpal chen po'i thugs mi zad rgyan gyi 'khor lo dang dbyer med pa'i dngos grub thob par byed do/_/gsum pa phrin las kyi kha skong rjes kyi bya ba la bdun las/_dang po tshogs kyi mchod pa la/_ngo bo ni thabs shes dbyer med kyi kun spyod khyad par can yin la/_nges tshig ga Na tsa kra'i sgra las/_bde ba chen po'i tshogs chen 'dus pa'i 'khor los nyon mongs pa'i drwa ba gcod par byed pa'o/__/gang du tshogs pa'i gnas dur khrod la sogs pa'i sdig can gyi skye bos spangs pa'i dben pa'i gnas su tshogs khang rim pa gsum brtsegs par/_tshogs pa'i dus yar mar gyi tshes bcu dang dbang bskur ba dang*/_rnal 'byor pho mo'i nyams rtogs spel zhing rtog sgrib sbyang ba'i phyir/_ji ltar bya ba'i khyad par/_brda dang brda yi lan gyis bskul:_zhes pa ltar/_dbye na/_skal ldan mi yi tshogs/_rjes rim gzhung las/_slob dpon thams cad gong gral bya:_rnal 'byor pho rnams g.yas dang ni:_rnal 'byor mo rnams g.yon du 'khod:_ging pho ging mo mdun gral bya:_zhes gsungs pa ltar thabs shes zung du 'brel ba'i skye bo du ma 'du ba dang:_dgyes ldan yo byad mchog gi tshogs:_ma dA na dang ba la sogs:_longs su spyod 'os longs spyod kun:_phun sum tshogs par bshams pa la:_zhes khyad par gyi yo byad sha lnga bdud rtsi lnga sogs tshang ba dang*/_bdag nyid lhar gsal ba'i thugs las yi ge ra~M ya~M kha~M las me rlung chu byung bas dngos 'dzin bag chags gnyis snang thams cad bsregs gtor bkrus te stong par sbyangs/_stong pa'i ngang las yi ge AHlas mtshan ldan ka pA la phyi dkar la nang dmar ba yangs shing rgya che bar shar du go las ba glang gi sha/_lhor ku las khyi yi sha/_nub tu da las rta'i sha/_byang du ha las glang po che'i sha/_dbus su na las mi yi sha/_sha de rnams kyi steng du shar du b+hU~M las dri chen/_lhor aM las rak+ta/_nub tu dzIM las byang sems/_byang du khaM las sha chen gyi dwangs ma klad pa/_dbus su hU~M las dri chu rnams ye shes lnga yi rang bzhin can de/_tshogs snod thod pa mi mgo skam po ltag pa nang bstan gsum gyi steng du yod pa'i 'og nas a las ye shes kyi me 'bar rlung gis bskul bas sha lnga bdud rtsi lnga rigs lnga'i bde stong ye shes kyi ngo bor zhu dam tshig gi bdud rtsir rtogs/_rlangs pa'i nang hrIHyi 'od kyis sangs rgyas thams cad kyi zag med ye shes kyi tshogs char ltar bab pas/_trAM las zegs ma re re la yang 'dod yon gyi mchod pa rgya che lhun stug 'khor 'das thams cad la khyab par byin gyis brlabs nas/_dngos grub lha yi tshogs zhes/_dngos grub kyi rten du rtsa ba gsum chos srung dang bcas pa'i gzugs brnyan bkod cing ye shes dkyil 'khor rten dang brten par bcas pa thams cad sku yi rdo rje'i gar/_gsung rdo rje'i sngags sgra/_thugs ye shes kyi dgongs nyams lhag par 'bar bas/_dpa' bo dpa' mo'i 'khor tshogs dang bcas rol mo'i glu/_me tog gi char gnam sa bar snang gi khyon kun khengs par byon te sku mgron gyi tshul du mdun rten dang dbyer med du bzhugs par mos la/_de dag kyang sgyu ma dang rmi lam bzhin snang cha ma 'gags kyang*/_chags sdang gi 'dzin zhen ma zhugs par yul dbang shes gsum lha la lha rol pa'i tshul du spyod pas tshogs gnyis 'bad med du rdzogs pa ste/_sgyu 'phrul rdo rje las/_skye bo mdza' ba kun tshogs pa/_/rnal 'byor 'dus pa'i tshogs zhes bya/_/'byor pa'i longs spyod tshang ba ni/_/bde ba'i longs spyod tshogs su bshad/_/lha dang dam can kun 'dus pa/_/'dus pa chen po'i tshogs su bshad/_/thams cad spyod la mi 'dzin pas/_/tshogs gnyis rgyun du rdzogs byed pa'i/_/tshogs chen po ru nges par bshad/_/ces so/_spyir rnal 'byor pa'i dgongs nyams khyad par gyis las rgya la brten pa'i tshogs 'khor mtshan nyid pa dka' rung rgyu mtshan phyogs tsam bshad pa dang*/_tshogs mchod dngos la spyi dang bye brag gnyis las/_dang po 'dod yon lnga spyir mchod pa ni/_phyi'i 'dod yon lnga snang la ma 'gag pa'i lta bas rgyas thebs na ye shes drug ste/_de nyid 'dod yon lha mo drug gi rnam 'gyur du shar bas/_mchod yul gyi sku gsung thugs yon tan phrin las ye shes rdo rje la bde ba chen pos mchog tu mnyes par byed pa dang*/_gnyis pa bye brag la gsum/_phud dang po dam tshig gi rdzas rnams phyi nyer spyod nang 'dod yon/_gsang ba rig ma'i tshogs su sprul te 'bul zhing*/_de dag gi rjes rtsol bral gdod ma'i gzhi la ngang gis rdzogs pas mchod bya mchod byed bral ba'i gshis su mnyam par bzhag_/tshogs bar pa rdo rje theg pa'i dam tshig rgya mtsho'i rnam grangs bsam mi khyab kyang snang grags rig pa lha sngags chos sku rdo rje gsum du shes na lam gnad thams cad tshang zhing 'du bas tshogs bar pa sha lnga bdud rtsi lnga'i dam tshig gi rdzas yin pa gsum dang grub pa bzhi'i bdag nyid can du phul bas rtog sgrib nyams chags thams cad dag nas gsang ba gsum gyi dngos grub thob par bsam pas 'bul zhing yig brgya brjod/_tshogs tha ma bsgral ba ni/_tshogs byin rlabs ma byas pa zur du bcad pa'am/_yang na byin gyis brlabs pa'i 'dod yon gyi lha mo hU~M brjod pas rang la bsdus rjes/_slob dpon bdag nyid sgrol byed he ru kar gsal bas rang bzhin gyis sgrol ba'i lta ba/_ting 'dzin gyis sgrol ba'i nyams/_dbang po yul dus kyis sgrol ba'i spyod pa/_thabs chen po'i sgrol ba'i sngon byung gi rjes su 'jug pa'i gdams ngag mngon du phyung ba'i sgrol ba'i mdzad spyod la mkhas pas phyag sor bcu'i bar du bzung ba'i phur pa sangs rgyas kun gyi phrin las rdzogs pa'i sras mchog kI la yi mtshon chas/_tshogs tha ma nyams pa bdun ldan gyi zhing bcu dngos su gsal ba gsum dang ldan pas/_dgra bo'i snying dkar nag gi mtshams su btab pas rnam shes mar me bsad pa ltar gyur/_phur rtse rang la bstan pas bsgral bya'i tshe bsod dpal gyi dwangs ma rang la thim pas gzi byin che ru song bas bdag 'tshengs/_'dzin ging gis bkug_/sgrol ging gis bsgral/_stob ging gis sha khrag gi dwangs ma zag med bdud rtsir bsgyur te lha tshogs la phul bas lha 'tshengs/_phur rtse'i 'od kyis nyams pa'i sgrib pa bsal nas rnam shes a yi rnam pas rdo rje sems dpa'i sras su sangs rgyas pas dgra 'tshengs ba gsum gyis ta na'i mdzad spyod mthar phyin te/_tshogs sgrub kyi dus lha las dngos grub len pa rnams ni/_gal po las/_dang po 'dod yon drug gis mchod/_gnyis pa dam rdzas bdud rtsis bshags/_gsum pa dgra bgegs gzugs phung stob/_zhes pa rnams phyi yi tshogs dang*/_slob dpon mched lcam lhar gsal bas dam tshig gi rdzas rnams rol zhing longs spyod cing 'dod yon rnam pa thams cad pas mnyes nas tshogs zhing gi lha thams cad 'dod chags chen pos bskul te/_dga' bzhi lugs 'byung ldog gi ye shes nyams su myong ba nang gi tshogs mchod/_rnal 'byor pho mo 'khrigs pa'i kun spyod kyis snyoms par zhugs pas dpe don lhan skyes kyi ye shes ro mnyam yang dag par sbyor ba gsang ba'i tshogs 'khor dang*/_srod la yum las dngos grub len pa sbyor ba tshad du phyin/_stong rig zung 'jug 'khor 'das gdod nas dkyil 'khor du grub pa mi dmigs bde ba chen po de kho na nyid kyi mchod pa/_yang gsang tshogs kyi 'khor lor longs spyad de rdo rje'i glu gar bya ba'i dus/_glu gar dngos/_de'i phan yon bcas rdzogs pa chen po'i rgyud nyi zla kha sbyor las gsungs pa ltar bya/_smon lam dang shis brjod rgyud bklag pa rnams kyang byas pas nyams rtogs bogs dbyung*/_mchog thun gyi dngos grub thob par bya'o/_/lhag ma ni/_lhag ma rnams gsog 'jog med par bsdus/_dme gtor mchod pa'i ras ma dang bcas pa'i steng du/_dpal chen po'i pham phab/_rnal 'byor pa'i phud cha gsum pa bsnan te/_rdo rje rgyal po'i ya rkan rta mgrin/_ma rkan phag mor gsal ba sbyor ba'i kha phru byang sems kyis bran te bdud rtsi 'dod yon gyi gter du brlabs nas sman raka bran/_rkang gling bshug pa zhing gi g.yab mo tshil chen gyi dud pas lhag mgron rnams dkyil 'khor nang du bos par/_sngon dpal chen pos ru tra bsgral ba'i tshe dbang phyug nyer brgyad/_ging chen bco brgyad/_lang+ka bzhi/_ma bdun sring bzhi/_'bar ma brgyad dang pho nya sum brgya drug cu sogs ye shes sgyu ma'i pho nya/_phud la mi 'tshal lhag ma rol/_dbus la mi gnas dkyil 'khor chen po'i mu ran gyi mtha' la gnas pa rnams kyis/_lha dang bla ma'i mtshan tsam 'dzin pa yang spyi bor len pa'i rdo rje bro bor ba'i tha tshig bskul phyir phul nas las rab 'byams sgrub par bskul nas/_sgrub khang gi byang shar gom pa bdun cu'i sar srin mo'i za lam du bskyal bar bya'o/__/de lta bu'i tshogs kyi 'khor lo der 'dus pa thams cad dpal he ru ka dang spyod yul mnyam pa'i dngos grub chen po dus de nyid du thob par 'gyur zhing*/_rjes mthun pas kyang rim gyis thob pa'i skal pa can 'gyur ba sogs phan yon che ste/_rdo rje drwa ba las/_bsod nams nang nas tshogs 'khor mchog_/tshe 'dir bsam pa kun 'grub cing*/_/bgegs dang bar chad zhi ba dang*/_/phyi ma rig 'dzin rgyal ba'i zhing*/_/kun tu bzang po thob par 'gyur/_/zhes dang*/_las byang bde gshegs 'dus pa las/_de ltar tshogs kyi 'du ba ni:_rjes mthun tsam zhig spyad pas kyang:_yul khams bkra shis byin chen ldan:_yon bdag gegs zhi bsam don 'grub:_dam tshig ldan pas thabs shes rdzas:_zos na dngos grub ci 'dod 'byung:_tshul bzhin spyad na smos ci dgos:_de phyir mchog tu gces par zungs:_zhes gsungs so/__/gnyis pa thugs dam bskul ba ni/_brtan g.yo kun la khyab pa'i ye shes kyi lha la bskul ba dang ma bskul bas snyan bsrings te nye ring mi mnga' yang 'khor ba sdug bsngal gyis mnar ba'i 'gro ba rnams kyi don mdzad pa'i phyir sngon rgya gar rdo rje gdan du paN+Di ta lnga brgya bzhugs pa la mu stegs kyi rgol nas bstan pa 'jig par brtsams pa'i tshe/_o rgyan sangs rgyas gnyis pa spyan drangs dgos par mkha' 'gro rnams kyis lung bstan pa ltar rdzu 'phrul gyis phebs nas rtsod pas tshar bcad/_mthu 'gran pa'i tshe g.ya' ri'i nags la sgrub pa mdzad pas/_ye shes kyi DA ki bdud 'dul drag mos byad phur 'joms pa'i rigs sngags phul ba bzhin lag na rdo rje seng ge'i nga ro can gyi skur bzhengs te rig sngags kyi sbyor ba bshig pa'i ting nge 'dzin la bzhugs pas bsnyen phur nam mkha'i dbyings su 'phar ba rdo rje'i phyag rgyas blangs shing bsgril bas mu stegs gnas pa'i nags tshal me 'bar mtsho yang skem nas mu stegs kyi ston pa lnga brgya thog gis bsgral/_'khor lhag ma thams cad nang pa'i bstan sgor bcug nas nang pa sangs rgyas pa'i bstan pa dang ston pa gnyis ka phyogs thams cad las rnam par rgyal bar mdzad pa bzhin/_rtsod dus snyigs ma'i gdul bya nad mug mtshon gyis mnar zhing sdug bsngal ba'i tshe/_mkhyen brtse nus pa'i stobs rtsal sprugs su mdzad pas dus kyi rgud pa zhi zhing*/_bstan 'gro'i dpal yon rgyas par mdzad du gsol zhes sngon slob pa lam gyi skabs ji ltar bcas pa'i tha tshig gis gnad nas smos te gdung shugs drag po dang*/_gsang ba'i rnge'u chung sogs kyi sgras bskul bas ye shes sgyu ma'i cho 'phrul gyis ji ltar 'dod pa'i don mdzad de dbugs dbyung bar 'gyur ro/__/don la ye shes kyi go 'phang mngon du gyur kyang rnam pa 'jig rten rang rgyud pa'i tshul du ston cing ston pa'i bstan pa dang khyad par bla med rdo rje theg pa srung ba'i gnyer kha dang ldan pa'i pho rgyud mo rgyud ma ning gi rgyud gsum gyis bsdus pa'i chos skyong spyi dang*/_slob dpon sangs rgyas gnyis pa'i tha tshig lhag par phog pa'i mkha' 'gro dam can/_dge bsnyen nyer gcig_/brtan ma bcu gnyis sogs bod kyi lha srin ci bsgo ba'i bka' la nyan pa rnams la gtor ma 'dod yon gyi phung por bsngos te/_khang blangs pa'i tha tshig bsgrags te dran par byas nas phrin las bzhi sogs 'dod pa'i gnyer byang bcol du gtad pa'o/__/gsum pa brtan ma skyong pa ni/_brtan ma bcu gnyis 'di dag don la bde mchog gi sgo mtshams ma yin kyang tshur rol gyi snang char dgos pa khyad par du gyur pa sngon o rgyan gyi slob dpon chen po dang*/_slob dpon bA su d+ha ras a su ra yi brag phug tu snang srid ma mo'i dkyil 'khor du bcug_/bal bod mtshams su rlangs chen dpal gyi seng ge dang bcas pas bod khams mtha' dag phyi nang gi kla klo chos min gyi nyer 'tshe mi 'byung ba'i slad du phyogs bzhi'i so kha srung bar bsgos pa'i phrin las rtag tu mdzad par bskul ba'i phyir/_che zhe ste ma sring gi tshul du brtse zhing 'dud pa'i sems ldan bdud mo gnod sbyin sman mo'i rigs can gyi brtan ma bcu gnyis 'khor dang bcas pa la srung ma'i gtor gzhong bshal ba'i chu bdud rtsir brlabs nas las kyi brngan par sbyin pa'o/__/bzhi pa rdo rje'i rta bro ni/_sngon dbang chen rta phag yab yum gyi ru tra btul ba'i tshe rta skad drag po dang bcas ma mo mkha' 'gro thams cad dbang du bsdus shing snang srid pad+ma dbang gi zhing du gyur nas rigs bzhi'i he ru ka'i 'khor du khro bo khro mo ser ltar 'dril zhing*/_kang ka sogs dur bya'i 'dab chags sprin ltar gtibs/_gcan gzan phra men gyi gdong can rlung 'tshubs nas rdo rje'i rta yi rmig pas bro brdungs bas las bzhi'i phrin las mthar phyin te gti mug nga rgyal chags sdang rang rgyud pa tshar bcad/_nyon mongs phung po 'chi bdag lha'i bdud de 'jigs pa'i bdud bzhi rang sar zhi/_phyi dgra nga yir 'dzin pa/_nang dgra ngar 'dzin/_gsang dgra nyon mongs rnams gdod nas skye med kyi dbyings su bcom pas snang spyod ye shes kyi rol pa gnas lugs rdzogs pa chen po'i gshis su rnam thar sgo gsum gyis rgyas btab pas nam yang mi ldang bar mnan pa'o/__/lnga pa bskyed rim bsdu ba ni/_dgos ched sems can rnams kyi rgyud la 'khrul snang rtag par lta ba'i mtha' la zhen pa yod pa de sbyong ba'i phyir yin la/_sdud tshul sngar chos sku skye med de bzhin nyid kyi ting 'dzin gyi cho 'phrul/_longs sku 'gag med ye shes sgyu ma'i bkod pa phyi snod gzhal yas khang*/_nang bcud bla ma sku gsum rnam 'phrul bcu gnyis sgo skyong ging bzhir snang ba kun gtso bo'i thugs ka'i 'od zer gyis rim par bsdus te/_mthar sa bon nA da shin tu phra ba'i bar dang*/_de'ang 'od gsal stong nyid gdod nas rang byung gi thig le chen po spros pa dang bral ba'i dbyings su bsdus la ci gnas su mnyam par bzhag go__/drug pa rgyun gyi spyod lam ni/_stong nyid kho nar snyoms par 'jug pa ni chad pa'i mtha' yin pas/_de bsal ba'i slad du slar yang stong nyid kyi ngang las snying rje'i rang rtsal chu las nya ldang ba ltar snang stong zung 'jug sgyu ma lta bu'i bdag nyid ngo bo pad+ma dbang gi lha la rnam pa snang srid zil gnon phyag rgya gcig pa rgyan cha lugs yongs su rdzogs pa'i sku rang byung gnyug ma'i tshul du lam gyis gsal ba'i gnas gsum rdo rje gsum gyi go chas rgyas gdab cing*/_gzugs snang sgra grags sems kyi rtog tshogs thams cad rig 'dzin bla ma'i lha tshogs dang rdo rje'i sngags sgra gnas lugs chos sku'i ye shes gsang gsum mi phyed mnyam pa nyid du shes pas snang spyod ye shes kyi rol pa'i spyod lam la 'jug go__/'di dag gi sbyang bya ni/_byis pa de nyid lang tsho rdzogs nas 'chi ba slar yang 'byung ba mtshon pa ste/_snod bcud srung 'khor la bsdu ba ni gzugs sogs snang ba thim pa dang*/_srung 'khor nas snying po'i pho brang gi lte ba'i bar bsdu ba ni sa chu la thim pa sogs rags pa thim pa/_'khor rnams rim par gtso bor thim pa snang ba/_yum yab la dang*/_de ye shes sems dpa' thugs ka'i rdo rje la thim pa mched pa/_ye shes sems dpa' ting 'dzin sems dpa' thugs ka'i hrIHla thim pa thob pa/_de gyen rdzogs kyi nA da'ang bsdus pa nyer thob ste 'chi ba 'od gsal dang*/_de las lhar ldang ba bar do sbyang zhing*/_sbyangs 'bras ni/_sangs rgyas gzugs kyi sku'i snang ba ni chos sku'i phrin las yin cing*/_chos kyi sku'i ye shes kyang dbyings kyi ngo bo yin pas der thim pa dang*/_de las gzugs sku'i snang ba rgyun mi chad pas de las ldang ba mtshon no/__/lam gong ma'i dus su dbang bzhi pa'i nyams len snod bcud 'od gsal du bcug nas slar zung 'jug gi skur ldang nus su sgrub pa'i rgyur 'gro bas smin byed do/__/bdun pa bsngo smon ni/_shes rab stong nyid chos kyi dbyings bla med rdo rje theg pa'i lta dgongs kyi gding gis zin pas ye shes kyi tshogs dang*/_thabs chen gsang sngags zab lam bskyed rdzogs kyi cho 'phrul mang pos dka' ba med pa bsod nams kyi tshogs zung du 'brel ba'i steng du/_bdag nyid kyis dus gsum du bsags pa'i zag bcas zag med kyi rnam dkar mtha' dag 'gyod pa sogs kyis nam yang mi zad par nyin re bzhin gong nas gong du 'gyur khyad chen pos 'phel ba dang*/_sems dang po bskyed pa nas brtsams lam sgrub pa thams cad kyi 'bras bu rgya cher smin cing mthar dbyung ba la mchog tu bsngags pa/_'khor gsum yongs su dag pa'i bsngo ba dngos sam rjes mthun pas rgyas btab cing*/_gzhan don du bstan 'gro'i phan bde'i dpal la phyi nang gsang ba'i 'gal rkyen bar chad zhi zhing legs tshogs thams cad dbyar mtsho ltar rgyas 'phel brtan pa dang rang don du rim gnyis kyi ting 'dzin gyis rig 'dzin rnam bzhi'i sa lam kyi spang rtogs mthar phyin nas sku lnga lhun grub chos sku kun tu 'chang pad+ma rgyal po'i go 'phang thob par smon pa'o/__/shis brjod kyis mtha' rgyas bya ba ni/_las rim rdzogs pa'i mthar phyogs dus rgyal ba sras bcas dkyil 'khor pa'i lha tshogs rnams kyis bkra shis pa'i bden tshig brjod/_rdo rje'i glu dbyangs len/_me tog man+dA ra ba'i char chen po 'bebs par bsam la/_rang nyid kyang de dang mthun pa'i bden tshig gi shis brjod dbyangs rol dang me tog 'thor ba sogs byas pas/_phyogs dus kun tu mi mthun pa'i ming mi grags shing*/_bsam don yid bzhin 'grub pa'i dge legs kyi dpal spel ba'o/__/phrin las kyi rim pa de dag kyang gsang sngags lung gi sgo bzhi dang 'brel dgos te/_ji skad du/_don dam gsal 'debs brjod pa tshig gi sgo/_/thugs dam gnad bskul gsang ba sngags kyi sgo/_/dmigs pa rtse gcig ting 'dzin yid kyi sgo/_/mtshon pa brda rtags phyag rgya gar gyi sgo/_/zhes pa ltar/_sgrub pa'i phrin las sngags dang bsnyen sgrub las kyi srog sdom gzer bzhi'i ting 'dzin gsum ni sbyong byed sangs rgyas thams cad kyi sku gsung thugs du ma ro gcig lam du byas pas/_sbyang bya tha mal sgo gsum gyi zhen pa dag cing*/_sbyangs 'bras ye shes rdo rje'i sdom pa chen po'i go 'phang la sbyor ba'i dngos grub myur du thob pa'i dgos pa yod pas/_thams cad du 'brel na rdo rje rgyal po/_rdo rje rdul phyag sogs gsang ba'i mtshan dang*/_a la la ho sogs kyi brda yis kyang dngos grub mi yal zhing*/_bar chad med par dngos grub myur ba'i thabs kyi gseng lam khyad par can yin la/_khyad par ting 'dzin ni/_rgyud las/_ting 'dzin bsam gtan dag dang mi ldan na/_/gsang sngags bzlas kyang 'grub par mi 'gyur te/_/gso dpyad bklag pas nad la mi phan ltar/_/de bas ting 'dzin bsam gtan 'bad par gces/_/zhes so/__/lhag par bsnyen sgrub las kyi bzlas sngags ni/_bsnyen sgrub dzapa kyi bkol byang las/_bdag nyid pad+ma thod phreng ni:_rtsa gsum rgya mtsho'i spyi dpal te:_dkyil 'khor 'khor lo rab 'byams kyang:_dbyings las byung zhing dbyings su 'du:_de bzhin sngags dang phyag rgya dang:_bsam yas las kyi bye brag kun:_gang 'dul der snang cir yang ston:_dad ldan dngos grub sgrub pa la:_bsdu ba med cing byin rlabs myur:_zhes gsungs pa ltar las rab 'byams sgrub pa'i lde'u mig lta bu yin zhing*/_byin dbab pa'i dus su/_zhwa gos phod ka rgyan gyis klubs:_spos sreg rol mo snyan par 'khrol:_gar 'khrabs gdung dbyangs zhing gi g.yab:_ces dang*/_pad+ma'i snying po'i rgyud las/_mi bskyod sems dpa' thugs kar sbas:_phyag rgya rdo rje dril bu 'bar:_gsang ba kun 'dus thugs kar hU~M:_rdo rje dril bu bsnol bas 'khyud:_dbyings phyug thugs sbas yab la blta:_phyag rgya rdo rje thod pa 'bar:_gsang ba kun 'dus thugs kar mU~M:_rdo rje yab 'khyud thod zhal stob:_zhes pas mtshon mchod bstod sogs la phyag rgya'ang dngos grub myur du thob pa'i dgos pa khyad par can dang 'brel ba ste/_sngags gsum phyag rgya bzhi sogs rab chu bo'i rgyun/_'bring nyin mtshan dus drug tha mas kyang lo zla las mi 'da' bar bya dgos te/_o rgyan chen po'i zhal nas/_blo dang khams kyi nus tshad kyi gzhung rgyas par khrigs bskyangs na nges par dngos grub rnam gnyis che la myur ro/__/ci'i phyir zhe na/_cho ga phra mo yan chad kyang phal cher rgyud las 'byung zhing*/_'ga' zhig bla ma grub pa brnyes pa'i bka' srol phyag bzhes las dang*/_d+hA ki mas lung bstan pa dang*/_o rgyan nyid kyis yangs le shod du nyams dang sbyar ba yin pas kun tu the tshom spongs la sgrubs shig_/nang the tshom can rgyu sla des chog gzu lum mkhan rnams la dngos grub til 'bru tsam med do/__/des na dad cing mos pa kho nas nyams su blang bar bya'o/_/zhes yang yang gsungs pa ltar ro/__/mdor na bskyed bzlas rdzogs gsum sogs thams cad tshang bas bsgrubs na mi 'grub pa gcig kyang med de/_rgyud las/_dad brtson drag pos bsgrub gyur na/_mtshams med lnga spyod mi yis kyang*/_dngos grub thob pas gsang sngags khyad/_zhes gsungs pa'ang zhar la 'phros pa'o/__/gnyis pa sgos bka' rnam 'phrul bcu gnyis so so'i dgos don bshad pa la/_dang po bla ma chos sku'i sgrub tshul gyi spyi don ni/_le'u dang po'i skabs dgongs pa mi g.yo ba 'chi med rdo rje'i ting nge 'dzin la snyoms par zhugs so:_zhes pa'i don zab don 'byung ba'i gleng gzhi ste/_gsol 'debs kyi chos sku snang ba mtha' yas la gsol ba 'debs:_zhes bla ma chos sku tshe 'od dpag med nyid dkyil 'khor gyi gtso bor bzhugs pa'i rdo rje'i tshe sgrub pa'i rnal 'byor zab 'dril du bstan pa'i tshul bshad pa la/_bsgrub bya'i gzhi/_sgrub byed kyi thabs/_de'i dgongs pa gsum dang ldan pa ste/_dang po ni rgyud las/_mi 'gyur rtag pa gnyug ma'i tshe/_/nyams shing 'pho ba thig le'i tshe/_/glo bur ltar snang srog gi tshe/_/zhes gsungs pa ltar/_sems can kun gyi rgyud la gzod nas mi 'gyur bar bzhugs pa'i rtag brtan rdo rje sems dpa'i ye shes mchog nyid 'chi med rdo rje'i go 'phang gi bsgrub gzhi mthar thug yin cing*/_de'i rang mdangs rdo rje'i lus kyi dbu ma'i yar mar du gnas pa'i dpyid thig gnyis dang*/_'khor lo drug gi thig le'i bdag por gyur pa'i dwangs ma bcu gnyis dang snyigs ma nyer bzhi sogs 'bab/_de dag kyang ye shes dang rjes 'brel dga' bzhi'i 'pho ba dang*/_rnam shes dang rjes 'brel lus zungs sam bla gnas te de dag rang gnas las mi g.yo zhing*/_stobs ma nyams pas 'tsho ba'i rten byed pa dang*/_thig le'i tshe zhes bsgrub bya'i gtso bo dang*/_tshe srog gi ngo bo rnam shes drod dang bcas pa rgyun chags su gnas pa'i rten mi ldan pa'i 'du byed lus kyi ngo bo 'byung lnga bde ba dang bcas pa khams drug 'dus pa rags pa'i gzugs can rten dang brten par 'brel bas bzhugs pa srog gi dbang po'i tshe zhes khyad par gyi bsgrub bya ste/_de dag nus pa 'phel zhing brtan pas ring du 'tsho ba'i dpal thob la/_nyams shing gnas nas 'khyar ba sogs kyi nad gdon dus min 'chi bas gtses te tshe yi rgyun chad par byed pa'o/__/gnyis pa sgrub byed kyi thabs la/_rdzas sngags rlung sbyor ting 'dzin du ma yod pa rdo rje theg pa'i lha sngags kyi rnal 'byor zab mo'i grogs su bsgril nas tshe yi dngos grub sgrub pa ste/_snying byang las/_bla ma pad+ma tshe dpag med:_rigs lnga gcig tu 'dus pa yi:_gdams pa zab mo 'di 'dra ba:_sngon chad rgya cher spel ba med:_da lta mnga' bdag rje 'bangs dang:_ma 'ongs skye 'gro'i don slad du:_rang byung pad+ma bdag gis bstan:_zhes gsungs pa ltar/_bsgrub gzhi chos nyid gnyug ma'i tshe la ye shes lnga dang chos can thig le dwangs ma lnga/_de gnyis ka'i rten khams drug 'dus pa'i lus kun ye shes rigs lnga'i ting 'dzin zab mo'i rnal 'byor gyis snyigs ma'i zag pa sbyangs shing dwangs ma ye shes kyi stobs spel bas chos nyid 'od gsal byang chub kyi sems skye 'chi'i gzhom bral rdo rje'i go 'phang kyang mngon du byed nus na thun mong gi tshe sgrub pa la tshegs med pa'i bskyed rim zab mo o rgyan tshe dpag med kyi gnas lngar rigs lnga yab yum dang*/_sgeg sogs brgyad dang mgyogs ma bzhis bskor ba'i lha sngags kyi rnal 'byor la nus pa thon gyi bar brtson pa dang*/_de'i snod rung du bya ba dbang gi cho gas bsnyen sgrub las su rung ba'i rnal 'byor pas phyi sku gsung thugs yon tan phrin las dang*/_yongs rdzogs sgrub pa chen po'i tshe yi mthun rkyen spel ba dang*/_'byung lnga bye brag dang spyi'i 'chi bslu'i tshul la brtson pas dus min gyi tshe'i 'gal rkyen bar chad zhi ba'i las rim rnams kyis glo bur ltar snang srog gi tshe/_bsod nams stobs kyi bsags pas las kyi 'gro ldog byed pa'i tshe gso zhing spel ba dang*/_chos can thig le'i tshe spel ba'i rnal 'byor tshe yum tsaN+Da li'i gtum mo zhag bdun mas nang bcud 'byung ba'i dwangs ma'i srog sgrub pas 'pho med rdo rje sdom pa'i rnal 'byor/_thun min rdzogs rim gyi tshul du bstan pas thig le dang gnyug ma'i tshe yi stobs 'phel/_rlung sems kyi 'pho ba'i byed pa bcings shing kun rdzob kyi dwangs ma rgyas pa dang*/_bsod nams kyi tshogs spel ba'i thabs kyi mthar thug tshogs kyi 'khor lo/_tshe srog gi rten bla nyams yar ba bkug cing brtan pa'i las rnams kun gyi grogs su gces pa ste/_mdor na rdzas sngags ting nge 'dzin gyi byed pa thams cad tshogs pa'i nus pa bsam gyis mi khyab pas de'i gzhung gcig tu 'dus gsal snying po'i bcud dril du bstan pa shin tu zab gsang rgyud lung man ngag gi dgongs pa'i yang zhun mthar thug gzhan la ma grags pa yin pa'i tshul yang*/_snying byang las/_de ltar rdo rje tshe yi lung:_sngon chad sa steng ma grags pa'i:_ngo mtshar thabs mchog du ma 'di:_bdag nyid chen po pad+ma dang:_tshe lam phyag rgya man+d+hA ras:_mA ra ti ka'i gsang phug tu:_tshe yi rig 'dzin sgrub pa'i dus:_tshe dpag med pa dngos su byon:_rgyud dang gdams pa rgya cher gsungs:_rgya nag ri bo de shan rtser:_byang chub sems dpa' 'jam dpal la:_rten 'brel sgo nas tshe bsring ba'i:_thabs dang rim pa brgya phrag zhus:_de rnams kun gyi snying po'i bcud:_da lta'i mnga' bdag yab sras dang:_ma 'ongs phyi ma'i 'gro ba la:_shin tu brtse ba'i dgongs pas gdams:_de phyir mchog tu gces par zungs:_zhes rgyu mtshan khungs bcas rdo rje'i tshig gis bstan pa la yid ches pas snyigs dus kyi skabs 'di lta bur phongs pas bdud rtsi'i zas bzhin bsten bya gcig pur gyur pa ste/_man ngag gis ji ltar nyams su len pa'i tshul ni/_rig 'dzin rtsal 'chang gsum gyi bsnyen sgrub kyi yi ge las 'byung ba ltar shes par bya ba kho na'o/__/gsum pa de'i rnal 'byor la brtson pa'i dgos pa yang*/_snying byang las/_las rnams kun gyi thog mar ni:_rig 'dzin tshe yi sgrub pa bya:_chos spyod bslab ldan rnal 'byor pa'i:_tshe ring ba ni dge ba ste:_'di dang phyi ma'i don 'grub cing:_dngos grub kun kyang mngon du 'gyur:_zhes dang*/_lta dgongs ldan pa'i slob dpon gyi dbang bskur ba tsam gyis kyang dgos don 'grub ste/_thun mong mi 'gal khyad chos mang ldan pa'i:_zab mo'i dbang 'di ting 'dzin las rung zhing:_man ngag ldan pas su la bskur gyur kyang:_tshe dang ye shes bkra shis 'phel bar 'gyur:_tshe zad pa'ang lo gsum nges par bsring:_de phyir skal ldan rnams kyis gces par zungs:_zhes gsungs/_rang re'i ston pa gu ru rin po che nyid kyang nges pa'i don du sangs rgyas thams cad kyi gsung rdo rje'i bdag nyid du bzhugs bzhin tshur mthong gdul bya'i ngor yang bkra shis brag phug mA ra ti kar rdo rje'i tshe sgrub pas tshe dpag med yab yum dngos su byon nas skye 'chi med pa rdo rje tshe yi dbang bskur/_tshe dbang rig 'dzin mngon du mdzad pas da lta yang 'dzam gling gi gling phran rnga yab pad+ma 'od du sku dngos bzhugs te nam mkha' ji srid bar 'das grong med par gsungs shing*/_de yi rjes su bzung ba'i rje 'bangs grogs lnga la sogs pas mtshon da lta'i bar tshe yi dngos grub brnyes pa du ma byon pas rten 'brel dang dgos pa'i che ba du ma ldan pa/_rang gzhan thams cad srog las gces pa med cing*/_chos ldan gyi tshe ring bas bstan 'gro'i dpal du che ba mthong chos su gyur phyir skal bzang chos 'dod dag gis thog mar nyid du bsgrub cing brnag par bya ba'i chos su gyur pa dang*/_zab gter 'di'i chos bdag tu bsngags pa du ma yang tshul 'di nyams bzhes kyis sku tshe'i dngos grub brnyes pa du ma byon pa'i lo rgyus kyang yod pa ltar ro/__/gnyis pa le'u gnyis pa'i gsham du 'gro 'dul 'khor ba dong sprugs ngan song thams cad sbyong ba'i rdo rje'i ting nge 'dzin la snyom par zhugs zhes gsungs pa ltar/_longs sku 'gro 'dul ngan song dong sprugs kyi sgrub tshul bshad pa la/_gsol 'debs kyi/_longs sku thugs rje chen po la gsol ba 'debs:_zhes pa'i dgongs don te/_spyir sangs rgyas longs sku zhes pa sku dang zhing khams rab 'byams kyi khyab bdag chos sku 'od gsal rdo rje snying po'i zhing du mngon par byang chub pa'i mgon po 'od mi 'gyur ba nyid/_rang snang longs sku tshangs pa rnga sgra'i zhing na ye shes rigs lnga gangs chen mtsho nges pa lnga ldan gyi bkod pa 'byams klas pas khyab pa ni 'phags pa 'jig rten dbang phyug spyan ras gzigs nyid de/_thun mong gi mdo sde za ma tog bkod pa sogs nas kyang*/_'phags pa'i ba spu'i khung bu re re yang zhing khams/_de 'dul byed kyi ston pa sangs rgyas byang sems/_nyan rang*/_dag ma dag sna tshogs bkod pas 'gro ba'i don mdzad par gsungs pa dang*/_bskal bzang 'dir byon pa'i sangs rgyas stong kyang mgon po 'di'i rnam rol/_gsung rigs pa'i gsang sngags thams cad kyang lha 'di'i gsung gi bdag nyid du gsungs pas mtshon/_mdor na rab 'byams rgyal ba kun gyi gzhan phan gyi phrin las rtag khyab lhun grub tu snang ba'i byed por rang byung thugs rje chen po'i ye shes nyid lha'i phyag rgyar bzhengs pa mgon po spyan ras gzigs dbang phyug ste/_thams cad mkhyen pa'i lam gyi gzhung shing*/_sku gsum mngon du byed pa'i rgyu thun min snying rje/_de yang rtag khyab lhun grub kyi thugs rje lha'i phyag rgyar bzhengs pa bsgrubs na/_rin chen byang chub kyi sems rgyud la 'bad med du skyes nas/_ring du 'tsho ba'i tshe 'grub kyang gzhan phan gyi phrin las rlabs po che ma bskyangs na bstan 'gro'i don gnyis mi 'grub pas stong nyid snying rje'i rtogs pa gong 'phel du byed pa'i rnal 'byor 'gro 'dul 'phags pa'i phrin las te/_'di la yang bdag bskyed phyag rgya gcig pa'i bsnyen pa/_mdun bskyed rigs lnga sems dpa'i sgrub pa/_gzhan don tshe ldan dbang dang*/_tshe 'das gnas lung gis rjes su 'dzin pa'i thabs bcas dang*/_gzhi stong nyid snying rje'i rnal 'byor la gdeng thob/_lam dbang thob bsnyen sgrub las su rung ba'i rnal 'byor pas 'phags pa'i phrin las dang rnam thar gyi rjes su slob pa'i sgo khyad par mi 'khrugs pa'i phyag rgya mthong grol/_rigs bdag rdor sems kyi gsang sngags thos grol/_'gro 'dul ngan song dong sprugs kyi rdzas mchog myong grol/_rnam snang ngan song sbyong ba'i bye ma reg grol/_rin 'byung shAkya seng ge'i mchod rten dran grol/_'od dpag med pa'i zhing sbyong sgom grol/_don yod sman gyi bla ma'i chu sbyin 'thung grol/_'phags pa sems nyid ngal gso'i rig pa btags grol/_'byung bzhi la brten pa'i phrin las mtha' rgyas/_don yod zhags pa la brten pa'i gso sbyong bslab grol/_pad+ma gtsug tor la brten pa'i bdug spos tshor grol/_rdo rje snying po la brten pa'i mchod sbyin spyad grol/_phyag na rdo rje ngan song kun 'dren la brten pa'i bgegs dang sdig sgrib dbang khrus kyis sbyang ba/_sme ba brtsegs pa la brten pa'i nyams grib mes sbyang ba/_rnam par 'joms pa la brten pa'i don kun 'grub pa'i 'khor lo/__bdud rtsi 'khyil pa la brten pa'i las kun byed pa'i ril bu ste/_grol ba bcu gcig gi las sbyor gyis phrin las mtha' rgyas su byed dgos shing*/_der ma zad dkyil 'khor gyi lha 'di dag gi thugs bskyed dam bca' smon lam rig sngags re re'i phan yon kyang bsam gyis mi khyab par gsar rnying gi mdo rgyud kun las yang yang gsungs pa nyid dkyil 'khor gcig dril du sgrub pa dang*/_de dag gi phrin las kyi sgo thabs dang rdzas kyi man ngag dang sbyar bas mthong thos dran reg gi 'dul bya byang grol la 'god pa 'di lta bu ni sngon chad zab gter gyi gsang ba gang du'ang ma grags pa'i khyad chos ngo mtshar can rgyal sras sems dpas nyams su bzhes bya mchog gi lam ste/_rang cag gangs can pa rnams kyi lhag pa'i lha dang*/_'phags pa rang gi phyag mtshan du bzhes pa'i zhing yin pas bsgrub bya'i lha ma nor bar gyur pa dang*/_slob dpon sangs rgyas gnyis pa nas bzung da lta'i bar bod yul gyi skyes chen phal cher 'phags pa'i rnam rol du nges pas tshul 'di'i rigs sngags la brtson pas dal 'byor don ldan du bya ba'ang snying byang las/_de ltar sangs rgyas thams cad kyi:_snying rje chen po'i ye shes sku:_bod khams 'gro 'dul lhag pa'i lha:_'phags mchog thugs rje'i bdag nyid kyi:_rgyud dang man ngag rgya mtsho rnams:_o rgyan rang byung rnal 'byor pa:_pad+ma badz+ra bdag gis ni:_shar phyogs zhing khams po tA lar:_'phags pa nyid la zhus pa dang:_d+hA ki las kyi dbang mo ches:_pad+ma rigs kyi rgyud kun bstsal:_klu sgrub mi tra dzo ki las:_man ngag gnad kyi snying po blangs:_gangs can 'gro 'dul srong btsan rje'i:_thugs kyi zhal gdams kun kyang mthong:_de dag kun gyi snying po'i bcud:_ngan song 'khor ba'i dong sprugs pa'i:_rgyud sde rgya mtsho'i nying khu che:_kha tshang don dril byin rlabs myur:_sngon chad gzhan du bstan pa med:_deng 'dir 'phags pa'i gdul bya'i zhing:_bod khams mnga' bdag yab sras dang:_mo 'ongs snyigs ma'i 'gro ba la:_shin tu brtse bas bsam yas gdams:_yal bar ma dor nyams su longs:_rang gzhan don gnyis nges par 'grub:_ces gsungs pa ltar chos gter phal che ba'i gtso bo bla rdzogs thugs gsum du grags pa bzhin/_gter chen bla ma rin po cher thugs rje chen po'i chos skor rgyas bsdus du ma bzhugs kyang 'di ni/_gsung gi bka' bab klu sgrub dang grub mchog mi tra dzo ki_/gangs can mgon po spyan ras gzigs dngos srong btsan sgam po'i 'phags pa'i rgyud lung man ngag thams cad kyi snying po ma Ni bka' 'bum gyi zab don gcig dril 'brel ba thogs chog mar nges shing*/_log 'tsho'i khur gyis dud pa'i las ngan bdag lta bu'i chos skal du sems so/__/gsum pa rig 'dzin sgyu 'phrul drwa ba rnam 'phrul bcu gnyis kyi spro bsdu'i byed po/_sprul sku pad+ma 'byung gnas la gsol ba 'debs:_zhes dkyil 'khor thams cad 'byung ba'i las byang rgyas 'bring bsdus gsum rgyun gyi bkol byang bcas pa'i nyams len sku gsung thugs rdo rje'i rnal 'byor gyi man ngag ste/_rtsa ba yan lag lam thams cad kyi sngon dngos rjes gsum bsnyen sgrub yan lag bzhi/_sku gsung thugs kyi bskyed bzlas rdzogs gsum/_man ngag srog sdom gzer bzhi rnams gsungs pa gong du bshad zin pa ltar yang tig ye shes zang thal gyi dgongs pa'am/_lam spyi la gces pa'i dmar byang ngo*/_/bzhi pa 'jig rten dang 'jig rten las 'das pa'i legs tshogs dbang du byed pa'i las rim gu ru rgyal ba'i gdung 'dzin mkha' 'gro bzhi skor te/_sku yi ngo mtshar sogs te/_'di la'ang mchog gi dbang sdud mos gus kyis bla ma dbang du 'du ba dang*/_rlung sems kyis 'byung ba d+hU ti'i bcud du 'gugs pa dang*/_phyag rgya pad+ma can gyis lhan skyes rdo rje bde chen gyi ye shes dbang du byed pa dang*/_thun mong gi dbang sdud khams gsum gyi skye 'gro mos pa bzhis tshul du 'gugs pa rnams te/_gu ru pad+ma rgyal po gtso 'khor gyi lha sngags/_ mdzad 'phror lus/

Footnotes

Other Information