DKR-KABUM-13-PA-021: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-13-PA-021
No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་བླ་མ་དྲག་མཐིང་དཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: . Delhi: Shechen Publications, 1994. | |fulltitle=rdzogs pa chen po klong chen snying gi thig le'i yi dam thugs sgrub bla ma drag mthing dpal chen 'dus pa'i las byang gi dgongs don cung zad bshad pa zab don gsal byed rin chen snang ba | ||
|citation=[[Khyentse, Dilgo]]. ''Rdzogs pa chen po klong chen snying gi thig le'i yi dam thugs sgrub bla ma drag mthing dpal chen 'dus pa'i las byang gi dgongs don cung zad bshad pa zab don gsal byed rin chen snang ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 230-323. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jigs med gling pa | |||
|sourcerevealer= | |sourcerevealertib=འཇིགས་མེད་གླིང་པ་ | ||
| | |tibgenre=Detailed Explanation - rnam bshad | ||
|tibgenre= | |||
|terma=No | |terma=No | ||
|dkroutline=Five | |dkroutline=Five | ||
|cycle=rig 'dzin thugs sgrub dpal chen 'dus pa | |||
|cycletib=རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ | |||
|parentcycle=klong chen snying gi thig le | |||
|parentcycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
|volumenumber=013 | |volumenumber=013 | ||
|volnumtib=༡༣ | |volnumtib=༡༣ | ||
|volyigtib=པ་ | |volyigtib=པ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=021 | |||
|pagenumbers=230-323 | |||
|totalpages=187 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=94a3 | ||
|totalfolios=94 | |||
|multivolumework=No | |||
|rectonotes=rnam bshad | |||
|versonotes=klong snying dpal chen 'dus pa | |||
|archivistnotes=The ending of this text is missing from the unicode file. | |||
|pdflink=File:DKR-KABUM-13-PA-021.pdf | |pdflink=File:DKR-KABUM-13-PA-021.pdf | ||
}} | }} | ||
Line 34: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༄༅། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་བླ་མ་དྲག་མཐིང་དཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཡི་དམ་ཐུགས་སྒྲུབ་བླ་མ་དྲག་མཐིང་དཔལ་ཆེན་འདུས་པའི་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ཟབ་དོན་གསལ་བྱེད་རིན་ཆེན་སྣང་བ་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །རྡོ་རྗེའི་བླ་མ་ཐོད་ཕྲེང་རྩལ་དང་བདེ་གཤེགས་སྒྲུབ་སྡེ་ཆེན་པོ་བརྒྱད་དབྱེར་མེད་པའི་ལྷ་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །འབར་བའི་ཡེ་ཤེས་ཀློང་དགུའི་རྣམ་རོལ་ཁྲག་འཐུང་དཔའ་བོའི་མཚན་དཔེར་བཞེངས། །དངོས་གྲུབ་འདོད་དགུའི་ཆར་གྱིས་ལྕིད་པའི་སྒྱུ་འཕྲུལ་སྤྲིན་གྱི་ཕྲེང་བས་མཛེས། །རིགས་ཀུན་ཁྱབ་བདག་བླ་མའི་གསང་གསུམ་མི་ཟད་དབྱིངས་ཀྱི་རྒྱན་རྫོགས་པར། །འདུད་དོ་མཆོག་དངོས་གྲུབ་པའི་དགའ་སྟོན་མཐོང་བའི་ཆོས་ལ་རྫོགས་པར་སྩོལ། །རབ་འབྱམས་རྒྱུད་སྡེའི་སྲོག་གི་ཟུངས། །རིག་འཛིན་གྲུབ་བརྙེས་གཤེགས་ཤུལ་ཆེ། །སྔ་འགྱུར་ཆོས་ཀྱི་ཉིང་ཁུའི་དཔྱིད། །དད་དང་མོས་པས་ཅི་ནུས་དབྱེ། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་དངོས་གཞིའི་ལམ་གྱི་གཙོ་བོ་བུམ་དབང་གི་ལམ་རིག་འཛིན་ཞི་དྲག་གི་བསྐྱེད་རིམ་ལས། བླ་མ་དྲག་པོ་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྐྱེད་རིམ་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ལ། ཤེས་བྱའི་རྣམ་བཞག་སྤྱིར་བཤད་པ་དང༌། སྒྲུབ་ཐབས་ལས་བྱང་གི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡི་དམ་གྱི་ལྷ་བསྙེན་ཅིང་སྒྲུབ་པར་འདོད་པའི་གང་ཟག་གིས། བསྒྲུབ་བྱ་རིན་ཐང་ཆེ་བའི་ནོར་ལྟ་བུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ། དེ་དག་གིས་བྱིན་གྱིས་བརླབས་པའི་མཚན་མའི་ལྷར་གྲགས་པ་གསུམ་ལ་ཡིད་ཆེས་གསུམ་དང་ལྡན་པས་བསྒྲུབས་ན་དངོས་གྲུབ་ཚེགས་མེད་དུ་ཐོབ་པ་གསང་སྔགས་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཡིན། དེའི་དང་པོ་བསྒྲུབ་བྱ་རང་ལ་བཞུགས་པ་ཡིད་ཆེས་པའི་ཕྱིར། བསྒྲུབ་བྱའི་ལྷ་གང་ཡིན་པ་ལུང་རིགས་མན་ངག་གསུམ་གྱིས་སྒྲོ་འདོགས་གཅོད་མ་ཤེས་ན། མདའ་འཕེན་པ་ལ་འབེན་ངོས་མ་ཟིན་པ་ལྟར་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་དུ་ཟད་པའི་ཕྱིར། འདིར་གང་བསྒྲུབ་བྱའི་ལྷ་ནི། ངེས་པའི་དོན་དུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ་དམ་ཚིག་སེམས་དཔའ་གཞི་ལམ་འབྲས་བུ་གསུམ་དབྱེར་མི་ཕྱེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་སོ་སོ་རང་རིག་པའི་སྤྱོད་ཡུལ་ཅན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དཔལ་ཆེན་ཞལ་ལུང་ལས། རིག་པ་ཐིག་ལེ་ཉག་གཅིག་ནི༔ ཆོས་རྣམས་ཀུན་གྱི་གྲོལ་ས་སྟེ༔ མདོ་སྔགས་ཐེག་པ་བསམ་ཡས་སུ༔ བསྟན་ཀྱང་ཐེག་པ་གཅིག་ལས་མེད༔ ཅེས་གསུངས་པ་ལྟར། འོད་གསལ་གདོད་མའི་གནས་ལུགས་རང་རིག་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་དེ་ནི་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན་དོན་མཐར་ཐུག་ལམ་ཀུན་གྱི་འབབ་སྟེགས་ཏེ། དེ་ལ་ཆོས་ཉིད་ངོ་བོའི་སྒོ་ནས་དབྱེ་བ་བྱར་མེད་ཀྱང༌། ཆོས་ཅན་ཐ་སྙད་ཀྱི་སྒོ་ནས་ཕྱེ་ན་རྡོ་རྗེ་ཆོས་ཀྱིས་མཛད་པའི་སེམས་འགྲེལ་ལྔའི་ནང་ཚན་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས༔ དེ་ནི་རྒྱུད་དུ་རབ་ཏུ་བརྗོད༔ གཞི་ནི་གནས་པའི་དོན་ཉིད་དེ༔ ལམ་ནི་རྣལ་འབྱོར་སྒྲུབ་པའོ༔ འབྲས་བུ་མཐར་ཐུག་མཛད་པའི་ལས༔ ཞེས་པ་ལྟར་སྦྱང་གཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆ་མེད་ཀུན་འགྲོ་རིག་སྟོང་གདོད་མའི་འོད་གསལ་ཏིལ་ལ་མར་བཞིན་འདུ་འབྲལ་མེད་པར་གནས་ཀྱང༌། སྦྱང་བྱ་རྣམ་འགྱུར་གློ་བུར་གྱི་དྲི་མ་མཁའ་ལ་སྤྲིན་ལྟར་སྣང་བ་འཁོར་བའི་ཆོས་མེད་པ་གསལ་སྣང་དུ་འཛོམས་པས་དོན་གྱི་གནས་ལུགས་བསྒྲིབས་པ་ལ། སྦྱོང་བྱེད་རྣལ་འབྱོར་སྒྲུབ་པའི་རིམ་པ་གདུལ་བྱའི་བློ་དང་འཚམ་པ་ཐེག་པའི་སྒོ་དུ་མ་ཞིག་བསྟན་པ་ཡང༌། དཔལ་ཆེན་ཞལ་ལུང་ལས། འདི་ཉིད་མ་རིག་རྟོག་ཅན་རྣམས༔ ཐེག་པའི་ཚིག་ལ་རྩོད་པ་བྱེད༔ ཇི་སྲིད་སེམས་ཅན་བློ་མང་བ༔ དེ་སྲིད་ཐེག་པ་བསམ་ཡས་སུ༔ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ ཞེས་སོ། །དེ་ཐམས་ཅད་ཀྱི་སྦྱངས་འབྲས་དྲི་མ་དང་བྲལ་བའི་གཞི་ཇི་ལྟ་བའི་ཡོན་ཏན་མངོན་དུ་གྱུར་ནས་སྐུ་གསུམ་ལྷུན་གྲུབ་འོད་གསལ་ཆེན་པོའི་ས་ལ་ཕྱིན་པས་གདུལ་བྱའི་དོན་མཛད་པ་འབྲས་བུའི་རྣམ་བཞག་བཅས་གསུམ་དུ་དབྱེ་ཡང་དོན་ལ་དུ་མ་རོ་གཅིག་གཉིས་སུ་མེད་པའི་ཆོས་ཉིད་རྣམ་པར་དག་པ་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཏུ་ཤེས་པར་བྱ་དགོས་ཏེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེ༔ རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལ༔ རིག་པ་བདེ་གཤེགས་སྙིང་པོའི་རྒྱུད༔ སྤྲོས་པ་རྣམ་དག་ངོ་བོ་ཉིད༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཞེས་སོ། །གཞི་ངོ་བོའི་གནས་ཚུལ་དེ་ལྟར་ཡང་ད་ལྟ་སེམས་ཅན་གྱི་དུས་སུ་གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་དེ་དྲི་མ་གློ་བུར་བས་བསྒྲིབས་ཏེ་ཡོན་ཏན་མངོན་གྱུར་དུ་མི་སྣང་བའི་སྐྱོན་བསལ་ཕྱིར་ལམ་ཉམས་སུ་ལེན་དགོས་པས་དེའི་རྣམ་བཞག་ཀྱང༌། དཔལ་ཆེན་ཞལ་ལུང་ལས། འོན་ཀྱང་འདིར་ནི་དབང་པོའི་ཁྱད༔ རབ་དང་འབྲིང་དང་ཐ་མ་གསུམ༔ གསུམ་ཚན་གསུམ་དུ་དབྱེ་བ་ལས༔ ཐེག་པའི་རྣམ་གྲངས་དགུ་རུ་བསྟན༔ ཀུན་འབྱུང་འདྲེན་པའི་ཐེག་པ་དང༔ དཀའ་ཐུབ་རིག་བྱེད་ཐེག་པ་དང༔ དབང་བསྒྱུར་ཐབས་ཀྱི་ཐེག་པའོ༔ ཞེས་གདུལ་བྱའི་དབང་པོ་རབ་འབྲིང་ཐ་མ་ལ་དགོངས་པས་སྤང་བྱ་འཁོར་བའི་རང་བཞིན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ལས། ཐོབ་བྱ་རྣམ་བྱང་གི་བདེན་པ་ལམ་དང་འགོག་པས་འདྲེན་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་ཕྱི། ལུས་ངག་གི་སྤྱོད་པ་གཙང་སྦྲ་དང་གོས་གསུམ་བརྗེ་བ། ཁྲུས་གསུམ་བྱེད་པའི་དཀའ་ཐུབ་ཀྱིས་དངོས་གྲུབ་ལ་སྦྱོར་བ་ཀྲྀ་ཡ་ཨུ་པ་ཡོ་ག་གསུམ་ནང༌། སྡུག་ཀུན་གྱི་བདེན་པ་གཉིས་རྣམ་བྱང་གི་བདེན་པའི་ངོ་བོར་དབང་ཁྲིད་དང་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་གྱིས་དག་མཉམ་བདེན་པ་དབྱེར་མེད་དུ་རྟོགས་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ཞེས་རྒྱུ་འབྲས་ཀྱི་ཐེག་པའི་རྣམ་བཞག་དགུར་གསུངས་པ་ལས། གང་ཟག་དབང་པོ་རབ་ལ་དགོངས་པས་ལྟ་སྒོམ་སྤྱོད་པའི་ཟབ་གནད་དུ་མས་ཁྱད་པར་འཕགས་པའི་ཚེ་གཅིག་འབྲས་བུ་ཟུང་འཇུག་གི་ས་ལ་སྦྱོར་བ་རྣལ་འབྱོར་བླ་ན་མེད་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་ཡོ་ག་གསུམ་སྟེ། སྔ་མ་ལས། དེ་ལས་ཚེ་གཅིག་མྱུར་གྲོལ་ལམ༔ གང་ཟག་སྐལ་པ་མཆོག་ལྡན་ལ༔ དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ༔ རབ་ལ་རྫོགས་པ་ཆེན་པོའི་ལམ༔ འབྲིང་ལ་ཨ་ནུ་ཡོ་ག་ཆེ༔ དམན་ལ་མ་ཧཱ་ཡོ་གའོ༔ ཞེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་སོ་སོ་རྩལ་དུ་བཏོན་པའི་བླ་མེད་ཀྱི་ཐེག་པ་གསུམ་ལས་སྐབས་འདིར་འཆད་བྱ་ནི་མ་ཧཱ་ཡོ་ག་སྟེ། དེ་ལ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལ་རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་གཉིས་སུ་གྲགས་པའི་ཕྱི་མ་སྒྲུབ་སྡེའི་རྩ་བ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དེ། དཔལ་ཆེན་ཞལ་ལུང་ལས། གསང་སྔགས་ཀུན་གྱི་གཞི་ལྟ་བུ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་དབང་གི་རྣམ་བཞག །བར་དུ་ལམ་གྱི་གཞུང་ཤིང་དམ་ཚིག །ལྟ་བ་དག་མཉམ་བདེན་པ་དབྱེར་མེད། སྒོམ་པ་ལྷ་སྔགས་ཏིང་འཛིན་གྱི་རྣམ་བཞག་གི་བསྐྱེད་རིམ་སོགས་སྔགས་ལམ་གྱི་ཐོག་མར་ཤེས་བྱའི་རྣམ་བཞག་མེད་དུ་མི་རུང་བ་ཐམས་ཅད་སྟོན་པས་ན་མ་ཧཱ་ཡོ་ག་ནི་སྔགས་ཀྱི་ཐེག་པའི་གཞི་སྟེ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། སྣང་གྲགས་སྦྱང་བྱ་རིག་པའི་སྦྱང་གཞི་ཆོ་འཕྲུལ་དུ་མངོན་པར་སྦྱང་འབྲས་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་སྦྱོང་བྱེད་བསྐྱེད་རིམ་ཞེས་གསུངས་པ་བཞིན། སྔ་མ་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིད༔ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས༔ སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ༔ ཞེས་གསུངས་པའི་དོན་དཔལ་ཆེན་གཞུང་ལས་ཀྱང༌། སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང༔ ཞེས་པ་ལྟར་སྦྱང་གཞི་རིག་སྟོང་འོད་གསལ་ཀུན་ཁྱབ་རིས་མེད་ཀྱི་ཆོས་གདོད་ནས་དག་པའི་ངང་དུ་འཁོར་འདས་སྤང་བླང་གཉིས་སུ་མེད་པ་མཉམ་པ་ཉིད་དུ་གནས་ཀྱང༌། སྦྱང་བྱ་གློ་བུར་གྱི་དྲི་མ་གཉིས་འཛིན་ཆགས་སྡང་གི་སྣང་བ་སྣོད་ཀྱི་འཇིག་རྟེན་འབྱུང་ལྔ། སྲིད་པ་བཅུད་ཀྱི་སྐྱེ་འགྲོའི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་ཁམས་རྣམ་ཤེས་ཚོགས་བརྒྱད་ཟག་བཅས་ལས་ཉོན་གྱི་རང་བཞིན་འཁོར་བའི་ཆོས་དང་འབྲེལ་བས་དོན་གྱི་ཡིན་ལུགས་སྒྲིབ་བྱེད་དུ་གྱུར་པ་ལ། སྦྱོང་བྱེད་ཀྱང་བདེན་གཉིས་སྤང་བླང་དུ་མི་ལྟ་བར་སྦྱང་བྱ་སྣོད་བཅུད་རྒྱུད་གསུམ་དང་མཐུན་པར་ཡེ་ཤེས་དག་པའི་ལྷ་གདན་གསུམ་ཞི་ཁྲོའི་ལྷ་སྔགས་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་གནས་སྣང་གཉིས་ཀ་དག་པ་རབ་འབྱམས་རྣམ་པ་ལམ་དུ་ཁྱེར་བས་གློ་བུར་གཉིས་འཛིན་གྱི་དྲི་མ་ཕྲ་རགས་སངས་ཏེ་ཐམས་ཅད་དག་ཆེན་གཞིའི་ཡིན་ལུགས་དབྱིངས་རིག་གཉིས་མེད་གནས་སྣང་གཉིས་ཀ་ལ་མངོན་དུ་གྱུར་ནས་སྐུ་དང་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པའི་འབྲས་བུའི་ཐ་སྙད་བཏགས་པ་རྣམ་པའི་དབྱེ་བ་ཙམ་ལས་དོན་ལ་ཆོས་ཉིད་གཅིག་གི་ངོ་བོ་ལས་མ་འདས་པ་སྟེ། ཆོ་འཕྲུལ་ལྷའི་ལུང་ལས། ཞི་དང་ཁྲོ་བོའི་སྐུར་གསལ་བས༔ ཆགས་དང་ཞེ་སྡང་རབ་བསལ་ཏེ༔ གཞན་གྱི་དོན་དུ་སྐུར་སྣང་བ༔ ཐོབ་མེད་འབྲས་བུ་དེ་ཡི་མཆོག༔ དེ་ནི་འབྲེལ་བའི་ལམ་ཞེས་བྱ༔ གཞི་ལམ་འབྲས་གསུམ་མི་ཕྱེད་པའོ༔ ཞེས་གསུངས་པས་ན་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པ་ལྷའི་བདག་ཉིད་དུ་གནས་པས། དེའི་རྣམ་པ་ལམ་བྱེད་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་སེམས་དཔར་སྒོམ་པ་དང༌། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་པ་དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང༌། གཞི་འབྲས་གཉིས་གདོད་ནས་དབྱེར་མེད་ཀྱི་རང་བཞིན་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་དམ་ཚིག་དཀྱིལ་འཁོར་གཅིག་ལ་བསྟིམ་སྟེ་བཟང་ངན་གྱི་དབྱེ་བསལ་མེད་པ་གདོད་ནས་དམ་ཡེ་དབྱེར་མེད་དུ་ཤེས་ནས་ཉམས་སུ་ལེན་པའི་གནད་ཀྱི་མདོ་འགག་ཤེས་དགོས་ཤིང༌། དེས་ན་སྔ་མ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཅེས་དང༌། དཔལ་ཆེན་ཞལ་ལུང་ལས། སྣང་སྲིད་འཁོར་འདས་ཆོས་རྣམས་དང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབས་པས༔ ཞེས་པ་ལྟར་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་དབྱིངས་བྲལ་སྨིན་ཡོན་ཏན་རྒྱ་མཚོའི་དཔལ་དང་འདུ་འབྲལ་འཕེལ་འགྲིབ་མེད་པའི་ཡེ་ཤེས་གཅིག་ལ་ལྡོག་ཆས་དབྱེ་ན། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གནས་ཤིང་དེ་ནི་ཕྲ་བའི་གཉུག་མའི་ལུས་ངག་ཡིད་གསུམ་ཞེས་མི་ཤིགས་རྡོ་རྗེ་གསུམ་གྱི་ལྷར་གདོད་ནས་དག་པ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དེའི་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཆོས་རིགས་ཀུན་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་བདག་ཉིད་དེ། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་ཁུ་རྡུལ་རླུང་གསུམ་དང༌། རླུང་སེམས་འཇུག་པ་གཅིག་པས་སེམས་དང་བཅས་པའི་རྟེན་དབུ་རྐྱང་རོ་གསུམ་གྱི་རྩ་སྟེ། དེ་དག་ལས་ལུས་ངག་ཡིད་གསུམ་དང་ཆོས་སུ་གྲུབ་པའི་ཁམས་དྲུག་ལྡན་ཉིད། དག་པ་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་སྣང་བ་མཐའ་ཡས་པའི་རྣམ་པར་ལམ་དུ་བྱས་པས། བྲལ་འབྲས་དོན་གྱི་གནས་ལུགས་མངོན་དུ་གྱུར་ཏེ་རྡོ་རྗེའི་གསང་བ་ཆེན་པོ་མི་ཟད་རྒྱན་གྱི་འཁོར་ལོར་འཆར་བའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ་སྟེ། འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན་ལས། ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན༔ རྡོ་རྗེ་བཞི་ཡི་གོ་འཕང་ལ༔ སྦྱོར་བ་རྡོ་རྗེའི་ཏནྟྲ་ལས༔ རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན༔ ཞེས་གསུངས། ཡིད་ཆེས་གཉིས་པ་སྒྲུབ་གཞི་དམ་ཡེ་དབྱེར་མེད་ཀྱི་ལྷ་དེ་ལས་བསྒྲུབ་བྱའི་བྱིན་རླབས་སམ་རྩལ་ལས་ཤར་བ་མཚན་མའི་ལྷའི་སྒོ་ནས་དབྱེ་ན། དེ་ལ་གཟུགས་ཕུང་སྐུ་རྡོ་རྗེར༔ འཇམ་དཔལ་སྐུ་ཡི་སྒྲུབ་པའི་གནད༔ ཞེས་སོགས་གསུངས་པ་ལྟར་སྐུ་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་གཤིན་རྗེ། གསུང་པདྨའི་རིགས་རྟ་མགྲིན། ཐུགས་རྡོ་རྗེའི་རིགས་ཡང་དག །ཡོན་ཏན་རིན་པོ་ཆེའི་རིགས་ཆེ་མཆོག་བདུད་རྩི། ཕྲིན་ལས་ལས་ཀྱི་རིགས་ཕུར་པ། དེ་ལས་འཕྲོས་པའི་མ་མོ་རྦོད་གཏོང་དང་རིག་འཛིན་སློབ་དཔོན་གཉིས་དྲུག་པ་ཧེ་རུ་ཀའི་རིགས། མཆོད་བསྟོད་དང་དྲེགས་འདུལ་ཐུགས་རྡོ་རྗེའི་རིགས། དྲག་སྔགས་སྟོབས་ལྡན་ནག་པོ་ལས་རིགས་ཏེ་དཀྱིལ་འཁོར་གྱི་ཚོམ་བུ་དགུ་དང༌། རིགས་ཀྱི་ངེས་པས་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ནང་གསེས་སྐུ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་དབྱེ་བས་ཉེར་ལྔ། བསྡུ་ན་ཁྱབ་བྱ་ཕུང་ཁམས་དག་པའི་རིགས་ལྔའམ་ཁྱབ་བྱེད་ཧེ་རུ་ཀའི་རྡོ་རྗེ་སེམས་དཔའི་རིགས་བསྣན་པས་དྲུག །དེ་ཡང་བསྡུ་ན་ཡོན་ཏན་དང་སྐུ་གཉིས་རྟེན་བརྟེན་པར་འབྲེལ་བས་རིན་འབྱུང་སྐུའི་རིགས་སུ་བསྡུ། ཕྲིན་ལས་ཀྱི་གཙོ་བོ་གསུང་ཡིན་ཞིང་དེ་ཡང་རྗེས་ཆགས་སྙིང་རྗེས་དྲངས་པའི་ཕྲིན་ལས་འཇུག་དགོས་པ་དོན་གྲུབ་པདྨའི་རིགས་སུ་བསྡུ། དྲུག་པ་གཙོ་བོ་ཐུགས་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་དབྱིངས་གཅིག་པས་རྡོ་རྗེའི་རིགས་སུ་བསྡུས་པས་རིགས་གསུམ་རྡོ་རྗེ་གསུམ་གྱི་ཁྱབ་བདག་དང༌། དེ་ཡང་དོན་ལ་སྐུ་གསུང་ཐུགས་གཉིས་སུ་མེད་པ་བདེ་ཆེན་ཐིག་ལེ་ཉག་གཅིག་ལས་མ་འདས་པས་སྤྱི་དཔལ་ཆེན་པོ་རིགས་ཀུན་གྱི་ཁྱབ་བདག་གཅིག་ཏུ་བསྡུ་ནུས་ཤིང༌། དེ་དག་ཀྱང་ངོ་བོ་དང་ལྡོག་ཆས་དབྱེ་བ་ཙམ་ལས་གང་ལྟར་བྱས་ཀྱང་མི་འགལ་བས་སྐབས་འདིར་ནི་ཚོམ་བུ་དགུའི་ལྷ་ཚོགས་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་འཕྲུལ་དུ་ཤེས་པས་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་བསྡུས་ཏེ་སྒྲུབ་པ་བླ་མེད་རྒྱུད་སྡེ་ཀུན་གྱི་མཐར་ཐུག་སྒྲུབ་བྱེད་ཀྱི་མན་ངག་ལ་ཡིད་ཆེས་རྙེད་པ་སྟེ། གཞུང་ལས། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུ༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཇིང༔ བརྒལ་བར་མི་ནུས་བློ་ཅན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་པ་ལྟར་དུར་ཁྲོད་བསིལ་བ་ཚལ་དང་མཆོད་རྟེན་བདེ་བྱེད་བརྩེགས་པར་བཀའ་བབ་རིག་འཛིན་བརྒྱད་དང༌། ཀུན་འདུས་པདྨ་སམ་བྷ་ཝར་བཀའ་བབ་སྒྲུབ་པ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱ་གར་གྱི་པཎ་གྲུབ་ཡི་དམ་ལྷ་ཡི་དབང་ཐོབ་དགའ་རབ་རྡོ་རྗེ། བཀའ་རྟགས་གླེགས་བམ་གྱི་དབང་ཐོབ་རྒྱལ་པོ་ཨིནྡྲ་བྷུ་ཏི། རིག་པ་རྩལ་གྱི་དབང་ཐོབ་པདྨ་སཾ་བྷ་ཝ། དགེ་བའི་བཤེས་གཉེན་གྱི་དབང་ཐོབ་བི་མ་ལ་མི་ཏྲ་དང༌། བོད་དུ་གུ་རུ་པདྨ་འབྱུང་གནས་དང༌། སློབ་དཔོན་བི་མ་མི་ཏྲ། རྣམ་སྣང་བཻ་རོ་ཙ་ན། སློབ་དཔོན་ནམ་མཁའི་སྙིང་པོ་རྣམས་དབང་གི་ཆུ་བོ་བཞི། དེ་ལྟར་སློབ་དཔོན་བཞི་ཡི་དབང་གི་ཆུ་བོ་བཞི་འདུས་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་སོགས་ལས་བརྒྱུད་དེ་གྲུབ་ཐོབ་དངོས་གྲུབ་ཀྱི་བར་བཀའ་བརྒྱུད་དང༌། མངའ་བདག་ཉང་རལ་པ་ཅན་ནས་བདེ་གཤེགས་འདུས་པའི་ཆོས་སྐོར་ཟབ་གཏེར་དུ་བཞེས་ཤིང་བཀའ་མ་རྫོང་འཕྲང་གསན་པས་ཆུ་བོ་གཅིག་འདྲེས་སུ་གྱུར། གཞན་ཡང་གུ་རུ་ཆོས་དབང་བཀའ་བརྒྱད་གསང་རྫོགས། བྱང་གཏེར་བཀའ་བརྒྱད་རང་ཤར། མངའ་རིས་པཎཆེན་རིན་པོ་ཆེའི་རིག་འཛིན་ཡོངས་འདུས། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། པད་གླིང་བཀའ་བརྒྱད་ཐུགས་ཀྱི་མེ་ལོང༌། བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་འདུལ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོ། བདེ་གླིང་བཀའ་འདུས། གནམ་ཆོས་བཀའ་བརྒྱད་སོགས་ཀྱིས་མཚོན་ཟབ་མོ་གཏེར་བརྒྱུད་དེ། དེ་ཐམས་ཅད་ཀྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ཐུགས་གཏེར་ཆེན་པོ་འདི་ཉིད་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་བརྡོལ་བའི་སྔ་ལྟས་སུ་མངའ་རིས་པཎཆེན་རིན་པོ་ཆེའི་བག་ཆགས་སད་པ་དང༌། དབང་གི་སློབ་དཔོན་ཆེན་པོ་ཕལ་ཆེར་དང་དངོས་སུ་མཇལ་བས་སྨིན་གྲོལ་གདམས་པའི་གསང་མཛོད་གཅིག་དྲིལ་གྱི་ཉིང་ཁུ་ཡིན་པ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་བྱང་བདེ་གཤེགས་འདུས་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རང་རྩལ་གཞོམ་མེད་ནཱ་དའི་རྒྱུད༔ རྡོ་རྗེའི་དབྱངས་ཀྱིས་རབ་ཕྱེ་བའི༔ ཆོས་འཁོར་དབྱེ་བ་བསམ་ཡས་པ༔ འགྲོ་ཀུན་སྐད་དང་བསམ་པ་བཞིན༔ གང་འདུལ་ཅིར་ཡང་སྣང་བ་ལས༔ ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་ཅད་འགྲུབ༔ ཞེས་སོ། །ཡང་རིག་འཛིན་རྩ་རྒྱུད་ལས། དེ་ཉིད་མངོན་དུ་བྱེད་པའི་ཐབས༔ ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱང༔ ཐབས་ལ་བརྟེན་པ་ཕ་ཡི་རྒྱུད༔ ཤེས་རབ་གཙོར་སྟོན་མ་ཡི་རྒྱུད༔ ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུད༔ ཅེས་གསུངས་པ་ལྟར་སྤྱིར་གདུལ་བྱ་ཞེ་སྡང་ཅན་དང༌། ཕྱི་སྤྲོས་པ་ལ་འཆེལ་བའི་དོན་དུ་བསྐྱེད་རིམ་དང་ལས་ཚོགས་གཙོ་བོར་བསྟན་ཅིང༌། རྫོགས་རིམ་ཀྱང་ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང་རླུང་མངོན་སྤྱོད་གཙོ་བོར་སྟོན་པ་ཕའི་རྒྱུད་དང༌། གང་ཟག་འདོད་ཆགས་ཅན་དང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནུས་པ་ལ་དགོངས་ནས་རྫོགས་རིམ་སྤྱི་དང་ཤེས་རབ་སྟོང་ཉིད་མངོན་དུ་བྱེད་པའི་གནད་འོད་གསལ། ཐབས་ལམ་ཐིག་ལེ་འཇུ་འདུལ། དབང་གི་ལས་གཙོ་བོར་སྟོན་པ་མ་རྒྱུད་དང༌། གཏི་མུག་ཅན་དང་བྱ་རྩོལ་མེད་པའི་དོན་དུ་ཐབས་ཤེས་དང་བསྐྱེད་རྫོགས་གཙོ་ཆེ་ཆུང་མེད་པར་དག་མཉམ་ཐིག་ལེ་ཉག་གཅིག་གི་གནས་ལུགས་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་ཀྱི་དབྱེ་བ་གསུམ་དང༌། སྔགས་གསར་མ་འགའ་ཞིག་གིས་བླ་མེད་ཀྱི་རྒྱུད་ཐམས་ཅད་ཟུང་འཇུག་གི་དོན་གཏན་ལ་འབེབས་པ་འདྲ་ཡང་ཐབས་ཤེས་ཀྱི་ཕྱོགས་གཙོ་ཆེ་ཆུང་སྟོན་ཚུལ་གྱིས་དབྱེ་བས། དཀྱིལ་འཁོར་གང་དུ་ལྷ་ཕོ་མོ་ཤས་ཆེ་ཆུང༌། གཙོ་བོ་གཙོ་མོ་གོ་འཕོ་ལུགས། རིན་པོ་ཆེ་དང་རུས་པའི་རྒྱན་སོགས་ཆ་ལུགས། གཡས་གཡོན་གྱི་སྐོར་ཕྱོགས། དུས་ཉིན་མཚན་གང་དུ་ཕྲིན་ལས་བརྩམ་པ། དག་པ་སྦྱར་ལུགས་སོགས་གཙོ་ཆེ་ཆུང་གི་ཕ་མའི་རྒྱུད་དེ་ལྟར་འབྱུང་བ་གསུངས་པ་དང༌། རྙིང་མས་ཕ་རྒྱུད་མ་ཧཱ། མ་རྒྱུད་ཨ་ནུ། གཉིས་མེད་ཨ་ཏི་ཞེས་གསུངས་པ་ལྟར་ན་སྤྱི་བཀའ་སྒྲུབ་པ་བཀའ་བརྒྱད་ལའང་སྒོས་བཀའ་གཤིན་རྗེ། དྲག་སྔགས་དྲེགས་འདུལ་སོགས་དང༌། སྤྱི་བཀའ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་ལའང་དབང་དང་བསྐྱེད་རིམ་དང་ལས་ཚོགས་སྐོར་མ་ཧཱ། ཡང་དག་རྟ་མགྲིན་ཕུར་པ་སོགས་དང༌། རྫོགས་རིམ་ཨ་ནུའི་ཐབས་གྲོལ་དང་དབང་བཞི་པའི་དོན་ཨ་ཏི་གཙོར་བཏོན་པ་ཤས་ཆེ་བ་སྤྱིར་བཏང་གིས་སྨོས་པ་ལས་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག་རེ་རེ་བཞིན་རྒྱུད་ལུང་མན་ངག་གི་དགོངས་པ་རྩལ་དུ་བཏོན་ནས་འཆད་ན་དབང་བཞི་ཀའི་ལམ་ཡོངས་རྫོགས་རེ་བཞུགས་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་སྙན་བརྒྱུད་སྐོར་རྣམས་དང༌། གཏེར་ཆེན་མཆོག་གླིང་གི་ཟབ་པ་སྐོར་བདུན་རྣམས་ལྟ་བུ་ཡིན་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་ལ། དོན་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉིད་བླ་མེད་རྒྱུད་སྡེ་རྣམ་པ་གསུམ་ཀའི་དགོངས་བཅུད་གཅིག་ཏུ་དྲིལ་ནས་སྙིགས་དུས་ཀྱི་གང་ཟག་ཤེར་བརྩོན་དམན་ཞིང་བློ་རྨོངས་པ་ལ་དགོངས་ནས་ལྷ་གཅིག་བསྒྲུབས་པས་བླ་མེད་རྒྱུད་སྡེ་རབ་འབྱམས་འདུས་པའི་ཉིང་ཁུ། གང་ཟག་གཅིག་གིས་ཉམས་སུ་ལེན་བདེ་བ་མན་ངག་ལག་ལེན་དུ་བསྡེབས་པ་སྟེ། དེར་མ་ཟད་གཤིན་རྗེ་སོགས་སྒོས་བཀའ་བྱེ་བྲག་པ་རྣམས་པ་ལ་ཡང༌། དབང་མན་ངག །རྒྱུད་ལུང་ཚང་བ་རེ་བཞུགས་ཤིང་རིགས་དང་མཚན་གྱིས་དབྱེ་ན། སྒྲུབ་སྡེ་བརྒྱད་སྤྱིའི་དབང་དུ་བྱས་ན་སྐུ་དེ་བཞིན་གཤེགས་པ་གཤིན་རྗེ་གཤེད་དང༌། སྒྲུབ་བྱེད་ཀྱི་ལམ་འཁོར་ལོ་བཞི་སོགས་དང༌། སྒོས་བཀའ་གཤིན་རྗེ་གཅིག་ལ་དབྱེ་ན། སྐུ་དེ་བཞིན་གཤེགས་རིགས་ཕྱག་རྒྱ་ཟིལ་གནོན་ཚེ་བདག །རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཁ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་གསང་ཉི་མ་ཁྲོས་པ། ཁྲོ་ཆུ། ཀིང་ཀང་དམར་ནག་སོགས་གསུངས་པས་མཚོན་དུ་མ་ཡོད་ཅིང༌། དོན་ལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་གཅིག་ལས་ཆོས་ཅན་ཡེ་ཤེས་ཀློང་དགུ་གང་ལྟར་བཤད་ཀྱང་རྒྱུད་ཐ་དད་དང་དགོངས་པ་འགལ་འདུ་རུ་མི་གནས་པས་དོན་གནད་དགོངས་པ་གཅིག་ཏུ་འབབ་པ་ནི། ཕུར་པ་བི་ཏོའི་རྒྱུད་ལས། བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་བརྟག་གོ །ཞེས་གསུངས་པ་བཞིན་ནོ། །དེ་དག་སྒྲུབ་བྱེད་ལམ་གྱི་རྣམ་བཞག་ཀྱང༌། གཤིན་རྗེ་ལ་འཁོར་ལོ་བཞི། རྟ་མགྲིན་ལ་རྟ་སྐད་ཐེངས་གསུམ། ཡང་དག་ལ་གྲུབ་པ་གཅིག་པུ། ཆེ་མཆོག་ལ་ཆོས་དོན་རྟགས་ཀྱི་བདུད་རྩི། ཕུར་པ་ལ་ཐལ་འབྱིན་རྣམ་པ་བཞི། མ་མོ་ལ་རྩ་རླུང་ཐིག་ལེའི་དགོངས་པ། རིག་འཛིན་ལ་བསྙེན་སྒྲུབ་ལས་གསུམ། མཆོད་བསྟོད་ལ་འབོད་རྦད་བསད་གསུམ། དྲག་སྔགས་ལ་རྫོང་འཕྲང་སྲོག་གསུམ་གྱི་གནད་དང༌། སྒྲུབ་སྡེ་བཀའ་བརྒྱད་ཆིག་དྲིལ་གྱི་རིམ་ལྔ་སོགས་ཟབ་རྒྱས་བསམ་མི་ཁྱབ་པ་བཞུགས་མོད་སྐབས་འདིར་བཤད་བྱའི་སྙིང་པོ་རྩ་རྒྱུད་ཐོད་པའི་དུམ་བུ་ལས། བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟར་ཏེ༔ ཞེས་གསུངས་པ་ལྟར་བསྒྲུབ་བྱ་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོ་ཀློང་དགུའི་བདག་ཉིད། རྣམ་པ་མདོ་སྔགས་ཐུན་མོང་གི་ལམ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཡིན་པས་དེ་ལས་བྱང་སེམས་ཉེ་བའི་སྲས་རེ་རེས་ཀྱང་བྱང་ཆུབ་སྤྱོད་པ་སྤྱད་པའི་རྣམ་ཐར་ནི་སངས་རྒྱས་ལས་ཀྱང་ལྷག་པ་ལྟ་བུ་དང༌། མཚན་དང་རིགས་སྔགས་བཟུང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་དུ་མ་ནས་ཡང་ཡང་བསྟན་པ་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འདུས་ཤིང༌། གསང་སྔགས་བླ་མེད་ཀྱི་སྐབས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་རབ་འབྱམས་ཀྱི་རིགས་བརྒྱའི་ཁྱབ་བདག་ཏུ་བཞུགས་པ་དང༌། དེ་རེ་རེའི་ལྷ་སྔགས་ཀྱི་རྣལ་འབྱོར་གྱིས་ཀྱང་མཆོག་དངོས་བདེ་བླག་ཏུ་སྒྲུབ་ནུས་པ་སྤྱི་དང་བྱེ་བྲག་གི་རྒྱུད་དང་སྒྲུབ་ཐབས་མན་ངག་ལས་རྒྱ་ཆེར་འབྱུང་བ་ཀུན་ཚོམ་བུ་གཅིག་ཏུ་སྒྲུབ་པ་དང༌། འཛམ་གླིང་གི་གདུལ་བྱ་ཐུན་མོང་གི་སྣང་ངོར་བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་དུ་གྲགས་པ་ལས། ཀླུ་སྒྲུབ་དང་གུ་རུ་པདྨ་ལྟ་བུ་རེ་རེའི་མཛད་པ་ཡང་སངས་རྒྱས་དང་མཉམ་པ་སོ་སོའི་རྣམ་ཐར་དུ་གསལ་བ་ཐམས་ཅད་ཀུན་དཔལ་ཆེན་ཧེ་རུ་ཀ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ་བླ་མའི་རྣལ་འབྱོར་སྐབས་བླ་མ་ཁྲོམ་ཚོགས་སུ་སྒོམ་པས་ཚེ་རབས་ཐམས་ཅད་དུ་མཁས་གྲུབ་ཀྱི་བླ་མ་མང་པོའི་རྗེས་སུ་འཛིན་པ་གཞོན་ནུ་ནོར་བཟང་ལྟ་བུ་དང༌། བླ་མ་སོ་སོའི་མཁས་བཙུན་བཟང་གསུམ་གྱི་བྱིན་རླབས་དང་རྣམ་ཐར་གྱི་ཡོན་ཏན་ཐམས་ཅད་བདག་གཅིག་ལ་རྫོགས་པར་ཐོབ་པའི་རྟེན་འབྲེལ་ཡོད་པར་གསུངས་པ་ལྟར། སྒྲུབ་ཆེན་བཀའ་བརྒྱད་སོ་སོའི་བྱིན་རླབས་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་གཅིག་བསྒྲུབས་པས་ཐོབ་ནུས་པ་བདེ་གཤེགས་སྒྲུབ་ཆེན་བཀའ་བརྒྱད་ཅེས་སྔ་འགྱུར་སྒྲུབ་སྡེའི་སྲོག་རྩ་གཅིག་པུ་རུ་གྱུར་པ་འདི་ཉིད་ལ། གསར་ཕྱོགས་ཀྱི་རྒྱུད་སྡེ་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དང་དགྱེས་རྡོར། སྒྱུ་ཐོད་གདན་བཞི་མཱ་ཡ་རྣམས་དང༌། རྡོ་རྗེ་སེམས་དཔའ་མ་ནིང་གི་རྒྱུད་གཉིས་མེད་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་རྣམས་ཤིན་ཏུ་ཟབ་པར་གྲགས་པ་རྣམས་ཀྱིས་མཚོན་ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ་འདུ། དེ་ཡང་བསྡུ་ན་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་འདུ། འདི་ནི་རིགས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ་སྤྱི་རྒྱུད་ཀྱི་དགོངས་པ་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོའི་སྐུར་བཞེངས་པ། གུ་རུ་རིན་པོ་ཆེས་ལྷག་པའི་ལྷ་འདི་ལ་བརྟེན་ནས་ཕྱག་ཆེན་སློབ་པའི་འོད་གསལ་ལ་མཐར་ཕྱིན་པའི་ཚུལ་བསྟན་པ་རྣམས་གཙོ་འཁོར་གྱི་དབྱེ་བསྡུ་ཙམ་ལས་དོན་གྱི་ལྷ་སྔགས་ཀྱི་རྣམ་པ། ཟབ་མོའི་དགོངས་གནད་ཐམས་ཅད་གཅིག་ཏུ་དྲིལ་བ་སྟེ། གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ཞེས་གསུངས། བཀའ་བརྒྱད་ཁོ་ན་ལའང་དཀྱིལ་འཁོར་གྱི་ལྷའི་རྣམ་པ་དང༌། སྔགས་ཀྱི་ཁྱད་པར། ཏིང་ངེ་འཛིན་གྱི་གཟེར་ཁའི་ཁྱད་པར་གྱིས་དབྱེ་ན། མཆོག་གླིང་གི་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་བླ་མ་བཀའ་བརྒྱད། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་བདུད་གཤེད་བླ་ཕུར་བཀའ་བརྒྱད་སྦྲགས་མ། རིག་འཛིན་སྐལ་ལྡན་འདྲེན་མཛད་བླ་མ་བཀའ་བརྒྱད་དང༌། སྙིང་པོ་སྐོར་ལྔའི་མཁའ་འགྲོ་དགོངས་འདུས་སྙིང་པོ་དང༌། རྫོགས་ཆེན་སྡེ་གསུམ་བཀའ་སྲུང་ཡེ་ཤེས་མཁའ་འགྲོ་རྣམས་མཁའ་འགྲོ་བཀའ་བརྒྱད་དུ་གསུངས་པས་མཚོན་དུ་མ་བཞུགས་ལ། འདི་ནི་བཀའ་བརྒྱད་ཁོ་ནའི་ལྷ་སྔགས་ལ་དཔྱད་ན་བླ་མ་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པའི་དགོངས་པ་གཙོ་བོར་སྟོན་ནམ་སྙམ་མོ། །གསུམ་པ་བླ་མ་ལ་ཡིད་ཆེས་པ་ནི། ཚུལ་དེ་ལྟར་སྒྲུབ་བྱེད་ཉི་མའི་ཟེར་དང་བསྒྲུབ་བྱ་སྤྲ་བ་སྐམ་པོར་མེ་མཆེད་པའི་མཚམས་སྦྱོར་མེ་ཤེལ་ལྟ་བུ་ཀུན་འདུས་རིག་འཛིན་པདྨ་སཾབྷཝ་ཞེས་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་སྒྲུབ་ཆེན་བཀའ་བརྒྱད་ཆིག་དྲིལ་གྱི་སྒྲོམ་བཀའ་བབ་རིག་འཛིན་བརྒྱད་ཀྱིས་ཞལ་མ་ཕྱེས་པ་འབྱེད་པ་དང༌། དེ་དག་གི་སྨིན་གྲོལ་ཡོངས་སུ་རྫོགས་ཤིང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ལམ་གནད་དབྱེ་བསྡུ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དབང་ཐོབ་ནས་རིག་འཛིན་བརྒྱད་ལས་ལྷག་པའི་དངོས་གྲུབ་མཆོག་གི་གོ་འཕང་བརྙེས་པའི་ཚུལ་བསྟན་ནས་དེ་དག་ལ་ཆོས་ཀྱི་སྐྱེས་ཕུལ་བ་དང༌། རྒྱ་གར། ཟ་ཧོར། ཨུ་རྒྱན། བོད་ཡུལ་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚང་བརྡོལ་བ་སོགས་སྤྱི་དཔལ་ཆེན་པོ་དངོས་དང་ཞལ་མི་གཉིས་པ་དེ་ཉིད་བླ་མ་དྲག་པོ་གཏུམ་ཆེན་མཐིང་གའི་སྐུར་བཞེངས་པའི་བླ་མའི་སྒྲུབ་སྐོར་ལ། སྒྲུབ་ཚུལ་བཞི་ལས་བླ་མ་ཤིན་ཏུ་དྲག་པོ་མཐིང་གའི་གསང་སྒྲུབ་ལྟར་བཀྲལ་བས་སྒྲུབ་པའི་ཕྱིར། བླ་མ་ཡི་དམ་གཉིས་སུ་མེད་པར་སྒྲུབ་པ་ལ་བླ་མ་བཀའ་བརྒྱད་ཅེས་ཡོངས་སུ་གྲགས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང༌། གྲོལ་ཐིག་ལམ་རྒྱས་པའི་ཡང་ཞུན་ལྟ་བུ་སྟེ། ཌཱ་ཀིའི་གསང་གཏམ་ཆེན་མོ་ལས། གུ་རུ་རིན་པོ་ཆེ་དང་འཇམ་དཔལ་བཤེས་གཉེན་གྱི་ཞལ་གཟིགས་པའི་རྗེས་ཚེ་འདིའི་སྣང་བ་ཕལ་ཆེར་བརྗེད་ནས་སྐྱེ་བ་འཕོས་པ་ལྟ་བུ་ལ་མངའ་རིས་པཎ་ཆེན་གྱི་བག་ཆགས་འལ་འོལ་ཆད་ཆོད་དུ་གསལ་བ་ཁོ་ནའི་ངང་དུས་འདས་ཞེས་སོགས་བྱིན་རླབས་ཀྱི་བབ་ཐོབ་ཚུལ་གྱིས་ཤེས་ཤིང༌། གཞུང་ཉིད་ལས་ཀྱང༌། འདི་ནི་བླ་མ་ཡི་དམ་གྱི༔ རྣམ་པར་བསྒྲུབས་པས་བྱིན་རླབས་མྱུར༔ ཞེས་གསུངས། དེས་ན་གསང་རྫོགས་ལས། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷའི་འཁོར་ལོ་མངོན་སུམ་མཐོང་མི་ནུས་པའི་གདུལ་བྱའི་དོན་དུ། དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀ་བརྒྱད་པོ་ཉིད་རིག་པ་འཛིན་པ་གཙོ་བོའི་ཚུལ་དུ་སྣང༌། ཞེས་འབྱུང་བ་དང༌། རྒྱུད་གཞན་ལས། དབང་གི་སྐབས་སུ་སངས་རྒྱས་རྣམས་སློབ་དཔོན་གྱི་ལུས་ལ་ཞུགས་ནས་རྗེས་སུ་འཛིན་པས་སངས་རྒྱས་སྟོང་མཆོད་པ་བས་རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་མཆོད་པས་བསོད་ནམས་ཀྱི་ཚོགས་ཆེ་བར་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་རིག་འཛིན་བརྒྱད་དང་ཁྱད་པར་སློབ་དཔོན་པདྨཱ་ཀ་རའི་ཞབས་འདིའི་སྐུའི་རྣམ་འགྱུར་འཁྲུངས་རབས་ཐམས་ཅད་རྣལ་འབྱོར་བླ་མེད་ཀྱི་ཀུན་སྤྱོད་ཉག་གཅིག་གི་སྟེང་ནས་སོང་བས་རྡོ་རྗེ་བླ་མ་པདྨ་སཾབྷ་ཝ་ཞེས་མཚན་དུ་གྲགས་པས་ན་སྤྲུལ་སྐུ་རྣམས་ཀྱི་ཐུགས་ཀྱི་རྒྱུད་ཚོད་ལ་མཆོག་དམན་གྱི་དབྱེ་བསལ་མེད་ཀྱང་གདུལ་བྱ་འདུལ་བའི་མཛད་སྤྱོད་ཀྱི་དབང་གིས་བླ་མ་གུ་རུ་རིན་པོ་ཆེ་ཉིད་ཡི་དམ་གྱི་ཚུལ་དུ་སྒྲུབ་ན། གསང་སྔགས་ཀྱི་བླ་མ་ནི་དབང་གི་ཆུ་བོའི་མཛོད་འཆང་བ་ཞིག་ཡིན་པས་སྒྲུབ་པ་པོ་རྡོ་རྗེའི་རིགས་ཀྱི་སྐལ་པ་མཆོག་ལྡན་དུ་བྱིན་གྱིས་བརླབས་པ་ལ་ཐུགས་རྗེ་མྱུར་ཞིང༌། བླ་མ་ནི་གདུལ་བྱ་ལ་ཡི་དམ་དང་མཁའ་འགྲོ་ལས་ཐུགས་བརྩེ་ངེས་པར་ཆེ་བ་དང་གདུལ་བྱས་ཀྱང་དངོས་སུ་ཞལ་མཐོང་གསུང་ཐོས་པས་སྒྲུབ་ཐག་སྙིང་ཉེ་བ་ལྟ་བུར་སོང་བས་ཡི་དམ་དང་མཁའ་འགྲོའི་བྱིན་རླབས་གཡེལ་ཞུད་ཀྱི་སྐྱོན་དང་ཉེས་པ་ལེགས་པར་གསོས་ཏེ། བྱིན་རླབས་དངོས་གྲུབ་མྱུར་ཞིང་བར་ཆད་མེད་པ་དང༌། རས་ལ་འབྱར་རྩི་བརྒྱབ་སྟེ་གདོད་ཚོན་ཆུར་བཅུག་ན་ཇི་ལྟར་འདོད་པའི་ཚོན་འཛིན་བཏུབ་པས་ཁ་དོག་བཟང་པོ་འབྱུང་བ་བཞིན། རྩ་བ་གསུམ་གྱི་སྒྲུབ་ཚུལ་སྤྱིར་བཤད་ན། ཐོག་མར་བྱིན་རླབས་ཀྱི་རྩ་བ་བླ་མ་བསྒྲུབས་པས་མྱུར་ཞིང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་བསྙེན་པ། བར་དུ་དངོས་གྲུབ་ཀྱི་རྩ་བ་སངས་རྒྱས་ཀྱི་དག་པའི་གཟུགས་སྐུ་མཐར་ཐུག་ཡི་དམ་གྱི་ལྷ་དང་སྐལ་མཉམ་དུ་བྱེད་པས་སྒྲུབ་པ། མཐར་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་ཕྲིན་ལས་མྱུར་ཞིང་ལས་ཀྱི་གཉེར་འཛིན་པས་ལས་སྦྱོར་ཚུལ་འབྲེལ་ཆགས་པར་གསུངས་པ་ཡང་འདིར་བཀའ་བརྒྱད་གཅིག་ལ་རྩ་བ་གསུམ་ཀ་ཆིག་དྲིལ་དུ་བྱས་ཏེ་བསྙེན་སྒྲུབ་ལས་གསུམ་ཆིག་རྫོགས་སུ་གསུངས་པས་ཤིན་ཏུ་ཟབ་པ་དང༌། གུ་རུ་རིན་པོ་ཆེས་བོད་དུ་ཐོག་མར་སངས་རྒྱས་ཀྱི་བསྟན་པ་སྤེལ་ནས། གཙུག་ལག་ཁང་དང་སྒྲུབ་གནས་མཛད་སྐུ་ཚབ་ལུང་བསྟན། མཚོ་བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག །ཚེས་བཅུའི་དུས་ཆེན་དང་ཉི་མ་འཆར་ནུབ་དུས་བོད་ལ་འབྱོན་པ། གཏེར་སྟོན་དང་གཏེར་གནས་མང་པོ་དུས་སུ་སྣང་ཞིང༌། བོད་ཀྱི་ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། རྒྱུད་འབུམ་བསྒྱུར་ཞུས་དང༌། ཇོ་བོ་རྗེ། མི་ཏྲ་ཛོ་ཀི་སྙིང་པོའི་ཞབས་སོགས་སྤྲུལ་པས་བཀའ་གཏེར་དག་སྣང་གི་ཆོས་རྒྱུན་བཙུགས་པ་སོགས་ཕྱག་མཚན་དུ་ལྷག་པར་བཞེས་པས་བོད་ཡུལ་བསྐལ་པ་མང་པོའི་གོང་ནས་ཐུགས་བསྐྱེད་དང་སྨོན་ལམ་གྱིས་འབྲེལ་བའི་བླ་མའི་སྐལ་པར་ངེས་པ་དང༌། རྗེ་དེའི་ཐུགས་དམ་གཙོ་བོ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་བཀའ་བརྒྱད་ཡིན་ཅིང༌། དེའི་རྒྱུད་ལུང་མན་ངག་གི་བཀའ་བབ་བརྙེས་ཏེ་སྤྱི་དཔལ་ཆེན་པོ་དང་ཐ་མི་དད་པའི་གོ་འཕང་བརྙེས་པས་བཀའ་བརྒྱད་འདི་ནི་གསང་སྔགས་བསྟན་པའི་སྙིང་པོར་གདམས་ཏེ་རྒྱུད་ལུང་མན་ངག་ཀུན་ལས་བཀའ་བརྒྱད་རྣམ་གསུམ་ནམ་ཡང་ཉམས་སུ་མི་རུང་བའི་བཀའ་གཙིགས་ཀྱིས་ཕྱག་རྒྱས་བཏབ་པའི་ལྷ་ཡིན་པས་དེ་གཉིས་དབྱེར་མེད་སྒྲུབ་ཚུལ་འདི་ནི་ཐུགས་སྒྲུབ་ཀུན་གྱི་སྙིང་པོ་འབྲེལ་ཚད་དོན་ལྡན་ཡིན་པའི་རྒྱུ་མཚན། ཟ་ཧོར་གྱི་རྒྱལ་ཁབ་ཨོ་རྒྱན་རྒྱལ་པོ་ཚོམ་བུ་དང་བཅས་པ། རྗེ་འབངས་སྙིང་གི་བུ་དགུ་ལ་བསམ་ཡས་བྲག་དམར་ཀེའུ་ཚང་ནས། བོད་ཡུལ་གྱི་གསང་སྔགས་ཆོས་ཀྱི་སྨིན་གྲོལ་གྱི་ཐོག་མ། སྲིན་ཡུལ་དུ་ཕེབས་ཁར་རྒྱལ་སྲས་ལྷ་རྗེ་སོགས་རྗེ་འབངས་ཡབ་ཡུམ་ཉེར་གཅིག་ལ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཀུན་དོན་དུ་སྒྲུབ་པ་བཀའ་བརྒྱད་ཁོ་ནར་ངེས་པས་ཐུགས་ཀྱི་བརྣག་པ་མཐར་ཐུག་སྟེ། བཀའ་འདུས་སྔ་ཕྱི་བར་གསུམ་གྱི་བར་པ་བླ་མ་དགོངས་འདུས་གསེར་ཆོས་འབྲེལ་ཚད་དོན་ལྡན་བསྔགས་བརྗོད་རྒྱ་ཆེར་གནང་བ་ཡང༌། བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་པ་ལ་གཙོ་བོར་དགོངས་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་པ་པདྨ་འབྱུང་གནས་ཡིན༔ རང་ཉིད་བླ་མ་པདྨའི་རྣམ་པར་བསྒྱུར༔ བྱིན་རླབས་ཐུགས་རྗེ་ལྷག་ཏུ་ཆེ་བར་འབྱུང༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་གཞུང་ལྟར་སྒྲུབ༔ ཚེ་གཅིག་སངས་རྒྱས་མ་འགྲུབ་ཁོ་མོའི་མནའ༔ ཞེས་དང༌། ལམ་རིམ་ཡེ་ཤེས་སྙིང་པོར་ཡང༌། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྩ་གསུམ་ཀུན་འདུས་པདྨ་ང་ཉིད་སྒོམས༔ ཞེས་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་དབང་ཆོག་ནོར་བུའི་ཕྲེང་བ་ལས། དེ་ལྟར་ཟབ་པའི་ཡང་རྩེ་གསང་སྔགས་ཀྱི༔ འཇུག་སྒོ་སྙིང་པོ་དབང་གི་རིམ་པ་སྟེ༔ དེ་ཡང་བླ་མ་ཡི་དམ་དབྱེར་མེད་པའི༔ ཚུལ་ལ་བརྟེན་ན་བྱིན་རླབས་ལྷག་པར་ཆེ༔ ཞེས་གསུངས། རྒྱུ་མཚན་དེའང་བླ་མ་གསང་འདུས་ཀྱི་སྒྲུབ་པ་ལུང་གི་བྱང་བུ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཡི༔ རྒྱུད་དང་ལུང་ཆེན་ཀུན་ལས་ཀྱང༔ ཚོགས་ཆེན་གཉིས་རྫོགས་སྙིང་པོ་ཡི༔ དོན་རྟོགས་འདོད་ན་བླ་མ་སྒྲུབ༔ ཞེས་གསུངས་པའི་རྒྱུ་མཚན་མདོ་རྒྱུད་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་ཤིང༌། དེར་མ་ཟད་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་ཀུན་གྱི་གེགས་སེལ། བོགས་འདོན། ཉམས་ལེན་གྱི་སྲོག་རྩ་ཐམས་ཅད་བླ་མའི་རྣལ་འབྱོར་ཁོ་ནར་ངེས་པར་ཡང་ཡང་གསུངས་པ་དང༌། ཁྱད་པར་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་ཉིད་དང་པོ་ལམ་གྱི་གྲོལ་བ་བརྙེས་སྐབས་ཀྱང༌། རབ་མཆོག་མོས་གུས་ཀྱིས་གྲོལ་ཏེ་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་སར་ཕེབས། ཟབ་ཆོས་ཀྱི་བཀའ་བབ་ཐམས་ཅད་ཀྱང་རྩ་གསུམ་གང་ལྟར་སྒྲུབ་ཀྱང་རྣམ་པ་དང་ངོ་བོ་གཉིས་ཀ་རིག་འཛིན་བླ་མ་ཞི་དྲག་དང༌། བླ་མ་མཁའ་འགྲོའི་ཚུལ་དུ་གསུངས་པས་རིག་འཛིན་བླ་མའི་སྒྲུབ་སྡེའི་བཀའ་བབ་ཏུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཉིད་ཀྱིས་བླ་མ་དགོངས་འདུས་ལས་རྡོ་རྗེའི་ལུང་གིས་བསྔགས་པ་སྟེ། སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་འགྲོ་ཀུན་རིག་འཛིན་རྣམ་པ་བཞིར་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར་ཞེས་ཀུན་མཁྱེན་བླ་མ་རང་གིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ལྟར་དང༌། བསྒྲུབ་བྱའི་ལྷ་རྩ་གསུམ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད་སོགས་མཚན་དང་དཀྱིལ་འཁོར་གང་ལྟར་སྣང་ཡང་དོན་ལ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པ་གཅིག་ལས་ཐ་དད་དུ་མ་དམིགས་པར་ཤེས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་མྱུར་དུ་འཐོབ་བྱེད་ཀྱི་གནད་ཟབ་མོ་སྟེ། བླ་མ་ཡང་གུ་རུ་རིན་པོ་ཆེ་དང་དབྱེར་མེད་ཤེས་ན་བོད་ཀྱི་བླ་མའི་སྐལ་པ་དང་སྙིགས་མ་དམུ་རྒོད་ཀྱི་སེམས་ཅན་ལས་ཉོན་ནད་མུག་མཚོན་འཁྲུགས་ཀྱིས་མནར་བ་ཀུན་འདུལ་བ་ལ་ཐུགས་རྗེ་ལྷག་པར་མྱུར་ཞིང་མཁྱེན་བརྩེའི་ཕྲིན་ལས་སྟོབས་དང་ཤུགས་བླ་མ་སངས་རྒྱས་བྱང་སེམས་ཀུན་ལས་ཆེ་བ་སྟེ། རིག་འཛིན་རྩ་རྒྱུད་ཐོད་དུམ་ལས། འདི་ནི་རིག་འཛིན་རྡོ་རྗེ་ཆོས༔ སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔ ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔ གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔ ལྟར་དུ་བསྟན་པའི་མན་ངག་བཅུད༔ གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔ ཞེས་སོ། །ཁྱད་པར་རིག་འཛིན་འདུས་པའི་དྲག་སྒྲུབ་དང་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པ་ཡི་དམ་ཀུན་འདྲིལ་འདི་ལྟ་བུ་ནི་སྙིགས་དུས་ཀྱི་རྒྱལ་བསེན་དམ་སྲིའི་བར་ཆད་ཐམས་ཅད་ནང་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔའི་རང་གཟུགས་ཏེ། དེ་ཀུན་གྱི་རྩ་བ་ཞེ་སྡང་དང་གཏི་མུག་གཉིས་ཡིན་པས་འདུལ་བྱེད་ཀྱི་གཉེན་པོ་ཡང་རྡོ་རྗེའི་རིགས་གུ་རུ་དྲག་མཐིང་དང་ཆེ་མཆོག་དབྱེར་མེད་པ་ཉིད་གཉེན་པོ་སྟོབས་ཀྱི་ལྷ་ཚན་ཆེ་ཞིང་བྱིན་རླབས་མྱུར། དུས་བབ་ཀྱི་ཟབ་ཆོས་བསྒྲུབ་བྱ་མ་ནོར་བ་སྟེ། གཞུང་ལས། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང༔ དབུས་ཀྱི་དམ་སྲི་གློ་བུར་བསྡོངས༔ ཆོས་པའི་སྙིང་ཞུགས་མི་དགེ་སྤྱོད༔ སྐྱེ་བོའི་སྙིང་ཞུགས་སྡིག་རྒྱུན་སྤེལ༔ རྨི་ལམ་བཙུན་པ་བྱ་སྤྲེལ་རྨི༔ བག་མི་ཕེབས་ཤིང་སྙིང་རླུང་ལྡང༔ དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷ༔ ཕལ་གྱིས་ཐུལ་བར་མི་འགྱུར་བས༔ ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དྲག་གཏུམ་འབར་བའི་ལྷ༔ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ དཔལ་ཆེན་འདུས་པའི་སྒྲུབ་པ་འདིས༔ ལོག་འདྲེན་འདུལ་བར་ཐེ་ཚོམ་མེད༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས༔ བསྟན་འགྲོའི་དོན་དུ་སྙིང་སྟོབས་བསྐྱེད༔ ཞེས་གསུངས་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པ་ཉིད་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་གོ་འཕང་མཐོང་བའི་ཆོས་ལ་མངོན་གྱུར་དུ་མཛད་ནས་འཕགས་བོད་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱིས་ལས་ཅན་རྗེ་འབངས་རྣམས་ལོ་ཟླ་ཙམ་གྱིས་མཆོག་གི་རྡོ་རྗེའི་རིག་པ་འཛིན་པའི་ས་ལ་སྦྱོར་བས་གྲུབ་ཐོབ་ཀྱི་ཚང་བརྡོལ་བ་དང༌། རྗེ་འབངས་སོ་སོའི་ངོ་སྐལ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་མདོ་རྒྱས་སྙིང་པོ་དུ་མས་སྨིན་གྲོལ་མཛད་དེ་གཏེར་ཁ་ཕལ་ཆེར་ལས་བཀའ་བརྒྱད་ཀྱི་ཆོས་སྡེ་མ་བྱོན་པ་མེད་པས་ད་ལྟའང་གདམས་པའི་ལྷག་མ་བཀའ་བརྒྱད་ལུགས་སྲོལ་མི་འདྲ་བ་བཅུ་དགུ་ཙམ་སྨིན་གྲོལ་མ་ཉམས་པར་བཞུགས་པ་དང༌། ཁྱད་པར་བོད་ཡུལ་གདུལ་བྱའི་གཙོ་བོ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་ནི་སྐུའི་སྐྱེ་བ་ཐམས་ཅད་དུ་དཔལ་ཆེན་བཀའ་བརྒྱད་ཉིད་ཐུགས་དམ་ལྷག་པའི་ལྷར་ཕོག་སྟེ་གུ་རུ་སྲིན་ཡུལ་དུ་གཤེགས་ཁར་འབྲལ་ཁའི་ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་ཕ་ཕོག་ཏུ་གཏད་རྒྱ་མཛད་པ་ལྟར་མངའ་བདག་ཉང་རིན་པོ་ཆེ། གུ་རུ་ཆོས་ཀྱི་དབང་ཕྱུག །རིག་འཛིན་རྒོད་ལྡེམ་སོགས་ཀྱིས་བཀའ་བརྒྱད་ཡི་དམ་ལྟར་སྒྲུབ་པའི་རྒྱུད་ལུང་མན་ངག་དང༌། མངའ་རིས་པཎ་ཆེན་རིན་པོ་ཆེའི་བཀའ་བརྒྱད་བླ་མ་ལྟར་སྒྲུབ་པ། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསར་རྙིང་གི་རྒྱུད་སྡེ་རབ་འབྱམས་ཚོམ་བུ་ཉེར་གཅིག་དང་མངའ་བདག་འཇམ་པའི་དབྱངས་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་སྨོན་ལམ་གྱི་རང་གཟུགས། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གསུམ་པ་ཀུན་མཁྱེན་བླ་མ་འཇིགས་བྲལ་གླིང་པ་ཉིད་ཡིན་པ། རྡོ་རྗེའི་གསུངས་ཚད་མས་ཞལ་གྱིས་བཞེས་པའི་ཐུགས་ཏིག་མཐར་ཐུག་དཔལ་ཆེན་འདུས་པ་ཉིད་ཡིན་པ་དང༌། གང་དང་གཉིས་སུ་མེད་པའི་ཐུགས་རྗེ་ཡས་སྤྲུལ་གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རིང་བརྒྱུད་དེ་དག་ཐམས་ཅད་གསན་ཏེ་ཉམས་བཞེས་ཚུལ་བཞིན་གནང་བས། ཨོ་རྒྱན་སངས་རྒྱས་གཉིས་པ། རྗེ་འབངས་གཏེར་སྟོན་སོ་སོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྨིན་གྲོལ་ཡོངས་སུ་རྫོགས་པའི་ཆུ་བོ་གཅིག་ཏུ་འདུས་པ། སྐལ་བཟང་གི་བཙས་སུ་སླར་ཡང་སྣང་བར་མཛད་ནས་བརྒྱུད་པ་དང་བྱིན་རླབས་ཉམས་པ་གསོས། གུ་རུ་རིན་པོ་ཆེ་དངོས་ཀྱི་ཞལ་གཟིགས་ནས་རྗེས་སུ་གདམས་པའི་ཉེ་བརྒྱུད་ཁྱད་པར་ཅན་རྣམས་ཀྱི་རྒྱུད་ལུང་མན་ངག་སྨིན་གྲོལ་ངོ་མཚར་ཅན་ཟབ་རྒྱས་ད་ལྟའང་མ་ཉམས་པར་བཞུགས་བཞིན་པའི་རྟེན་འབྲེལ་གྱི་དབང་གིས་བདག་ཅག་གུ་རུའི་རྗེས་སུ་འཇུག་པ་ཀུན་ཀྱང་སྔོན་བྱུང་སྟོན་པའི་རྣམ་ཐར་བཞིན་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཀྱང་ལྷག་པའི་ལྷ་འདི་ལྟ་བུ་བསྟེན་ན་གནས་སྐབས་ལམ་གྱི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་དངོས་གྲུབ་ལ་སྤྱོད་པའི་སྐལ་བཟང་མཐོང་ཆོས་ལ་མངོན་དུ་འགྱུར་བ་གདོན་མི་ཟ་ཞིང༌། ཁྱད་པར་དེང་དུས་ཀྱི་གདུལ་བྱ་བློ་རྨོངས། བརྩོན་འགྲུས་ཆུང༌། ལྟོ་གོས་ཀྱི་ཁོལ་པོར་མི་ཚེ་སྟོང་ཟད་དུ་བཅུག་པ་གལ་ཆུང་ཆོས་ལ་བྱས་ནས་ཞག་བདུན་ཕྲག་ཁ་ལོངས་བའི་ཐོས་བསམ་སྒོམ་པ་ལ་བརྩོན་པ་མི་ནུས་པའི་སྐབས་འདི་ལྟ་བུ་ལ་ཆེད་དུ་དགོངས་ནས་ཚིག་ཉུང་དོན་ཟབ་བྱིན་རླབས་དང་ནུས་མཐུ་མྱུར། གདུལ་བྱའི་དུས་སྐབས་དང་མཐུན་པའི་མན་ངག་བློ་གཏད་གཅིག་ཆོག་ཏུ་དེ་དག་ཀུན་གྱི་བཅུད་དྲིལ་ལྟ་བུ་འདི་ཉིད་ཡིན་པའི་ཚུལ་གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ལས་ལ་མི་ལྟོས་དཔལ་ཆེན་པོའི༔ སྲོག་ནས་འཕྲོག་པས་རྣོ་ལ་མྱུར༔ དབང་གི་ཆུ་བོ་མ་ཉམས་སྟེང༔ བརྒྱུད་པ་བདུན་ལྡན་སྒྲུབ་ཐག་ཉེ༔ ཞེས་དང༌། གཏེར་འདི་གཞི་ལམ་འབྲས་བུའི་རྒྱུད༔ རྒྱལ་བ་དགོངས་དང་རིག་འཛིན་གྱི༔ བརྡ་ལས་དབང་དང་བྱིན་རླབས་འབྱུང༔ མཁའ་འགྲོ་གསང་བའི་ཡི་གེ་ལས༔ ཚིག་དང་དོན་དུ་མི་འགལ་ཞིང༔ དངོས་གྲུབ་སྒྲུབ་ལ་མི་བསླུ་བ༔ པདྨ་ང་ཡི་ཁྱད་ཆོས་ཏེ༔ རང་བྱུང་རྡོ་རྗེའི་དཔལ་དུ་ཤོག༔ ཅེས་གསུངས་པའི་ཚུལ་ཐུགས་གཞིགས་ཀྱིས་འོད་གསལ་སྙིང་ཐིག་གི་གྲུབ་མཐའ་འཛིན་པ་ཀུན་ནས་ཚེས་བཅུའི་དུས་མཆོད་ཙམ་ལ་སྙིང་ཐིག་གི་གྲུབ་མཐའ་ཡིན་རློམ་མི་མཛད་པར་རྒྱུད་ལུང་མན་ངག་གི་སྲོག་རྩ་དམར་འབྱིན་སྐོར་ལ་གསན་བསམ་སྒོམ་པ་གལ་ཆེ་བར་སེམས་ཞེས་གསོལ་བ་འདེབས་པ་ལགས། །གཉིས་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོང་ལྟ་བུ་དབང་བཞིའི་རིམ་པ་དང་རྗེས་སུ་འབྲེལ་བའི་ལམ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་དཔལ་ཆེན་ལས་བྱང་རྒྱས་འབྲིང༌། མངལ་སྐྱེས་སྦྱོང་བ་རིག་འཛིན་ཡབ་བཀའ་དང༌། ཐུགས་རྗེ་ཆེན་པོ། བརྫུས་སྐྱེས་སྦྱང་བ་ཡུམ་བཀའ་དང༌། ཡང་གསང་བླ་སྒྲུབ་རྣམས་དང༌། ཀུན་གྱི་རྫོགས་རིམ་རང་ལུས་དང་གཞན་ལུས་ཀྱི་སྙན་བརྒྱུད་སྦས་དོན་ཐབས་ལམ། མན་ངག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་དང་བཅས་པ་ཁྲིད་ཡིག་ཡེ་ཤེས་བླ་མ་རྩ་བ་ཡན་ལག་གི་ཡི་གེ་མང་དུ་བཞུགས་ཀྱང་སྐབས་འདིར་འཆད་བྱ་སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པ་ལྟ་བུ། དཔལ་ཆེན་འདུས་པ་རྩ་བའི་ལས་བྱང་གི་སྒོམ་དོན་བསྐྱེད་བཟླས་ཀྱི་ལམ་ཉིད་བཤད་པ་ལ་གསུམ། སྔོན་འགྲོ་བསགས་སྦྱང་འགལ་སྤང་མཐུན་སྒྲུབ་ཀྱི་རིམ་པ་དང༌། དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། རྗེས་ཕྲིན་ལས་ཀྱི་ཁ་སྐོང་བའི་ལས་རིམ་མོ། །དང་པོ་ལ། སྤྱི་དང་བྱེ་བྲག་གི་སྔོན་འགྲོ་གཉིས་ལས། དང་པོ་ནི། རིག་འཛིན་བསྙེན་ཡིག་ལས། ཐུམ་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས། བླ་མའི་རྣལ་འབྱོར་གྱི་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་ཆག་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན། ཞེས་གསུངས་པ་ལྟར། རང་རེ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་ཆོས་གང་ཉམས་སུ་བླངས་ཀྱང་ངེས་འབྱུང་གི་གཞི་འཛིན་དགོས་པས་དེ་ཉིད་བསྐྱེད་པའི་ཐབས་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ། ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང༌། གསང་སྔགས་ཀྱི་སྣོད་རུང་དུ་བྱ་ཕྱིར་རྒྱུད་རྣམ་པར་དག་པ་དང༌། བསོད་ནམས་ཀྱི་སྐལ་པ་ཆེ་བ་མོས་གུས་ཐུན་མིན་དུ་སྐྱེ་དགོས་པ་དེ་དག་གི་དོན་དུ་བློ་ལྡོག་རྣམ་བཞིའི་དམིགས་རྣམ་གསལ་འདེབས་དང༌། སྐྱབས་འགྲོ་སེམས་བསྐྱེད་དང་རྡོར་སེམས་སྒོམ་བཟླས། མཎྜལ་ཕྱི་ནང༌། བླ་མའི་རྣལ་འབྱོར་བཅས་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་ཁྲིད་ཡིག་རྒྱས་བསྡུས་ལྟར་དམིགས་སྒོམ་རྡོ་རུས་འཕྲོད་པ་གནད་དུ་འགྲོ་བ་ཉམས་ལེན་གྱིས་འབུམ་ལྔ་ཕྱག་ལེན་ལྟར་གྲངས་ཀྱང་འགྲོ་ངེས་དང༌། སྔར་བསགས་སྦྱངས་ཟིན་པས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་ཞག་བདུན་ཕྲག་ལས་མི་ཉུང་བ་བསྐྱར་ཞིང་གསོལ་འདེབས་དང༌། ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་སྔར་རྒྱུའི་དབང་བཞི་ཐོབ་པའི་ནུས་པ་ལམ་དབང་ཐོད་རྒལ་དུ་ལེན་པས་གསོ་བ་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་དོན་ཡང་ཚང་ཞིང༌། བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་ཤིན་ཏུ་གལ་ཆེ་བ་ནི་བརྒྱུད་པ་འདིའི་དམིགས་བསལ་གྱི་ཕྱག་བཞེས་ཡིན་པ་དང༌། ཡི་དམ་གྱི་ལྷ་དྲག་པོ་སྒྲུབ་པའི་སྔོན་དུ་ཞི་བ་བསྙེན་ན་རྒྱུད་འཇམ་བཀྲ་ཤིས་བར་ཆད་མི་འབྱུང་བར་གྲགས་པ་བཞིན་བྱིན་རླབས་བླ་མའི་རྣལ་འབྱོར་གྱིས་ཕྱི་གསོལ་འདེབས་ལྟར་སྒྲུབ་པ་ཞི་བསྙེན་དང༌། དཔལ་ཆེན་དངོས་གཞིའི་གསང་བ་དྲག་སྒྲུབ་དུ་འབྲེལ་ཆགས་པས་ལག་ལེན་ཏུ་ཐེབས་དགོས་སོ། །བྱེ་བྲག་ཏུ་བཀའ་བརྒྱད་བཀའ་གཏེར་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་སྨིན་བྱེད་གཞུང་ལྟར་བརྒྱུད་ལྡན་གྱི་བླ་མ་ལས་ནོས་ཤིང༌། བསྙེན་སྒྲུབ་ལ་འཇུག་པའི་ཐོག་མར་གྲུབ་ན་བླ་མ་ལས་དབང་བསྐྱར་ཏེ་ཞུ་བ་དང༌། མ་བྱུང་ཡང་བདག་འཇུག་གི་ཆོ་ག་ཡང་ཡང་བྱ་ཞིང་དམ་ཚིག་གཞུང་བཞིན་གནས་པ་གལ་ཆེའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་སྦྱོར་བའི་ཆོས་ལ། དང་པོ་གང་དུ་སྒྲུབ་པའི་གནས་ནི། དང་པོ་དབེན་ཞིང་ཉམས་དགའི་གནས༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང༔ ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ༔ ཞེས་ཐོག་མའི་བསྙེན་སྒྲུབ་བྱ་བའི་ཡུལ་གོང་ལྟར་ཤིས་པའི་དགེ་མཚན་དང་ལྡན་པ་དང༌། ནུས་པ་ཐོབ་པས་དུར་ཁྲོད་སོགས་དང༌། རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ནི་ཡིད་དགའ་ཉེར་འཚེ་མེད་པའི་གནས་སུ་རུང་གསུངས། གཉིས་པ་ཡོ་བྱད་ནི། དཀྱིལ་འཁོར་རྩིབས་བཅུ་སྒོ་རྫོགས་ཅན༔ མཚན་ཉིད་ཚང་བ་བྲིས་པའི་སྟེང༔ སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང༔ ཙནྡན་དང་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བསྟན༔ ཉེར་སྤྱོད་སྨན་གཏོར་རཀྟ་དང༔ དཀྱིལ་འཁོར་རྒྱན་བཀོད་ལེགས་པར་བཀྲམ༔ ཞེས་གསུངས། རྣལ་འབྱོར་སྤྲོས་མེད་ཏིང་འཛིན་གཙོ་བོར་བཏོན་པ་ལ་བསྙེན་པའི་སྐབས་སུ་སྒྲུབ་རྟེན་རྣམས་ཀྱི་སྤྲོས་པ་རྒྱས་པ་མ་བྱུང་ཡང་རུང་སྟེ། བསྙེན་ཡིག་ལས། བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ༌། །ཞེས་སོགས་དང༌། དཀྱིལ་འཁོར་ཀྱང་སྒོ་རྫོགས་ཅན་མ་བྱུང་ཡང་འཁོར་ལོ་རྩིབས་བཅུ་མེ་རི་དང་བཅས་པའམ། ཚོམ་བུ་ལ་བརྟེན་དུ་རུང་བར་གསུངས། སྒྲུབ་པ་དང་སྒྲུབ་ཆེན་གྱི་སྐབས་སྤྲོས་པ་ཅི་ཙམ་རྒྱས་ན་ལེགས་པས་ཐིག་ཚོན་བྱིན་རླབས་སྔོན་དུ་འགྲོ་བས་རྡུལ་ཚོན་དང་རས་བྲིས་གང་རུང་བྲི་ཚུལ་སྒྲུབ་ཁོག་ཏུ་གསལ་བ་ལྟར་དང༌། ཐོད་པ་མཚན་ལྡན་གྱི་དཔྲལ་བ་ལ་དབུ་བསྟན་པའི་ཆེ་མཆོག་གི་ཕྱག་རྒྱ་རྒྱས་བསྡུས་ཀྱི་སྐུ་མཚན་ཉིད་ཚང་བ་རབ་གནས་དང་ལྡན་པ་དམིགས་རྟེན་དང་ལྷན་ཅིག་པའི་རྒྱབ་ཏུ་གསེར་རམ་མཚལ་གྱིས་བྲིས་པའི་བསྙེན་སྒྲུབ་ཀྱི་སྔགས་བྱང༌། ཙནྡན་ནམ་སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པའི་མགུལ་དུ་དཀྲིས་པ་དཀྱིལ་འཁོར་དབུས་སུ་བཞག །དར་ནག་གི་ལྡིང་གུར་ཕུབ་པ་ནི་མེད་ཐབས་མེད་ལ། འབྱོར་ན་ཆེ་མཆོག་གི་བུམ་གཅིག་སོགས་བཀའ་བརྒྱད་བདེ་འདུས་ལས་གསུངས་པ་ལྟར་གྲུབ་ན་ལེགས་ཤིང༌། སྒྲུབ་པ་པོ་གཅིག་པུས་དབེན་པར་བསྙེན་སྒྲུབ་ཆིག་ཆོད་ཏིང་འཛིན་གྱི་བསྐྱེད་བཟླས་གཙོ་བོར་འདོད་ན་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་སྟེང༌། ཐོད་སྐུ་དང༌། ཕུར་པ་སྔགས་བྱང་དང་བཅས་པ་བསྙེན་པ་ལ་འཇུག་པའི་སྐབས་ནས་བཀོད་པ་ལེགས་པར་སེམས། སྤྱིར་མཆོད་པ་དང་སྒྲུབ་རྫས་ཐམས་ཅད་བག་དྲོ་བརྗིད་ཆགས་པར་བྱས་ན་བྱིན་རླབས་ཆགས་པའི་རྟེན་འབྲེལ་ཡོད་པར་གསུངས། གཞན་སྒྲུབ་པའི་དུས་གྲོགས་ཡོ་བྱད་སོགས་ནི་དངོས་བསྟན་དུ་མ་གསུངས་པས་གསང་བ་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ལས་རིམ་གྱི་ཐོག་མར་སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱེད་ཅིང་ལོག་ལྟའི་གཉེན་པོར་སྐྱབས་འགྲོ་ནི། སྔགས་བླ་མེད་ཀྱི་ལམ་སྤྱི་ལ་ཐོག་མར་བསྐྱེད་རིམ་དག་རྫོགས་སྨིན་གསུམ་གནད་དུ་འབྱོར་བས་རྒྱུད་ལས་རུང་དུ་བྱས་ནས་གཟོད་རྫོགས་རིམ་ཐབས་གྲོལ་གྱི་ལམ་གྱིས་མཐར་དོན་གྱི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་འདྲེན་དགོས་ཀྱང༌། སྙིང་ཐིག་རང་གཞུང་ཐུན་མིན་གྱི་ལུགས་ལ་ཐོག་མར་དགོངས་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་བླ་མས་འོད་གསལ་རིག་པ་ངོ་སྤྲད་ནས་བླ་མ་རང་རིག་དབྱེར་མེད་དུ་ཤེས་པས་མཉམ་པར་བཞག་ཅིང་དེ་ཉིད་བསྒྲུབ་བྱའི་ལྷའི་རྟེན་དང་བརྟེན་པའི་བསྐྱེད་བཟླས་བྱེད་པ་མཆོག་གི་བསྐྱེད་རྫོགས་དབྱེར་མེད་པ་སྟེ། དེས་ན་སྔོན་དངོས་རྗེས་ཀྱི་ཉམས་ལེན་ཐམས་ཅད་དབང་བཞི་པའི་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འདྲེན་པའི་ཐབས་ཁོ་ན་དངོས་བརྒྱུད་ནས་ཡིན་པར་ཤེས་པ་གལ་ཆེ་ཞིང༌། གསང་སྔགས་པས་འབྲས་བུའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་མཛད་པ་དང་མཐུན་པ་ད་ལྟ་ནས་ལམ་བྱེད་ཀྱིས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་སུ་དག་པར་སྦྱང་དགོས་པས་སངས་རྒྱས་རྣམས་དང་པོ་ཐུགས་བསྐྱེད་པའི་ཡུལ་སངས་རྒྱས་ཞིག་གི་སྤྱན་སྔར་དམ་བཅའ་བ་ལྟར། རྒྱུ་གང་གིས་སྐྱབས་སུ་འགྲོ་ན་སྲིད་ཞིའི་མཐའ་དང་ཐ་མལ་གྱི་སྣང་ཞེན་ལ་འཇིགས་པ། སྐྱབས་ཡུལ་གྱི་མཁྱེན་བརྩེ་ནུས་གསུམ་ལ་དྭངས་འདོད་ཡིད་ཆེས་ཀྱི་དད་པ། སེམས་ཅན་རྣམས་ཀྱང་སྲིད་ཞིའི་སྡུག་བསྔལ་ལས་སྐྱོབ་ཕྱིར་སྙིང་རྗེ་གསུམ་གྱིས། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན་སྣོད་བཅུད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་དག་པའི་དབུས་སུ། ཧཱུྃ་ཞེས་སངས་རྒྱས་ཀུན་གྱི་ཐུགས་སྲོག་ས་བོན་བརྗོད་པས་རང་ཉིད་གཉུག་མའི་ལྷར་གསལ་བའི་སྙིང་གའི་རིག་པ་བྱང་ཆུབ་ཀྱི་སེམས་ཧཱུྃ་ཡིག་གི་རྣམ་པ་ལས་བྱུང་བའི་འོད་ཀྱིས་སད་པར་བྱས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱོགས་བཅུ་དུས་བཞིའི་བདེྃ་བར་གཤེགྃས་པ་ཐམས་ཅད་སྐུ་འཇམ་དཔལ་གཤེགས་རིགས། གསུང་རྟ་མགྲིན་པདྨ། ཐུགས་ཡང་དག་དང་དྲེགས་འདུལ་རྡོ་རྗེའི་རིགས། ཡོན་ཏན་བདུད་རྩི་རིན་པོ་ཆེའི་རིགས། ཕྲིན་ལས་ཕུར་པ་དང་དྲག་སྔགས་ལས་ཀྱི་རིགས། རིག་འཛིན་དྲུག་པ་ཧེ་རུ་ཀའི་རིགས་ཀྱིས་བསྡུས་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རིགས་མཆོག་ཐམས་ཅད་ཡོངྃས་སུ་རྫོགྃས་པ་ནི་གདུལ་བྱའི་སྐལ་པ་དང་མཐུན་པའི་དཀོན་མཆོག་གསུམ་གྱི་རང་བཞིན་ཡིན་ཡང༌། ཐུན་མོང་དང་ཐུན་མིན་དེ་བཞིན་མཐོང་བས་འདིར་དབང་པོ་རབ་ཀྱི་སྤྱོད་ཡུལ་ལྟར་གསང་སྔགས་བླ་མེད་ཀྱི་ལུགས་སངས་རྒྱས་ལོངས་སྐུ་ཆེན་པོ་ཡིན་ལ། དེ་དག་གི་སྐུ་རིག་གྲོལ་མཐར་ཕྱིན་པའི་དགེ་འདུན། གསུང་འགོག་ལམ་གྱི་བདེན་གཉིས་ཡོངས་རྫོགས་དམ་ཆོས། ཐུགས་སངས་རྒྱས་ཀུན་གྱི་ཡེ་ཤེས་སུ་དཀོྃན་མཆོྃག་རིན་པོ་ཆེ་རྣམ་པ་གསུམྃ་གཅིག་འདུས་ཀྱིྃ་ངངྃ་དུ་བཞུགས་པ་གཞན་རྒྱུད་བྱོན་ཟིན་གྱི་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་ཡིད་ཆེས་དད་པས་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་བློ་གཏད་ལིང་སྐྱུར་དུ་སྐྱབས་སུ་ཞུ་བ་མདོ་སྔགས་ཐུན་མོང་གི་ཕྱིའི་སྐྱབས་འགྲོ། རིགས་ལྔ་ཞི་ཁྲོའི་རྒྱུད་སྡེ་རྒྱ་མཚོའི་ལྷག་པའི་ལྷ་དཀྱིལ་འཁོར་གཅིག་དྲིལ་དུ་རྫོགས་པའི་སྤྱི་དཔྃལ་ཆེྃན་པོ་ཁྲོ་རྒྱལ་སྟོབས་ཀུན་འདུསྃ་པའིྃ་གཅིག་གི་གསང་གསུམ་གྱི་ངོྃ་བོྃར་ཡོངྃས་སུ་རྫོགས་པར་ཤརྃ་བྃ་ནི་ནང་དུ་རང་གི་ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་གདོད་ནས་དག་པའི་ཆོས་ཉིད་དང་འདུ་འབྲལ་མེད་པས་རྩ་གསུམ་ཀུན་འདུས་སུ་རང་ངོ་ཤེས་པ་ནི་སྔགས་སྤྱིའི་ཐུན་མིན་ནང་གི་སྐྱབས་འགྲོ། དེ་ཐམས་ཅད་ཀྱང་རིན་པོ་ཆེའི་བྱང་བུ་གཅིག་གི་ངོས་ལ་རི་མོ་སྣ་ཚོགས་བྲིས་པ་བཟང་ངན་མེད་པ་བཞིན་དཀྱིལ་འཁོར་སྤྲུལ་བཤད་སྤྲོྃ་བྃསྡུ་ཐམས་ཅད་ཀྱི་འཕྲོ་གཞིའམ་བྱེྃད་པ་པོྃ་ནི། ཆོས་ཉིད་བྱངྃ་ཆུབྃ་ཀྱི་སེམྃས་ཡེ་ཤེས་ཀློང་དགུའི་ངོ་བོར་གཞི་གནས་ཀྱིྃ་ཡེ་ཤེས་གཅིག་གི་བདག་ཉིད་དུ་ངེས་པ་དོན་གྱི་ལྷརྃ་རང་ལ་རྫོགས་པར་རྃང་ངོྃ་ཤེྃས་པའིྃ་ལྟ་བའི་ངངྃ་བསྐྱངས་ནསྃ་མྱོང་བའི་རྒྱུན་མ་ཉམས་པར་བསླབ་པ་ནི་རྡོ་རྗེ་སྙིང་པོ་གསང་བའི་སྐྱབས་འགྲོ་སྟེ། རྣམ་བཞག་དེ་དག་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་རིམ་པར་ཉམས་སུ་ལེན་དགོས་པས་ན་འགལ་མེད་གཅིག་དྲིལ་དུ་ཤེས་པས་བདེན་གཉིས་ཟུང་འཇུག་གི་སྐྱབས་འགྲོའི་དོན་ལ་བློ་བཞག་པས་སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱང་ཚོགས་ཞིང་གི་སྤྱན་སྔར་འཁོད་པས་བདག་གི་རྗེས་སུ་སློབ་པས་སྐྱབྃས་སུྃ་མཆིྃ་བར་བསམ་པས་སྐྱབས་འགྲོ་བྱ་ཞེས་སོ། །དམིགས་རིམ་འདི་སྨིན་སློབ་ཏུ་བྱེད་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོའི་རྣམ་བཞག་ལ་བློ་སྦྱངས་པས་ངེས་པར་འདྲོང་བར་བྱ་ཞིང༌། ཕྲིན་ལས་དཀྱུས་ཀྱི་སྐབས་སྐྱབས་ཡུལ་ཐམས་ཅད་ཆིག་རྫོགས་སུ་བཞུགས་པར་བསམ་ལ། འཁོར་འདས་མཉམ་སྦྱོར་གྱི་ཐལ་མོ་སྙིང་གར་སྦྱར་ནས་དད་པའི་བློས་མོས་པ་ལམ་དུ་བྱས་ཀྱང་རུང་གསུངས། སྐབས་འདིའི་སྦྱང་གཞི་སྤྱིར་རང་སྣང་མ་དག་པ་ཐམས་ཅད་དང༌། ཁྱད་པར་འཇིག་རྟེན་པའི་སྐྱབས་མི་དཔོན། མཁར་རྫོང༌། དམག །རི་སོགས་དང༌། མུ་སྟེགས་པའི་ཚངས་པ་དང་དབང་ཕྱུག་སོགས་ཕྱི་པའི་ལྷ་བདུད་བཙན་ཀླུ་སོགས་སྐྱབས་སུ་འགྲོ་མི་འོས་པའི་ལོག་པའི་སྐྱབས་ཡུལ་དང༌། ཡང་དག་པའི་སྐྱབས་བསླུ་བ་མེད་པ་བླ་མ་དང་དཀོན་མཆོག་ལ་ལོག་ལྟ་དང་མ་གུས་པ་བགྱིས་པ་དང༌། མཐར་ཐུག་གི་སྐྱབས་རང་རིག་བདེ་གཤེགས་སྙིང་པོ་ལ་ཡེ་རྫོགས་སུ་བཞུགས་པ་མི་ཤེས་པའི་འཁྲུལ་རྟོག་གི་སེམས་སྣང་བག་ཆགས་དང་བཅས་པ། སྦྱོང་བྱེད་ཕྱི་ནང་གསང་བའི་སྐྱབས་འགྲོ་གཞུང་ལྟར་ཉམས་སུ་བླང་བས། སྦྱངས་འབྲས་སྐྱབས་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་རྫོགས་པའི་ཐབས་སུ་ཐུན་མོང་མ་ཡིན་པ། བྱེད་ལས་གྲུབ་འབྲས་ཡེ་ཤེས་ཟབ་མོའི་མྱོང་བ་རྒྱུད་ལ་སྐྱེས་པ་སྟེ་ནང་པ་སངས་རྒྱས་པའི་ལམ་གྱི་རྨང་རྡོ་འདི་ཁོ་ན་ཡིན་ཅིང་ཕན་ཡོན་ཚད་མེད་པས་ཉམས་ལེན་གནད་དུ་འགྲོ་བ་ཅིས་ཀྱང་གཅེས་པའོ། །དངོས་གཞི་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་པའི་སྐབས་སུ་གསལ་བརྟན་དག་གསུམ་ཚུལ་བཞིན་མ་ཤེས་ན་ཡི་དམ་གྱི་ལྷ་དང་བླ་མ་དབྱེར་མེད་པ་ལ་སྐྱབས་འགྲོའི་འདུན་པས་ཡིད་ཆེས་ཀྱི་དད་པ་ཕྱིར་མི་ལྡོག་པས་གསོལ་བ་བཏབ་ན་དངོས་གྲུབ་ཐོབ་པ་ལ་གནད་ཟབ་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྲོག་སྡོམ་གཟེར་བཞིའི་ལྷ་ཁྲིད་ལས་གསུངས་པ་དང༌། འཇམ་དབྱངས་མི་ཕམ་རིན་པོ་ཆེའི་ཕྱི་ནང་གསང་བའི་བསྙེན་སྒྲུབ་སྤྱིའི་རྣམ་བཞག་ལས་ཀྱང༌། ལྷག་པའི་ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན་དོན་གཉིས་མཐར་ཕྱིན་མཁྱེན་བརྩེ་ནུས་པ་ཚད་མེད་པས་སྨོན་ལམ་དང་ཡེ་ཤེས་ཀྱིས་དངོས་གྲུབ་ཡིད་བཞིན་དུ་སྩོལ་བ་ལ་བསླུ་བ་མེད་པ་དང༌། བསྐྱེད་བཟླས་མཆོག་སྒྲུབ་བྱས་ན་བདག་འཆིང་བ་ཀུན་ལྡན་ལ་བྱིན་རླབས་ཀྱིས་གཏན་གྱི་བདེ་བ་ལ་འགོད་ངེས་སྙམ་པ་ཕྱི་ལྟར་སྒྲུབ་པའི་ཚུལ་བཞིན་བསྒྲུབས་ན་ཐུགས་རྗེ་ཆེན་པོ་དང་འབྲེལ་བའི་ཕྱིར། སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གིས་ངེས་པར་རྗེས་སུ་འཛིན་པར་གསུངས་པ་རྣམས་དགོངས་པའི་གནད་གཅིག་པའོ། །བཞི་པ་བྱང་སེམས་ཀྱི་བསླབ་པ་མ་ཉམས་པར་བྱེད་ཅིང་ཐེག་དམན་གྱི་གཉེན་པོ་སེམས་བསྐྱེད་ནི། ཧཱུྃྃ་ཞེས་སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དམིགས་མེད་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒྲིབ་པ་སྤང་བའི་སེམས་བསྐྱེད་མཚོན་པའི་ཐུགས་ཀྱིས་ས་བོན་བརྗོད་པ་དང་བཅས། ཆོྃས་ཀྱིྃ་དབྱིངྃས་ཀ་དག་ཐོག་མའི་སྤྱི་གཞིའི་ངང་ལྃ་འཁོར་འདས་སྤང་བླང་གི་ཕྱོགྃས་རིསྃ་མེད་པ་བདག་གཞན་མཉམྃ་ཉིད་བདེ་བ་ཆེན་པོ་གཅིག་ཏུ་བརྡལྃ་བས་གནས་ཞེས་པའི་དོན་རང་ངོ་ཤེས་པ་ནི་དོན་དམ་སེམས་བསྐྱེད་དང༌། ཡངྃ་ཞེས་པ་ཕྱི་མ་ཀུན་རྫོབ་སེམས་བསྐྱེད་སྡུད་པའི་དོན་ཏེ། དེ་ལྟར་གནས་ལུགས་མྃ་རྟོགྃས་པས་རིག་རྩལ་ལ་བདག་དུ་ཞེན་ནས་མེད་སྣང་རིགས་དྲུག་གི་གནས་དོན་ལུས་ཀྱི་འཁྲུལྃ་པའིྃ་རྒྱུ་འབྲས་རང་རྒྱུད་ཞེན་པས་ཐོག་མ་མེད་པའི་དུས་ནས་སྐྱེ་ཤིའི་ཁ་བརྒྱུད་དེ་འཁྱམྃས་པྃ་ལ་ཚད་མེད་པ་བཞིའི་ཤུགས་ཀྱིས་དྲངས་པས་རྗེས་སུ་འཛིན་པ་དང༌། ལྷག་པར་རྒྱུད་མི་སྲུན་པའི་སྤྱོད་པ་བརླང་པོ་ཅན་རྡོ་རྗེ་ཐེག་པའི་གདུལ་བྱ་ཡིན་པས་བདྃག་འཛིྃན་དུག་གསུམ་ཤུགས་དྲག་པོའི་ཉིང་འཁྲུལ་དུ་གྱུར་པའི་རུ་ཏྲ་སྡེ་གསུམ་གྱི་བདུདྃ་བཞིའི་དཔུང་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་ཚར་བཅད་དེ་གནས་ལུགས་མཐར་ཐུག་འོྃད་གསྃལ་ཆོྃས་ཀྱི་སྐུྃ་ཟག་མེད་ཆོས་ཁམས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་འབྲས་བུ་མི་སློབ་པ་མཐར་ཐུག་གི་ཡེ་ཤེས་ཀྱི་ཀློངྃ་དུྃ་བཀོད་པས་སྲིད་ཞིའི་མཐའ་གཉིས་ལས་བསྒྲལྃ་བའིྃ་ཕྱིརྃ། འབྲས་བུ་གསང་སྔགས་ཀྱི་ལོངས་སྐུ་ཁྱད་པར་བ་བླ་མ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ག་དང༌། དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ་དཔྃལ་ཆེྃན་པོ་སྒྲུབ་སྡེ་བརྒྱད་ཀྱི་ལྷྃ་ཚོགྃས་གཅིག་དྲིལ་གྱི་བསྐྱེད་རྫོགས་ཟབ་མོའི་སྒྲུབྃ་པ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡུད་ཙམ་གྱིས་ཡོངས་སུ་རྫོགས་པའི་གོ་ཆ་ལྷུར་བླང་བརྃ་བགྱིའོ་སྙམ་པ་སྨོན་འཇུག་གཉིས་མེད་ཀུན་རྫོབ་ཀྱི་སེམྃས་བསྐྱེདྃ་དོྃ་སྙམ་པའི་དམ་བཅའ་སྐྱབས་ཡུལ་གྱི་ཚོགས་ཞིང་རྣམས་དཔང་པོར་བཞུགས་པ་ལས་ལེན་པའོ། །དེ་ནས་མཚམས་ཀྱི་ཐོག་མཐའ་ཀུན་ཏུ་སྤྱིར་སེམས་ཅན་དང་སྒོས་སྙིགས་དུས་ལས་ངན་དུག་ལྔའི་རང་གཟུགས་གསང་སྔགས་ལོག་པར་སྤྱོད་པའི་རྒྱལ་བསེན་དམ་སྲི་ཕུང་བྱེད་འགོང་པོ་སྤུན་དགུ་སོགས་ཀྱི་དོན་དུ་བདག་གིས་སྙིང་རྗེ་ནས་མི་བཟོད་པས་དེ་དག་གི་གཉེན་པོ་བདག་གིས་ལྷག་པའི་ལྷ་བསྒྲུབ་སྙམ་པའི་སྨོན་པ་དང༌། སྒོ་གསུམ་གྱི་རྣམ་དཀར་གཞན་ཕན་ཕར་ཕྱིན་དྲུག་ལྡན་དུ་སློབ་པ་འཇུག་པ། དེ་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་དོན་དམ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་མདོ་སྔགས་དགོངས་གཅིག་གི་ཟབ་གནད་དུ་ཤེས་པས་ཉམས་སུ་ལེན་པ་ཐམས་ཅད་སྤྱིར་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེའི་རྒྱ་མཚོའི་ལྷ་ཐམས་ཅད་གཅིག་དྲིལ་དུ་སྒྲུབ་པའི་བཀའ་བརྒྱད་ཆེས་ཟབ་ཅིང་གཉན་པ་དང་ལྷག་པར་བླ་མ་དྲག་པོ་གཏུམ་ཆེན་མཐིང་ག་དང་དབྱེར་མེད་དུ་སྒྲུབ་པ་གཉན་པའི་རྒྱུ་མཚན་གྱིས་གལ་ཆེའོ། །འདིས་སྦྱང་གཞི་རང་དོན་ཡིད་བྱེད་ཀྱི་བློ་ངན་གྱི་གཉེན་པོར་སྦྱོང་བྱེད་སེམས་བསྐྱེད་ཀྱི་རྣལ་འབྱོར་ཟབ་མོའི་སྦྱངས་འབྲས་སྐུ་གཉིས་ཐོབ་པར་བྱེད་པའོ། །གསུམ་པ་ཚོགས་བསགས་པ་ནི། སངས་རྒྱས་རྣམས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཐུན་པར་ཐབས་མཁས་ལྟ་སྒོམ་ཁྱད་པར་ཅན་གྱི་རྩིས་ཟིན་པས་རྒྱུན་བཤགས་ཡན་ལག་བརྒྱད་ཀྱིས་བསགས་སྦྱང་བྱ་བ་སྟེ། སྦྱང་གཞི་སྒོ་གསུམ་ཐ་མལ་གྱི་བྱ་བྱེད་རྒྱུ་འབྲས་དང་བཅས་པ། སྦྱོང་བྱེད་ཚོགས་གཉིས་རྫོགས་སྨིན་སྦྱངས་སྟོབས་རྨད་དུ་བྱུང་བའི་ཐབས་མཁས་ཀྱི་སྒོ་དུ་མས། སྦྱངས་འབྲས་སྐུ་བཞི་བདེ་བ་ཆེན་པོ་བསྐལ་པ་གྲངས་མེད་ཀྱི་ངལ་དུབ་ལ་མ་ལྟོས་པར་ཚེ་ལུས་གཅིག་གི་སྟེང་མངོན་དུ་བྱེད་པ་ཚོགས་བསགས་ཀྱི་རིམ་པ་སྟེ། ཡན་ལག་བདུན་པའི་བསགས་སྦྱང་ཙམ་མདོ་སྔགས་ཐུན་མོང་ཡིན་ཀྱང་ཏིང་འཛིན་དམིགས་པའི་ཟབ་ཁྱད་ཀྱི་གནད་དང་ལྡན་པ་དེ་ཡང་རྒྱུད་ཆེན་པོ་སྒྱུ་འཕྲུལ་གྱི་དགོངས་པ་ལྟར་ཡན་ལག་བརྒྱད་ཀྱི་དོན་ནི། ཚོགས་ཞིང་གི་ཡོན་ཏན་ལ་དྭངས་བའི་ཡིད་ཀྱིས་ཧོཿཞེས་ངོ་མཚར་བརྗོད་པ་དང་བཅས། མཚོན་བྱེད་རྫས་ཀྱི་རྡོྃ་རྗེྃ་ཕ་ལམ་དང་ཆོས་མཚུངས་པས་མཚོན་བྱ་དོན་གྱི་རྡོ་རྗེ་ཆོས་ཉིད་ཀྱི་དོན་རང་གིས་གཟིགས་ཤིང༌། གོ་འཕང་དེ་ལ་གཞན་ཡང་དཀྲི་མཁས་པའི་སློབྃ་དཔོནྃ་ནི་དུས་གསུམ་བྱོན་པའི་སངྃས་རྒྱསྃ་ཐམས་ཅད་ཀྱི་ངོ་བོ། བཀའ་དྲིན་དེ་དག་ལས་ལྷག་པས་དཔྃལ་གྱི་སྒྲས་བསྔགས་པ་སྟེ། དུསྃ་གསུམྃ་གྱི་སངས་རྒྱས་སོགས་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་ཐུགས་རྗེ་བྲི་གང་མེད་པར་བཞུགྃས་པའི་སྒྲས་རྟེན་ལྃ་ཕྱགྃ་འཚལྃ་ལོྃ། ཞེས་ཡན་ལག་དང་པོ་དང༌། དཀོན་མཆོྃག་གསུམྃ་པོ་ནི་སློབ་པ་ལམ་གྱི་གནས་སྐབས་ན་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་དད་པས་བརྟེནྃ་པའིྃ་ཚོགས་ཀྱི་ཞིངྃ་བླ་མེད་དུ་གྱུརྃ་པ་ལྃ་དེ་དག་གི་ཡོན་ཏན་རང་རྒྱུད་ལ་སྒྲུབ་པའི་བློས་རྒྱུ་འབྲས་གཉིྃས་སུ་མེདྃ་པར་ཤེས་པའི་ཡིདྃ་ཀྱིསྃ་སྐྱབྃས་སུྃ་མཆིྃ་བ་དང༌། བླ་ན་ཡོད་པའི་མཆོད་པ་དངོྃས་འབྱོརྃ་དང༌། བླ་ན་མེད་པའི་མཆོད་པ་ཀུན་ཏུ་བཟང་པོའི་ཏིང་འཛིན་ཡིདྃ་ཀྱིསྃ་རྣམྃ་པར་སྤྲུལྃ་པའིྃ་ཞིང་དང་དངོས་པོ་བསམ་པ་དགྃ་པའིྃ་མཆོྃད་པྃ་བཞེྃས་སུྃ་གསོྃལ་བར་ཞུས་པ་དང༌། མཆོག་ཐུན་གྱི་དངོྃས་གྲུབྃ་ཆུྃ་བོྃ་ལྟ་བུ་ཐོབ་པ་ལ་བར་དུ་གཅོདྃ་པའིྃ་བགེྃགས་ཀྱི་གཙོ་བོ་སྒོ་གསུམ་གྱི་ཉེསྃ་བྱསྃ་དམ་སྡོམ་ཉམས་ཆག་མྃ་ལུསྃ་པ་ཐམས་ཅད་སྟོབས་བཞིའི་གནད་ལ་བརྟེན་ནས་བཤགྃས་པྃ་འབུལ་བར་བགྱིྃ་སྙམ་པའོ། །ཤར་སོགས་ཕྱོགྃས་བྃཅུ་དང་བདག་གཞན་ཐུན་མོང་དུ་དམིགས་པའི་འཁོརྃ་གསུམྃ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ནི་བདེན་གཉིས་དབྱེར་མེད་དུ་དགྃ་པའིྃ་ཆོསྃ་ཉིད་དེ། དེའི་ངང་ནས་བདག་གཞན་གང་ལའང་མྃ་ཆགྃས་མ་སྡང་བར་དགེ་བ་ལ་སྤྱོདྃ་ཅིང་འཁོར་གསུམ་དུ་དམིགས་པས་མ་ཞེན་པར་སྒྱུ་མ་ལྟ་བུའི་ཚོགས་གཉིས་ལྃ་གོམས་སུ་འཇུག་པ་ནི་དོན་དམ་པའི་རྗེྃས་སུ་ཡིྃ་རངྃ་པའོ། །ཀུན་རྫོབ་ཚད་མེད་བཞི་དོན་དམ་རྟག་ཆད་ཀྱིས་དགྃ་པའིྃ་མཐྃའ་བཞིྃ་སྤྲོས་བྲལ་དྲིྃ་མྃ་མེྃད་པའི་གནས་ལུགས་ཀྱི་ངང་དུ་སྒྱུ་མ་ལྟ་བུའི་ལམ་བདེན་གྱི་ཚོགས་གཉིས་ཐམས་ཅད་རྫོགྃས་སྨིན་སྦྱངས་བའིྃ་བདེན་གཉིས་དབྱེར་མེད་བྱངྃ་ཆུབྃ་དུ་སེམྃས་བསྐྱེདྃ་པའོ། །བདེྃ་གཤེྃགས་འདས་པ་དབྃང་ཕྱུགྃ་ད་ལྟ། སེམྃས་ཅནྃ་མ་འོངས་པའི་སངས་རྒྱས་རྣམས་ལྃ་འབྲས་བུ་མངོན་དུ་གྱུར་པ་དང༌། དབང་དང་བྱིན་རླབས་ཀྱི་སྣོད་དུ་རུང་བ་དང༌། གཞན་དོན་མཐར་ཕྱིན་པའི་དགོྃས་པྃ་གསུྃམ་ཐོབ་པའི་ཕྱིར་བདག་འཛིན་གྱིས་བཅིངས་པའི་ལུསྃ་གཅེས་འཛིན་བློས་བཏང་སྟེ་དབུྃལ་ལོྃ་སྙམ་པས་བདག་མེད་རྒྱལ་བའི་ཞིང་དུ་སྤྱོད་ནུས་པ་དང༌། བདག་ཉིད་གཅིག་པ་དང་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གསུམ་གྱིས་འཁྲུལ་པ་ཚེྃ་རབྃས་ཐོག་མར་བགྲངྃས་ཏེ་དེ་ནས་ད་ལྟའི་བར་གྱི་བསམ་པ་ཡིད། སེམས་པ་ལུས་ངག་གི་དཀར་པོའི་ལསྃ་རྣམྃས་ཀུནྃ་སྙིང་རྗེའི་ཐབས་མཁས་དང་ཤེས་རབ་ཟུང་འཇུག་གིས་གཅིག་ཏུ་བསྡུསྃ་ཏེྃ་རྫོགས་པའི་བྱངྃ་ཆུབྃ་ཆེནྃ་པོརྃ་ཐོབ་པའི་རྒྱུར་བྃསྔོ་བ་སྟེ་ཡན་ལག་བརྒྱད་དོ། །དེ་དག་གིས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རང་ལ་བསྡུས་ཏེ་དངོས་གྲུབ་མཆོག་གི་སྣོད་རུང་དུ་གྱུར་པའོ། །བཞི་པ་གཏོར་མ་བཏང་བ་ལ། བསྙེན་པ་ལ་འཇུག་པའི་ཐོག་མ་དང༌། སྒྲུབ་ཆེན་དང་སྒྲུབ་པའི་སྐབས་འདིར་ཐ་ཚིག་ལ་གནས་པའི་དཀར་ཕྱོགས་ཀྱི་དགེ་བསྙེན་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། དགེ་བའི་ལས་ལ་བར་དུ་གཅོད་པའི་ནག་ཕྱོགས་ལ་གཏོར་མས་བརྔན་ཏེ་བསྐྲད་པ་ནི། སྟོན་པ་སངས་རྒྱས་པའི་སྔ་ལོགས་བདུད་ཀྱིས་བར་ཆད་བརྩམས་པའི་ཚེ། ས་ཡི་ལྷ་མོས་རྫོགས་སྨིན་སྦྱངས་མཐར་སོན་པའི་དཔང་པོར་ཞུས་པ་དང༌། ཐེག་ཆེན་ཐུན་མོང་ལྟར་ན་སྲོད་ལ་བྱམས་པའི་ཏིང་ངེ་འཛིན་དང༌། རྒྱུད་རྣམས་ཀུན་གྱི་གླེང་གཞི་དེ་བཞིན་གཤེགས་པས་གཤིན་རྗེ་དང་ཁྲོ་བོ་མི་གཡོ་བ་དང་སྒྲོལ་མ་བཅས་སྤྲུལ་པའི་སྟོབས་ཀྱིས་བདུད་བཏུལ་བ་དང་མཚུངས་ཏེ། ཧཱུྃ་གི་སྒྲ་ནི་འཇོམས་པ་ལ་འཇུག་པས་ཧཱུྃྃ་ཞེས་བརྗོད་པ་དང་རང་ཉིད་བགེགས་ཚོགས་ཐམས་ཅད་འཇོམས་བྱེད་སྤྱི་དཔལ་ཆེན་པོ་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་བཟོད་པར་དཀའ་བའི་གཟི་བྱིན་ཅན་གྱི་ང་རྒྱལ་གྱིས་ཐུགས་ཀའི་འོད་ཀྱིས་མགྲོན་རྣམས་མདུན་དུ་བཀུག་ལ། དངོས་སུ་བཤམས་པའི་གཏོར་མ་ཡོད་ན་རྫས་སྔགས་ཏིང་འཛིན་གསུམ་ལྡན་གྱིས་བྱིན་གྱིས་བརླབས་ཏེ་སྔགས་ཀྱིས་བསྔོས་ལ་བཀའ་བསྒོ་བ་ནི། མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས་བདག་དང་བདག་གིར་འཛིན་པའི་གཉེན་པོར་ངྃ་ནིྃ་རྡོ་རྗེའི་ཡེ་ཤེས་ཀྱི་མཚོན་ཆས་ལོག་རྟོག་འཇོམས་པའི་ཁྲོ་རྒྱལ། ཆོས་ཅན་འཁོར་འདས་ཡོངས་ལ་འདོད་རྒུར་དབང་བསྒྱུར་བའི་སྤྱིྃ་དཔྃལ་ཆེནྃ་པོྃ་ཆོས་ཉིད་གདོད་ནས་དག་པས་བདུད་ཚོགས་ཉིད་དང་ནམ་ཡང་ལྷན་ཅིག་མི་གནས་པའི་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་སྟེྃ། བདག་གིས་དེའི་གོ་འཕང་བྱངྃ་ཆུབྃ་ཆེན་པོ་སྲིད་ཞིའི་མཐའ་ལ་མི་གནས་པར་བསྒྲུབྃ་པ་ལྃ་བརྃ་དུ་གཅོདྃ་པ་ནི་སྒྲིབ་པའི་དྲི་མ་དང་བཅས་པའིྃ་སེམས་བདུད་དང་གནོདྃ་བྱེདྃ་རྒྱུ་འབྲས་ལོགྃ་པར་སྤྱོད་པས་སེམས་ཅན་ངན་འགྲོར་འདྲེྃན་པའི་འབྱུངྃ་པོྃ་རྣམྃས་སྟོང་དང་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་མཁོ་དགུའི་གཏོྃར་མྃ་སྔོན་གྱི་ལན་ཆགས་སྦྱང་བའི་ཕྱིར་བྱིན་པ་འདི་ལོངྃས་ལྃ་གནས་འདིར་མ་འདུག་པར་རྒྱ་མཚོ་ཆེན་པོའི་མཐར་ཕྱིརྃ་དེངྃས་ཤིྃག །གལྃ་ཏེྃ་བཀྃའ་བསྒོ་ཞིང་བརྔན་སྟེར་བས་མ་ཚིམས་པར་ལུས་སེམས་མ་རུངས་པས་ད་དུང་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བརྩམས་ཏེ་རྡོ་རྗེའི་སྲུང་འཁོར་གྱི་རྭ་བས་མཚམས་བཅད་པ་ལསྃ་འདྃའ་བར་བྱེདྃ་པ་རྣམྃས་ཡེ་ཤེས་རོལ་པའི་མཚོན་ཆས་བརྡུངས་ཏེ་ཡན་ལག་གི་མཆོག་མགོྃ་བོྃ་ཨརྫ་ཀའི་འབྲས་བུ་བཞིན་ཚལྃ་པྃ་བརྒྱྃར་འགྃས་ཤིངྃ། ལུསྃ་ནིྃ་རྡུལྃ་ཕྲནྃ་བཞིྃན་དུྃ་བཤིྃག་སྟེ་བཅོམ་ངེས་པས་བག་ཡོད་པར་གྱིས་ལ་སོངས་ཤིག །ཅེས་བརྗོད་པ་དང་དྲག་སྔགས་མེ་དཔུང་མ་བཟླ་ཞིང་ནག་པོའི་ཚོགས་འདུལ་བའི་ཏིང་ངེ་འཛིན་གྱིས་གཟིར། བགེགས་ཚོགས་འཇོམས་པའི་ཐུན་ཡུངས་ཀར་གྱི་ཆར་འབེབས་པ་དང་བཅས་བརྡེགས་ཏེ། ཨོཾྃ་བྃཛྲྃ་མྃ་ཧཱྃ་ཀྲོྃ་དྷྃ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སྟེ་སྤྱི་དཔལ་ཧེ་རུ་ཀ །པྃདྨྃ་ཀྲོྃ་དྷཱིྃཤྭ་རིྃ་ནི་པདྨ་དབྱིངས་ཕྱུག་མ་སྟེ་ཡུམ་གནམ་ཞལ་མ། བྃཛྲྃ་ཀཱིྃ་ལིྃ་ཀཱིྃ་ལྃ་ཡྃ་ནི་ཡབ་ཡུམ་གཉིས་ཀྱི་འབར་བའི་ཕྱག་མཚན་རྡོ་རྗེ་ཕུར་པའི་ཆར་ཆེན་པོ་དང༌། མྃ་ཧཱྃ་ཡྃཀྵ་སྤྲུལ་པའི་ཕོ་ཉ་གནོད་སྦྱིན་ཆེན་པོ། ཀཱྃ་ལ་རཱུྃ་པྃ་ནག་པོའི་གཟུགས་ཅན་སྤྲོས་ཏེ། ཀྃརྨྃ་རཾྃ་རཾྃ་ཕྲིན་ལས་མེ་དཔུང༌། ཛྭྃ་ལྃ་རཾྃ་འབར་བའི་མེ་དང་བཅས་པས་ཧཱུྃྃ་ཕཊྃ་ནག་ཕྱོགས་འཇོམས་ཤིག་ཅེས་པའོ། །བསྙེན་མཚམས་སྐབས། འདི་ནས་དཀར་གཏོར་དང་གསེར་སྐྱེམས་ཕུལ་ལ། མཚམས་ཐོ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་དང་བཅས་པར་བསྐྱེད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་བས་དགྱེས་བཞིན་བཞུགས་པས་བར་ཆད་སྲུང་བར་བསམ་ཞེས་རིག་འཛིན་ཡབ་བཀའི་བསྙེན་ཡིག་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པ་དང༌། ལྔ་པ་སྲུང་འཁོར་ནི། བསྙེན་མཚམས་དང་སྒྲུབ་ཆེན་སྐབས་འདིར་རྒྱལ་ཐོ་བཞག་ནས་ཉིན་རེ་བཞིན་རྒྱལ་ཆེན་བཞིའི་དམག་དཔུང་གིས་ཕྱོགས་བཞི་སྲུང་བར་གསལ་ཞིང་མཆོད་གཏོར་འབུལ་བ་ནི་ཕྱི་མཚམས་བཅད་པ་དང༌། ཧཱུྃྃ་ནི་སྡུག་བསྔལ་འཇོམས་ཤིང་འཆོས་པ་ལ་འཇུག་པས་དེ་ཉིད་བརྗོད་པས་སྡུག་བསྔལ་གྱི་བདེན་པའི་རྒྱུ་འབྲས་ཀྱི་རང་གཟུགས་གདོན་བགེགས་འཇོམས་ཤིང་བར་ཆད་མི་འཇུག་པར་འཆོས་པའམ་སྲུང་བའི་ཕྱིར་བདྃག་ཉིདྃ་ལས་ཀྱི་ཁྲོ་བོ་ཞེྃ་སྡངྃ་རྡོྃ་རྗེྃ་ཡིྃ་སྤྱནྃ་མིགྃ་གཡས་གཡོན་ཉིྃ་ཟླའིྃ་འོད་རྣོན་འབྃར་བའི་སྡང་མིག་གི་མེ་ཆུའི་ཟེར་གྱིས་གཟིར་ཞིངྃ་ཞབས་རྡོ་རྗེའི་འགྲོས་དང་གསུང་ཧཱུྃ་ཕཊ྄་ཀྱི་ང་རོ་བཅས་པས་སྣང་སྲིད་མེ་དཔུང་འབར་བས་བགེགས་ཚོགས་བསྲེྃགས་པར་བསམ་པ་འབར་བ་སྟངས་སྟབས། དབུས་སུ་སྣང་སྲིད་གནམ་ལྕགས་ཀྱི་འཁོར་ལོའི་རྩིབས་བཅུ་པའི་ནང་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་གན་རྐྱལ་བྱས་པ་ལ། སྔར་ཐུགྃས་ལསྃ་མྱོས་པའི་ཁྲོྃ་བོྃའི་ཚྭྃ་ཚྭྃ་སྤྲོསྃ་པ་རྣམས་ཚུར་འདུས་པ་ལས། ཧཱུྃ་ཀ་ར་སོགས་ཁྲོ་རྒྱལ་བཅུ་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་བུའི་རྣམ་པས་གདོན་ཚོགས་གཟིར་ཞིང་མནན་པས་རྟོག་མེད་བདེ་ཆེན་དུ་བརྒྱལ་བར་བསམ་པ་འཁོར་ལོ། འཁོར་ལོའི་ཕྱི་རོལ་སྟོངྃ་གསུྃམ་ཐམས་ཅད་ཡེ་ཤེས་ཀྱི་སྤྲུལྃ་པའིྃ་མེྃ་ཁ་དོག་ལྔ་འབར་བ་ཡིསྃ། གདོན་བགེགས་བག་ཆགས་བཅས་སྲེག་པར་བྱེད་པའི་མེ་ལྕེས་འགེངྃས་བར་བསམ་པ་སྲེག་བྱེད་མེའི་མཚམས། ཕྱོགྃས་མཚམྃས་ཐམས་ཅད་རྡོ་རྗེ་འཁོར་ལོ་ཕུར་བུ་ཐོ་བ་རལ་གྲིའི་མཚོྃན་ཆྃ་འཆོྃལ་བའི་འཁོར་ལོ་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བསྃ་གཏམྃས་པར་བསམ་པ་མཚོན་ཆ་འཆོལ་བའི་མཚམས། ནམ་མཁའ་ས་གཞི་ཐམས་ཅད་ཁྲོ་བོ་ཁྲོ་མོའི་སྤྲིན་ལྟར་ཁྱབ་པར་བསམ་པ་ཁྲོ་བོ་རོལ་པའི་མཚམས། བདྃག་རྟོག་གི་རང་གཟུགས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་མེདྃ་སྤྲོས་བྲལ་སྟོངྃ་ཉིད་བདེ་བ་ཆེན་པོརྃ་མཚྃམས་བཅྃད་དོྃ་སྙམ་པ་གསང་མཚམས་ཏེ་ལྔ་པོ་ནང་མཚམས་བཀའ་བརྒྱད་ཀྱི་སྒོས་ཆོས་སུ་གསུངས་པ་དེ་དག་ལས་དང་པོས། རང་སེམས་སྐྱེ་འགག་མེད་པའི་གཞི་རྩ་བཅད་པས་བགེགས་བདེན་མེད་དུ་ཤེས་པ་དང༌། རྣམ་པ་སྲུང་འཁོར་རྣམས་དེ་དག་གཅིག་ལ་གཅིག་གིས་མི་སྒྲིབ་ཅིང་གསལ་ལ་མ་འདྲེས་པ་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་ངོར་ཤར་བ་གསལ་བཏབ་པར་གསུངས་ཤིང༌། སྔགས་དོན་ནི། ཨོཾྃ་གྱིས་ཐོག་དྲངས་སཱུྃརྻྃ་ཙྃནྡྲྃ་ཉི་མ་ཟླ་བ། བྃཛྲྃ་ཀྲོྃ་དྷྃ་རྡོ་རྗེ་ཁྲོ་བོ། ཛྭྃ་ལྃ་རཾྃ་རཾྃ་འབར་བ་མེ། ཙྃཀྲྃ་ཝྃརྟིྃ་སྲུང་བའི་འཁོར་ལོ། མྃ་ཧཱྃ་ཀྲོྃ་དྷྃ་ཁྲོ་བོ་ཆེན་པོ། སྃརྦྃ་དུྃཥཊཾྃ་བགེགས་ཐམས་ཅད། ཨེྃ་དབྱིངས་སྟོང་ཉིད་ཀྱི་ཀློང་དུ་ཧཱུྃྃ་ཕཊ་ཀྱིས་སྲུང་ཞིང་གཏོར་བའི་དོན་དུ་སྟེ་སྲུང་འཁོར་ལྔ་དང་ཕྱི་ནང་གསང་མཚམས་བཅད་པ་སྔགས་ཀྱིས་ཀྱང་བརྟན་པར་བྱ། དྲུག་པ་བརྡ་སྒོ་ཕྱག་བཤགས་པ་དང་དམ་བཅའ་བཞིའི་ལས་རིམ་ནི། སྤྲོས་པ་ལ་དགའ་ན་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདེ་གཤེགས་སྤྱི་བཤགས་བརྗོད་པས་རྟོག་འཁྲུལ་ཉམས་པའི་དངོས་གྲུབ་ཀྱི་གེགས་རྣམས་བཤགས་ལ་ཡིག་བརྒྱ་བཟླ། བསྡུ་ན་ཏིང་འཛིན་གྱིས་བཤགས་ཡུལ་གསལ་བཏབ་པས་ཀྱང་རུང་ལ་ཚིག་དོན་ནི། ཧཱུྃྃ་ཞེས་ཐུགས་སྲོག་བརྗོད་པས་སྣོད་བཅུད་གདོད་ནས་དག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་སད་པར་མོས་པས། སྣང་སྲིད་ལྷ་དང་གཞལ་ཡས་ཁང་དུ་གནས་ཀྱང་མྃ་རིགྃ་པའི་དབང་གིས་གཟུང་འཛིན་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་འཁྲུལ་པས་སྣོད་བཅུད་ཐ་མལ་དུ་ཞེན་པའི་ལིངྃ་ཏོགྃ་གི་སྒྲིབ་གཡོགས་རང་རིག་ཆོས་ཉིད་མངོན་སུམ་མཇལ་བའི་ཡེྃ་ཤེསྃ་ཀྱི་ཐུརྃ་མསྃ་དབྱེྃ་བས་དག་པ་རྡོ་རྗེའི་སྤྱན་ཐོབ་སྟེ། ཚད་མེད་བཞིའི་སྒོ་བཞི་ཤག་གིས་ཕྱེ་བས་སྣོད་བཅུད་ལྷའི་འཁོར་ལོར་གདོད་ནས་རྫོགས་པའི་སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་རང་རྩལ་དཔལ་ཆེན་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇལ་བ་ལ་དད་མོས་ཤུགས་བསྐྱེད་པ་ཀུན་རྫོབ། དེ་ཡང་རང་སེམྃས་གཞིར་གནས་ཀྱི་ཆོས་ཉིདྃ་དང་དག་པ་ཡེ་ཤེས་ཀྱི་ལྷྃ་སྐུརྃ་བཟང་ངན་གཉིས་མེད་དུ་རྟོགྃས་པསྃ་དོན་དམ་གྱི་བརྡྃ་ཕྱགྃ་འཚྃལ་ཞིང༌། སྔར་བྱས་སྒོ་གསུམ་འགྃལ་འཁྲུལྃ་དང་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལ་ཉམས་ཆག་གྱུར་པའི་ཉེས་ལྟུང་ལ་གནོང་འགྱོད་བྱ་བ་སུན་འབྱིན་པའི་སྟོབས་སམ་གནོང་འགྱོད་དྲག་པོས་བཤགས་པ། སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱོར་བའི་དམ་ཚིག་དངོས་གྲུབ་ཀུན་གྱི་གཞི་ཡིན་པ་ཤེས་རབ་དང་ཏིང་འཛིན་གྱིས་རྟོགས་སྒོམ་མ་བྱས་པའི་ནོངྃས་པསྃ། ཐུན་མོང་ཁྱད་པར་རྩ་བ་ཡན་ལག་ཉིང་ལག་གི་ཉམས་ཆག་ཅི་དང་ཅི་བགྱིས་པ་ཀུན་ཡིད་ལ་བྱ་བ་ཉམས་པའི་བརྡ་སྦྱར་བའི་བཤགས་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་བྱུང་བའི་ཡེ་ཤེས་ཆེན་པོའི་མེའི་འོད་ཟེར་བདག་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་བསྲེགས་པར་མོས། དོན་ལ་སྡིག་སྒྲིབ་དངོས་པོར་མ་གྲུབ་པས་དམིགས་མེད་ཆོསྃ་སྐུྃ་རོ་མཉམ་ཆེན་པོའིྃ་ཀློངྃ་དུྃ་བཤྃགས་པའི་བྱ་བྱེད་ལས་འདས་པའི་དོན་ལ་བློ་བཞག་པ་ཤེས་རབ་ཆེན་པོས་རང་བཞིན་མེད་པར་བཤགས་པ་ཞེས་ཀུན་འདུས་རིག་པའི་མདོ་ལས་གསུངས་པའི་སྡིག་སྦྱོང་གི་སྒོ་བཞིས་རྒྱུད་དག་པར་བྱས་པས། འགྲོ་བ་ཐམས་ཅད་རང་བཞིན་རྣམ་དག་གི་ལྷའི་བདག་ཉིད་དམ་ཚིག་པ་དང་སངས་རྒྱས་རྣམས་སྒྲིབ་བྲལ་ཆོས་སྐུ་ཡེ་ཤེས་སེམས་དཔའ་གཉིས་མེད་རོ་མཉམ་ཆེན་པོའི་ལྷ་ནི་སྲིད་ཞིའི་སྤྱི་དཔྃལ་ཆེྃན་པོ་སྟེ་གདོད་ནས་རང་དང་འདུ་འབྲལ་མེད་པར་ངོ་ཤེས་པས་དེ་མངོན་དུ་བྱེད་པའི་ལྟ་དགོངས་ཏིང་འཛིན་ཐམས་ཅད་ཀྱང་སྲོགྃ་གིྃ་ཕྱིརྃ་ཡངྃ་མིྃ་བཏངྃ་ངོྃ་ཞེས་དམ་བཅའ་བ་ནི་སྔགས་ཀྱི་སྡོམ་པ་ཡར་ལྡན་དུ་བྱེད་པས་དངོས་གྲུབ་ཐོབ་བྱེད་ཀྱི་རྩ་བའོ། །ཀུན་རྫོབ་བརྡ་སྒོ་ཕྱག་བཤགས་པ་ཐམས་ཅད་དོན་དམ་རང་བཞིན་གནས་པའི་ཡེ་ཤེས་རང་རིག་པས་མངོན་དུ་གྱུར་པ་ལ་འཁོར་གསུམ་དམིགས་མེད་དུ་ཚང་བས་ངོ་མཚར་བའི་དོན་གྱིས་ཨྃ་ལྃ་ལྃ་ཧོྃཿཞེས་བརྗོད་པའོ། །བདུན་པ་བྱིན་འབེབས་ནི། སངས་རྒྱས་རྣམས་འོད་ཟེར་ཆེན་པོའི་དབང་བསྐུར་བའི་མཛད་པ་དང་མཐུན་སྟེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཧཱུྃྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། རྡོ་རྗེ་ཐུགས་ནི་ཐོབ་བྱེད་པའོ། །ཞེས་པ་ལྟར་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡི་གེས་འགོ་དྲངས་ཏེ། སངས་རྒྱས་ཐམས་ཅད་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལྔ་ཡོངས་སུ་རྫོགས་པ་དཔྃལ་ཆེྃན་པོ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀུན་འདུསྃ་པའིྃ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷྃ་ཚོགྃས་རྣམྃས་དབྱིངས་ཡེ་གཉིས་མེད་ཆོསྃ་སྐུའིྃ་ཀློངྃ་ནསྃ་རང་བྱུང་ཀུན་ཁྱབ་ཀྱི་དམིགས་མེད་ཐུགྃས་རྗེྃའི་ནུས་རྩལ་ཤུགས་དྲག་དུ་བསྐྱེདྃ་པས་ཐུགས་རྒྱུད་བསྐུལ་ནས། ལོངྃས་སྐུྃ་ཁ་སྦྱོར་ཡན་ལག་བདུན་དང་ངེས་པ་ལྔ་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་བདུན་བརྒྱ་ཉེར་ལྔའི་ལྷ་སྔགས་ཕྱག་མཚན་གྱི་རྣམྃ་རོལྃ་ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཆེ་ཆུང་མ་ངེས་པ་ཁ་བ་བུ་ཡུག་འཚུབ་པ་བཞིན། མཛེས་པའི་གར། རྡོ་རྗེའི་གླུ། མེ་ཏོག་གི་ཆར། དྲི་ཞིམ་གྱི་ངད་པ་ཅིརྃ་ཡངྃ་བསྒྱུརྃ་བ་དང་བཅས་ཏེ་མཁའ་ཁྱབ་གཟུགས་སྐུའི་ཚུལ་དུ་བཞེངས་པ་ཆར་ཆེན་བབ་པ་བཞིན་བྱོན་ནས། སྤོས་རོལ་གདུང་དབྱངས་ཏིང་འཛིན་གྱིས་བསྐུལ་བས་བདག་གནས་ཡོ་བྱད་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ལྷག་པའི་ཏིང་འཛིན་གྱིས་སྤྲུལྃ་པའི་སྐུྃ་དང་ཞིང་གི་བཀོད་པའིྃ་དཀྱིལྃ་འཁོྃར་རྟེན་བརྟེནྃ་པརྃ་བཅྃས་པ་ལ་གཉིས་མེད་དུ་ཐིམ་པས་མཐུ་རྩལ་ནུས་པའི་ཆོ་འཕྲུལ་དཔལ་དུ་འབར་བས་ཡོངས་གྲུབ་ཡེ་ཤེས་དཀྱིལ་འཁོར་མངོན་དུ་གྱུར་པའི་དབྃང་བཞི་བསྐུརྃ་བ་དང༌། རྡོ་རྗེ་གསུམ་གྱི་བྱིནྃ་ཆེན་ཕོབྃ་ལ་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱི་ནང་གསང་བའི་རྟགྃས་མཚྃན་མྱུར་བར་སྟོནྃ་པར་མཛོད་ཅེས་ཚིག་གིས་བསྐུལ་ཞིང༌། ཁྲག་འཐུང་སྤྱི་སྔགས་རུ་ལུའི་ཛཔ་ལ། སྒྲ་འཇུག་ཚུལ་བཅུ་སོགས་གསུངས་པ་ལས། འདིར་སྤྱན་དྲངས་བར་ཤེས་པ་སྟེ་སརྦ་ཐམས་ཅད། སྃ་མྃ་ཡྃ་དམ་ཚིག་ཨྃ་བེྃ་ཤྃ་ཡྃ་ཕོབ་ཅིག །ཕེཾ་ཕེཾ། བརྒྱད་པ་མཆོད་པ་བྱིན་རླབས་ནི། བྱང་སེམས་སློབ་པས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱང་བའི་མཛད་པ་ལྟར། ཧཱུྃྃ་ཞེས་རང་ཉིད་གཉུག་མའི་ལྷ་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས། སྣོད་བཅུད་ལ་མ་དག་པའི་འཛིན་རྟོག་ཡེ་ནས་མི་དམིགས་པའི་ཆོས་ཉིད་སྟོང་པའི་དབྱིངྃས་ནསྃ་རིག་སྟོང་ཡེ་ཤེས་ཀྱི་རོལ་པ་སྦྱོང་བྱེད་རྡོ་རྗེའི་ཡིྃ་གེྃ་ཨོཾ་ཨཱཿཧཱུྃ་གི་འབྲུྃ་གསུྃམ་ཆརྃ་དུྃ་བབྃ་པས་དམིགས་རྟེན་གྱི་མཆོད་པ་གཙོ་བོར་གྱུར་པའི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྲེག་བྱེད་མེའི་ཡི་གེ་རཾ་གྱིས་མཆོྃད་རྫསྃ་གྱི་ཉེསྃ་པའི་སྐྱོནྃ་མྃ་དྃག་པ་བསྲེགྃས། ཡཾ་ལས་རླུང་གིས་དངོས་འཛིན་གྱི་འཆིང་བ་གཏོརྃ། ཁཾ་ལས་ཆུས་བག་ཆགས་ངན་པའི་དྲི་མ་བཀྲུསྃ་ཏེ་ཆོས་ཀུན་རང་བཞིན་གྱིས་དག་པའི་དོན་ལ་བློ་བཞག་སྟེ། བྷྲཱུྃྃ་ལསྃ་རིནྃ་པོ་ཆེའིྃ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་ཉེར་སྤྱོད་བདུན་སོགས་དང༌། ཨྃ་ལསྃ་བདེ་སྐྱོང་གི་བྷྃཉྫའིྃ་སྣོད་ཀྱི་ནངྃ་དུ་དབང་ལྔའི་མེ་ཏོག་སོགས་ཕྱིྃ་དང་ནངྃ་སྨན་གཏོར་རཀཏ་གསྃང་བ་གསུམྃ་གྱི་མཆོྃད་སྤྲིནྃ་རྣམས་རྣམ་པ་དམ་ཚིག་གི་རྫས་ཇི་ལྟར་འོས་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་ནུས་ཡོན་ཏན་བརྒྱ་ཕྲག་དུ་མའི་དཔལ་འཛིན་པས་ལྷ་རྣམས་མཉེས་བྱེད་ཀྱི་ཕུལ་དུ་གྱུར་བའི་རང་རིག་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཉག་གཅིག་གི་མཆོད་སྤྲིན་རྒྱྃ་མཚོྃར་ལྷུན་གྱིས་རྫོགས་པ་གྱུརྃ་པར་བསམ་ལ། ཐོག་མཐར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་ནི་དེའི་ཟག་མེད་ཡེ་ཤེས་ཀྱི་རོལ་པར་འཆར་བའི་བྱིན་རླབས་བསྐུལ་བའི་དོན། ཉེར་སྤྱོད་དང་འདོད་ཡོན་གྱི་སྔགས་དང༌། པཱུྃ་ཛྃ་མཆོད་པ། སྃ་མྃ་ཡྃ་དམ་ཚིག་སྟེ་མཆོད་པའི་དོན་སྤྱོད་པར་དམ་བཅའ་བ་སྟེ། མཆོད་རྫས་རྣམས་དཀྱིལ་འཁོར་ལྷས་སྤྱན་ལམ་བཏེགས་པ་ཙམ་གྱིས་དགྱེས་པས་བཞེས་ཏེ་དངོས་གྲུབ་ཀྱི་གནས་ལ་བསྐུལ་ནུས་པའི་བྱིན་རླབས་ཀྱི་རྒྱུན། སྭཱྃ་ཧཱྃ་ནི་གཞི་ཚུགས་པའི་དོན་དང༌། ནང་མཆོད་སྨན་ནི། རླུང་མེ་ཐོད་སྒྱེད་ལ་གནས་པའི་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔ་ཡིག་འབྲུ་ལྔས་མཚན་པ། རླུང་མེས་བསྐོལ་བས་ཉེས་སྐྱོན་སྦྱངས། ཉི་མ་འཆར་ཀའི་མདངས་ལྟར་ཞུ་བས་དམ་ཚིག་གི་བདུད་རྩིར་རྟོགས། འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་འདྲེས་པས་དམ་ཡེ་གཉིས་མེད་དུ་སྦར། རཀྟའི་སྣོད་བྷནྡྷ་ལྕང་ལོ་ཅན་དུ་ཁམས་གསུམ་གྱི་ཆགས་པའི་བཅུད་བསྡུས་པའི་ཁྲག་མཚོ་རྦ་རླབས་འཁྲུགས་པ་ལ། གཱིརྟི་དམར་མོའི་མཁའ་གསང་ནས་བབ་པའི་བདེ་རྒྱུན་གཅིག་ཏུ་འདྲེས་པ་དང༌། གཏོར་མ་སྤྱིར་བདུད་རྩི་ལྟར་ལ་ཟེགས་མ་ལས་འདོད་ཡོན་ལྔའི་མཆོད་སྤྲིན་ཟད་མེད་དུ་འཕྲོ་བར་བསམ་ལ་སོ་སོའི་སྔགས་ལན་གསུམ་རེ་བརྗོད་པའོ། །སྨན་བྱིན་གྱིས་རློབ་པའི་སྔགས་དོན་ནི། སྐུ་གསུང་ཐུགས་ཀྱི་ས་བོན་འབྲུ་གསུམ་ནི་སྦྱངས་རྟོགས་སྦར་བའི་ས་བོན། སྃརྦྃ་པྃཉྩྃ་ཨྃ་མྲྀྃ་ཏྃ་སྨན་དང་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན། ཧཱུྃྃ་དམ་ཚིག་གི་ངོ་བོ་ཞུ་བ། ཧྲཱིྃཿཡེ་ཤེས་ཀྱི་བདུད་རྩི་དགུག་པ། ཋྃ་གཉིས་སུ་མི་གནས་པ་གྲོལ་བ་སྟེ་དེས་ན་སྦྱངས་རྟོགས་སྦར་གསུམ་གྱིས་འཁོར་འདས་ཐམས་ཅད་ཡེ་ཤེས་ལྔའི་བདུད་རྩིར་དག་པས་གཙང་དམེའི་རྟོག་པ་ལས་གྲོལ་བར་བྱིན་གྱིས་རླབས་པའི་སྔགས་སོ། །གཏོར་མ་བྱིན་གྱིས་རློབ་པའི་སྔགས་དོན་ནི། ཨོཾྃ་ཨཱྃཿཧཱུྃྃ་སྔ་མ་དང་མཚུངས། མྃ་ཧཱྃ་བྃ་ལིཾྃ་ཏྃ་ནི་གཏོར་མ་ཆེན་པོ་སྟེ། ཕྱི་དམ་རྫས། ནང་ཕུང་པོ། གསང་བ་བྱང་ཆུབ་སེམས་ཀྱི་གཏོར་མ། ཏེྃ་ཛྭྃ་བྃ་ལིཾྃ་ཏྃ་ནི་ཐུགས་རྗེས་འགྲོ་བ་འདུལ་བའི་རྩལ་སྣང་གི་གཏོར་མ། དེ་ཁོ་ན་ཉིད་དབྱིངས་རིག་གཉིས་སུ་མེད་པ། བྷྃ་ལྃ་བྷྃ་ཏེྃ་དེ་གཉིས་མེད་རོ་གཅིག་ཏུ་སྦྱོར་བའི་དོན། གུྃ་ཧྱྃ་ནི་གསང་བ་སྟེ་ཕྱི་ནང་གསང་བ་དེ་ཁོ་ཉིད་དབྱེར་མེད་པའི་གཏོར་མའི་དོན་རྟོགས་ན་བྱུང་ཚོར་གྱི་རྟོག་པ་ཁྱབ་བརྡལ་ཆེན་པོ་དབྱིངས་སུ་དག་པའི་གསང་བའི་གཏོར་མ། སྃ་མྃ་ཡྃ་དེ་ཉིད་ལྷ་ལ་ཕུལ་བའི་ནུས་པས་ཉམས་ཆག་ཀྱི་རྟོག་སྒྲིབ་དབྱིངས་སུ་བསྐང་བའི་དོན། སྭཱཧཱ་མཆོད་པ་དེའི་དངོས་གྲུབ་འབྱུང་བའི་གཞི་ཚུགས་ཤིག །ཅེས་དང༌། རཀྟ་བྱིན་རླབས་ཀྱི་སྔགས་དོན་ནི། ཨོཾྃ་ཨཱྃཿཧཱུྃྃ་སྔར་ལྟར་ལ། མྃ་ཧཱྃ་རྃཀཏྃ་ཁྲག་ཆེན་ཏེ་འདི་ལ་དབྱེ་ན། ཀུན་རྫོབ་རྫས་ཀྱི་རཀྟ་ཉེར་ལྔ་སྟེ། རྡོ་ཤིང་རྩི་འབྲུ་མེ་ཏོག་གི་རཀྟ་ལྔ་ལྔ། གུ་ཧྱ་མཱུ་ལ་རཀྟ་ནི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཚང་བ་མི་རྒན་པོའི་སྙིང་ཁྲག །ཡན་ལག་བརྟན་པའི་རཀྟ་ལོང་རྩའི་ཁྲག །པདྨ་རཀྟ་སྐྱེས་པས་མ་གཙེས་པའི་མཚན་ལྡན་གྱི་རཀྟ། ཉོན་མོངས་འཁོར་བའི་རཀྟ་ཞིང་བཅུའི་སྙིང་ཁྲག །སྣང་བ་བརྡའི་རཀྟ་དམར་པོར་གྱུར་ཚད། སྃ་མྃནྟྃ་ཀུན་ཏུ་སྟེ་དེ་ཐམས་ཅད་འཁོར་འདས་ཀྱི་ཆགས་པ་ཆེན་པོའི་དྭངས་མ་འབར་ཞིང་འཕྲོ་བས་བཅུད་བསྡུས་པ། མྃཎྜྃ་ལ་ཟླུམ་པོའི་དཀྱིལ་འཁོར་རྣམ་པ་ལྷ་མོ་གཱིརྟི་མའི་བྷ་ག་ནས་བྱུང་བའི་རཀྟའི་རྒྱུན་གྱིས་ཁྲག་མཚོ་མི་རྟའི་རོའི་རྦ་རླབས་འཁྲུགས་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་དོན། ཧཱུྃ་གིས་བདེ་བ་ཆེན་པོའི་བཅུད་བསྡུས་པའི་ནུས་པས། ཕྃཊ་ཀྱིས་རྒྱུད་དྲུག་གི་རྟོག་པ་དབྱིངས་སུ་གཏོར་བའོ། །དེ་ལྟར་ཕྱི་ནང་གི་མཆོད་པ་བྱིན་གྱིས་མ་བརླབས་ན། ཡོན་ཆབ་ལ་དྲི་ཟ་ཉེ་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱན་སོགས་བགེགས་འཇུག་པས་ལྷ་མི་མཉེས་ཤིང༌། དངོས་གྲུབ་བསྒྲུབ་པའི་རྫས་སུ་མི་རུང་བ་བདེ་འདུས་ལས་གསུངས་ཤིང༌། ནང་མཆོད་རྣམས་ལའང་རྫས་སྔགས་ཏིང་འཛིན་གྱིས་མ་བརླབས་པར་འབག་བཙོག་གི་སྐྱོན་ཤོར་ན་རྩ་གསུམ་དམ་ཅན་འདུ་བའི་རྫས་སུ་མི་འགྱུར་བར་གསུངས་སོ། །གཉིས་པ་དངོས་གཞི་ལ། དཔལ་ཆེན་ཞལ་ལུང་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིད༔ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས༔ སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་འཁོར་ལོ་རུ༔ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ༔ མ་ཧཱ་ཡོ་གའི་གྲུབ་མཐའ་རུ༔ སྤྱི་དཔལ་ཆེན་པོ་ངས་བཤད་དོ༔ ཞེས་ལམ་གྱི་སྤྱི་ཆིངས་སུ་བསྟན་པའི་རིམ་པ་དང་པོ་ལའང༌། བསྐྱེད་པའི་ངོ་བོ་རིམ་གྱིས་ཏེ༔ ཞེས་གསུངས་པ་ལྟར། རྟེན་ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་གཉིས་ལས། དང་པོ་ལའང༌། རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང༌། ཐུགས་རྒྱུད་བསྐུལ་བ་བཟླས་པའི་རིམ་པ་གཉིས་ལས། དང་པོ་དཀྱིལ་འཁོར་བསྐྱེད་པ་ལ་ཡང༌། དཔལ་ཆེན་ཞལ་ལུང་ལས། དེ་ལ་མ་ཧཱ་ཡོ་ག་ནི༔ དོན་དམ་མ་སྐྱེས་ཆོས་ཉིད་རྩལ༔ ཏིང་འཛིན་གསུམ་གྱི་ཆོ་འཕྲུལ་ལས༔ སྣོད་བཅུད་འཛིན་ཞེན་སྦྱང་བའི་ཕྱིར༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ ཞེས་གསུངས་པ་ལྟར། རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དབང་བསྐུར་རྒྱས་གདབ་ཀྱི་རིམ་པའོ། །དང་པོ་ནི། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཚེ་སྣོད་བཅུད་འོག་མིན་གྱི་ཞིང་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་པ་དང་མཚུངས་པར་སྦྱང་གཞི་སྣོད་བཅུད་ཆགས་པའམ་སྐྱེ་བ། སྦྱོང་བྱེད་སྒོང་སྐྱེས་སྦྱང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ། སྦྱངས་འབྲས་གཟུགས་སྐུ་མངོན་དུ་བྱེད་པའི་ཚུལ་ཏེ། ཏིང་འཛིན་རྣམ་གསུམ་འདི་བསྐྱེད་རིམ་གྱི་མདོ་ཆིངས་ཆེན་པོ་སྟེ། འདི་ལྟར་རང་བཞིན་གྱི་ཆོས་ཉིད་ལ་རྟོག་བཟོས་མ་བཅོས་པའི་རིག་པ་ངོ་བོ་ཉིད་ཀྱིས་སྟོང་ཡང༌། མདངས་ཀྱིས་གསལ་བའི་ལྷག་མཐོང་གི་རིག་རྩལ་ལམ་སྣང་ཆ་ཐམས་ཅད་དག་པ་རབ་འབྱམས་ཡོངས་གྲུབ་ཆེན་པོའི་དཀྱིལ་འཁོར་དུ་གསལ་གདབ་ཤེས་ན་རིག་པ་གཅིག་གི་ཀློང་དུ་ཏིང་འཛིན་རྣམ་གསུམ་ཡེ་རྫོགས་སུ་བཞུགས་པ་མངོན་དུ་བྱས་པས་ཤིན་ཏུ་ཟབ་པ་སྙིང་ཐིག་འདིའི་མན་ངག་ལུགས་ལྟར་དང༌། དེ་ལྟར་བློར་མ་ཆུན་ན། ཧཱུྃྃ་ནི་སྤྱིར་སྐུ་གསུང་ཐུགས་བྱེ་བྲག་ཐུགས་ཀྱི་སྙིང་པོ་རུ་གསུངས་པ་ཏིང་འཛིན་གསུམ་ཀ་མཚོན་པ་སྟེ། སྤྱིར་སྐྱེ་གནས་བཞི་ཀ་སྦྱང་བའི་བསྐྱེད་རིམ་ཐམས་ཅད་ལ་ཏིང་འཛིན་གསུམ་གྱིས་ཁྱབ་ཀྱང༌། ཁྱད་པར་འདི་ནི་སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ཡིན་པས་ཏིང་འཛིན་རྣམ་གསུམ་རིམ་ཅན་དུ་སྒོམ་པ་སྟེ། དང་པོ་དེ་ཏིང་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རངྃ་བྱུངྃ་གི་རིགྃ་པའིྃ་ངོ་བོ་ནི་དངོས་དང་དངོས་མེད་བདྃག་རྟོག་གི་ཡུལ་དུ་མི་གནས་པའམ་མེདྃ་པ་སྟོང་ཉིད་རང་བཞིན་གྱི་འོད་གསལ་ཇི་ལྟ་བ་དྲན་པར་བྱས་པས་འཆི་སྲིད་ཆོས་སྐུར་སྦྱོང་ཞིང་རྟག་ལྟ་དང༌། གཟུགས་མེད་ཁམས་དག་པར་བྱེད་པས་དེྃ་བཞིྃན་ཉིདྃ་ཀྱི་ཏིང་ངེ་འཛིན་ཞེས་བྱ། དབྱིངས་རིག་སྟོང་པ་ཆེན་པོ་དེའི་རོལྃ་རྩལྃ་འགྲོ་བ་ཀུནྃ་ལ་སྙོམས་པར་སྣངྃ་བའི་སྙིངྃ་རྗེྃ་ཆེནྃ་པོྃ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པ་ནི་ཆད་ལྟ་དང༌། གཟུགས་ཁམས་ལས་རྣམ་པར་གྲོལ་ཞིང་མཆེད་པའིྃ་ཡེ་ཤེས་བསམ་མི་ཁྱབ་པས་བར་སྲིད་ལོངས་སྐུར་རྫོགས་པའི་གཞི་འདིང་བས་ཀུན་སྣང་གི་ཏིང་འཛིན་དང༌། ཟུང་འཇུག་སྲིད་ཞི་ཀུན་ཁྱབ་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུྃ་ཡིྃ་རིགྃ་པའིྃ་ངོ་བོ། རྣམ་པ་དཔལ་ཆེན་པོའི་ཐུགས་སྲོག་ཧཱུྃྃ་ཡིག་མཐིང་ནག་སྐར་ཆེན་ལྟར་འབར་ཞིང་འོད་འཕྲོ་བ་ནམ་མཁའི་དཀྱིལ་དུ་ཤར་བ་རྒྱུའི་ཏིང་འཛིན་ཏེ། སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང༌། འདོད་ཁམས། སྐྱེ་བ་སྤྲུལ་པའི་སྐུར་སྨིན་པར་བྱེད་དེ་འདི་གསུམ་ནི་བསྐྱེད་རིམ་སྤྱིའི་ཁོག་ཕུབ་ཐུན་མོང་མ་ཡིན་པ་སྟེ། དག་རྫོགས་སྨིན་གསུམ་གྱི་གནད་དོན་དེ་ལྟར་ཤེས་པས་དངོས་གཞི་སྒོམ་པའི་སྐབས་ཧཱུྃ་ཞེས་བརྗོད་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་རིག་པའི་མྱོང་བ་ཡོད་ན་དེ་ཉིད་དང་མྱོང་བ་མེད་ཀྱང་སེམས་སྣང་མེད་ལ་ཅུང་ཟད་བཞག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་སེམས་དུང་ངེ་བྱ། ཟུང་འཇུག་དེའི་ངང་ནས་ས་བོན་ཧཱུྃ་དུ་ལམ་གྱིས་སྒོམ་པ་སྟེ་མྱོང་ཁྲིད་བྱེད་ན་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་ཞག་གིས་བཅད་པའི་དམིགས་པ་བཟུང་ཞིང༌། རྒྱུའི་ཧཱུྃ་ཡིག་རོ་རས་ལ་བྲིས་པ་མདུན་དུ་བཀྲམ་སྟེ་ཞི་གནས་ཀྱི་སེམས་སྒྲུབ་པ་སོགས་བཀའ་བརྒྱད་ཀྱི་སྒོམ་ཁོག་ཏུ་གསུངས་པ་ལྟར་ཡིན་ཀྱང༌། དེང་སང་མོས་སློབ་ཙམ་གྱི་གཟུགས་བརྙན་ལའང་ཏིང་འཛིན་རྣམ་གསུམ་འདི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་དག་དྲན། སྨོས་པ་ཙམ་ལ་གསལ་འདེབས་བརྟན་པོ་བྱས་ན་རྟེན་བརྟེན་པའི་དཀྱིལ་འཁོར་སོ་སོའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་སོགས་མ་ནུས་ཀྱང་ཏིང་འཛིན་གསུམ་གྱི་དག་རྫོགས་སྨིན་གསུམ་ཚང་བར་ཤེས་ན་དེའི་བསྐྱེད་པའི་ལམ་གྱིས་གནད་དོན་འདུ་བར་གསུངས་པས་གལ་ཆེ་བར་སེམས་སོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ལ། རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ནས། །ཀུན་ཏུ་བཟང་པོས་བདེ་བ་དངོས། །རྣམ་པ་ལྔ་པོ་སྒོམ་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱོང་སོགས་པ། །རིམ་པ་འདི་ཡིས་སྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོར་བ་འདོད། །ཅེས་གསུངས་པ་ལྟར། བསྐྱེད་རིམ་ཡན་ལག་དྲུག་གི་དང་པོ་གཞལ་ཡས་ཁང་སྒོམ་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། རྟེན་སྐུ་བརྟེན་པ་ཡེ་ཤེས་སུ་གྲགས་པ་ལྟར་ཟག་མེད་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཆ་ནས་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་སྟེ། དེ་ཉིད་ལྷར་བཞེངས་པ་རྣམ་སྣང་ཡིན་པའི་རྒྱུ་མཚན་གྱིས་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས་སུ་གྲགས་པ་ལྟར་ཡན་ལག་དང་པོ། ཐོག་མར་རྟེན་གཞལ་ཡས་ཁང་སྒོམ་པ་ནི། འདི་མན་ཆད་མངོན་རྟོགས་ནི་སྒོམ་དོན་ཙམ་ལས་ཧ་ཅང་ཡི་གེ་མང་བར་དོགས་ནས་འབྲུ་འགྲེལ་མ་བྲིས་པས། ཐོག་མར་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ། དབྱིངས་དེ་ཉིད་ཀྱི་ཕྱག་རྒྱ་ཡུམ་ལྔར་དག་པ་མཚོན་ཕྱིར་རྒྱུའི་ཧཱུྃ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པ་ལ་ཧཱུྃ་ཡིག་ཉིད་སྐད་ཅིག་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ངོ་བོ་སེམས་ཉིད་སྟོང་གསལ་ཀ་དག་ལ། རྣམ་པ་རྒྱུའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང་ཨ་འཐས་ཐེར་ཟུག་མ་ཡིན་པ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བས་ཆོས་ཀྱི་དབྱིངས་གང་བའི་ཆོ་འཕྲུལ་ཅན། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ་ཞབས་དོར་སྟབས་ཀྱིས་ནམ་མཁའི་དབྱིངས་སུ་བཞེངས་པར་བསྒོམ། དེའི་ཐུགས་ཀ་ནས་འབྱུང་ལྔ་དག་པ་ཡུམ་ལྔའི་ས་བོན་འོག་ཏུ་རིམ་བརྩེགས་སུ་ཆད་པ་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ། ཨེྃ་ལས་སྣང་ཆ་གསལ་ཞིང་གོ་འབྱེད་པ་ཐབས། སྟོང་ཆ་ཤེས་རབ་གཉིས་སུ་མེད་པ་འབྱུང་བ་ནམ་མཁའི་དྭངས་མའི་ཡོན་ཏན་བསྡུས་ཏེ་ཞུ་བ་ལས་ཐམས་ཅད་དབྱིངས་ཕྱུག་ནམ་མཁའ་གྲུ་གསུམ། ཡཾྃ་ལས་སྒྲོལ་མ་གཡོ་བ་རླུང་རྒྱ་གྲམ། རྃ་ལས་མཱ་ཀི་གཤེར་བ་རཀྟའི་རྒྱ་མཚོ་ཟླུམ་པོ། སུཾྃ་ལས་སྤྱན་མ་སྲ་བརྟན་ཞིང་ཆེན་གྱི་ས་གཞི་གྲུ་བཞི། ཀེཾྃ་ལས་རུས་པའི་རི་རབ་གྲུ་བཞི་བང་རིམ་བཞི་ལྡན་གྱི་སྟེང་ཁ་ཁྱེར་གྲུ་བཞི་པ། ས་མཚམས་གཅོད་བྱེད་ཕྱི་མཐར་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུའི་སྲུང་འཁོར་གྱི་ནང་དུ་བསྐོར་བའི་དབུས། རཾྃ་ལས་གོས་དཀར་དྲོ་བའི་ཁམས་འབར་བའི་མེ་ལྕེ་ཀུན་ཏུ་འཁྱིལ་བའི་ཀློང་དུ། ཧཱུྃ་ཡིག་མཐིང་ག་ཐམས་ཅད་འཇོམས་ཤིང་གསོད་པའི་ས་བོན་ལས་རྡོ་རྗེའི་རྭ་བའི་ནང་དུ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་བླུགས་ཀྱི་བར་མཚམས་ཆུང་བ་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཞུ་ལུགས་སུ་འབྲེལ་བའི་བྲག་ཆེན་སྲ་ཞིང་འཐས་པའི་སྟེང༌། བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ཆད་པ། བྷྲཱུྃྃ་ཡེ་ཤེས་ལྔའི་ས་བོན། རྃཏྣྃ་རིན་པོ་ཆེ། བྷྃཉྫྃ་ཐོད་པ། ཛྙཱ་ནྃ་ཡེ་ཤེས། ཙྃཀྲྃ་འཁོར་ལོ། མྃཎྜྃ་ལ་དཀྱིལ་འཁོར་ཏེ་བྷྲཱུྃ་ཞེས་པས་རྣམ་པ་གང་ལྟར་སྣང་ཡང་དོན་ལ་མ་དག་པའི་ཕུང་ལྔ་གཟུགས་ཕུང་ལ་བརྟེན་པས་ངག་ཡིད་ཀྱི་གཞི་ལུས་ཡིན་པ་དང༌། འབྲས་བུ་ཆོས་དབྱིངས་ཡེ་ཤེས། ཡེ་ཤེས་གཞན་བཞིའི་འཕྲོ་གཞི། ལམ་དག་པ་ལྷ་རྣམས་ཀྱི་གནས་རྟེན་ཞིང་དང་གཞལ་ཡས་ཁང་ཡིན་པས་གང་དུ་སངས་རྒྱས་པའི་ཞིང་གི་སྒྲོན་མ་བཀོད་པ་བཞིན་ཕྱི་རིན་པོ་ཆེ། ནང་ཐོད་པའི་གཞལ་ཡས་ཁང༌། དོན་ཡེ་ཤེས་ལྔའི་རང་བཞིན་རྣམ་སྣང་གི་བདག་ཉིད་གཞལ་ཡས་ཁང་སྒོམ་པ་སྟེ། རྡོ་རྗེ་རྭ་བའི་ནང་ཕྱོགས་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ལྗང་གུ །གེ་སར་དམར་པོ་ཟིལ་ཕོད་དང་བཅས་པའི་སྟེང་ཉི་དཀྱིལ་དྭངས་གསལ་རྒྱ་གེ་སར་དང་མཉམ་པ། དེའི་དབུས་སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང་ག་གྲུ་བཞི། དེ་ལས་ཐོན་པའི་རྭ་བཅུ་གཉིས་ཕྱོགས་མདོག་རྭ་དབུས་མའི་རྩེ་གེ་སར་དང་མཉམ་པའི་དབུས་སུ་རྒྱུའི་ཧཱུྃ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ཆད་པ་གནས་གྱུར་པ་ལས་ཡེ་ཤེས་ཀྱི་སྤྲུལ་པའི་གཞལ་མེད་ཁང་གི་ནང་ནས་རིམ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་ལྔ་སྦྲགས་རེག་ལ་མ་འབྱར་བ། དེའི་ནང་དུ་ཁ་ནས་མེ་འབར། སྣ་ནས་དུད་པ་འཕྱུར། སྤྱུགས་གླུའི་ཙེར་སྒྲ་སྒྲོག་པའི་ཐོད་པ་སྐམ་རློན་རྙིད་གསུམ་རྩིག་པ་རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་པ་གྲུ་བཞིའི་རྩིག་པ་ཕྱི་ནང་གཉིས་ཀ་ཕྱོགས་བཞིར་ཧར་བཏོན་པའི་སྒོ་བཞིའི་གཡས་གཡོན་ནས་མདུན་དུ་ཕྱིར་འཐེན་པའི་སྒོ། དེའི་རྩིག་སྣེ་གཉིས་ནས་ངོས་སུ་འབྱེད་པ་སྒོ་ཁྱུད། དེའི་ངོས་ནས་མདུན་དུ་འཐེན་པ་སྒོ་ལོགས། སྒོ་ལ་རྒྱུའི་རྟ་བབ་སྒོར་འཇུག་པའི་ཕྱི་ནང་གི་ཐེམ་སྐས་བཞི་བཞི་བརྒྱད། འབྲས་བུའི་རྟ་བབ་སྒོ་སྟེང་ཀ་བ་བཞིས་བཏེགས་པའི་བརྒྱད་ནི། གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པའི་རྟ་རྐང༌། རིན་པོ་ཆེ་དམར་པོའི་པད་འདབ་ཀྱི་ཆུ་སྐྱེས། རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ། སྣ་འཕྱང་ལས་འཕྱང་བའི་རིན་པོ་ཆེའི་དྲྭ་མིག་གི་ཟར་ཚགས། གཞི་སོ་སོ་ལ་རིན་པོ་ཆེའི་ཕྲ་བཏབ་པའི་སྣ་འཕྱང༌། གཞི་བར་སྟེང་ལ་སེང་མགོའི་ཁ་ནས་འཕྱང་བའི་དྲྭ་ཕྱེད་ལ་ཆུན་འཕྱང༌། གཞི་སྔོན་པོའི་སྟེང་དཀར་པོའི་ཤར་བུས་བསྒྲིགས་པ། བྱ་འདབ་དང་འདྲ་བའི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་ཀྱི་རྒྱ་ཕུབ། མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆ་གཅིག་དེ་ཉིད་མིག་གསུམ་པའི་དབུས་མར་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དྲྭ་བ་དྲྭ་ཕྱེད། སྒོའི་ཡ་ཕུབ་ཀྱི་རྩིག་པའི་མདུན་དུ་བླ་རེ་བསིལ་ཁང་གི་ས་གཞི་དང་རྟ་བབ་འདེགས་བྱེད་ཀྱི་གདུང་དང་བཅས་པ་ཕྱོགས་མདོག །བསིལ་ཁང་གི་སྟེང་དབུས་པདྨ་ལ་གཙོ་བོ་མཚོན་པའི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ན་ངེས་པའི་དོན་མཚོན་པའི་གཟེར་བུ་ནོར་བུའི་ཏོག་ཅན་གྱི་གདུགས་ནང་དུ་ཅོད་པན་ཅན་དང༌། གཡས་གཡོན་དུ་འཁོར་མཚོན་བྱེད་གསེར་གྱི་རི་དྭགས་ཕོ་མོའི་གཟུགས། དྲང་དོན་མཚོན་པའི་གཎྜི་དང་ཐབས་ཤེས་ཀྱི་རྡོར་དྲིལ་ཡང་བཞག་པར་གསུངས། གཞལ་ཡས་ཁང་གི་རྩིག་པའི་ཕྱི་རོལ་རྨང་གཞི་འགྲམ་སྟེགས་ཀྱི་ཚུལ་རཏྣའི་འདོད་སྣམ་དམར་པོ་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་གི་བར་འཁོར་བའི་སྟེང༌། ཤར་སྟོད་དུ་པི་ཝཾ་མ་སྔོན་མོ་དང༌། གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང༌། རྫ་རྔ་མ་ལྗང་གུ །དེ་བཞིན་ལྷོར་སྒེག་མོ་སྔོན་མོ་དང༌། བཞད་མ་དམར་མོ་རང་རྒྱ། གླུ་མ་སེར་མོ་ཏིང་ཤག །གར་མ་ལྗང་གུ་གར་རྒྱ། ནུབ་དུ་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ། བྱང་དུ་གཟུགས་མ་དཀར་མོ་མེ་ལོང༌། རོ་མ་དམར་མོ་ཟས་གཞོང༌། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་སྟེ་རྡོ་རྗེའི་ལྷ་མོ་བཅུ་དྲུག་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེས་མཚན་པ། རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་ཁ་བད་ཀྱི་ཚུལ་དུ་ཕྱིར་འཕྱང་བ། ཕ་གུའི་སྟེང་ཀ་ཐུང་ཞུ་དང་བཅས་པས་བཏེགས་པའི་གསེར་གདུང་རྩིག་པའི་ཕྱི་མཐའ་དང་ཁད་མཉམ་པ། གདུང་དང་འདེགས་ཀྱི་ཕྱི་ངོས་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞིས་བཏབ་པ་ལ། གསེར་སྐུད་དཀྲིས་ཏེ་འཕྲེད་ལས་འཐེན་ནས་བཅིངས་པས་དྲ་བ་ནང་དུ་མི་འགྲོ་བའི་སྐ་རགས་བཞི། ནང་གི་ཐོག་ཕུབ་ཀྱི་ཕྱམ་རྣམས་གསེར་གདུང་ལ་བཀལ་བའི་སྣེར་ཙི་པཏྲའི་གདོང་བརྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་འགུགས་གཅིག་ནས་གཅིག་གི་བར་སྦྲེལ་བ་དང༌། ཁའི་དབུས་ནས་ཐུར་དུ་དཔྱངས་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་དྲྭ་ཕྱེད་ཕ་གུ་ལ་རེག་ལ་ཁད་ཙམ་དུ་དཔྱངས་པ། གཞན་ཡང་མེ་ཏོག་གི་ཕྲེང་བ། དར་དཔྱངས་མེ་ལོང་ཟླ་ཕྱེད་རྔ་ཡབ་རླུང་བསྐྱོད་དང་བཅས་པས་བརྒྱན་པས་མཛེས་པ། འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུ་ཕྲེང་བ་དཀར་པོ་བསྒྲིགས་པ། བྱ་འདབ་ཀྱི་རྩ་བ་གནོན་བྱེད་རིན་པོ་ཆེའི་སྤང་ལེབ་དཀར་པོ་སྟག་སོ་རིས་རིམ་པ་གསུམ་པའམ་བཞི་ཡོད་པ་བསླང་ནས་བསྒྲིགས་པ་པུ་ཤུ་མཆོད་རྟེན་བརྩེགས་སུ་བསྒྲིགས་པའི་མདའ་ཡབ་དང༌། ཐོག་ཕུབ་ལ་གཞལ་ཡས་ནང་གི་ཀ་བ་ཕྱོགས་རེར་གཉིས་གཉིས་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་མཚམས་འཕེལ་ཀ་བསྒྲིགས་ནས་བཏང་བའི་སྣེ་བརྒྱད་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས་གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁད་མཉམ་པའི་སྟེང་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། སྟེང་དུ་རིན་པོ་ཆེའི་སྤང་ལེབ་ཀྱི་དྲལ་མ། ཐོག་སའི་ཚུལ་དུ་རིན་པོ་ཆེ་གཅལ་དུ་བཀྲམ་པས་བྱ་འདབ་དང་ཁོད་མཉམ་པ་རེའུ་མིག་དབུས་མ་མཐོང་ཀ་བཞག་པའི་ཟུར་བཞིར་ཁང་བུ་བརྩེགས་པ་མཛེས་པས་བཏེགས་པའི་སྟེང་རྒྱ་ཕིབས་བཀལ་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་འབར་བའི་ཏོག་གི་མཚན་པ། གཞལ་ཡས་ཁང་ནང་མ་དུར་ཁྲོད་དྲག་པོའི་ཕོ་བྲང་མི་མགོའི་རྩིག་པ་རིམ་གསུམ་ལ། བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད། ཤ་ཆེན་གྱི་འདོད་སྣམ། ཉི་ཟླའི་ཀ་གདན། ཆུ་སྲིན་གྱི་ཁའི་ཀ་གཞུ། ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་མ། གཟའ་ཆེན་བརྒྱད་ཀྱི་ཕྱམ། རྒྱུ་སྐར་གྱི་དྲལ་གཟེབ། འདི་དག་རྣམ་པ་ལྷ་ཀླུ་ཆེན་པོའི་གཟུགས་ལ་ངོ་བོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡིན་ཞེས་བཀའ་མ་རྟ་མགྲིན་ཐུགས་དྲིལ་གྱི་ལས་བྱང་ལས་གསུངས་པ་ལྟར་དང༌། རྒྱུ་རློན་དང་རྒྱུས་པའི་དྲྭ་ཕྱེད། ཐོད་ཚལ་གྱི་ཆུན་འཕྱང༌། མི་རོའི་འཕན་གདུགས་སོགས་འཇིགས་ཤིང་རྔམས་པའི་རྒྱན་གྱིས་སྐྱི་གཡའ་བ། ཕྱི་རོལ་དུ་བསིལ་བ་ཚལ། སྐུ་ལ་རྫོགས། ཧེ་ཆེན་རོལ་པ། གསང་ཆེན་རོལ་པ། པདྨ་བརྩེགས། ཡ་མ་ཁ། ཁུ་བྱུག་ཀློང༌། འཇིག་རྟེན་མངོན་རྫོགས་ཏེ་དུར་ཁྲོད་ཆེན་པོ་བརྒྱད་ལ་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང༌། ཞིང་སྐྱོང༌། ཆུ་ཀླུང༌། སྤྲིན། རི། མཆོད་རྟེན། མེ། རིག་འཛིན་གྲུབ་ཐོབ། ཤ་ཟ་འབྱུང་པོ་བྱ་གཅན་རོ་དང་ཀེང་རུས་ཀྱིས་གང་བ་དང༌། རྡོ་རྗེའི་སྲུང་འཁོར་གྱི་ཕྱི་རོལ་ཡེ་ཤེས་བསྐལ་པའི་མེ་ལྕེ་ཁ་དོག་ལྔ་པ་འབར་ཞིང་འཁྲུགས་པའོ། །དེ་ལྟར་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ཞིང་ཆེན་ཡེ་ཤེས་ཀྱི་རོལ་པ་ཀུན་བརྟགས་ཀྱི་བློས་བཅོས་ཤིང་བཏགས་པ་ཙམ་མ་ཡིན་པ་གདོད་ནས་ལྷུན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རང་སྣང་འོག་མིན་གྱི་ཞིང་ཁམས་སུ་བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བརྡ་དོན་རྟགས་གསུམ་སྤྱི་ལྟར་ཤེས་པ་ལ་གོམས་པས་བར་ཆད་མེད་ལམ་མངོན་དུ་གྱུར་ནས་འབྲས་བུ་རང་སྣང་དོན་གྱི་འོག་མིན་གྱི་ཞིང་ལ་སྦྱོར་བའི་ཐབས་རྨད་དུ་བྱུང་བའོ། །གཞལ་ཡས་ཁང་གི་དབུས་ལྟེ་བ་ལ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི་དབུས་ཀྱི་ལྟེ་བའི་ཆར་ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཆོས་འབྱུང་ཟུར་གསུམ་སྟེང་རྡོ་རྗེའི་བྲག་ཆེན་འབར་བའི་ནང་འགྲོ་བ་སྙིགས་དུས་ཀྱི་བཀོད་པ་ཅན་གྱི་རྩེར་དུག་ལྔ་དག་པའི་བརྡར། དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ །གདུག་པ་གཟིག །གཏུམ་པོ་དོམ། སྟོབས་ལྡན་གླང་ཆེན། བརྗིད་པ་མ་ཧེ། འཛིན་པ་ཆུ་སྲིན། ཞེ་སྡང་སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་ལྷ་ཀླུའི་དྲེགས་པ་ཆེན་པོ་བརྒྱད་བརྫིས་པའི་འོག་སྐྱོན་གྱིས་མ་གོས་པའི་པདྨ་དང་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ཁྲི་དང་བཅས་པའོ། །དེ་ཉིད་སླར་ཡང་སྔགས་ཀྱིས་གསལ་བཏབ་སྟེ་རུྃ་ཏྲྃ་དྲག་པོ། ཀྲོྃ་དྷཱིྃ་ཁྲོ་མོ། ཏིྃ་རྃ་རོ། བཾྃ་རོའི་ས་བོན། པཾྃ་ས་བོན། པྃདྨྃ་མྃཎྜ་ལ་པདྨའི་དཀྱིལ་འཁོར་དེས་འགྲེས་ཏེ། མྃ་སཱུྃརྻྃ་མྃཎྜྃ་ལ་ཉི་མ། ཨྃ་ཙྃནྡྲ་མྃཎྜྃ་ལ་ཟླ་བའི་གདན་བརྩེགས་མར་བསྒོམ་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། དང་པོ་གཙོ་བོ་བསྐྱེད་པ་ནི། ཡན་ལག་གཉིས་པ་རྗེས་སུ་ཆགས་པ་ནི་ཧེ་རུ་ཀའི་རིགས་རྡོ་རྗེ་འཆང་སྟེ་དེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གསུངས་པ་ལྟར་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་རྒྱུ་དང་འབྲས་བུའི་ཧེ་རུ་ཀར་བཞེངས་ནས་གཙོ་འཁོར་ཐམས་ཅད་སྤྲོ་བསྡུས་བྱེད་པོ་ཡིན་ཅིང་དག་བྱ་དག་བྱེད་དག་འབྲས་ཀྱི་གནད་ཀྱང༌། དཔལ་ཆེན་ཞལ་ལུང་ལས། བདེ་བ་ཆེན་པོའི་མཁའ་ཀློང་དུ༔ ཐབས་ཤེས་རྒྱུ་ཡི་ཧེ་རུ་ཀ༔ བདེ་སྟོང་ཆེན་པོར་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི༔ འཕྲོ་འདུའི་བཀོད་པ་ཅིར་ཡང་སྣང༔ དུག་ལྔ་ཆགས་འཛིན་བྲལ་བར་སྦྱངས༔ འཕགས་པ་མཆོད་ཅིང་གཞན་དོན་བྱས༔ དེ་ཚེ་ཉོན་མོངས་བདུད་བཅོམ་མོ༔ དེ་ཡང་ཆགས་སྡང་འཛིན་རྟོག་ཀུན༔ གཉིས་མེད་རང་བྱུང་ཡེ་ཤེས་རྩལ༔ སྤང་ཐོབ་བྲལ་བའི་ཆོས་ཉིད་ལ༔ དགག་སྒྲུབ་ཕྱོགས་ལྷུང་ལས་འདས་པས༔ བསླུ་བྲིད་ལྷ་བུའི་བདུད་བཅོམ་མོ༔ རྡོ་རྗེ་ཕུང་པོའི་ཡན་ལག་ལྔ༔ རྫོགས་པའི་སངས་རྒྱས་ལྔར་ཤེས་ཤིང༔ རྣམ་དག་ལྷ་ཡི་སྐུར་གྱུར་པས༔ ཐ་མལ་ཕུང་པོའི་བདུད་བཅོམ་མོ༔ ཚོགས་གཉིས་འབྲས་བུའི་ཐུས་ཀ་ལས༔ བསྐྱེད་རྫོགས་གདེང་གྱུར་སངས་རྒྱས་ཏེ༔ དེ་ལས་སྐྱེ་དང་འཆི་བ་ཡི༔ རྣམ་རྟོག་རང་མཚན་མེད་པས་ན༔ འཆི་བདག་བདུད་ནི་བཅོམ་པའོ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པས་རྣམ་པ་སྦྱོར་སྒྲོལ་གྱི་སྤྱོད་པ་ངོ་བོ་ཡེ་ཤེས་ཀྱི་རྒྱས་ཐེབས་པས་དོན་ལ་དུག་གསུམ་གྱི་འཆིང་བ་གྲོལ་ཞིང་འབྲས་བུ་དཔལ་ཆེན་པོའི་གོ་འཕང་མངོན་དུ་བྱ་ཕྱིར། འབྲས་བུའི་མྱང་འདས་སངས་རྒྱས་ཀྱི་མཛད་པས་མ་དག་འཁོར་བའི་སེམས་ཅན་གྱི་བྱ་སྤྱོད་མ་སྤངས་ལམ་དུ་བྱེད་པ་སྟེ། རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་རྣམ་ཐར་སྒོ་གསུམ་གྱིས་དབྱིངས་ཁྱབ་པའི་འཁོར་འདས་ཀྱི་བྱེད་པོ་རིག་པ་བྱང་ཆུབ་ཀྱི་སེམས་རྒྱུའི་ཧེ་རུ་ཀའི་གཟུགས་སུ་ཤར་བས་དབྱིངས་རིག་བདེ་སྟོང་ཆེན་པོའི་སྦྱོར་བའི་འོད་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བདུད་རྩི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་མ་དག་འཁོར་བའི་ལས་ཉོན་དག་པ་བདེ་སྟོང་གི་ཡེ་ཤེས་ཆེན་པོ་སྦྱོར་བས་ཐ་མལ་དུག་ལྔ་སྦྱངས་ཤིང་ཧེ་རུ་ཀའི་གོ་འཕང་ལ་བཀོད། འཕགས་པ་རྣམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མཉེས་ཏེ་སྣོད་བཅུད་དག་པ་ཆེན་པོའི་རོལ་པར་སྦྱངས་བས་ཉོན་མོངས་པའི་བདུད་བཅོམ། བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་ནམ་མཁའི་གཟུགས་ཀྱི་དབྱིངས་སུ་རྒྱུའི་ཧེ་རུ་ཀ་དགག་སྒྲུབ་ཕྱོགས་ལྷུང་གི་རྟོག་པ་དང་བྲལ་བར་བཞུགས་པས་སྣང་གསུམ་འཕོ་བའི་སྒྲིབ་པ་དང་བྲལ་བས་ལྷ་བུའི་བདུད་བཅོམ། དབྱིངས་ཕྱུག་མས་ཞུ་བ་གླུ་བསྐུལ་གྱིས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ནས་ཐུགས་རྗེའི་རྩལ་གྱི་རྟོག་པ་གཡོས་ཏེ་འགྲོ་བའི་དོན་དུ་དཀྱིལ་འཁོར་སྤྲོས་ནས། གཟུགས་ཕུང་རྣམ་སྣང་གཤིན་རྗེ་གཤེད། ཚོར་བ་རིན་འབྱུང་ཆེ་མཆོག །འདུ་ཤེས་སྣང་མཐའ་རྟ་མགྲིན། འདུ་བྱེད་དོན་གྲུབ་ཕུར་པ། རྣམ་ཤེས་མི་བསྐྱོད་པ་ཡང་དག་གི་དཀྱིལ་འཁོར་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཙོ་འཁོར་གྱི་ཚོམ་བུ་བཀོད་པ་ཐ་མལ་གྱི་ཕུང་པོའི་བདུད་བཅོམ། རང་སྣང་ཡེ་ཤེས་ཀྱི་སྟོན་འཁོར་ངེས་པ་ལྔ་ལྡན་འབྲས་བུ་མཐར་ཐུག་གི་ལོངས་སྐུ་ལ་བསྐྱེད་རྫོགས་ཟུང་འཇུག་གི་སྦྱངས་འབྲས་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་པས་ཐ་མལ་སྐྱེ་འཆིའི་རྒྱུ་འབྲས་ལས་འདས་པས་འཆི་བདག་གི་བདུད་བཅོམ་པ་སྟེ་གནད་དོན་དེ་ལྟར་ཤེས་པས་སྒོམ་ཚུལ་དངོས་ནི། ནམ་མཁར་གནས་པའི་རྒྱུ་ཡི་ཧེ་རུ་ཀ་དཀྱིལ་འཁོར་དབུས་ཀྱི་གདན་ལ་བབ། ཆགས་པ་ཆེན་པོའི་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་རོ་དང་བདེ་བའི་སྒྲ་དང་བཅས་པའི་འོད་ཀྱིས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གཞན་གྱི་དོན་བྱས། སླར་ཉིད་ཀྱི་སྐུ་ལ་བསྡུས་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པ་ཧཱུྃ་ཡིག་གིས་མཚན་པ། བདེ་འདུས་གཞུང་ལས་དབྱིངས་ཕྱུག་མས་ཆོས་ཉིད་བསྟན་པའི་རང་སྒྲས་བསྐུལ་ཏེ་གསུངས། མཆན། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང༌། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ཀ་དབྱེར་མེད་པའི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་མདོག་མཐིང་ནག །དུག་གསུམ་གདོན་ཚོགས་འཇོམས་པའི་བརྡར་ཞལ་གསུམ། དབུས་མཐིང་གཡས་དཀར་གཡོན་དམར་རལ་པ་ཁམ་ནག་གྱེན་དུ་བརྫེས་པའི་དབུས་རྡོ་རྗེ་རྩེ་ལྔ་པའི་ཏོག་དང༌། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་ནང་རྒྱལ་བ་རིགས་ལྔ་བཞུགས་པ་ནི་ཞི་བ་རྡོ་རྗེ་དབྱིངས་གདན་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། སྤྱན་དགུ་སྡང་མིག་བསྒྲད་པ་དང༌། ཞལ་དྲག་ཏུ་གདངས་ཤིང་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་སྨར་སྨིན་ལས་མེ་འབར་བས་སྲིན་པོ་ལྟར་ཁྲོས་པ། ཕྱག་དང་པོ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་གཟུང་འཛིན་གྱི་མཚན་རྟོག་འཇོམས་པའི་བརྡར་རྡོ་རྗེ་དང༌། བཟོད་པའི་ཕར་ཕྱིན་རྫོགས་པས་དགྲ་བགེགས་ལ་སྙིང་རྗེའི་ཆགས་པ་མཚོན་པའི་བརྡར་དུང་ཁྲག་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་བསམ་གཏན་ཕར་ཕྱིན་བདེ་གསལ་མི་རྟོག་པའི་ཡེ་ཤེས་མཚོན་པའི་ཁ་ཊྭཱཾ་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་བསྲེགས་པའི་བརྡར་མེ་དཔུང༌། གཡོན་གཉིས་སྦྱིན་པའི་ཕར་ཕྱིན་གྱིས་ཚོགས་གཉིས་ཀྱི་ཞིང་ས་བཏུལ་བའི་བརྡར་ཐོང་གཤོལ་དང༌། ཚུལ་ཁྲིམས་རྒྱུད་ལ་བཟུང་ནས་མི་གཏོང་བ་མཚོན་ཕྱིར་ལྕགས་སྡིག་སྟེ་ཕར་ཕྱིན་དྲུག་རྫོགས་པའི་མཚོན་ཆ་བསྣམས་པ། ཚད་མེད་པ་དང་རྫུ་འཕྲུལ་རྐང་པས་ས་ལམ་མྱུར་དུ་བགྲོད་པའི་བརྡར་ཞབས་བཞི། ཤེས་རབ་ཀྱིས་སྤྲོས་པ་བྲལ་བའི་བརྡར་གཡས་བསྐུམ། ཐབས་མཁས་ཀྱིས་སྐྱོ་དུབ་དང་བྲལ་བའི་བརྡར་གཡོན་བརྐྱང་བ་གྱད་ཆེན་པོའི་དོར་སྟབས་ཀྱིས་ཆགས་སྡང་འཁྲུལ་རྟོག་གི་གཟུགས་རྒྱལ་འགོང་དང་བདུད་བཞི་བསྣོལ་བའི་སྤྱི་བོའི་སྟེང་ནས་བརྫིས་པ། ཐུགས་རྗེས་བཟུང་ནས་མི་གཏོང་བའི་བརྡར་ཆུ་སྲིན་གྱི་ཕྲག་ཁེབས་ནི་ཕྲག་པ་གཡས་གཡོན་དུ་ཆུ་སྲིན་གྱི་མགོ་ལྤགས་ཀྱི་སྟོད་ཁེབས་ལྟ་བུ་མིན་ནམ་དཔྱད། དཔུང་པ་གཡས་གཡོན་དུ་ཐབས་ཤེས་མཚོན་པའི་ཉི་ཟླ་འཆར་བ། ཐབས་ཤེས་དབྱེར་མེད་པའི་རྟགས་སུ་རྡོ་རྗེ་དང་རིན་པོ་ཆེའི་རང་བཞིན་ཁྱུང་གི་གཤོག་པ་གཉིས་བརྐྱང་བ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་གང་གིས་ཀྱང་མི་ཚུགས་པའི་བརྡར་དབང་གི་བསྭེ་ཁྲབ། རྡོ་རྗེ་ཁྲབ་ཅན་གྱི་སློག་པ། རྒྱ་གྲམ་བྱེའུ་ཆས་ ཆུང་ངུ་མང་པའི་ཁྲབ་ཡིན་ནམ་དཔྱད། མཆན། མཆེ་བ་ཟླ་ཚེས་ལྟར་གཙིགས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་སྟེ་དཔལ་ཆེན་པོའི་སྐུ་ལ་ཟག་མེད་ནང་གི་ཡོན་ཏན་མཚོན་པའི་རྒྱན་ཡེ་ནས་རང་ཆས་སུ་བཞུགས་པའི་དཔལ་གྱི་ཆས་བརྒྱད་དང༌། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་ཀོ་རློན་གྱི་སྟོད་གཡོགས། ཕྱི་ནང་གསང་གསུམ་སྡུད་པའི་གོས་སྟག་ཤམ་སྟེ་བགོ་བའི་གོས་གསུམ། ཀླུ་རིགས་ལྔའི་རྒྱལ་རིགས་དཀར་པོའི་དབུ་སྐྲ་བཅིང་བ་དང༌། རྗེ་རིགས་སེར་པོའི་སྙན་རྒྱན། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུན། དམངས་རིགས་ལྗང་གུའི་དོ་ཤལ་ཏེ་ཕྱག་ཞབས་ཀྱི་གདུ་བུ་རྒྱན་དང༌། ཡང་ན་དམངས་རིགས་སྔོ་ཁྲས་དོ་ཤལ། གདོལ་པའི་རིགས་ནག་ཁྲས་གདུ་བུ་མཛད་པ་ཡང་འབྱུང༌། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུའི་སེ་རལ། ཐོད་པ་ཚར་གསུམ་གྱི་ཕྲེང་བའི་ག་ཤལ་ཞེས་ཀྱང་འབྱུང༌། ཐོད་པ་ཚལ་བུའི་དཔུང་རྒྱན་ཏེ་འདོགས་པའི་རྒྱན་གཉིས། དུར་ཁྲོད་ཀྱི་ཆས་བརྒྱད་དེ་འདི་རྣམས་གཞན་དང་ཅུང་ཟད་འདྲ་མིན་རོལ་པ་ཆེན་པོའི་གཏོར་ཟློག་ལྟར་ཡིན། མཁུར་ཚོས་སུ་རཀྟའི་ཐིག་ལེ། ཨོག་མར་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་སྟེ་བྱུག་པའི་རྩི་གསུམ། སྔོན་བྱུང་རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཀྱི་ཆས་དཔལ་ཆེན་པོའི་སྐུའི་རྒྱན་དུ་བཞེས་པས་རྒྱལ་བྱེད་དཔའ་རྟགས་ཀྱི་ཆས་ཡོངས་གྲགས་དུར་ཁྲོད་ཆས་བརྒྱད་དོ། །སྙིང་ཐིག་རང་གཞུང་ལྟར་བརྩིས་ན་དུར་ཁྲོད་ཀྱི་ཆས་བཅུས་སྐུ་ལ་བརྒྱན་པ། སྤྱི་གཙུག་ཏུ་རྡོ་རྗེའི་བྱ་ཁྱུང་ལྡིང་བ་སྟེ་སྤྱིར་དཔལ་ཆེན་ཞལ་ལུང་ལས། དེ་ཡང་རིག་པས་བསྐྱེད་པའི་ལྷར༔ རང་རྒྱུད་རྩིས་གདབ་མེད་པའི་ཕྱིར༔ རྟོག་པ་འདུལ་བའི་གཉེན་པོ་རུ༔ གཙོ་དང་འཁོར་གྱི་རོལ་པ་དང༔ ཞལ་ཕྱག་རྣམ་འགྱུར་མཐའ་ཡས་པའི༔ རྟགས་དང་དོན་གྱི་བརྡ་མཚོན་ནས༔ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་དུ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱིས༔ གདམས་པ་གདིང་དུ་གྱུར་པ་ལ༔ བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཞེས་སོགས་གསུངས་པ་ལྟར། གཙོ་འཁོར་ཞི་ཁྲོ་རྒྱན་དང་ཕྱག་མཚན་སོགས་རིག་རྩལ་ཡེ་ཤེས་ཀྱི་རོལ་པ་གང་འདུལ་འདོད་དགུར་འཆར་བར་རང་རྒྱུད་ཐ་མལ་གྱི་འཛིན་པ་དག་པ་དང་རྒྱན་དང་ཕྱག་མཚན་གྱི་དོན་རྟགས་བསྐྱེད་རིམ་ཁྲིད་ཟིན་ཕལ་ཆེར་དུ་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་ཧ་ཅང་ཡིག་ཚོགས་ཐལ་བས་མ་བྲིས་སོ། །ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐྲ་དཀྲོལ་ཞིང་བུ་མ་འབུར་བ་གསང་བའི་ཆུ་སྐྱེས་རྒྱས་པ་སོགས་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་དང་བཅས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་འདོད་ཆགས་དབྱིངས་སུ་དག་པའི་བརྡར་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཉིས་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང༌། གཡས་བརྐྱང་བའི་སྟབས་ཀྱིས་སྙོམས་པར་ཞུགས་པ། གཟིག་ཤམ་དང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་དུ་སྦྱོར་ཞིང་བཞུགས་པའོ། །གཉིས་པ་འཁོར་གྱི་ཚོགས་བསྐྱེད་པ་ནི། གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨ་སྦྱོར་བས་ཆགས་པའི་བརྡ་བཞིས་བསྐུལ་ཏེ་འཁྱུད་སྡོམ་སྤྲད་པས་སྦྱོར་བ་སྟེ་དགའ་བཞི་ཉམས་སུ་མྱོང་ནས་མཁའ་གསང་བྱིན་གྱིས་བརླབས་པ་དང༌། གདན་དང༌། ས་བོན་སྤྲོ་བའི་བྱ་བ་གསུམ་བྱས་པས་ཚིམ་སྟེ་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་སྟོང་གསུམ་སྤྲུལ་པའི་ཁྲོ་བོས་གང༌། དྲེགས་པ་ཅན་རྣམས་ཚར་བཅད་དབང་དུ་བསྡུས། ཐམས་ཅད་དཔལ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་སྙོམས་འཇུག་གི་བདེ་བའི་བཅུད་དུ་ཞུ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཧཱུྃ་ཡིག་བརྒྱད་དུ་གྱུར་པ་མཁའ་གསང་ནས་སྤྲོས་ཏེ་ཕྱོགས་མཚམས་སུ་འཁོར་ལོའི་རྩིབས་བརྒྱད་ཀྱི་སྟེང་དུ་རང་སྒྲ་བཅས་བབ་པ་ཡོངས་སུ་གྱུར་པ་ལས་ཤར་དུ་ཐུགས་རྡོ་རྗེ་ཡང་དག་མཐིང་ག་ལ་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ། ལྷོར་ཡོན་ཏན་རྡོ་རྗེ་གཤིན་རྗེ་སེར་ནག་ལ་གཤེད་ཆེན་སྡེ་བཞི། ནུབ་ཏུ་གསུང་རྡོ་རྗེ་རྟ་མགྲིན་དམར་ནག་ལྷོ་བྱང་དུ་སྲས་ཕྲ་མེན་གཉིས། ཤར་ཏུ་རྡོ་རྗེ་དང་པདྨ་གར་དབང༌། བྱང་དུ་ཕྲིན་ལས་རྡོ་རྗེ་ཕུར་བ་ལྗང་ནག་ལ་རིགས་བཞིའི་སྲས་མཆོག །ཤར་ལྷོར་བླ་མེད་ཧེ་རུ་ཀ་སྔོ་ནག་ལ་དབྱིངས་ཀྱི་མ་དྲུག །ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་དཀར་པོ་རིགས་ཀྱི་རིག་འཛིན་བཞི། ནུབ་བྱང་དུ་དྲེགས་འདུལ་མཐིང་ནག་དང༌། བྱང་ཤར་སྟོབས་ལྡན་ནག་པོ་ལ་འདིའི་ཡུམ་གྱི་ཕྱག་གཡས་གཟུགས་ཁམས་འདེགས་ཚུལ་གྱེན་དུ་བསྟན་པ། གཡོན་འདོད་ཁམས་གནོན་པས་སྦུབ་པའོ། །མཆན། དྲེགས་པའི་སྡེ་དཔོན་བཞི་སྟེ་ལས་བྱང་རྩ་བར། ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞེས་གསུངས་པས་བཀའ་བརྒྱད་བདེ་འདུས་ཀྱི་བསྐྱེད་རྫོགས་ཆུང་ངུར་རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང༌། གཏེར་གཞུང་གི་ལས་བྱང་རྣམ་བཤད་དུ་འདི་ལྟར་གསུངས་པས་དེ་བཞིན་བཀོད་པ་ཡིན་ལ། དཔལ་དགུའི་ཡུམ་རྣམས་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག་གྲི་ཐོད་ཅན་རུས་རྒྱན་དང་ཐོད་ཕྲེང་རྒྱན་ལྡན། ཡབ་རྣམས་དཔལ་དང་དུར་ཁྲོད་ཆས་གཙོ་བོའི་སྐབས་ལྟར་དང༌། རིག་འཛིན་ཞི་མ་ཁྲོ། དབུ་སྐྲ་ནག་པོ་ཐོར་ཚུགས་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན། ཟི་ལྡིར་དར་གྱི་སྨད་གཡོགས། རུས་པའི་རྒྱན་དྲུག །དར་གྱི་ཕོ་ལོང་བསྒྲིལ་བའི་གདན་ལ་བཞེངས་པ། གཞན་རྣམས་པད་ཉི་དགྲ་བགེགས་ཕོ་མོའི་གདན་དང་བཅས་པའི་གཙོ་འཁོར་ཀུན་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་ལྟེ་བར་ཧཱུྃ་ལ་རང་སྔགས་ཀྱིས་གཡས་སུ་བསྐོར་བར་གསལ། གཞལ་ཡས་ཁང་གི་སྒོ་བཞིར་སྒོ་མ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞི་དཀར་སེར་དམར་ལྗང་བཞིས་ཕྱག་རྒྱ་བཞི་བསྣམས་པ་ཁྲོ་མོའི་ཆས་ཅན་དུ་གསལ་བ་དང༌། ཕྱག་རྒྱ་རྒྱས་པའི་སྐབས། དཔལ་ཆེན་པོ་དབུ་དགུ །ཕྱག་བཅོ་བརྒྱད། ཞབས་བརྒྱད་ཅན་རྩ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དུང་ཁྲག །ཕྱག་གཡས་བརྒྱད་སེམས་དཔའ། གཡོན་བརྒྱད་སེམས་མ་བརྒྱད། ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ། རིགས་ལྔ་ཡབ་ཡུམ་དབུ་རྒྱན་དུ་རྫོགས་པས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་གསུངས་འཁོར་གསལ་ཁ་མི་འདུག །ལས་བྱང་གཞུང་དུ། བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ ཞེས་གསུངས་པས། དེ་ལྟར་ཚོམ་བུ་དགུའི་ལྷ་གཙོ་འཁོར་རགས་རྩིས་ཀྱི་བདུན་བརྒྱ་ཉེར་ལྔའི་གྲངས་རྩི་ཚུལ་ནི། ཆེ་མཆོག་ལ་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ། ཁྱམས་ལ་ཁྲོ་བོ་བཅུ། སྒོར་མཐར་བྱེད་བཞི་སྟེ་གཙོ་འཁོར་ཉེར་བཞི། ཡང་དག་ལ་རིགས་བཞི་ཡབ་ཡུམ། ཕྱོགས་མཚམས་བརྒྱད་དུ་གཽ་རཱི་བརྒྱད་དང༌། སིང་ཧ་མ་བརྒྱད་སྤེལ་ཏེ་བཞུགས་པ། སྒོར་རྟ་གདོང་མ་སོགས་བཞི་སྟེ་གཙོ་འཁོར་སུམ་ཅུ། ཡང་དག་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་གསང་བའི་རྔེའུ་ཆུང༌། གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ། ཞབས་བརྒྱད་ཅན། འཁོར་དངོས་བསྟན་གཽ་རི་བརྒྱད་ཚོགས་བརྒྱད་དག་པ་ཅན་གསུངས། གཤིན་རྗེ་གཤེད་ཀྱི་འཁོར། གཙོ་བོའི་གཡས་སུ་སྒྲོལ་ཡུམ། རྩིབས་ལ་གཤེད་བཞི་ཡབ་ཡུམ། ཁྱམས་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། སྒོར་གདོང་མོ་བཞི། གཤིན་རྗེ་ཞལ་གསུམ་ཕྱག་དྲུག་གིས་རྡོ་རྗེ་འཁོར་ལོ་རལ་གྲི་གཡས། བེ་ཅོན་གཏུན་སྡིགས་མཛུབ་གཡོན། ཞབས་བཞི། ཡུམ་སྙིང་དང་གྲི་ཐོགས་པ་རྒྱན་དང་སྤྲུལ་པའི་ལྷ་ཡོངས་རྫོགས། ལས་གཤིན་བཞི། གཤེད་ཆེན་བཅུ་གཉིས། ཟླ་ཞག་གཤེད་བདུད་མོན་པ་ཀིང་ཀང་བཅས་གསུངས་པ་ཕྱོགས་མཚམས་སུ་དགུ་རེ་འདུག སྟེ་གཙོ་འཁོར་སོ་དགུ །སྒོམ་ཁོག་ཆེན་མོར་གཤེད་བཞི་ལའང་སྒྲོལ་ཡུམ་བཤད་པ་ལྟར་ན་ཞེ་གསུམ། རྟ་མགྲིན་ དབུ་ལྔ་ཕྱག་བཅུ་དྲུག་གི་གཡས་རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོ་རལ་གྲི་རྡོ་རྗེ་ཕྲེང་བ། གཡོན་བརྒྱད་ལ་ཕྱག་མཚན་དགུ་འདུག་པ་ཁྱུང་ཁྲ་ཐབས་སུ་འགྱེད་པ་ལས་ཕྱག་གིས་མ་བསྣམས་པ་མིན་ནམ་སྙམ། མཆན། ཐོད་ཁྲག་པདྨ་སྙིང་དབྱུག་པ་རྒྱ་གྲམ་བེ་ཅོན་མེ་དཔུང་ཏྲི་ཤུལ་ཁྱུང་ཁྲ། ཞབས་བརྒྱད། ཡུམ་པདྨ་གཟི་ལྡན་ནོར་བུ་ཟ་མ་ཏོག་བསྣམས། འཁོར་གོ་ལ་མ་དྲུག །ཡུལ་བཞི། ཁམས་བརྒྱད་དམུས་ལོང་ཁྱི་སྤྱང་ཕོ་ཉ་སུམ་བརྒྱ་དྲུག་བཅུ་གསུངས། གྱི་འཁོར་གཡས་གཡོན་དུ་ཕྲ་མེན། རྩིབས་དང་ཁྱམས་ཀྱི་ཕྱོགས་བཞིར་ཟིལ་གནོན་ཡབ་ཡུམ་བརྒྱད། སྒོ་བཞིར་ཁྲོ་བོ་བཞི་སྟེ་ཉེར་བཞི། རྡོ་རྗེ་གཞོན་ནུའི་འཁོར་རྩིབས་ལ་སྲས་མཆོག་ཀཱི་ལ་ཡ་བཞི། རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་གཡས་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་མེ་དཔུང་ཁ་ཊྭཱཾ མཐའ་གཉིས་ཕུར་བུ། ཞབས་བཞི། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་དྲིལ་བུ་ཐོད་ཁྲག །སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་གྲི་ཐོད། འཁོར་སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཕྲ་ཕྱག་ཕུར་སྲུང་དམ་ཅན་གསུངས་བ་འབྱུང་བ་ལྟར་འཕྲོས་དོན་དུ་བཀོད་པ་དང༌། ཁྱམས་ཀྱི་ཕྱོགས་མཚམས་དང་ཤར་སྟོད་ནུབ་སྨད་རྣམས་སུ་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཉི་ཤུ་དང་བཅས་པ། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་ལྔ་བཅུ། བླ་མེད་ཧེ་རུ་ཀའི་གཙོ་བོའི་གཡས་དང་རྩིབས་བཞིར་རྟག་པའི་རྒྱལ་མོ་ལྔ། གཙོ་བོའི་མདུན་དང་གཡོན། ཁྱམས་ཀྱི་ནང་ངོས་རྣམས་སུ་རྗེ་མོ་བཅུ་གཉིས། ཁྱམས་ཀྱི་ཕྱི་ངོས་སུ་སྲིད་པའི་སྨན་མོ་ཉེར་གསུམ། སྒོར་སྲིང་བཞི་སྟེ་གཙོ་འཁོར་ཞེ་བརྒྱད། རིག་འཛིན་ཐོད་པ་རྩལ་གྱི་འཁོར། རྩིབས་ལ་ལྷུན་གྲུབ་རིག་འཛིན་སོགས་བཞི། ཁྱམས་ལ་རིག་འཛིན་བརྒྱད། སྒོར་སློབ་དཔོན་བཞི་སྟེ་གཙོ་འཁོར་བཅུ་བདུན་ནི་རྣམ་བཤད་ལྟར་དང༌། སྒོམ་ཁོག་ཆེན་མོར་རྩིབས་ཆེན་ལ་རིག་འཛིན་བརྒྱད། ཁྱམས་ལ་སློབ་དཔོན་བཞི་བཀོད་པར་གསུངས། དྲེགས་འདུལ་གྱི་གཙོ་བོའི་གཡས་གཡོན་དུ་དབང་ཕྱུག་ཡབ་ཡུམ། རྩིབས་ལ་ཡ་མ་རཱ་ཛ་སོགས་བཞི་ཡུམ་བཅས། སྟེང་འོག་ཏུ་གཟའ་དང་ཀླུ་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་རེར་ཤམ་པོ་སོགས་གསུམ་གསུམ་སྟེ་བཅུ་གཉིས། སྒོར་སྲོག་བདག་སོགས་བཞི་སྟེ་གཙོ་འཁོར་སོ་གཉིས། སྟོབས་ལྡན་ནག་པོའི་འཁོར་རྩིབས་ལ་འཆི་བདག་སོགས་བཞི་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞིར་མ་ཧཱ་དེ་ཝ་སོགས་བཞི། སྟེང་འོག་ཏུ་གཟའ་དང་ཀླུ། སྒོར་ལི་བྱིན་ཧ་ར་སོགས་བཞི་སྟེ་གཙོ་འཁོར་ཉི་ཤུ། དེ་ལྟར་བསྐྱེད་རྫོགས་ཆེན་མོ་ལྟར་ན་ཕོ་བྲང་གླིང་དགུ་ཡོད་པས་དེའི་ལྷ་ཚོགས་ལ་ཁྱོན་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིའོ། །བཀའ་སྲུང་ནི། དཀྱིལ་འཁོར་ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད། ཕྱིའི་མུ་ཁྱུད་ལ་མཁའ་འགྲོ་སོ་གཉིས། གིང་བཅོ་བརྒྱད། ལངྐའི་གནས་གཞན་འགོད་པའི་རིམ་པས་དྲུག་ཅུ་སྟེ་བཅུ་དྲུག །འབར་མ་བརྒྱད། ས་བདག་སོ་གཉིས། མ་བདུན། སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། འབུམ་ཕྲག་ཡངས་པའི་མཁའ་འགྲོའི་རིགས་བསྡུས་པས་ཉི་ཤུ། བརྟན་མ་བཅུ་གཉིས་ཏེ། དྲིལ་བས་བཀའ་སྲུང་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་རྣམས་རྩ་རྒྱུད་དང་སྒོམ་ཁོག་ལས་དངོས་སུ་བཤད་ཅིང༌། དེ་སྟེང་དཀྱིལ་འཁོར་དགུའི་མུ་རན་ལ་བཀོད་པའི་བཀའ་སྲུང་ཆེ་མཆོག་གི་ཅེ་སྤྱང་མ་བརྒྱད། ཡང་དག་གི་དབང་མོ་ཉེར་བརྒྱད། གཤིན་རྗེ་གཤེད་ཀྱི་གིང་བདུད་རྩིས་ཤན་པ་རྣམས་བཞི་བཞི་སྟེ་བཅུ་དྲུག །རྟ་མགྲིན་གྱི་ཁམས་བརྒྱ་མ་དྲུག །དམུས་ལོང་བཞི། ཁྱི་བརྒྱད། སྤྱང་བརྒྱད། ཕོ་ཉ་བཞི། འབྲུག་མོ་བཞི་སྟེ་སོ་གཉིས། ཕུར་པའི་ཤྭ་ན། བདག་ཉིད། ས་བདག །གིང་བདུད། སྐྱེས་བུ་རྣམས་བཞི་བཞི་སྟེ་ཉེར་བཞི། མ་མོའི་ཡང་གབ་མ་བཞི། སྦས་པའི་མ་བཞི། གདོང་མོ་བཞི། རོ་ཁ་མ་གསུམ། ནག་མོ་ཕུང་གསུམ། གསང་བའི་ཕོ་ཉ་གསུམ་སྟེ་ཉེར་བཞི། རིག་འཛིན་གྱི་དཔའ་བོ་དང་མཁའ་འགྲོ་མ་བཞི་བཞི་སྟེ་བརྒྱད། དེ་ལྟར་དཀྱིལ་འཁོར་དྲུག་པོའི་བཀའ་སྲུང་ཆིག་བརྒྱ་ཞེ་གཉིས་ཡོད་ཅིང༌། དྲེགས་འདུལ་དང་དྲག་སྔགས་ཀྱི་མུ་རན་ལ་བཀོད་པ་གྲངས་ངེས་མ་མཛད་དོ། །དེ་རྣམས་ཀྱི་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་ཞི་བ་བཞི་བཅུ་ཞེ་གཉིས་དང༌། ཡུམ་གྱི་ཀཽ་སིང་བཅུ་དྲུག་བསྣན་པས་བསྐྱེད་རྫོགས་ཆེན་མོའི་ལྷ་གྲངས་ཀུན་དྲིལ་བས་རགས་རྩིས་བདུན་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ལས་བྱང་དུ་དངོས་བསྟན་གསུངས་ཕྱིར་གྲངས་རྩི་ཚུལ་ཤེས་ན་ལེགས་པར་སེམས་ཏེ་བཀོད་པ་ལས། རྒྱས་པ་སྐུ་མདོག་ཕྱག་མཚན་སོགས་གཙོ་བོའི་ཡེ་ཤེས་ཀྱི་རོལ་པ་ལས་ཉི་མ་དང་འོད་ཟེར་བཞིན་དུ་མོས་པས་བསྐྱེད་པ་ཙམ་གྱིས་རུང་བར་མངོན་ནོ། །གསུམ་པ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ནི། སངས་རྒྱས་རྣམས་མངོན་པར་བྱང་ཆུབ་པའི་ཚེ་ནང་གི་སྤང་རྟོགས་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངའ་གསོལ་བ་དང་མཚུངས་པར། སྦྱང་གཞི་ཕྱི་ནང་གཞན་གསུམ་གྱི་སྣོད་བཅུད་རྒྱུད་གསུམ་ལ་སྦྱོང་བྱེད་དབང་བསྐུར་དང་རྒྱས་གདབ་ཕྱག་རྒྱ་བཞིས་བཅིངས་པ་གསུམ། བསྐྱེད་རིམ་རྒྱས་པ་གཉིས་ཀྱི་ཡན་ལག་ཏུ་འབྱུང་བཞིན་རྫོགས་པར་བྱས་པའི་གནད་ཀྱིས། སྦྱངས་འབྲས་གདན་གསུམ་ཞི་ཁྲོའི་སྐུ་གསུང་ཐུགས་ཡེ་ཤེས་ལྔ་དག་པ་ཆེན་པོ་མངོན་དུ་བྱེད་པ་སྟེ། ཧཱུྃ༔ རང་ལས་ཤར་བའི་སོགས་ཀྱི་དོན་དེ་ལྟར་བསྒོམས་པའི་ལྷ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཉིས་སུ་མེད་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པས་གསང་བ་བསམ་མི་ཁྱབ་པའི་ནུས་མཐུའི་རྩལ་ཡོངས་སུ་རྫོགས་པར་བྱ་བ་སྟེ། རང་དམ་ཚིག་གི་འཁོར་ལོར་བསྐྱེད་པའི་ལྷ་གཙོ་འཁོར་རྣམས་ཀྱི་སྤྱི་བོར་དུང་ཁང་གི་འཁོར་ལོར་ཟླ་བ་ལ་ཨོཾ་དཀར་པོ་སྐུ་རྡོ་རྗེ་རྣམ་སྣང་དང་རིན་འབྱུང་འདྲེས་པ། མགྲིན་པར་པདྨ་དམར་པོ་ལ་ཨཱཿདམར་པོ་གསུང་རྡོ་རྗེ་སྣང་མཐའ་དང་དོན་གྲུབ་འདྲེས་པ། སྙིང་གར་གཙོ་བོ་ཡབ་རྣམས་ཀྱི་ཡེ་ཤེས་སེམས་དཔའི་མདུན་དུ་ཡུམ་དང་འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་རྡོར་སེམས་འདྲེས་པ་ཧཱུྃ་མཐིང་གའི་མཚན་པ་རྣམས་དུས་འཁོར་ལས་ཟླ་བའི་ཁམས་ཆུ་རླུང་ནམ་མཁའ་གསུམ་ཐབས་ཀྱི་ལུས་ངག་སེམས། ཉི་མའི་ཁམས་ས་མེ་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ལུས་ངག་སེམས་ཏེ་ཐབས་ཞུ་བ་དང༌། ཤེས་རབ་རླུང་རྒྱུ་བ་ལས་བྱུང་བའི་བྱེད་པས་ཆུ་རླུང་ཟུང་འཇུག་ལུས། མེ་རླུང་ངག །མཁའ་སེམས་ཐུགས་ཏེ་གཉུག་མའི་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་འབྱུང་ལྔ་སེམས་དང་བཅས་པ་དྭངས་མའི་ཐིག་ལེ་མི་ཤིགས་པའི་དོན་ལྟར་ཡུམ་ལྔ་རྣམས་ཀྱང་འདྲེས་ཏེ། རྣམ་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་བསྒོམ་པ་ནི། རྒྱལ་བ་རིགས་དྲུག་པོ་རིགས་གསུམ་དུ་འདུས་པའི་བྱིན་རླབས་ནུས་རྩལ་ཆེ་བའི་བདག་ཉིད་གསུངས་པ་ལྟར་བསྒོམ་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་ལྷ། སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པས་གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེ་བརྟན་པའི་ཕྱིར་རྡོ་རྗེ་རྩེ་ལྔ་པ་དང༌། གསུམ་པ། གཅིག་པའི་ཕྱག་རྒྱ་གནས་གསུམ་དུ་བཞག་པ་དང་ཆབས་ཅིག་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་སྔགས་རྣམས་བརྗོད་པས་བརྟན་པར་བྱའོ། །སྔགས་དོན་ནི། ཨོཾྃ་རབ་སྔགས། སྃརྦྃ་ཐམས་ཅད། ཏྃ་ཐཱྃ་གྃ་ཏྃ་དེ་བཞིན་གཤེགས་པ། མྃ་ཧཱྃ་ཆེན་པོ། ཀཱྃ་ཡྃ་སྐུ། བྃཛྲྃ་སྭྃ་བྷྃ་ཝྃ་རྡོ་རྗེའི་རང་བཞིན་ནམ་ངོ་བོ། ཨཱྃཏྨྃ་ཀོྃ་྅ཧཾྃ༔བདག་ཉིད་ངའོ། །ཞེས་དང༌། གཞན་གཉིས་ལ། ཝཱཀྃ་གསུང༌། ཙིྃཏྟ་ཐུགས་ཀྱི་ཁྱད་པར་རོ། །བསྐྱེད་རིམ་ཡན་ལག་གསུམ་པ་དབང་བསྐུར་བ་ནི་མི་བསྐྱོད་པ་ཡིན་ཏེ། སྦྱང་བྱ་ཕྱི་རོལ་འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་ཐམས་ཅད་སེམས་ཅན་རྣམས་ཀྱི་ཀུན་རྟོག་གི་དབང་གིས་བསྒྲུབས་པ་སྟེ། སེམས་མེད་པར་ལས་མི་བསགས། ལས་མེད་ན་འཇིག་རྟེན་སྣ་ཚོགས་མངོན་པར་འབྱུང་བའི་རྒྱུ་མེད། ལས་བྱེད་པ་པོ་འཕོ་བའི་རླུང་དང་འགྲོགས་པའི་ཀུན་རྟོག་ལས་གཞན་མེད། རླུང་སེམས་དེ་དག་གི་གཞི་བཞི་པའི་དུས་ཀྱི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བ་ལས་བྱུང༌། དེའི་མཐའ་རང་བཞིན་འོད་གསལ་གྱི་དབྱིངས་ལ་གཞན་དུ་དངོས་པོར་གྲུབ་པ་ཅི་ཡང་མེད་བཞིན་སྣང་བ་ཡིན་པས་རང་བཞིན་འོད་གསལ་གྱི་རང་རྩལ་ཡེ་ཤེས་ལྔ་རིགས་ལྔའི་གཟུགས་སུ་ཤར་བའི་དག་པ་ལྷའི་ཕྱག་རྒྱས། མ་དག་པའི་ཕུང་ཁམས་ཉོན་མོངས་ལ་རྒྱས་བཏབ་ནས་གསེར་འགྱུར་རྩི་ཡི་ནུས་པས་ལྕགས་ཐམས་ཅད་གསེར་དུ་བསྒྱུར་ནུས་པ་ལྟར་དབང་བསྐུར་རྒྱས་གདབ་ཀྱི་རིམ་པ་འདི་ནི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་མཚན་དོན་ཆེས་ཟབ་པ་ཡིན་ལ། དེས་ན་མི་བསྐྱོད་པའི་ཡེ་ཤེས་ཀྱིས་རིགས་གཞན་བཞི་ལ་རྒྱས་བཏབ་པ་ནི་རང་བཞིན་ལ་རང་བཞིན་གྱིས་རྒྱས་གདབ་པར་གསུངས། དབང་བསྐུར་བ་ལ། དགྱེས་རྡོར་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། འདིས་ནི་རིགས་ནི་མཚོན་པར་བྱ། ཞེས་གསུངས་པ་ལྟར་རིགས་མི་འཆོལ་བའི་ཕྱིར་དང་པོ་དབང་སྐུར་བྱེད་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་གཤིབ་པ་སྤྱི་བོ། མཛུབ་མོ་དཔྲལ་བ། སྲིན་མཛུབ་རྣ་ལྟག་གཡས། མཐེ་བོང་ལྟག་པ། མཐེའུ་ཆུང་རྣ་ལྟག་གཡོན་དུ་བཞག་ལ། གཉིས་པ་དབང་བསྐུར་གྱི་སྔགས་དོན་ནི། ཨོཾྃ་རབ་སྔགས། མྃ་ཧཱྃ་ཆེན་པོ། ཤཱུྃནྱྃ་ཏྃ་ཡུལ་སྟོང་པ་ཉིད། ཛྙཱྃ་ནྃ་བྃཛྲྃ་ཡུལ་ཅན་གྱི་ཡེ་ཤེས་རྡོ་རྗེ། སྭྃ་བྷཱྃ་ཝྃ་དེའི་རང་བཞིན་རྣམ་པར་དག་པ། ཨྃཏྨ་ཀོྃ྅ཧཾྃ་བདག་ཉིད་ངའོ། ཨོཾྃ་མྃ་ཧཱྃ་ཨཱྃ་དྃརྴྃམེ་ལོང་ལྟ་བུ། ཨོཾྃ་མྃ་ཧཱྃ་སྃ་མྃ་ཏྃ་མཉམ་པ་ཉིད། ཨོཾྃ་མྃ་ཧཱྃ་པྲྃ་ཏྱ་བེྃཀྵྃ་ན་སོ་སོར་རྟོག་པ། ཨོཾྃ་མྃ་ཧཱྃ་ཀྲྀྃ་ཏྱྃ་ནུྃཥྛྃ་ན་བྱ་བ་གྲུབ་པའི་ཁྱད་པར་ལས་ཛྙཱ་ན་མན་ཆད་སྔ་མ་ལྟར་རོ། །གསུམ་པ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་དམིགས་པ་ནི། ལྷ་ཚོགས་རྣམས་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་ལྔར་རང་རང་གི་རིགས་ཀྱི་བདག་པོ་དབུས་སུ་སོང་བའི་ཤུལ་དུ་སྣང་མཐའ་སྤོ་བས་ངེས་པའི་བདེ་གཤེགས་དབང་ལྷ་ཡབ་ཡུམ་ལྔ་རྗེས་སུ་ཆགས་པའི་སྦྱོར་བའི་ཞུ་བདེའི་ཆུ་རྒྱུན་བྱང་ཆུབ་སེམས་ཡེ་ཤེས་ལྔའི་རོལ་པར་བབས་པས་མགོ་བོའི་གནས་ལྔ་ནས་ཞུགས། འདིར་གཙོ་བོ་ཆེ་མཆོག་གི་རིགས་བདག་སྣང་མཐའ་གསུངས་པ་དབང་བཙན་དུ་བྱས་པའོ། །མཆན། ལུས་ཀྱི་ནང་དུ་ཞུགས་ཏེ་གནས་བཞིར་གང་བས་དབང་བཞི་བསྐུར། ཉོན་མོངས་པ་ལྔའི་བག་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར་པས། མེད་སྣང་སྒྱུ་མའི་འཁྲུལ་འཁོར་ཙམ་དུ་གསལ་བའི་བརྟེན་པ་དུག་ལྔ། རྟེན་ཕུང་ལྔ་མ་དག་པ་གཞན་དབང་གི་ཆ་ཀུན་བརྟགས་ཀྱི་ཆོས་ལ་དག་པའི་གཞན་དབང་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྒྱས་བཏབ། བྱང་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་བའི་ལྷག་མའམ། ཟེགས་མ་སྤྱི་བོར་ལུད་པ་ལས་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པས། དག་པའི་གཞན་དབང་གི་སྣང་ཆ་རིགས་གང་ལྟར་སྣང་ཡང་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོའི་བདེ་སྟོང་འགྱུར་བ་མེད་པའི་གདན་གསུམ་ཡོངས་གྲུབ་ཡེ་ཤེས་ཆེན་པོའི་རོལ་པར་རྒྱས་ཐེབས་ཤིང་དག་པ་ལས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་གོ་འཕང་ཕྱིར་མི་ལྡོག་པ་བརྙེས་པའི་བརྡར་དབུ་གཙུག་ན་རྡོ་རྗེ་ཕྱེད་པ་དང༌། དེའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར་སྙམ་པ་ནི་དཔལ་ཆེན་ཕྱག་རྒྱ་རྒྱས་པ་ལས། ཕུང་ཁམས་ཚོགས་བརྒྱད་གཞན་དབང་ཅན༔ གདན་གསུམ་ཡོངས་གྲུབ་ཆེན་པོ་རྒྱ༔ ཞེས་གསུངས་པ་ལྟར་རོ། །སྤྱིར་རིགས་ལྔ་ལ། སྣང་མཐའ་ལྟ་བུའི་པདྨའི་རིགས་གཅིག་ལ་ནང་གསེས་པདྨའི་གཤེགས་རིགས། པདྨ། རྡོ་རྗེ། རིན་ཆེན། ལས་ཀྱི་རིགས་ཆུང་དབྱེར་མཛད་པས། དབང་སྔགས་ཀྱི་སྐབས་ཆོས་དབྱིངས་ཡེ་ཤེས་གཙོ་བོར་གསུངས། རྒྱས་འདེབས་ཀྱི་སྐབས་སྣང་མཐའ་རིགས་བདག་ཏུ་གསུངས་པ། སྔ་མ་གཟུགས་ཕུང་ནི་ཕུང་པོ་གཞན་བཞི་ཀའི་རྟེན་ཡིན་པས་དེ་ཉིད་དག་པ་ཁྱབ་བྱེད་གཤེགས་རིགས་གཙོ་བོ་སྟེ་ཡེ་ཤེས་བཞི་ཀའི་དབྱེ་གཞི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ཉིད་གཟུགས་སྐུར་སྣང་བ་རྣམ་སྣང༌། གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རྟེན་སྐུ་ཡིས་བྱེད་པས། སྐུ་གཅིག་གིས་རིགས་ཐམས་ཅད་ཁྱབ་པའི་ཕྱིར་རྣམ་སྣང་གཙོ་བོར་བཞག་པའི་རིགས་ལྔ་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། དྲི་མ་སྦྱངས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བས་ཕྱི་མ་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གསུངས་པ། སངས་རྒྱས་རྣམས་དག་འབྲས་མཐར་ཐུག་ནི་རྟོགས་པ་ཆོས་སྐུ་སྟེ། དེ་ནི་གསུང་རྡོ་རྗེ་མཐར་ཐུག་ཡིན་པས་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་པའི་དྲི་མ་གཏོར་ཞིང་དག་པ་ཡེ་ཤེས་ཀྱི་ནུས་པ་མངོན་གྱུར་དུ་སད་དེ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་འབྲས་བུའི་ཆེ་རྟགས་ཁྱབ་བྱེད་རིགས་དྲུག་པ་རྡོར་སེམས་ཀྱི་ངོ་བོ། རྣམ་པ་ཧེ་རུ་ཀའི་རིགས་དེའི་རིགས་ཆུང་སྣང་མཐའ་དབུས་སུ་བཞག་པས་རྒྱས་གདབ་དགོས་པ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་འདི་ཉིད་བླ་མ་དྲག་པོ་དང་བཀའ་བརྒྱད་དབྱེར་མེད་ཡིན་པས། གུ་རུ་རིན་པོ་ཆེ་གསུང་པདྨའི་རིགས་སུ་གཙོ་བོར་གསུངས་པས་ཡིན་ནམ་སྙམ་སྟེ་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལས་ཀྱང་རིགས་བདག་གཙོ་བོ་སྣང་མཐའ་གསུངས་པས་སོ། །དེར་མ་ཟད་ཆེ་མཆོག་ཉིད་སྐུ་མདོག་སྨུག་ནག་དབང་གི་ཁྲོ་བོ་ཞེས་གསུངས་པ་དང༌། ཚོགས་ཆེན་འདུས་པའི་སྐབས་དབུ་གཙུག་ཏུ་རྟ་དབུ་འབྱུང་བ་སོགས་དང༌། ཟབ་གཏེར་དུ་མར་ཆེ་མཆོག་དང༌། ཡང་དག་རྟ་མགྲིན་རྣམས་ངོ་བོ་གཅིག་པའི་ཚིག་ཟིན་དུ་འདུག་པས་ཟབ་གནད་ཁྱད་པར་ཡོད་ངེས་པས་དཔྱད་དགོས་ལ། །གཉིས་པར་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ། ས་མྦྷུ་ཊར། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་ཏིང་འཛིན་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཉིད་སྐུ་སྦྱོར་བའམ་སྙོམས་འཇུག་གི་ཏིང་ངེ་འཛིན་དམ་ཡེ་དབྱེར་མེད་དུ་སྦྱོར་བའི་ཕྱིར་སྤྱན་དྲངས་བསྟིམ། ལོངས་སྐུ་དཀྱིལ་འཁོར་རྒྱལ་མཆོག་འཁོར་གྱི་ལྷ་བསྐྱེད་པ། སྤྲུལ་སྐུ་ལས་རྒྱལ་མཆོག་མཆོད་བསྟོད་ཕྲིན་ལས་རྣམས་ལ་ཏིང་འཛིན་གསུམ་དུ་བཤད་པའི་དང་པོ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི། ཧཱུྃ༔ ཞེས་ཡེ་ཤེས་ལྔ་གཅིག་ཏུ་རྫོགས་པའི་ཐུགས་སྲོག་གིས་བསྐུལ་བ་སྔོན་དུ་འགྲོ་བས། ཚུལ་གང་གིས་སྤྱན་འདྲེན་ན། སངས་རྒྱས་རྣམས་ནི་སེམས་ཅན་གང་གིས་དད་པས་དྲན་པ་ཙམ་གྱིས་དེ་མ་ཐག་དེར་བྱོན་པ་ཆོས་ཉིད་ཡིན་པ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་འདུན་པ་སེམས་པའི་རྐྱེན་དང༌། སྙིང་གའི་འོད་ཟེར། སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ། གང་ནས་སྤྱན་འདྲེན་ན་འཁོར་འདས་ལམ་གསུམ་ཀུན་ལ་ཁྱབ་ཀྱང་གང་དུའང་མི་གནས་པའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་ཡུལ་འོགྃ་མིནྃ། ཡུལ་ཅན་སོ་སོར་རང་རིག་པའི་སྤྱོད་ཡུལ་གྱི་སྣང་ཆ་ཆོསྃ་དབྱིངྃས་ཡེ་ཤེས་སོགས་ལྔ་རུ་རང་སྣང་བདེྃ་ཆེནྃ་སྟུག་པོ་བཀོད་པའི་ཞིངྃ་ཁམྃས་ཆེན་པོ་ནསྃ། གང་ཞིག་སྤྱན་འདྲེན་ན། ཆོས་ཀྱི་དབྱིངས་དེའི་ངང་དུ་ལྷུནྃ་གྲུབྃ་འོད་གསལ་གྱི་རྩལ་ཕྱིར་གསལ་དུ་ཤར་བའི་རོལྃ་པྃ་མེ་ལོང་སོགས་ལྔ་དང༌། ཀློང་གྱུར། འདའ་ཀ །དབྱིངས་གྲོལ། མཐའ་གྲོལ་གྱི་ཡེྃ་ཤེསྃ་ཀློངྃ་དགུའིྃ་ཕྱག་རྒྱའི་གཟུགས་སྐུར་བཞེངས་པའི་གརྃ་གྱི་སྒྱུ་འཕྲུལ། ཞིྃ་བ་རྡོ་རྗེ་དབྱིངས་རིགས་ལྔ། ཁྲོྃ་བོ་བདུན་བརྒྱ་ཉེར་ལྔ་སོགས་རབྃ་འབྱམྃས་ཀྱིས་བསྐོར་བའི་དཔྃལ་ཆེནྃ་བཀྃའ་བརྒྱྃད་ཀྱི་ལྷྃ་ཚོགས་རྣམས། དགོས་པ་གང་གིས་ཤེ་ན་དུག་ལྔ་རང་རྒྱུད་དུ་སྤྱོད་པ་གདུགྃ་པའིྃ་བདུད་བཞི་དང་རུ་ཏྲ་སྡེ་གསུམ་འདུལྃ་བའི་ཕྱིརྃ། གང་དུ་སྤྱན་འདྲེན་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒོམ་པའི་གནྃས་འདིྃར་གཤེྃགས་སུྃ་གསོྃལ་ཅེས་སོ། །ཨེྃ་ཧྱྃ་ཧིྃ་ཚུར་སྤྱོན། ཛྃཿས་ཡེ་ཤེས་པ་འགུགས་ཧཱུྃྃ་གིས་དམ་ཡེ་དབྱེར་མེད་དུ་གཞུག །བཾྃ་གྱིས་བྱ་བ་མ་ཟིན་བར་འཆིང༌། ཧོྃཿས་དགྱེས་པས་མྱོས་ཀྱི་ཕྱག་རྒྱ་བཞི། སྃ་མྃ་ཡྃ་དམ་ཚིག །ཧྲིངྃ་ཧྲིངྃ་འདུས་ཤིག་པའི་བརྡ་སྐད། ཛྃཿཛྃཿཡི་དམ་བཅས་པ་སྤྱོན་ཅིག་ཅེས་ནན་གྱིས་བསྐུལ་བའོ། །གཉིས་པ་བཞུགས་གསོལ་ནི། ཧཱུྃྃ་ཞེས་ཐུགས་སྲོག་ནས་བརྗོད་པས་བསྐུལ་ཏེ་སྤྱང་བྱ་མྃ་དགྃ་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣངྃ་བྃ། སྦྱངས་འབྲས་དགྃ་པྃ་རབྃ་འབྱམྃས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱིྃ་རྟེནྃ་གཞལ་ཡས་ཁང་དངྃ་བརྟེནྃ་པྃ་ལྷའིྃ་འཁོརྃ་ལོརྃ་ཡོངྃས་སུ་ཤརྃ་བའིྃ་ཕྱིར། སྦྱོང་བྱེད་སྣང་སྲིད་གཞིར་བཞེངས་ཀྱི་ཏིངྃ་ངེ་འཛིྃན་གྱིས་སྤྲུལྃ་པའིྃ་ཞིངྃ་མཆོྃག་ཐ་མལ་གྱི་སྣང་ཞེན་དག་མཉམ་ཆེན་པོར་རྟོགས་པས་ཉམྃས་དགྃའ་བྃ་མ་དག་པ་བཙལ་ཀྱང་མི་རྙེད་པ་འདིར། གཞི་དམྃ་ཚིག །འབྲས་བུ་ཡེྃ་ཤེས་པ། ལམ་དེ་གཉིསྃ་དབྱེར་མེདྃ་དུ་ཤེས་པའི་ཏིང་འཛིན་གྱིས་ངོྃ་བོའིྃ་གནས་སྣང་གཉིས་ཀ་དག་པའི་བདག་ཉིད་དུ་ནམ་མཁའ་ལྷའི་འཁོར་ལོར་གྱུར་པར་བརྟྃན་པརྃ་བཞུགྃས་སུ་གསོལ་ཞིང་དམ་ཡེ་དབྱེར་མེད་དུ་བསྟིམ་པའི་དོན་ཏེ། སྔགས་སྃ་མྃ་ཡྃ་དམ་ཚིག་པ་ལ། ཨཱ་བེྃ་ཤྃ་ཡྃ་ཡེ་ཤེས་པ་གཉིས་མེད་དུ་ཕོབ་ཅིག །ཏིཥྛྃ་བརྟན་པ། ལྷནྃ་བཞུགས་ཤིག་པའི་བརྡ་སྐད་དོ། །གསུམ་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་ཕྱག་མཆོད་བསྟོད་པ་ལས། དང་པོ་ཕྱག་ནི། སངས་རྒྱས་རྣམས་འབྲས་བུ་མངོན་དུ་གྱུར་པའི་ཚེ་ས་གསུམ་གྱི་ཆེ་དགུའི་ཕྱག་དང་མཆོད་པས་བཀུར་སྟི་བྱས་པ་དང༌། ངོ་མཚར་གྱི་མཛད་པའི་གྲགས་སྙན་འོག་མིན་གྱི་ཞིང་མན་ཆད་དུ་ལྷ་རྣམས་ཀྱིས་བསྒྲགས་ཤིང་ཕྱོགས་བཅུའི་ཞིང་ཀུན་ནས་རྒྱལ་བ་རྣམས་ཀྱིས་བསྔགས་པ་དང་མེ་ཏོག་གཏོར་བ་དང་མཚུངས་པ། སྦྱང་གཞི་སྣོད་བཅུད་ཐ་མལ་གྱི་ཞེན་སྣང༌། སྦྱོང་བྱེད་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་བ། སྦྱངས་འབྲས་དག་པ་ཆེན་པོའི་སྣོད་བཅུད་མངོན་དུ་གྱུར་པའོ། །ཧཱུྃྃ་ཞེས་ཐུགས་སྲོག་ཡེ་ཤེས་ལྔ་ཟག་མེད་ཡོན་ཏན་རྫོགས་པའི་དོན་རྗེས་སུ་དྲན་པས་བསྐུལ་ཏེ་དབྱིངས་རིག་གཉིས་མེད་ཀྱི་ངོ་བོའི་གཞི་ལས་རངྃ་བྱུངྃ་བའི་གཞི་སྣང་ཡེ་ཤེས་ཀྱི་རོལ་པ་རངྃ་ཤརྃ་བས་ན་དོན་ལ་ཡེ་ཤེས་གཅིག་གི་བདག་ཉིད་དུ་སྤྲུལྃ་པ་ལས་རྒྱུད་ཐ་དད་པ་གཅིག་ཀྱང་མེད་པའི་རྟེན་དང་བརྟེན་པའིྃ་དཀྱིལྃ་འཁོྃར་ལྃ། རྣམ་པ་གདུལ་བྱ་འདུལ་ཕྱིར་གཙོ་འཁོར་སོགས་གང་ལྟར་བཀོད་ཀྱང་དམ་ཡེ་དང་བདག་མདུན་ལ་བཟྃང་ངནྃ་གཉིྃས་འཛིྃན་གྱི་ཀུནྃ་རྟོགྃ་གིས་གོ་སྐབས་མི་ཕྱེད་པར་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀློང་དགུའི་དབྱིངས་སུ་རྣམྃ་པར་དགྃ་པ་ཡིན་ཀྱངྃ། དེ་ཐམས་ཅད་དོན་དམ་རངྃ་རིགྃ་ཆོསྃ་སྐུྃ་ཐིག་ལེ་ཉག་གཅིག་ལས་མ་འདས་བཞིན་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་ཆར་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇྃལ་བྃ་ལ་དད་མོས་གུས་པའིྃ་ཚུལ་གྱིས་ཀུན་རྫོབ་འཇིག་རྟེན་གྱི་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཕྱག་མཆོད་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རོལ་པ་ལྟར་བྱ་བས་སྒོ་གསུམ་གུས་བཏུད་ཀྱི་བརྡྃ་ཕྱགྃ་གི་གརྃ་གྱིས་བཏུད་པ་དང༌། དོན་དམ་ལ་བཟང་ངན་སྤངྃ་བླངྃ་མེདྃ་པའིྃ་ཆོས་ཉིད་ངོ་ཤེས་པ་འདྲེས་པ་ནན་ཏན་གྱི་ལྟ་ཕྱག་གི་ངངྃ་ནསྃ་བདེན་གཉིས་དབྱེར་མེད་ཀྱི་ཚུལ་དུ་འཚྃལ་བརྃ་བྃགྱི་ཞེས་སོ། །ཨྃ་ཏིྃ་པཱུྃ་ཧོྃཿཞེས་ཕྱག་འཚལ་བའི་བརྡ་དང༌། ནྃ་མྃ་ཡྃ་དྷིྃཿནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་མཉེས་ཤིང་དགྱེས་པས་ལན་དུ་དངོས་གྲུབ་དང་བྱིན་རླབས་སྩོལ་བའི་བརྡའོ། །གཉིས་པ་མཆོད་པ་ལ་ཡན་ལག་བཞི་པ་མཆོད་པ་དོན་ཡོད་གྲུབ་པ་སྟེ་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི། དོན་གཉིས་མཐར་ཕྱིན་པའི་མཛད་པ་ཡིན་པས་དེའི་རྒྱུ་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་དགོས་པས་དཀའ་ཐུབ་དང་དུས་རིང་པོ་ལ་མི་ལྟོས་པར་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཚོགས་གཉིས་བསགས་པའི་ཉེ་རྒྱུ་མཆོད་པ་ཡིན་པས། དེ་ལ་དབྱེ་ན། ཕྱག་རྒྱ་གར་དགུ། ཡེ་ཤེས་གླུ། ཕྱི་ཉེར་སྤྱོད་དང་འདོད་ཡོན། ནང་དུག་གསུམ་གནས་དག །གསང་བ་སྨན། གཏོར་མ། རཀྟ་བདུད་རྩི་གསང་ནན། དེ་ཁོ་ན་ཉིད་སྦྱོར་སྒྲོལ་རྣམས་དབང་བཞིའི་ལམ་ཁྱེར་དང་རྗེས་སུ་འབྲེལ་བ་སྟེ་ཕྱི་མཆོད་ཀྱི་དང་པོ་ཕྱག་རྒྱ་གར་མཆོད་ནི། སངས་རྒྱས་རྣམས་ཀྱི་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་གདུལ་བྱ་གང་འདུལ་དུ་རྣམ་པ་ཐམས་ཅད་པའི་གཟུགས་ཆུ་ཟླ་དང་འཇའ་ཚོན་བཞིན་འགག་མེད་ཅིར་ཡང་སྣང་བས་མཚན་མའི་བློས་འདི་ཞེས་ཕྱོགས་དང་རིས་སུ་ཆད་པ་མེད་པས་ན་སྐབས་འདིར་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་སྟོན་པ་ཡང༌། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཐོང་ན་མི་མཐུན་པ་མེད་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་བསྟོད་པའི་སྐབས་རྒྱས་པར་བཤད་པ་བཞིན་སྐུ་གསུང་ཐུགས་ཀྱི་གར་གསུམ་གསུམ་གྱིས་མཛེས་ཤིང་བརྗིད་རྔམས་ཀྱི་ཟིལ་གྱིས་དྲེགས་པའི་ཚོགས་ཀྱི་ཁེངས་དྲེགས་བཅོམ་པས་ཚར་གཅོད་ཅིང༌། དད་པ་ཅན་རྣམས་སྙིང་རྗེའི་རོལ་པར་ཤེས་པས་རྗེས་སུ་འཛིན་པ་ལ་དཔའ་བའི་ངང་ཚུལ་རྗེས་སུ་དྲན་པས་སྤྲུལ་པའི་ལྷ་མོ་རྒྱན་ཕྲེང་དུ་མས་མཛེས་རྣམས་ཀྱི་རྡོ་རྗེའི་གར་གྱི་རྣམ་འགྱུར་དེ་དང་མཚུངས་པ་ཕྱག་ཞབས་ཀྱིས་བསྒྱུར་བས་བསྟོད་དབྱངས་སྒྲོག་པ་དང༌། གཉིས་པ་ཡེ་ཤེས་གླུ་མཆོད་ནི། མཆོད་པའི་ལྷ་མོ་དེ་དག་གིས་བལྟས་དགོད་ལག་བཅང་འཁྱུད་པའི་སྒྱུ་རྩལ་དང་བཅས། ཧ་སིད་ལ་སོགས་པའི་གླུས་ལྷ་རྣམས་ཀྱི་ཐུགས་རྒྱུད་ལ་དགའ་བཞིའི་ཉམས་འགྱུར་འདྲེན་པས་བདེ་སྟོང་གི་ཡེ་ཤེས་ཀྱིས་ཀུན་ཏུ་མྱོས་ཤིང་སིམ་པ་ལྟར་སྣང་ཡང་དོན་ལ་རང་བྱུང་རང་ཤར་གྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པར་རྟོག་པས་མི་གཡོ་བའི་གསུང་ཡེ་ཤེས་གླུའི་བསྟོད་པས་མཆོད་པ་དང༌། ཡང་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་དང་འདོད་ཡོན་གྱི་མཆོད་པ་ལྷ་ཀླུ་མིའི་ཆེ་རྒུ་རྣམས་ཀྱིས་མི་སྤྱོད་པ་དག་པའི་ཞིང་ན་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་རིན་ཐང་གཞལ་དུ་མེད་ཅིང་ནུས་པ་མཆོག་ཏུ་གྱུར་པའི་བདུད་རྩིའི་མཆོད་ཡོན་རིན་པོ་ཆེའི་བྱ་མ་བུམ་པའི་སྣོད་ཀྱིས་སྦྲེངས་བ་སོགས་བཀུར་སྟི་དང་བཅས་འབུལ་བའི་རྣམ་པ་ཡང་དངོས་སུ་བཤམས་པ་དམིགས་རྟེན་དུ་བྱས་ནས་ཡིད་སྤྲུལ་དང༌། བདག་པོས་མ་བཟུང་བ། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲོས་པ་རྣམས་དོན་ལ་ཡུམ་བཀའི་གསང་སྒྲུབ་སེང་གདོང་ལས། ཡུལ་ལ་དབང་པོའི་སྤྱོད་པ་ཡིས༔ མཆོད་དང་མཆོད་བྱར་མི་དམིགས་ཀྱང༔ སྐྱེ་མཆེད་ཡབ་དང་སྦྱོར་བ་ཡི༔ ཡུལ་དྲུག་འདོད་ཡོན་ལྷ་མོར་རོལ༔ ཞེས་གསུངས་པ་ལྟར་ཡུལ་དང་ཡུལ་ཅན་ཐམས་ཅད་ཡབ་ཡུམ་སྣང་སྟོང་གཉིས་མེད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཞེན་མེད་སྒྱུ་མ་ལྟ་བུར་ལོངས་སྤྱད་པས་ཚོགས་གཉིས་མིག་འཕྲུལ་ལྟར་རྫོགས་པར་བྱེད་པ་ཐུགས་བདེ་སྟོང་གི་མཆོད་པ་གསུམ་དུ་བཤད་ན་རུང་སྙམ་ཞིང་དེ་གསུམ་ནི་ཕྱི་སྣོད་བཅུད་ཀྱི་དཔལ་ཡོན་ལ་གཙོ་བོ་དམིགས་རྟེན་དུ་བྱས་ཤིང་སྤྲོས་བཅས་ལྟར་སྟོན་པས་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་དང་འབྲེལ་ཆེ་བ་དང༌། གདུག་པའི་རུ་ཏྲ་ཐམས་ཅད་དུག་གསུམ་རང་རྒྱུད་དུ་སྤྱོད་དེ་འཁྲུལ་པ་རྣམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་མཚོན་ཆས་བསྒྲལ་ནས་འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད། གཏི་མུག་ཤ་ཆེན་གྱི་རི་བོའི་རྣམ་པར་ཕུལ་བས་དཔལ་གྱི་ལྷ་ཚོགས་རྣམས་ཀྱིས་ཡེ་ཤེས་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་བཞེས་ནས་དུག་གསུམ་གནས་སུ་དག་པ་སྐུ་གསུམ་བདེ་བ་ཆེན་པོའི་གོ་འཕང་ལ་བཀོད་པར་མོས་པ། ནང་དུག་གསུམ་གནས་དག་གི་མཆོད་པ་དང༌། སྔགས་དོན་ཀྱང་ཧྃ་ལྃ་ནི་དུག །པྃཉྩྃ་ལྔ། པཱུྃ་ཛྃ་མཆོད་པ། ཧོྃ་མཉེས་ཚིམ་གྱི་དོན་ཏེ་དུག་ལྔ་ཡེ་ཤེས་སུ་དག་ཕྱིར་མཆོད་པ་དགྱེས་པའི་དོན་ཏེ་རྩ་བ་དུག་གསུམ་ལ་ང་རྒྱལ་ནི་འདོད་ཆགས། ཕྲག་དོག་ཞེ་སྡང་དུ་འདུ་བས་མཆོད་པ་དམིགས་སུ་མ་གསུངས་པའོ། །སྣང་སྲིད་སྣོད་བཅུད་ཐམས་ཅད་གདོད་ནས་ཡེ་ཤེས་ལྔའི་བདུད་རྩིར་རྣམ་པར་དག་ཅིང་རང་བྱུང་ཡེ་ཤེས་ཀྱི་འཁོར་ལོར་སངས་རྒྱས་རྣམས་གཡོ་བ་མེད་པར་བཞུགས་པའི་ཚུལ་དང་མཐུན་པར་བདུད་རྩི་སྒྲུབ་ཅིང་མཆོད་ནས་དངོས་གྲུབ་འགྲུབ་ལ་བསླུ་བ་མེད་པ་ནི་རྡོྃ་རྗེྃའི་དམྃ་ཚིྃག་རྨྃད་པོྃ་ཆེྃ་ཞེས་ལྟ་བ་ཆོས་ཀྱི་བདུད་རྩི། བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩྃ་བ་བཞི་བཞིར་སྦྱར་བས་བརྒྱད་དེ། བརྒྱདྃ་ཚན་དེ་དག་རེ་རེ་ལའང་སོ་སོའི་སྐྱོབས་དང་འཕྲད་དུ་གྱུར་པའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་རེ་སྦྱོར་དུ་ཡོད་པས་ཡན་ལག་སྟོངྃ་སྟེ་དེ་ལྟར་སྦྱརྃ་བའིྃ་གྲུབ་པ་ཆེན་པོའི་དམ་ཚིག་གི་རྫས་ཀྱི་བྃདུད་རྩི་མཐོང་ཐོས་མྱོང་རེག་གྲོལ་བ་བཞི་ལྡན་དང༌། རྒྱུ་ཉོན་མོངས་རང་རྒྱུདྃ་དྲུགྃ་འབྲས་བུ་ཕུང་ལྔ་འབྱུང་ལྔ་སྡུག་བདེན་གྱི་མཚན་གཞིར་ལོངས་སྤྱད་པ་འགྲོ་དྲུག་གི་སྡུགྃ་བསྔལྃ་འཇོམྃས་ཤིང་འཆོས་ཏེ་ཡེ་ཤེས་ལྔར་ལམ་དུ་བྱེད་པའིྃ་རྩིྃ་སྨན་ནི་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ལམ་ནི་དོན་གྱི་བདུད་རྩི་དང༌། ཆོས་རྫས་དོན་གྱི་བདུད་རྩི་ཐམས་ཅད་དཔལ་ཆེ་མཆོག་ཧེ་རུ་ཀ་རིགྃས་ལྔྃ་ཡེ་ཤེསྃ་ལྔྃ་ཡིྃ་དཀྱིལ་འཁོར་དུ་ཤེས་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པས་དངོྃས་གྲུབ་འདོད་དགུ་དབང་དུ་བྱེད་པ་རྟགས་ཀྱི་བདུད་རྩི་སྟེ་དེ་དག་རྗེས་སུ་མཚོན་པ་མྱོང་གྲོལ་དམ་རྫས་ཀྱི་མཆོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་དང༌། རྩ་བརྒྱུད་ཀྱི་བླ་མ་བྱེ་བྲག་ཏུ་མཐེབ་སྲིན་དང་ཉི་ཟླའི་གྭའུས་བཅུས་ནས་ཕུལ་བས་དྭངས་མའི་སེམས་སྤྲིན་གྱི་བདེ་བ་ཆེན་པོའི་རོས་མཉེས་པའི་མཐུས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཨོཾ་ཨཱཿཧཱུྃ་རྣམ་པ་བདུད་རྩིའི་སྟེང་དུ་བྱུང་བ་དམ་ཚིག་གི་ཕྱག་རྒྱ་གུ་ཧྱ་ལག་གིས་བླང་སྟེ་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང༌། སྔགས་དོན་ཨོཾྃ་ཨཱྃཿཧཱུྃྃ་སྐུ་གསུང་ཐུགས། སྃརྦྃ་ཐམས་ཅད། པྃཉྩྃ་ལྔ། ཨྃ་མྲྀྃ་ཏྃ་བདུད་རྩི། ཧཱུྃྃ་རྣམ་པ་རིགས་ལྔའི་དམ་རྫས། ཧྲཱིྃཿངོ་བོ་ཡེ་ཤེས་ལྔ། ཋྃཿདེ་གཉིས་དབྱེར་མེད་ཀྱི་མཆོད་པ་དང༌། བརྒྱུད་མཆོད་སྐབས་ཁྃ་རཾྃ་སྟོབ་པ་དང༌། ཁཱྃ་ཧིྃ་གསོལ་ཅིག་པའོ། །དོན་ལ་སྐུ་གསུང་ཐུགས་ཐམས་ཅད་མཉེས་བྱེད་དམ་ཡེ་གཉིས་མེད་བདུད་རྩིའི་མཆོད་པ་བཞེས་ཤིག་གི་དོན་ནོ། །ཀཱྃ་ཡྃ་ཝྃཀྐ་ཙིྃཏྟྃ་སྐུ་གསུང་ཐུགས། སིདྡྷིྃ་དངོས་གྲུབ་འབྲུ་གསུམ་རང་ལ་སྩོལ་བའི་དོན་ཏེ། བྷྃ་གྃ་ཞེས་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཡངྃས་ཤིང་རྒྱ་ཆེ་བའིྃ་གཏོརྃ་གཞོྃང་དུྃ། ལིྃངྒྃ་ནི་སྣོད་བཅུད་ཡོངས་རྫོགས་བདེ་ཆེན་འདོྃད་ཡོནྃ་གྱི་ཟེགས་མ་འཕྲོ་བའི་རྟགས་ཅན་གཏོྃར་མའིྃ་རྣམ་པརྃ་དཔལ་དུ་འབྃར་བའི་རྡོྃ་རྗེྃ་ཐབས་ཤེས་གཉིས་སུ་མེད་པའིྃ་བཟའྃ་བཅའ་བཏུང་བའིྃ་ཚོགས་བདའ་དགུའི་རྣམ་པ་དམྃ་ཚིགྃ་གི་རྫསྃ་ལྷུན་པོ་ལྟར་སྤུངས་ཏེ་ཕུལ་བས་ཨྃ་ལྃ་ལྃ་སྟེྃ་ཞེས་ལྷ་ཚོགས་དགྱེྃས་རྔམས་ཚིམ་པརྃ་རོལྃ་པར་བསམ་པ་དང༌། མྃ་ཧཱྃ་བྃ་ལིཾྃ་ཏྃ་ཁཱ་ཧིྃ་གཏོར་མ་ཆེན་པོ་རོལ་ཅིག །སྐྲ་ལྕངྃ་ལོྃ་དང་བཅྃས་པའིྃ་དུངྃ་ཆེནྃ་དུྃ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། ཡང་སེམས་ཅན་རྣམས་ཆོས་ཉིད་རང་ངོ་མ་རིག་པའི་གཏི་མུག་གིས་ང་དང་ང་ཡིར་ཞེན་རྟོག་གི་ཆགྃས་པས་སེར་སྣ་དང་ཞེ་སྡངྃ་ང་རྒྱལ་ཕྲག་དོག་ཀྱང་དེའི་ཤུགས་ལ་འབྱུང་ཞིང་དེའི་དབང་གིས་རྒྱུད་དྲུག་འཁྲུལ་སྣང་གི་རྟོག་པ་སྐྱེ་འགག་གནས་བྲལ་ཆོས་ཀྱི་དབྱིངྃས་སུྃ་བསྒྲལྃ་བའིྃ་བརྡ་རྟགས་སུ་ཁྲགྃ་ཆེན་གྱི་རྒྱ་མཚོ་ཞིང་གི་ལྷུ་དུམ་འཕྱོ་ཞིང་དུག་གི་རླངས་སྤྲིན་ཅན་ཕུལ་བས། གཟུང་འཛིན་འཁོརྃ་བའིྃ་རྒྱུ་འབྲས་བདེ་ཆེན་ཆོས་ཉིད་ཀྱི་གནསྃ་སུའྃམ་རྒྱན་དུ་དགྃ་པར་བྱྃ་བའི་ཕྱིརྃ། ཡེ་ཤེས་ལྷ་ཡི་གཟིགས་པ་ལ་བཟང་ངན་བླངྃ་དོརྃ་གྱི་འཛིན་པ་མེྃད་པརྃ་བཞེསྃ་པས་གདུལ་བྱའི་རྒྱུད་ལ་དུག་ལྔ་གནས་དག་གི་བདེ་སྟོང་མི་རྟོག་པའི་དགོངས་པའི་རྩལ་རྒྱས་པར་མཛད་དུ་གསོྃལ་ཞེས་ཕུལ་བ་དང༌། མྃ་ཧཱ་རྃཀྟྃ་ཁཱྃ་ཧིྃ་རཀྟ་ཆེན་པོ་རོལ་ཅིག །རྟགས་དཔལ་ཆེན་པོ་དཀྱིལ་འཁོར་གླིང་དགུའི་གཙོ་བོ་རྣམས་ཡབ་ཡུམ་ཞལ་སྦྱོར་དུ་སྟོན་པ་ནི། རྒྱུ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་གཉིས་ལས་མ་འདས་པའི་དོན་ལ་མངོན་དུ་བྱ་ཕྱིར་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞིས་སྦྱོར་བ་ནི། འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་གདོད་ནས་འདུ་འབྲལ་མེད་པ་ཡེ་ཤེས་ཆེན་པོའི་རོས་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་མ་གཡོས་པར་བཞུགས་པའི་བརྡར་འབྲུ་དང་ཕབ་སྦྱར་བའི་རྫས་ཛ་གད་བཅུད་ཀྱི་ཉིང་ཁུའི་མཆོད་པས་བྱེད་ལས་སེམས་ཀྱི་ཟུག་རྔུ་སེལ་ཞིང་དཔའ་བའི་ངར་གྱི་སྟོབས་བསྐྱེད་པའི་བདུད་རྩིར་མཆོད་པ་སྟེ། མྃ་ཧཱྃ་བྃཛྲྃ་ཨྃ་མྲྀྃ་ཏྃ་ཛྃ་གདྃ་པཱུ་ཛྃ་ཧོྃ་ནི་རྡོ་རྗེ་བདུད་རྩི་ཆེན་པོ། ཐབས་བདེ་བ་ཆེན་པོ་རྡོྃ་རྗེྃ་ཝཾ་གྱི་གཟུགས་ཅན་ལ་གནས་ཀྱང་ཤེས་རབ་རྣམ་ཐར་གསུམ་ལྡན་ཨེ་དབྱིངས་པྃདྨོྃའི་གྲོངྃ་ཁྱེརྃ་ལྃ་སྙོམྃས་པརྃ་ཞུགསྃ་པའི་གནད་དོན་རྟོགས་པས་མ་བསྐུལ་ན་ཡེ་ཤེས་མངོན་དུ་བྱ་མི་ནུས་པས་ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་ཀྱི་རོལ་པ་ཆེན་པོའི་སྒྱུ་རྩལ་གྱིས་རབྃ་ཏུ་དགྱེས་པར་བསྐུལྃ་བསྃ། ལྷྃ་ཚོགསྃ་ཀུནྃ་ཀྱངྃ་ཟག་མེད་བདེ་ཆེན་གྱི་མཆོད་པས་ཤིན་ཏུ་མཉེསྃ་པའི་དགོངས་པ་ལས་ནམ་ཡང་མ་གཡོས་པས་སྲིད་པ་མིང་མེད་དུ་དག་པར་གྱུརྃ་ཏེྃ་སྡུགྃ་བསྔལྃ་གྱི་བདེན་པའི་གནས་ཚུལ་བྃདེ་བྃ་ཆེྃན་པོརྃ་སྦྱོར་བས། འབྲས་བུ་འཁྲུལ་པའི་རྣམྃ་རྟོགྃ་གི་རྒྱུ་འབྲས་བྃདག་དང་བདག་གིར་འཛིན་པ་མེྃད་པར་ཤིན་ཏུ་ཞི་བ་ཐེག་ཆེན་འགོག་བདེན་མཐར་ཐུག་གི་དབྱིངྃས་སུྃ་སིམ་སྟེ་ངལ་བསོ་པས་རྟོགས་པས་བདག་བསྒྲལ་བས་སྤང་བ། ཐུགས་རྗེའི་གཞན་སྒྲོལྃ་གྱི་རྟོགས་པའི་ཡོན་ཏན་རྫོགས་པས་འབྲས་བུ་སྐུ་གཉིས་ཀྱི་ཕྲིན་ལས་མཐར་ཕྱིན་པའོ། །ཛྃཿཧཱུྃྃ་བཾྃ་ཧོྃ་བཞི་ནི་འཁྱུད་སྡོམ་སྤྲད་པས་ཕྱག་རྒྱ་དང་སྦྱོར་བའི་དོན་ཏྃ་ནྃ་སྦྱོར་བ། གྃ་ནྃ་སྒྲོལ་བའི་མཆོད་པས་མཉེས་ཚིམ་གྱི་དོན་པཱུྃ་ཛྃ་ཧོ། སྤྱིར་སྲིད་རྩ་བདག་ཏུ་ལྟ་བ་ཆགས་པ་དེའི་མི་མཐུན་ཕྱོགས་ལ་སྡང་སེམས་རང་བཞིན་གྱིས་འབྱུང་བས། དེའི་གཉེན་པོར་མདོ་ལས་སྟོང་ཉིད་དང་སྙིང་རྗེ། སྔགས་ལས་སྦྱོར་སྒྲོལ་གཉིས་གསུངས་པས་མཆོད་པའང་གཞི་མཐུན་དུ་འབུལ་བའོ། །ནང་དང་གསང་བའི་མཆོད་པ་རྣམས་གཙང་དམེ་བླང་དོར་མེད་པར་ལོངས་སྤྱོད་པའི་བརྟུལ་ཞུགས་ཀྱིས་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དྭངས་མའི་ཁམས་རྣམས་རྒྱས་པས་བདེ་གསལ་མི་རྟོག་པའི་ཞུ་བདེའི་ཡེ་ཤེས་འཕེལ་བར་བྱེད་པས་གསང་དབང་གི་ལམ་གྲོགས་སུ་འགྱུར་བ་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་འཇུག་པ་གསུམ་པའི་དབང་ལམ་ཁྱེར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་ཀྱིས་མཚན་རྟོག་དབྱིངས་སུ་གསོད་པར་བྱེད་པ་དང༌། དེ་ཐམས་ཅད་མཆོད་བྱ་མཆོད་བྱེད་ལས་འདས་པ་གདོད་མའི་གཤིས་ལུགས་སྤྲོས་བྲལ་དེ་ཁོ་ཉིད་དབང་བཞི་པའི་ཡེ་ཤེས་དོན་དམ་འོད་གསལ་གྱི་ངོ་བོ་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དབང་བཞི་པའི་དགོངས་པ་དང་འབྲེལ་བ་སྟེ། རྡོ་རྗེ་གུར་གྱི་རྒྱུད་ལས། བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། ཞེས་གསུངས་པ་ལྟར་དཀའ་སྤྱད་ལ་མ་ལྟོས་པས་ལམ་གཞན་ལས་བདེ་ཞིང༌། གཞི་འབྲས་གཉིས་མེད་ཀྱི་དག་པ་སྦྱོར་ཚུལ་གྱིས་ཐ་མལ་གྱི་སྣང་ཤེས་སྡོམ་པས་མྱུར་བ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐབས་ཤེས་གཉིས་མེད་དུ་སྦྱོར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཡན་ལག་དྲུག་པ་བསྟོད་པ་ནི་རིན་ཆེན་འབྱུང་ལྡན་ཏེ་བྲལ་སྨིན་གྱི་ཡོན་ཏན་མཐར་ཕྱིན་པའི་ཁྱབ་བདག་རིན་པོ་ཆེའི་རིགས་རིན་འབྱུང་ཡིན་པ་བཞིན་བསྟོད་པའི་གླུས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཆེ་བ་སྒྲོགས་ཤིང་བསྔགས་པ་ཡིན་པས་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་པ་ལ། ཚིགས་བཅད་དང་པོའི་སྐུ་གར་དགུའི་རྣམ་འགྱུར་ལ་བསྟོད་པ་སྟེ། ཧཱུྃྃ་ཞེས་ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གདུལ་བྱའི་ཡུལ་ལ་རྗེས་སུ་བསྐུལ་བའི་ཕྱིར་ཐུགས་སྲོག་གི་སྒྲས་བོད་པའི་ཚུལ་དུ་བསྐུལ་ཏེ་གནས་ལུགས་ཡང་དག་པའི་ཡེ་ཤེས་མངོན་དུ་གྱུར་པའི་མཁྱེན་པ་དང༌། བྱམས་སྙིང་རྗེ་ཆེན་པོའི་བརྩེ་བ་ཟུང་དུ་འཇུག་པའི་ཐུགས་ཀྱི་ངོ་བོ་ལ་ཆགས་སྡང་གི་རྟོག་པའི་རྒྱུ་བ་མི་མངའ་ཡང༌། གདུལ་དཀའ་རུ་ཏྲ་རྣམ་སྨིན་རྩུབ་མོས་འཕངས་པ་རྣམས་དབང་དྲག་གི་ལྷག་པའི་ཕྲིན་ལས་ཀྱི་འཇུག་པ་མྱུར་བས་འདུལ་བའི་ཕྱིར། མི་བསྐྱོད་པའི་ངོ་བོ་སྐུ་ཆེ་ཞིང་ཡན་ལག་རགས་པས་རྨོངས་ཉམས་ཀྱིས་མི་སྡུག་པ་སྲིན་པོ་ལྟར་ཁྲོས་པ། རྣམ་སྣང་གི་ངོ་བོ་སྐུ་རྒྱན་གྱི་མཛེས་ཤིང་ཡབ་ཡུམ་སྦྱོར་བ་སོགས་ནི་ཆགས་ཉམས་ཀྱིས་སྒེག་པ། རིན་འབྱུང་གི་ངོ་བོ་བདུད་བཞི་གདན་དུ་བཏིང་བ་སོགས་སྟོབས་དང་ལྡན་པས་ཁྲོ་ཉམས་ཀྱིས་དཔའ་བ། གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་ནི་སྐུ་ཡི་ཉམས་གསུམ། དོན་གྲུབ་ཀྱི་ངོ་བོ་ཟུངས་ཤིག་རྒྱོབ་ཅིག་ཧཱུྃ་ཕཊ྄་ལ་སོགས་པའི་དྲག་ཤུལ་ལམ་གཤེ་བ་འཇིགས་པའི་ང་རོ་སྒྲོག་པ་དང༌། འོད་དཔག་མེད་ཀྱི་ངོ་བོ་ཆགས་དགྱེས་དྲེགས་པས་ཧ་ཧ་ལ་སོགས་པའི་རྡོ་རྗེའི་གད་རྒྱང་ཀྱིས་བཞད་པ། མཱ་མ་ཀིའི་ངོ་བོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་ང་རོ་དྲག་པོ་སྒྲོག་པ་འཇིགས་རུང་གི་ཉམས་ཏེ་གསུང་གི་གར་གསུམ། སྤྱན་མའི་ངོ་བོ་ཆོས་སྐུ་སྤྲོས་མཚན་ལས་འདས་པ་མི་རྟོག་པའི་དབྱིངས་སུ་མཆོག་ཏུ་ཞི་བ། དམ་ཚིག་སྒྲོལ་མའི་ངོ་བོ་དམིགས་པ་མེད་པའི་ཐུགས་ནི་སྙིང་རྗེའི་བརྩེ་བ། གོས་དཀར་མོའི་ངོ་བོ་ཁྲོ་ཆགས་ཀྱིས་ཐུགས་ཚིམས་པ་ལྟ་བུའི་ཕྲིན་ལས་ཅི་ཡང་ནུས་པས་རྔམས་པ་གསུམ་ནི་ཐུགས་ཀྱི་ཉམས་ཏེ་རྡོ་རྗེ་གསུམ་གྱི་གར་དགུའི་རྣམ་པས་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་ཀྱི་སྟེང་འོག་བར་གྱི་ས་གསུམ་ལ་གནས་པའི་དྲེགས་པ་ཅན་དུག་གསུམ་གྱི་རང་གཟུགས་རུ་ཏྲ་སྡེ་གསུམ་ཟིལ་གྱིས་མནན་པའི་ཚུལ་ལ་བསྟོད་པའོ། །གཉིས་པ་ཐུགས་ཕྱག་མཚན་གྱི་དག་པ་ལ་བསྟོད་པ་ནི། བརྡ་རྡོ་རྗེ་དང་ཐོད་ཁྲག་རྩ་ཕྱག་གིས་འཛིན་པས། དོན་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ། རྟགས་སྲིད་རྩ་མ་རིག་པས་ཁྱབ་བྱེད་དུ་བྱས་པའི་ཁྱབ་བྱ་ཆགས་སྡང་དབྱིངས་སུ་དག་པ་མཚོན་པ་འདིས། གཞི་དབྱིངས་རིག་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་དང་ཡེ་ཤེས་མཚོན་ཅིང༌། ཕྱག་བར་པས་ཁ་ཊྭཱྃ་རྩེ་གསུམ་འཛིན་པས་རྒྱུ་དུག་གསུམ་སྐུ་གསུམ་དུ་དག་པ། གཡོན་བར་པས་ཐོང་གཤོལ་སྐུར་བརྟེན་ནས་ཕྲག་པར་སློང་བས་ཉོན་མོངས་ཐ་རྒོད་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་བཏུབ་པ་རྒྱུད་མ་རུངས་པར་བྱས་པའི་གཤིས་ངན་ནད་མུག་མཚོན་སོགས་འཇོམས་པར་རྟོགས་པས་བདག་བསྒྲལ་བ་དང༌། ཐ་མ་གཉིས་ཀྱི་མེ་དཔུང་ནི་ཚར་གཅོད་དྲག་པོ་དང༌། ལྕགས་སྡིག་གིས་རྗེས་འཛིན་ཞི་བའི་ཕྲིན་ལས་གཉིས་ཀྱིས་ཞེ་སྡང་གི་རྟོག་པའི་རང་གཟུགས་རྒྱལ་པོ་ཕོ་གདོན། ཆགས་དང་སེར་སྣས་འདོད་ཆགས་ཀྱི་རང་གཟུགས་བསེན་མོ་འགོང་པོ། རྟོག་མེད་རྡོ་རྗེ་ཁྲོས་པའི་མཚོན་ཆས་གཏི་མུག་གི་རང་གཟུགས་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ཀུན་འདུལ་ཞིང་བྲན་དུ་བཀོལ་བའི་མཛད་པས་ཐུགས་རྗེའི་གཞན་སྒྲོལ་བ་ལ་བསྟོད་པའོ། །གསུམ་པ་སྐུ་ཡོངས་རྫོགས་ལ་བསྟོད་པ་སྟེ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་དབྱིངས་སམ་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུའི་ངོ་བོ་ནི་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་སྐྱེ་འགག་འཕོ་འགྱུར་གྱི་གཡོ་བ་མེད་པ་མཚོན་པས་སྐུ་མདོག་མཐིང་ག་སྟེ། དེ་ནི་ཁ་དོག་གཞན་གང་གིས་བསྒྱུར་དུ་མི་བཏུབ་པ་བཞིན་ནོ། །ཆོས་སྐུ་དེ་ཡང་སྟོང་པ་ཕྱོགས་གཅིག་མ་ཡིན་པ་ཟག་མེད་བདེ་ཆེན་འབྲས་བུའི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་རྫོགས་པར་མངའ་བ་མཚོན་བྱེད་དུ་དབུ་གསུམ་ནི་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་དང༌། ཕྱག་དྲུག་ནི་ལམ་ཕ་རོལ་དུ་ཕྱིན་པ་དྲུག །ཞབས་བཞི་ནི་གཞི་ཚད་མེད་བཞིས་གཞན་ཕན་གྱི་མཛད་པ་རྫོགས་སྨིན་སྦྱངས་མཐར་སོན་པ་སྟེ་སྐུ་ཡི་བརྡ་རྟགས་དང་ཟག་མེད་ཀྱི་ཡོན་ཏན་རྫོགས་པར་མངའ་བ་མཚོན་པའོ། །བཞི་པ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ནི། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་པ་ལྟར་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ཀྱི་གཤིས་བདེ་བ་ཆེན་པོའི་ཐིག་ལེ་ཉག་གཅིག་གདོད་ནས་སྤང་བྱ་དང་ལྷན་ཅིག་མི་གནས་པ་ཆོས་སྐུ་མཉམ་པ་ཆེན་པོ་ངང་གིས་ཁྲོས་པའི་ཐུགས་རྗེའི་རྩལ་ལས་ཆོས་ཅན་ཆོས་དབྱིངས་ཡེ་ཤེས་ལ། ཆོས་ཉིད་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཀློང་གྱུར་འདའ་ཀ་དབྱིངས་སྒྲོལ་མཐའ་གྲོལ་གྱི་ཀློང་དགུར་ཤར་བའི་རང་རྩལ་གྱིས་གདུལ་བྱའི་ཁམས་ལ་ཐུགས་རྗེ་གཡོས་ཏེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དགྱེས་པ་ཆེན་པོའི་ཞི་བའི་ཆགས་ཚུལ་ཁྲོ་བོའི་རྔམས་གཤེའི་གཟུགས་སྐུའི་ཕྱག་རྒྱར་དཔལ་ཆེན་སྒྲུབ་སྡེ་བརྒྱད་དུ་བཞེངས་པ་ཀུན་ཀྱང་ཁ་སྦྱོར་བདུན་གྱི་བདག་ཉིད་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱི་ཉམས་ལ་བྲི་གང་མེད་པར་ཆོས་ཅན་ཤུགས་ཀྱིས་ཁྲོ་བ་དང༌། དེ་ཐམས་ཅད་ཀྱི་གསང་བ་རྒྱན་འཁོར་ལྔའི་ངེས་པའི་ཆོ་འཕྲུལ་སྤང་བྱ་དང་ལྷན་ཅིག་ནམ་ཡང་མི་གནས་པའི་ཁྲོ་བ་དང་བཅས་པའི་ཕྱིར། མཁའ་ཁྱབ་ཡིད་ཅན་གདུལ་དཀའ་ཀུན་འདུལ་ཕྱིར་འབར་བ་ཁྲག་འཐུང་གི་འཁོར་ལོས་བཏུལ་ནས་འཁོར་བའི་སྐྱེ་རྒྱུན་བཅད་པ་ནི་སྤྲུལ་སྐུ་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་འདུ་འཕྲོའམ་སྤྲོ་བསྡུ་མཛད་པ་སྟེ། ཐུགས་ལ་ཁྲོ་བ་མི་མངའ་ཡང་འགྲོ་བའི་དོན་དུ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་དང༌། ཕྲ་མེན་གྱི་གཟུགས་སུ་བཅོས་པ་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་ཀྱང་ངོ་བོ་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་རྣམ་འཕྲུལ་འགག་མེད་ཅིར་ཡང་སྟོན་པ་ཀུན་མཁྱེན་བརྩེའི་ཡེ་ཤེས་ལ་བྲི་གང་དང་དགོངས་པ་མཐོ་དམན་མེད་པར་ཤེས་པས་བསྟོད་ཅེས་སོ། །འདི་ལ་མངོན་རྟོགས་རྒྱས་པའི་སྐབས་འབྱུང་བའི་བསྟོད་པའི་དོན་ཀྱང་སངས་རྒྱས་སྐུ་གསུམ་གྱི་ཡོན་ཏན་མཐར་ཕྱིན་པས་དབུ་དགུ་ནི་སྟོབས་བཅུའི་དབྱིངས་སུ་ཡེ་ཤེས་ཀྱི་རྩལ་རྫོགས་པས་བདུད་དང་མུ་སྟེགས་ཐམས་ཅད་ཟིལ་གྱིས་གནོན་ནུས་པ་མཚོན་པའི་བརྡ་རྟགས་སུ་དབུ་དགུ། ལས་དང་བྱ་བ་ཐམས་ཅད་ལག་པས་བྱེད་དགོས་པ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་མ་འདྲེས་བཅོ་བརྒྱད་ཀྱི་ཡོན་ཏན་མཐར་ཕྱིན་པའི་བརྡ་དོན་ཕྱག་བཅོ་བརྒྱད་ཀྱིས་ཀུན་བཟང་ཡབ་ཡུམ་མཚོན་པའི་རྡོ་རྗེ་དང་དུང་ཁྲག །སེམས་དཔའ་སེམས་མ་བཅུ་དྲུག་ཕྱག་ཆའི་ཚུལ་དུ་བསྣམས་པ་ཡིས། དབང་པོ་སྒོ་ལྔ་ཡུལ་ལྔ་ལས་ཡུལ་ཅན་རྣམ་ཤེས་གསུམ་འདུས་ཀྱིས་སྲེད་ལེན་གྱིས་ལས་འདུ་མི་བྱེད་པར་གདན་གསུམ་ལྷའི་འཁོར་ལོའི་ཕྱག་རྒྱ་ཆེན་པོའི་རྒྱས་བཏབ་པས། བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འབྱམས་སུ་ཀླས་པས་དག་ཆེན་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོར་བ་ལ་བསྟོད་པ། ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་བྱ་བྱེད་ཀྱི་ཚོགས་དང་བཅས་པ་འབྲས་བུ་དག་ཆེན་ཡེ་ཤེས་ཀྱི་ལྷ་གདན་གསུམ་གཙོ་འཁོར་ཐམས་ཅད་ཀྱང་རྣམ་པ་གང་ལྟར་སྟོན་ཀྱང་དོན་ལ་སྐུ་གསུམ་དང་ཁ་སྦྱོར་ཡན་ལག་བདུན་གྱི་རྣམ་བྱང་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པས་དགོངས་པ་ལ་མཐོ་དམན་མེད་པ་སངས་རྒྱས་ཉག་གཅིག་ཏུ་བཞུགས་པ་རྣམས། གདུལ་བྱ་རྗེས་སུ་འཛིན་སླད་ཞི་ཁྲོའི་བཞིན་ལག་གི་མཚན་དཔེའི་རྣམ་འགྱུར་དང༌། གཙོ་འཁོར་གྱི་ཚུལ་དུ་ཤར་བའི་རོལ་པ་ཅིར་ཡང་སྟོན་པ་ཐམས་ཅད་སྤྱི་དཔལ་ཧེ་རུ་ཀའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་གཅིག་གི་བདག་ཉིད་དུ་རྫོགས་པ་ཁྱེད་ལ་མཆོག་དམན་གྱི་རྟོག་པ་སྤངས་ཏེ་གུས་པས་བསྟོད་པའོ། །བསྙེན་ཡིག་ཏུ། ལྷ་ལ་གསལ་སྣང་མ་ཐོན་བར་དུ་འོད་ཟེར་སྤྲོ་བསྡུ་སོགས་བྱེད་མི་དགོས་ཏེ་ཐོད་སྐུ་ཡོད་ན་ཅེ་རེ་བལྟ་བ་དང༌། ཡིད་ཡུལ་དུ་གོམས་འཇུག་པ་ལ་རེས་མོས་སུ་བསླབ་གསུངས་པ་ནི་བློ་ཆུང་ལས་དང་པོ་པ་རྣམས་ཀྱིས་མ་གོམས་བར་ལ་བརྟགས་པའི་སྐུར་རྩལ་སྦྱང་པ་སྟེ་བཟོ་བོ་མཁས་པས་བྲིས་སྐུའམ། ལྡེར་བཟོ་རབ་གནས་དང་ལྡན་པ་དམིགས་རྟེན་དུ་དྲན་པ་རྒྱུ་བའི་ཡན་ལག་ཅེས་ཆེད་དུ་མི་སྒོམ་པར་དབུ་ནས་ཞབས་ཀྱི་བར་ལ་མིག་མི་འཛུམ་པར་ཅེ་རེ་བལྟ་བ་ལ་གོམས་པས་རྟོག་ཚོགས་གཡོ་ཉམས་རི་གཟར་གྱི་ཆུ་ལྟར་བྱུང་ཡང་མ་སུན་པར་འདྲིས་པར་བྱས་པས་ཇེ་ཞིག་ན་དེའི་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟན་པ་ལས་མིག་བཙུམ་ཡང་ཡིད་ཡུལ་དུ་བཀྲ་གསལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་ཞེས་བྱ། དེའི་ཚེ་གསལ་སྣང་དེས་ཐ་མལ་གྱི་སྣང་ཞེན་ལ་རྒྱས་བཏབ་སྟེ་སྣང་སྟོང་སྒྱུ་མའི་སྐུ་ཤེལ་བུམ་དྲི་མེད་དམ་འཇའ་ཚོན་ལྟ་བུ་ཕྱི་ནང་ཟང་ཐལ་གསལ་འཚེར་བཀྲག་དང་ལྡན་པ་མེ་ལོང་གི་གཟུགས་ལྟ་བུར་རྩལ་སྦྱང༌། དེ་ཡང་ཧ་ཅང་བཙིར་ཟིན་མི་བྱེད་པར། དེ་གའི་གསལ་སྣང་མ་འགག་པའི་ངང་ལ་ཤིགས་སེ་མཉམ་པར་བཞག །རེ་ཞིག་བྱིང་ཉམས་བྱུང་ནའང་མི་གསེང༌། དེ་ལྟར་བསྐྱངས་པས་ཇེ་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང༌། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ་རང་ལྷར་བསྒོམ་པ་རྩེ་གཅིག་ཏུ་མཉམ་པར་བཞག །གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ང་རྒྱལ་བརྟན་པོ་བྱུང་བ་དང༌། བློ་འབྲིང་རྣམས་ཀྱིས་ཡོངས་རྫོགས་ཀྱི་རྣམ་འགྱུར་ཝལ་གྱིས་གསལ་བ་དང༌། དེ་ནས་དབུའི་རྣམ་པ། ཕྱག་གཡས་གཡོན། སྐུ་སྐེད་ཡན། ཞབས་གཡས་གཡོན། སྐུ་ཡོངས་རྫོགས་གདན་དང་བཅས་པ་རེ་རེ་ནས་གསལ་སྣང་འདོན་ལྷ་སྐུའི་ཆེ་ཆུང་དང་གཙོ་འཁོར་མང་ཉུང༌། རྒྱང་ཉེ་རིང༌། ཐུན་རིང་ཐུང་གི་སྐྱེད་བྲི་སོགས་མ་ངེས་པར་རྩལ་སྦྱང༌། དེ་ཡང་དང་པོ་དམིགས་རྟེན་གྱི་སྐུ་ལ་བལྟ་ཡུན་རིང་བར་བྱ། སྒོམ་ཡུན་ཐུང་བར་བྱེད། ཅུང་ཟད་གོམས་ནས་བལྟར་ཡུན་ཇེ་ཐུང༌། སྒོམ་ཡུན་ཇེ་རིང་ལ་བསླབ། རྣམ་པ་གསལ་བ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་ལ་བསླབས་པས་ཆད་ལྟར་མི་གོལ་ཞིང༌། སྐྱོ་བའི་ཚེ་མངོན་རྟོགས་བསྟོད་པའི་སྐབས་སུ་བཤད་པ་ལྟར་རྣམ་དག་དྲན་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ངོ་བོར་རྩལ་སྦྱངས་པས་རྟག་ལྟར་མི་གོལ་བའི་གནད་དོ། །གཞུང་ལས། དང་པོར་མོས་པས་འགོད་པ་སྟེ༔ ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར། བློ་རབ་རྣམས་ཀྱིས་ནི་རང་བཞིན་ཇི་ལྟ་བའི་དངོས་པོ་ངོས་བཟུང་ལས་འདས་པའི་བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་རྣམ་པ་གསལ་ཞིང་ངོ་བོས་སྟོང༌། ཆོས་ཉིད་སྟོང་བཞིན་དུ་རང་བཞིན་སྤྱན་གྱི་དཀར་ནག་ཚུན་ཕྱེད་པའི་གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་འཛིན་ཞེན་དང་བྲལ་བར་རྩལ་སྦྱོང་ཚུལ་གང་ཟག་གི་དབང་པོ་དང་བསྟུན་ནས་ཉམས་སུ་བླང་ཞིང་ལྷ་ལ་སེམས་གཟུང་བ་སོགས་ས་བཅད་བདུན་བླ་མ་དགོངས་འདུས་ཀྱི་མན་ངག་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གསུངས་པ་ལྟར་གོམས་པར་བསླབ་པོ། །དེ་ལྟར་ལྷའི་རྣམ་པ་རང་སེམས་དང་དབྱེར་མེད་བསྲེས་ཏེ་བསྒོམ་པས་སྐུ་ཡོངས་རྫོགས་ཀྱི་གསལ་སྣང་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་བརྟན་པའི་ཉམས་དང༌། བ་སྤུའི་བུ་ག་དང་སྤྱན་གྱི་དཀར་ནག་ཚུན་གསལ་ཞིང་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པ་མཐར་ཕྱིན་པའི་ཉམས་ཞེས་གསུངས་ལ། གཞན་ཡང་དཔལ་ཆེན་ཞལ་ལུང་ལས། ཕྱོགས་རིས་བྲལ་བའི་ལྟ་བ་ཡིས༔ ཐེ་ཚོམ་ཡིད་གཉིས་འཕྲང་ལས་གྲོལ༔ གསལ་འགྲིབ་མེད་པའི་སྒོམ་པ་ཡིས༔ བྱིང་རྒོད་གཉིས་འཛིན་འཕྲང་ལས་གྲོལ༔ སྤྱོད་པ་མ་འཁྲུལ་དམ་ཚིག་གིས༔ ཐེག་པ་དམན་པའི་འཕྲང་ལས་གྲོལ། ཞེས་གསུངས་པ་ལྟར། སྣང་བ་ལྷ་དང་འདྲེས་པ་ཙམ་གྱིས་མཆོག་དངོས་ཀྱི་རྒྱུར་མི་འགྱུར་བས་ལྷ་དོན་ལ་སྦྱར་ཞེས་རང་སེམས་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལ་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་སྐུའི་འབྲས་བུར་གདོད་ནས་དུ་མ་རོ་གཅིག་ཏུ་སྨིན་པའི་བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལ་བཟླ་བའི་ཕྱིར་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་སུ་སྡོམ་པར་བྱེད་པའི་གཟེར་བུ་ལྟ་བུ་སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་གྱི་བསྐྱེད་རིམ་མན་ངག་ཐུན་མོང་མ་ཡིན་པར་གསུངས་པའི་གནད་ལ་འོག་མིན་བགྲོད་པའི་ཐེམས་སྐས་སུ་གསུངས་པ་བཞིན་གོམས་པར་བསླབ་པས་རིག་འཛིན་གབ་བྱང་ལས། དབྱིངས་ཀྱི་སྣང་ཆ་ལྷར་ཤར་བས༔ བསོད་ནམས་ཚོགས་ཆེན་དེ་ཡིས་རྫོགས༔ དེ་ལ་མངོན་ཞེན་རྣམ་དག་པས༔ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིན༔ ཞེས་དང༌། དཔལ་ཆེན་ཞལ་ལུང་ལས། བསོད་ནམས་དང་ནི་ཡེ་ཤེས་མཐུས༔ བསྐྱེད་རྫོགས་གདིང་དུ་གྱུར་པ་ལས༔ རྣམ་རྟོག་རགས་པ་འཇོམས་གྱུར་ཏེ༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན༔ དང་པོ་ཡིད་ཀྱི་ཡུལ་དུ་གསལ༔ དེ་ཡི་དངོས་སྣང་མཐུ་བརྟས་པས༔ སེམས་ཉིད་ཤིན་ཏུ་སྦྱངས་བའི་མཐུས༔ རང་བཞིན་དབང་པོའི་ཡུལ་དུ་གསལ༔ མཐར་ནི་བདེན་གཉིས་དབྱེར་མེད་ཀྱི༔ ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ༔ ལུས་ཀྱི་ཡུལ་དུ་མངོན་སུམ་གསལ༔ ཡུལ་གསུམ་གྱད་དུ་གྱུར་པ་ལས༔ མ་དག་ལུས་ཀྱི་དངོས་སྣང་འཇོམས༔ ཞེས་གསུངས་པ་ལྟར་ས་ལམ་གྱི་བགྲོད་ཚུལ་ཀྱང་རིག་འཛིན་གྱི་གབ་བྱང་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གཉིས་པ་ཐུགས་རྒྱུད་བསྐུལ་བ་བསྙེན་པའི་རིམ་པ་ལ། གཞུང་ལས། བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ ཞེས་པ་ལྟར་ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ་གསུམ་གྱི་དང་པོ་ནི། སངས་རྒྱས་རྣམས་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་གཙོ་བོ་ཆོས་འཁོར་ཡིན་པ་བཞིན་གསུང་རྡོ་རྗེ་རིག་སྔགས་སུ་ཤར་བས་ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་བྱེད་ཀྱི་རྩ་བ་སྔགས་ཏེ་སྦྱང་གཞི་ཐ་མལ་གྱི་ངག་སྒྲ། སྦྱོང་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ། སྦྱངས་འབྲས་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་གོ་འཕང་མངོན་དུ་གྱུར་པའི་གནད་ཤེས་པས་སྒོམ་དོན་གྱི་དམིགས་རིམ་དངོས་ནི། བྃདག་ཉིྃད་ཆེྃ་མཆོྃག་ཡབྃ་ཡུམྃ་སོགས་ཀྱི་དོན་སེམས་དཔའ་སུམ་བརྩེགས་འདི་ཡེ་ཤེས་སེམས་དཔའ་རང་འདྲའམ། ཡང་ན་སྒྱུ་འཕྲུལ་ལྟར་རྒྱན་དང་ཕྱག་མཚན་སྤངས་བའི་རང་འདྲ་དང༌། ཁ་ཅིག་སྤྲུལ་པ་དང་སྤྲུལ་གཞིའི་དབང་དུ་མཛད་པ་དང༌། འགའ་ཞིག་ཁྲོ་བོ་ལ་ཞི་བ། ཞི་བ་ལ་ཁྲོ་བོ་སོགས་སྒོམ་ཚུལ་དུ་མ་ལས། འདི་ནི་ཁྲོ་བོའི་ཐུགས་ཀར་ཞི་བ་སྒོམ་པ་སྟེ་དམིགས་པ་བསྙེན་ཡིག་ཏུ་གསལ་བ་ལྟར་ལ། དེ་ཡང་བདེ་གཤེགས་ཞི་བའི་སྒྲུབ་པ་ལ། རྒྱས་པར་རིགས་བརྒྱ། བསྡུས་པ་ཞེ་གཉིས། རབ་ཏུ་བསྡུས་པ་དེ་ཉིད་རིགས་ལྔ། ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་དང༌། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་སྒྲུབ་ཚུལ་བཅས་བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་དུ་གསུངས་པ་འདི་ནི་གསང་ཆེན་རིགས་གཅིག་གི་སྒྲུབ་ལུགས་རིགས་ཀྱི་ཁྱབ་བདག་དུ་རྟོགས་པ་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པར་གསུངས་པའི་དགོངས་པ་སྟེ་འདི་ཉིད་མཆོག་སྒྲུབ་ཀྱི་སྙིང་པོ་ཡིན་པས་གྲངས་བསྙེན་ཚད་ཇི་ཙམ་མང་བཞིན་ལེགས་པ་ཡིན་ནོ། །གཞུང་ལས། རིགས་རྣམས་ཀུན་གྱི་དབང་ཕྱུག་མཆོག༔ སངས་རྒྱས་ཀུན་གྱི་མེས་པོ་སྒོམ༔ རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀུན༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང༔ ཞེས་དང༌། བཟླ་བྱའི་སྔགས་འབྲུ་གསུམ་ཡང་བདེ་གཤེགས་འདུས་པ་ཞི་བ་གསང་ཆེན་རིགས་གཅིག་ལས། ཏིང་འཛིན་གྱི་གནད་ཡི་གེ་འབྲུ་གསུམ་ལ་འདུས་ཏེ༔ ཨོཾ་གྱིས་དེ་བཞིན་ཉིད་ཀྱི་ཏིང་འཛིན༔ ཨཱཿཀུན་སྣང་གི་ཏིང་འཛིན༔ ཧཱུྃ་རྒྱུའི་ཏིང་འཛིན༔ ཞེས་དང༌། སྐུ་ཐམས་ཅད་ཀྱི་གནད་ཀྱང་འབྲུ་གསུམ་ལ་འདུས་ཏེ། ཨོཾ་གྱིས་ཆོས་སྐུ་ཐོབ་པར་བྱེད༔ ཨཱཿཡིས་ལོངས་སྐུ་ཐོབ་པར་བྱེད༔ ཧཱུྃ་གིས་སྤྲུལ་སྐུ་ཐོབ་པར་བྱེད༔ ཅེས་སོགས་རྒྱས་པར་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་རྡོ་རྗེ་གསུམ་གྱི་ས་བོན་དུ་ངེས་པས་བཟླས་པ་ཙམ་གྱིས་ལས་ཀུན་བྱེད་ཅིང་ཕན་ཡོན་ཚད་མེད་པ་སྟེ། བླ་མ་དགོངས་འདུས་ལས། བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུའི་སྙིང་པོ་ཨོཾ༔ གསུང་གི་སྙིང་པོ་ཨཱཿ ཐུགས་ཀྱི་སྙིང་པོ་ཧཱུྃ་གསུམ་ལ་འདུས་པས༔ འབྲུ་གསུམ་རྩ་བའི་སྙིང་པོ་འདི་འགྲུབ་ན་ཐམས་ཅད་འགྲུབ་ཅིང༔ འདི་བྱིན་རླབས་ཀུན་འདུས་ཀྱི་རྩ་བ༔ དངོས་གྲུབ་ཀུན་འདུས་ཀྱི་རྩ་བ༔ ཕྲིན་ལས་ཀུན་འདུས་ཀྱི་རྩ་བ་ཡིན་པའི་ཕྱིར༔ སྔགས་ཀྱི་དབུ་ལ་འབྱུང་བ་དང༔ རྒྱས་འདེབས་པ་ཐམས་ཅད་འབྲུ་གསུམ་གྱིས་བྱེད་པ་དེའོ༔ ཞེས་སོ། །འདི་ལས་ཀྱང༌། ཚེ་གཅིག་བྱང་ཆུབ་འདོད་པ་རྣམས༔ འདི་ལ་རྟག་ཏུ་ནན་ཏན་གྱིས༔ འབྱུང་འཇུག་སྔགས་སུ་གོམས་པ་ན༔ ཕུང་པོ་འོད་སྐུར་དེངས་བར་འགྱུར༔ ཞེས་གསུངས་པས་ཆོས་འདིའི་བརྒྱུད་འཛིན་ཐམས་ཅད་མཆོག་གི་དངོས་གྲུབ་ཀྱི་ཉེ་ལམ་ལ་བརྟེན་ནས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་བཟུང་བའི་རྣམ་ཐར་ལ་མིག་ལྟོས་ཀྱིས་དོན་དམ་ཡེ་ཤེས་ཀྱི་ལྷ་མཆོག་སྒྲུབ་པ་ལ་ནན་ཏན་དུ་བྱ་དགོས་པས་ན་གཞུང་དུ་འབྲུ་གསུམ་ཡིད་བཟླས་སམ། མ་བདེ་ན་ཤུབ་བུའི་བཟླས་པས་འབྱུང་འཇུག་གནས་གསུམ་གདོད་ནས་དག་པའི་སྔགས་སུ་གོམས་པར་བྱ་གསུངས་པས་སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། མཆོག་གི་དངོས་གྲུབ་བཟླས་པ་ཁྱད་པར་ཅན་གྱིས་འགྲུབ༔ ཅེས་གཡོ་བ་རླུང་གི་རྫོགས་རིམ་དུ་བཤད་པའི་རྡོར་བཟླས། རླུང་ཕྱིར་དབྱུང་བ་ཨོཾ། རྔུབ་པ་ཨཱཿགནས་པ་ཧཱུྃ་ལ་སྦྱང་བའམ། ཡང་ན་སྤྱི་འགྲོ་ལྟར་དབྱུང་བ་ཧཱུྃ། རྔུབ་པ་ཨོཾ། གནས་པ་ཨཱཿལ་བསླབས་པས་རླུང་རིག་བསྲེ་བའི་ཉམས་ལེན་ལ་འབད་པ་མཆོག་ཏུ་ཟབ་པས་རྡོར་བཟླས་དང༌། ཡིད་བཟླས་སྤེལ་མ། སྐྱོ་ན་ངག་བཟླས་ཀྱང་ཅུང་ཟད་བྱའོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། སྒྲུབ་པ་དང༌། སྒྲུབ་ཆེན་གཉིས་ལས། དང་པོ་ནི། དམིགས་གནད་སྙིང་པོ་བསྙེན་ཡིག་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ་བློས་བཀོད་མ་ཡིན་པར་གཉིས་མེད་རང་ཤར་མ་བསྒོམས་ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་ཞེས་རིག་པའི་མྱོང་བ་ཡོད་ན་ལྟ་བ་དེའི་རྩི་དང་མ་བྲལ་བར་ལྷ་སྔགས་ཀྱི་གསལ་འདེབས་པ་ནི་ཤིན་ཏུ་ཟབ་པའི་གནད་དེ། ཞེས་གསུངས་པའི་དོན། སེམས་རིག་ལ་ཤན་ཕྱེས་ནས་རིག་པ་སྐུ་གསུམ་ཆེན་པོའི་བདག་ཉིད་དེ་མངོན་སུམ་མྱོང་བས་ངོ་ལེགས་པར་འཕྲོད་པ་གཞིར་བཟུང་བས་གཟུང་འཛིན་གྱི་རྟོག་པ་ཐད་ཀར་བཅད་ནས་རིག་པ་ཟང་ཐལ་ཆེན་པོའི་ངང་བཟོ་མེད་དུ་བཞག་པ་ལས་མ་གཡོས་བཞིན་དེའི་རང་མདངས་དཀྱིལ་འཁོར་གྱི་ལྷར་ཤར་བ་ལ་དམ་ཡེ་བསྲེས་ནས་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་བཞག་ནས་ལྷ་སྔགས་དབྱེར་མེད་དུ་ཤེས་པའི་ངང་བཟླས་པ་ལ་བརྩོན་པའི་རྒྱུན་དྲན་ཤེས་དང་མ་བྲལ་བ་བྱས་ན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཀྱང་ཚང་ཞིང༌། གསལ་སྣང་བརྟན་ཞིང་ཀུན་རྟོག་ཇེ་ཕྲར་འགྲོ། དེའི་ཚེ་ལྷར་སྣང་ཀུན་རྟོག་ཀྱིས་བཅོས་ནས་སྒོམ་པའི་ཆ་དེ་ཕྲ་བས་གསལ་དཀའ་ཡང་ལྷར་སྣང་དེ་ཡལ་དུ་མི་བཅུག་པར་ཡབ་ཡུམ་སྦྱོར་བའི་བདེ་བ་དང༌། དོ་ལའི་བཟླས་པས་བོགས་དབྱུང་ནས། བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་སུ་འདྲེན་པར་འགྱུར་གྱི་བར་བོགས་དབྱུང་བ་དང༌། དེ་ལྟར་ཡང་ཡང་གོམས་པའི་གནད་ཀྱིས་འོད་གསལ་རྐྱང་པ་ཙམ་མ་ཡིན་པ་དཀྱིལ་འཁོར་གྱི་ལྷ་སྟོང་གཟུགས་ཀྱི་སྣང་ཆ་དང་བཅས་པ་ཤར། དེ་ལྟར་ཤར་བ་དང་རིག་སྟོང་དབྱེར་མེད་ཀྱི་ཉམས་ལེན་རྐྱང་དེད་བྱས་ནས་བསྒོམས་པས་ཡུལ་སྣང་ལྷར་ཐིམ་ལྷར་སྣང་ཆོས་ཉིད་དུ་ཐིམ་ནས་ཀུན་རྟོག་གི་འཁྲུལ་པ་དབྱིངས་སུ་དག་པའི་གང་སྣང་ལྷའི་དཀྱིལ་འཁོར་རང་རིག་སྤྲོས་བྲལ་ཉག་གཅིག་གི་རྣམ་རོལ་དུ་གྱུར་བས། འདི་ལ་ས་བཅུ་ལམ་ལྔ་རིག་འཛིན་བཞིའི་རྣམ་བཞག་དང༌། བོགས་འབྱིན་རྩོལ་བཅས་དང་རྩོལ་མེད་ཀྱི་རྫོགས་རིམ་སྦྱོར་ཚུལ་རིག་འཛིན་འདུས་པའི་གབ་བྱང་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པའི་གནད་དེ་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་པར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཅེས་དང༌། གཞུང་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད༔ ཅེས་སོ། །བསྙེན་སྔགས་ནི་བླ་མ་དྲག་པོ་དང་ཆེ་མཆོག་དབྱེར་མེད་ཀྱི་དོན་ཏེ། ཨོཾ་ཡེ་ཤེས་ལྔ་ལྡན། གུ་རུ་བླ་མ། ཤྲཱི་དཔལ། བཛྲ་ཡཀྴ་རྡོ་རྗེ་གནོད་སྦྱིན། ཀྲོ་ཏ་ཁྲོ་བོ། ཙིཏྟ་ཐུགས། ཧཱུྃ་ཞེས་སྩོལ་བའི་དོན་ཏེ། བླ་མ་དཔལ་རྡོ་རྗེ་གནོད་སྦྱིན་ཁྲོ་བོས་ཐུགས་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་ཅེས་པ་ནི། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔ ཞེས་པ་ལྟར་བསྒྲུབ་བྱའི་གཙོ་བོ་ཆོས་ཉིད་དོན་གྱི་ལྷ་ཡེ་ཤེས་རྒྱུད་ལ་འཆར་བ་ནི་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་དེ་ཉིད་དཔལ་ཆེན་པོའི་རྣམ་པར་བཞེངས་པས་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པ་འདི་ཡང་གསོལ་འདེབས་ཀྱི་ཚུལ་དུ་བཟླས་ན་དངོས་གྲུབ་མྱུར་བའི་གནད་ཡོད་པ་དང༌། ལྷ་ཚོགས་འཕྲོ་འདུ་བསམ་ཡས་ཀྱང༔ གཙོ་བོ་གཅིག་པུའི་ཆོ་འཕྲུལ་ཏེ༔ དཔལ་ཆེན་སྲོག་ལ་དབང་ཐོབ་ན༔ ཚོམ་བུའི་འཁོར་ལོ་མ་བསྒྲུབས་ཤར༔ ཞེས་གསུངས་པ་ལྟར་བདུན་བརྒྱ་ཉེར་ལྔ་ལ་སོགས་པའི་གཙོ་འཁོར་དང༌། གཙོ་བོ་ལ་ཡང་བསྐྱེད་རྫོགས་རྒྱས་འབྲིང་བསྡུས་པ་སོགས་མང་དུ་གསུངས་ཀྱང་དེ་ཐམས་ཅད་གཙོ་བོ་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པས་ན་ཐོག་མ་ཁོ་ནར་གཙོ་མཆོག་དཔལ་ཆེན་པོའི་གསལ་སྣང་བརྟན་པོར་སྒྲུབ་པའི་སེམས་འཛིན་དང༌། དེ་ཡང་གུ་རུ་རིན་པོ་ཆེ་དང་གཉིས་མེད་དུ་ཤེས་པའི་དད་མོས་གདུང་ཤུགས། གསལ་སྣང་དང་ཐུགས་ཡིད་བསྲེས་པའི་རྣམ་འགྱུར་ལ་ཁམས་དང་མཐུན་པར་བསླབ་དགོས་ཏེ། མདོར་ན་ཞི་བ་རིགས་ལྔ། ཁྲོ་བོ་གཙོ་མཆོག་དགུ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པ་དང༌། ལྷ་སྔགས་སྤྱི་བྱེ་བྲག་བསྙེན་སྒྲུབ་ལས་གསུམ་གང་ལྟར་བཤད་ཀྱང་དོན་ཡེ་ཤེས་ཐུགས་ཀྱི་ས་བོན་ཧཱུྃ་ལ་འདུས་པས། བཀའ་བརྒྱད་བདེ་འདུས་ལས་ཀྱང་ཧཱུྃ་གི་དྲིལ་སྒྲུབ་སྙིང་པོ་རྫོགས་རིམ། རིམ་ལྔ་དང་སྦྱར་བ། ཡོ་ག་གསུམ་དུ་སྒྲུབ་པ་སོགས་ཟབ་དྲིལ་མང་པོ་གསུངས་པ་ལྟར་ངག་བཟླས་ཀྱིས་སྐྱོ་བ་དང༌། ཐུན་མཚམས་ཐམས་ཅད་ལ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡིན་པས་ཧཱུྃ་བཟླས་གལ་ཆེ་བར་གསུངས་པས་བཟླས་པའི་སྙིང་པོ་ཧཱུྃ་ལ་བཟུང་ཀྱང་ཤིན་ཏུ་ཟབ་བོ། །གཉིས་པ་ནི་ཚོམ་བུ་དགུ་སྤྱི་དྲིལ་གྱི་བཟླས་པ་སྟེ། སྔགས་ཀྱང་ཁྲོ་བོ་སྤྱི་བསྡུས་ཀྱི་སྔགས་བཛྲ་ཙཎྜ་འབྲུ་བཅུ་དགུ་པ་སྟེ། ཨོཾ་རབ་སྔགས། བཛྲ་རྡོ་རྗེ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཥྚན་གདུག་པ་ཅན། ཏ་ཀ་མཐར་བྱེད། ཧ་ན་བསྣུན། ད་ཧ་སྲེག །པ་ཙ་ཚོས། ཧཱུྃ་ཕཊ྄ཿ ཅེས་ཐུགས་སྲོག་གིས་བསྐུལ་བ་དང༌། ཐབས་ཤེས་ཀྱི་དབྱིངས་སུ་གཏོར་སྡུད་པའི་དོན་ཏེ། ཊཱིཀ་བསྡུས་དོན་གྱི་ཆིངས་ལས། ཁྲོ་བོ་སྤྱི་བསྡུས་སྔགས་ཀྱི་གནད༔ དྲག་སྔགས་བཅུ་དགུ་པ་ལ་ཐུག༔ ཅེས་གསུངས་སོ། །སྤྱི་བསྡུས་ཀྱི་གྲངས་ཐེམས་པ་དང་སྒྲུབ་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་ཚུལ་དུ་ཕྱག་རྒྱ་རྒྱས་པའི་སྐབས་ལྟར། ཡང་དག་སོགས་རིགས་བཞིའི་ཁྲག་འཐུང་གི་བསྙེན་པ་རུ་ལུ་སོགས་ཀྱང་ཅུང་ཟད་རེ་བཟླས་ན་ལེགས་པར་སེམས་སོ། །དེ་ལྟར་ན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་ཐུན་རེ་རེ་བཞིན་ངེས་པར་སྦྱར་དགོས་སོ། །གསུམ་པ་ལས་སྦྱོར་ནི། སངས་རྒྱས་རྣམས་ཐོག་མར་ཐུགས་བསྐྱེད་པའི་དུས་ནས་གཞན་ཕན་རླབས་པོ་ཆེའི་དམ་བཅའི་དབང་གིས་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་སྤྱོད་པས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་གཞན་དོན་འབའ་ཞིག་ལ་འཇུག་པ་ཐེག་པ་ཆེན་པོའི་ཁྱད་ཆོས་ཏེ། ཁྱད་པར་དུ་གསང་སྔགས་ནི་ལྟ་དགོངས་ཏིང་འཛིན་གྱི་གནད་ཟབ་མོས་ད་ལྟ་ལམ་ལ་མོས་པས་སློབ་པའི་དུས་ནས་སངས་རྒྱས་ཀྱི་ཕྲིན་ལས་ལམ་དུ་བྱེད་ཕྱིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ལྷ་སྔགས་ཏིང་འཛིན་རྫས་ཀྱི་ལས་སྦྱོར་མང་དུ་གསུངས་ཏེ་རྣལ་འབྱོར་པས་དོན་གཉིས་སྒྲུབ་པའི་ཐབས་རྨད་དུ་བྱུང་བ་ནི། སྤྱིར་བྱང་ཆུབ་སྒྲུབ་པའི་གང་ཟག་གི་དོན་དུ་གཉེར་བྱའི་གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་ཁོ་ན་ཡིན་པས་མཆོག་གི་དངོས་གྲུབ་ཀྱི་ལམ་ལ་སྙིང་པོར་དྲིལ་བ་ལས། ཐུན་མོང་གི་ལས་བཞིའི་རིམ་པ་དང༌། ཁྱད་པར་མངོན་སྤྱོད་ཀྱི་ལས་རིམ་སོགས་གཙོ་བོར་བྱེད་མི་རུང་བ་དམ་པ་རྣམས་ཀྱིས་གསུངས་བཞིན་དོན་ལ་གནས་ཤིང་ཁྱད་པར་བརྒྱུད་པ་འདིའི་ཕྱག་བཞེས་ལ་བསྐྱེད་རྫོགས་གདམས་ངག་གི་ཟབ་གནད་ཐམས་ཅད་བདག་འཛིན་དང་ཉོན་མོངས་པའི་གཉེན་པོར་གནད་དུ་བསྒྲིལ་བ་ལས། ཆགས་སྡང་ཐ་མལ་གྱི་ཀུན་སློང་གིས་དྲག་པོའི་སྲུང་བཟློག་བསད་མནན་གཙོར་འདོན་མི་གནང་བའི་རྗེས་སུ་ངེས་པར་སློབ་པ་གལ་ཆེ་བ་ཉིད་ནའང༌། ཤིན་ཏུ་མི་སྲུན་པ་སྙིགས་དུས་འདིར་ཆོས་བྱེད་ཕལ་ཆེར་བར་ཆད་ཀྱི་གཞན་དབང་དུ་འགྱུར་ཞིང༌། བདུད་དང་དམ་སྲི་རྒྱལ་བསེན་ནག་ཕྱོགས་ཁ་དར་བའི་སྐབས་གུ་རུ་རིན་པོ་ཆེས་བོད་ཀྱི་གདུལ་བྱ་ལ་བརྩེ་བས་ཆེད་དུ་དགོངས་པའི་ལྷ་སྔགས་ཀྱི་གཉེན་པོ་གཅིག་ཆོག་འདི་ལྟ་བུ་ལ་རྫས་དང་འཁྲུལ་འཁོར་ཕྱག་ལེན་རྒྱས་པའི་ཕྱོགས་མ་ཡིན་པ་ཟབ་མོའི་ཏིང་འཛིན་གྱི་གནད་གཟེར་སྙིང་པོ་འདི་དག་བྱམས་དང་སྙིང་རྗེའི་རྩིས་ཟིན་ཅིང༌། ལྷ་དང་བླ་མ་སྔགས་ལ་ཡིད་ཆེས་ཀྱི་དད་པ་དང༌། དགོངས་པའི་སྲོག་གིས་ཟིན་པས་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་དག་ལ་མེད་དུ་མི་རུང་བའི་ལས་སྦྱོར་ཡིན་པས་རང་གཞན་བསྟན་འགྲོའི་དོན་དུ་ངེས་པར་ཉམས་སུ་བླངས་འོས་ལ། དེར་མ་ཟད་འདི་ནི་བཀའ་བརྒྱད་རྣམ་གསུམ་གྱི་བཅུད་དྲིལ་ལྟ་བུ་ཡིན་པས་དེ་དག་ཏུ་གསལ་བའི་ལས་སྦྱོར་འདི་ལ་སྦྱར་ཆོག་པ་ཀུན་མཁྱེན་བླ་མ་ཉིད་ཀྱི་ཞལ་ལས་ཐོས་ཞེས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསུངས་པ་ལྟར་ལ། སྤྱིར་སྔགས་ཀྱི་ལས་ཐམས་ཅད་དང་ཁྱད་པར་མངོན་སྤྱོད་ལ་རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་ཤེས་དགོས་པས་ན། རྫོང་ནི་ལྟ་བ་སྟེ་ལྟ་བ་གདེང་ལྡན་གྱི་རྫོང་ཟིན་ན་གང་ལ་ཡང་མི་འཇིགས་པར་རང་ཉིད་གཏན་སྲིད་ཟིན་པའི་ཕྱིར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་འདུ། རང་གི་སེམས་སྐྱེ་འགག་མེད་པ་རང་བྱུང་གི་ཡེ་ཤེས་བླ་མའི་མན་ངག་གིས་ངོ་འཕྲོད་པ་ནི་ལྟ་བའི་རྫོང་ཟིན་པ་ཡིན་ལ། ལྟ་ཐོག་ཏུ་མྱོང་བས་མ་སླེབས་ན་གོ་ཡུལ་ཙམ་གྱིས་ཕན་མི་ཐོགས་པས་སྒོམ་པའི་འཕྲང་བགྲོད་ཕྱིར་ལྟ་དོན་བཞིན་སྒོམ་པ་གལ་ཆེ་སྟེ། མ་སྒོམ་པར་སངས་རྒྱས་པ་ནི་རྡོ་རྗེ་སེམས་དཔས་ཀྱང་མ་གསུངས། ལྟ་སྒོམ་དེ་གཉིས་ཚད་དུ་འཁྱོལ་ན་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་བ་ཐོབ་པས་སྤྱོད་པའི་སྒོ་ནས་སྲོག་འཕྲོག་པ་སྟེ། དེ་ནི་རྣལ་འབྱོར་དབང་ཕྱུག་ཆེན་པོའི་དགོངས་པ་ཚད་དུ་འཁྱོལ་ནས་གསང་བའི་དགྲ་གསུམ་སོད། འཇིགས་པའི་བདུད་བཞི་ཆོམས། འགྲོ་དྲུག་གི་གཡང་ས་ཆོད་པའི་གནད་རྒྱས་པ་བཀའ་བརྒྱད་རྫོང་འཕྲང་ལས་གསུང་པ་ལྟར་ཤེས་དགོས་སོ། །དམིགས་གནད་དངོས་ནི་རྩ་བའི་བསྙེན་ཡིག་ཀུན་མཁྱེན་དངོས་ཀྱི་རྡོ་རྗེའི་གསུངས་ལྟར་ཏེ་སྤྱིར་བསྙེན་སྒྲུབ་ཀྱི་དམིགས་རིམ་ཐམས་ཅད་བསྙེན་ཡིག་ཏུ་ཞིབ་རྒྱས་སུ་གསུངས་པས་འདིར་ཡི་གེའི་ངལ་བ་མ་བྱས་ལ། དམིགས་བསལ་བསྙེན་སྒྲུབ་ཡན་ལག་བཞི་ནི་ལས་བྱང་གཅིག་གི་སྦྱོར་དངོས་རྗེས་དང༌། བསྙེན་བཟླས། རྫོགས་རིམ། རིག་འཛིན་བཞིའི་ལམ་ལ་སྦྱོར་བ་སོགས་ཐ་སྙད་དུ་མར་འཇུག་ཏུ་རུང་བ་ལས་སྐབས་འདིར་གོ་དོན་ཙམ་བཤད་ན་དཔལ་ཆེན་ཞལ་ལུང་ལས། བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཐུགས་རྗེའི་དབང་དང་ཤེས་རབ་དབང༔ ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་ལས༔ དང་པོ་བསྙེན་པ་བྱ་བ་ནི༔ སྣང་སྲིད་འཁོར་འདས་ཆོས་རྣམས་དང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབས་པས༔ བདག་གི་སྲས་སུ་དེ་བཞིན་གཤེགས༔ མངོན་དུ་བྱས་པར་གྱུར་བ་ཡིན༔ གཉིས་པ་ཡེ་ཤེས་ལྷ་ཉིད་དང༔ ཉེ་ཕྱིར་ཉེ་བའི་བསྙེན་པ་ནི༔ དེ་ཡི་བྱིན་རླབས་རྒྱུད་སྨིན་ཅིང༔ བླ་ན་མེད་པའི་ཡེ་ཤེས་ལ༔ མངོན་པར་བྱང་ཆུབ་ཉིད་དུ་སློབ༔ གསེར་ལ་བསྲེགས་བཅད་བརྡར་བ་བཞིན༔ རང་བཞིན་ནན་གྱིས་གོམས་པ་སྟེ༔ བདག་ཉིད་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བྱས་པ་ཉིད་དུའོ༔ གསུམ་པ་བསྒྲུབ་པར་བྱ་བ་ནི༔ བསྐྱེད་རྫོགས་གོམས་པའི་ཡེ་ཤེས་ཀྱི༔ ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས༔ འགྲོ་བ་ཀུན་གྱི་དོན་མཐུན་པར༔ དམ་ཚིག་ཆེན་པོས་འཇུག་པ་སྟེ༔ འདི་ནི་བདག་གི་སྲས་ཉིད་དུ༔ དེ་བཞིན་གཤེགས་པ་བྱས་པའོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ ཚོགས་གཉིས་ཆེན་པོ་ལ་བརྟེན་ནས༔ བདག་གཞན་གཉིས་ཀས་ཚོགས་སྒྲུབ་ཀྱི༔ དཀྱིལ་འཁོར་བྱ་བ་ལ་ཞུགས་ཏེ༔ སྤང་རྟོགས་ཡོན་ཏན་མངོན་བྱས་པས༔ དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ༔ འདི་ནི་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བདག་ཉིད་བྱས་པའོ༔ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིས༔ རོལ་པ་རྣམ་བཀོད་ཆོ་འཕྲུལ་ལས༔ ཏིང་འཛིན་གདེང་དུ་གྱུར་པའི་མཐུས༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ ལུས་རྒྱའི་སྦུབས་ནས་རྫོགས་པའོ༔ ཞེས་གསུངས་པའི་དོན་གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་ཀུན་དོན་ལ་སྐུ་དང་ཡེ་ཤེས་གདན་གསུམ་ལྷའི་དཀྱིལ་འཁོར་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པའི་ལྟ་སྒོམ་ནི་རྒྱུ་བདག་གི་ཕུང་ཁམས་སྐྱེ་མཆེད་ཀྱི་སྲས་སུ་འབྲས་བུ་གདན་གསུམ་ལྷའི་འཁོར་ལོ་གཞན་སྒྲུབ་པས་ཡིན་ལུགས་མངོན་གྱུར་གྱི་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་རྟོགས་པ་ནི་མཆོག་གི་དངོས་གྲུབ་ཀྱི་རྒྱུ་རྡོ་རྗེ་ཐེག་པའི་ལྟ་བ་མ་ནོར་བ་ཡིན་པ་ཐོག་མར་གཏན་ལ་དབབ་བྱ་བསྙེན་པའི་ཡན་ལག་དང༌། འདི་ནི་སྣོད་བཅུད་རྒྱུད་གསུམ་གྱི་གནས་སྣང་གཉིས་ཀ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་བཞུགས་པ་དག་པ་སངས་རྒྱས་ཀྱི་ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་ནུས་པས་ཡིན་པས་ན་ཐུགས་རྗེའི་དབང་ཞེས་གསུངས་པའོ། །ལྟ་སྒོམ་གྱི་གནད་དེ་ལ་ནན་ཏན་གྱིས་གོམས་པའི་ཕྱིར་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་ལ་བརྩོན་པས་གསེར་བཞུ་བཏུལ་བྱས་པ་བཞིན། འབྲས་བུ་དག་པ་ཡེ་ཤེས་ཀྱི་ལྷའི་བྱིན་རླབས་ཀྱི་ནུས་པས་རྒྱུ་སྣོད་བཅུད་རྒྱུད་གསུམ་གནས་སྣང་གཉིས་ཀར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་ཆེན་པོར་ཤར་བ་ནི། གཞན་དེ་བཞིན་གཤེགས་པའི་སྲས་སུ་བདག་གི་ཕུང་ཁམས་སྐྱེ་མཆེད་དག་པ་ཆེན་པོའི་ལྷའི་རོལ་པར་བྱིན་གྱིས་བརླབས་པ་སྟེ་མངོན་དུ་སད་པ་ནི་དག་པའི་གནས་སྣང་གི་ཡིན་ལུགས་མངོན་གྱུར་གྱི་ནུས་པ་ཐོན་པ་ཉེ་བསྙེན། གཞན་སྲས་ནི་བདག་དོན་གྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་དང༌། བདེན་གཉིས་ལྷག་པའི་བདེན་པ་དབྱེར་མེད་དུ་ཤེས་པ་སངས་རྒྱས་ཀྱི་ཟབ་མོའི་དགོངས་དོན་མཐར་ཐུག་དབང་པོ་རྣོན་པོའི་ཤེས་རབ་ཀྱི་ནུས་པའི་དབང་གིས་རྟོགས་བྱར་གསུངས་པ་དང༌། དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་ལ་གོམས་པས་ནུས་པའི་གདེང་ཐོབ་སྟེ་ཚད་མེད་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱས་ན་སྣོད་བཅུད་དག་པ་ཧེ་རུ་ཀའི་ཞིང་དུ་བསྒྱུར་ནུས་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་ལྷའི་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་སྲས་དེ་བཞིན་གཤེགས་པའི་གདུང་དུ་སེམས་ཅན་ཐམས་ཅད་བསྐྲུན་པ་སྒྲུབ་}} | ༄༅། །རྡོ་རྗེའི་བླ་མ་ཐོད་ཕྲེང་རྩལ་དང་བདེ་གཤེགས་སྒྲུབ་སྡེ་ཆེན་པོ་བརྒྱད་དབྱེར་མེད་པའི་ལྷ་ཚོགས་ལ་གུས་པས་ཕྱག་འཚལ་ལོ། །འབར་བའི་ཡེ་ཤེས་ཀློང་དགུའི་རྣམ་རོལ་ཁྲག་འཐུང་དཔའ་བོའི་མཚན་དཔེར་བཞེངས། །དངོས་གྲུབ་འདོད་དགུའི་ཆར་གྱིས་ལྕིད་པའི་སྒྱུ་འཕྲུལ་སྤྲིན་གྱི་ཕྲེང་བས་མཛེས། །རིགས་ཀུན་ཁྱབ་བདག་བླ་མའི་གསང་གསུམ་མི་ཟད་དབྱིངས་ཀྱི་རྒྱན་རྫོགས་པར། །འདུད་དོ་མཆོག་དངོས་གྲུབ་པའི་དགའ་སྟོན་མཐོང་བའི་ཆོས་ལ་རྫོགས་པར་སྩོལ། །རབ་འབྱམས་རྒྱུད་སྡེའི་སྲོག་གི་ཟུངས། །རིག་འཛིན་གྲུབ་བརྙེས་གཤེགས་ཤུལ་ཆེ། །སྔ་འགྱུར་ཆོས་ཀྱི་ཉིང་ཁུའི་དཔྱིད། །དད་དང་མོས་པས་ཅི་ནུས་དབྱེ། །དེ་ལ་འདིར་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་དངོས་གཞིའི་ལམ་གྱི་གཙོ་བོ་བུམ་དབང་གི་ལམ་རིག་འཛིན་ཞི་དྲག་གི་བསྐྱེད་རིམ་ལས། བླ་མ་དྲག་པོ་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྐྱེད་རིམ་ལས་བྱང་གི་དགོངས་དོན་ཅུང་ཟད་བཤད་པ་ལ། ཤེས་བྱའི་རྣམ་བཞག་སྤྱིར་བཤད་པ་དང༌། སྒྲུབ་ཐབས་ལས་བྱང་གི་དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡི་དམ་གྱི་ལྷ་བསྙེན་ཅིང་སྒྲུབ་པར་འདོད་པའི་གང་ཟག་གིས། བསྒྲུབ་བྱ་རིན་ཐང་ཆེ་བའི་ནོར་ལྟ་བུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ། དེ་དག་གིས་བྱིན་གྱིས་བརླབས་པའི་མཚན་མའི་ལྷར་གྲགས་པ་གསུམ་ལ་ཡིད་ཆེས་གསུམ་དང་ལྡན་པས་བསྒྲུབས་ན་དངོས་གྲུབ་ཚེགས་མེད་དུ་ཐོབ་པ་གསང་སྔགས་ཀྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཡིན། དེའི་དང་པོ་བསྒྲུབ་བྱ་རང་ལ་བཞུགས་པ་ཡིད་ཆེས་པའི་ཕྱིར། བསྒྲུབ་བྱའི་ལྷ་གང་ཡིན་པ་ལུང་རིགས་མན་ངག་གསུམ་གྱིས་སྒྲོ་འདོགས་གཅོད་མ་ཤེས་ན། མདའ་འཕེན་པ་ལ་འབེན་ངོས་མ་ཟིན་པ་ལྟར་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་དུ་ཟད་པའི་ཕྱིར། འདིར་གང་བསྒྲུབ་བྱའི་ལྷ་ནི། ངེས་པའི་དོན་དུ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ལྷ་དམ་ཚིག་སེམས་དཔའ་གཞི་ལམ་འབྲས་བུ་གསུམ་དབྱེར་མི་ཕྱེད་པའི་ཆོས་ཉིད་བྱང་ཆུབ་ཀྱི་སེམས། ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་སོ་སོ་རང་རིག་པའི་སྤྱོད་ཡུལ་ཅན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དཔལ་ཆེན་ཞལ་ལུང་ལས། རིག་པ་ཐིག་ལེ་ཉག་གཅིག་ནི༔ ཆོས་རྣམས་ཀུན་གྱི་གྲོལ་ས་སྟེ༔ མདོ་སྔགས་ཐེག་པ་བསམ་ཡས་སུ༔ བསྟན་ཀྱང་ཐེག་པ་གཅིག་ལས་མེད༔ ཅེས་གསུངས་པ་ལྟར། འོད་གསལ་གདོད་མའི་གནས་ལུགས་རང་རིག་བྱང་ཆུབ་ཀྱི་སེམས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་དེ་ནི་རྒྱལ་བས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྟན་དོན་མཐར་ཐུག་ལམ་ཀུན་གྱི་འབབ་སྟེགས་ཏེ། དེ་ལ་ཆོས་ཉིད་ངོ་བོའི་སྒོ་ནས་དབྱེ་བ་བྱར་མེད་ཀྱང༌། ཆོས་ཅན་ཐ་སྙད་ཀྱི་སྒོ་ནས་ཕྱེ་ན་རྡོ་རྗེ་ཆོས་ཀྱིས་མཛད་པའི་སེམས་འགྲེལ་ལྔའི་ནང་ཚན་མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས༔ དེ་ནི་རྒྱུད་དུ་རབ་ཏུ་བརྗོད༔ གཞི་ནི་གནས་པའི་དོན་ཉིད་དེ༔ ལམ་ནི་རྣལ་འབྱོར་སྒྲུབ་པའོ༔ འབྲས་བུ་མཐར་ཐུག་མཛད་པའི་ལས༔ ཞེས་པ་ལྟར་སྦྱང་གཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆ་མེད་ཀུན་འགྲོ་རིག་སྟོང་གདོད་མའི་འོད་གསལ་ཏིལ་ལ་མར་བཞིན་འདུ་འབྲལ་མེད་པར་གནས་ཀྱང༌། སྦྱང་བྱ་རྣམ་འགྱུར་གློ་བུར་གྱི་དྲི་མ་མཁའ་ལ་སྤྲིན་ལྟར་སྣང་བ་འཁོར་བའི་ཆོས་མེད་པ་གསལ་སྣང་དུ་འཛོམས་པས་དོན་གྱི་གནས་ལུགས་བསྒྲིབས་པ་ལ། སྦྱོང་བྱེད་རྣལ་འབྱོར་སྒྲུབ་པའི་རིམ་པ་གདུལ་བྱའི་བློ་དང་འཚམ་པ་ཐེག་པའི་སྒོ་དུ་མ་ཞིག་བསྟན་པ་ཡང༌། དཔལ་ཆེན་ཞལ་ལུང་ལས། འདི་ཉིད་མ་རིག་རྟོག་ཅན་རྣམས༔ ཐེག་པའི་ཚིག་ལ་རྩོད་པ་བྱེད༔ ཇི་སྲིད་སེམས་ཅན་བློ་མང་བ༔ དེ་སྲིད་ཐེག་པ་བསམ་ཡས་སུ༔ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ ཞེས་སོ། །དེ་ཐམས་ཅད་ཀྱི་སྦྱངས་འབྲས་དྲི་མ་དང་བྲལ་བའི་གཞི་ཇི་ལྟ་བའི་ཡོན་ཏན་མངོན་དུ་གྱུར་ནས་སྐུ་གསུམ་ལྷུན་གྲུབ་འོད་གསལ་ཆེན་པོའི་ས་ལ་ཕྱིན་པས་གདུལ་བྱའི་དོན་མཛད་པ་འབྲས་བུའི་རྣམ་བཞག་བཅས་གསུམ་དུ་དབྱེ་ཡང་དོན་ལ་དུ་མ་རོ་གཅིག་གཉིས་སུ་མེད་པའི་ཆོས་ཉིད་རྣམ་པར་དག་པ་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་ཏུ་ཤེས་པར་བྱ་དགོས་ཏེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེ༔ རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལ༔ རིག་པ་བདེ་གཤེགས་སྙིང་པོའི་རྒྱུད༔ སྤྲོས་པ་རྣམ་དག་ངོ་བོ་ཉིད༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཞེས་སོ། །གཞི་ངོ་བོའི་གནས་ཚུལ་དེ་ལྟར་ཡང་ད་ལྟ་སེམས་ཅན་གྱི་དུས་སུ་གཞི་འབྲས་གཉིས་སུ་མེད་པའི་ཆོས་ཉིད་དེ་དྲི་མ་གློ་བུར་བས་བསྒྲིབས་ཏེ་ཡོན་ཏན་མངོན་གྱུར་དུ་མི་སྣང་བའི་སྐྱོན་བསལ་ཕྱིར་ལམ་ཉམས་སུ་ལེན་དགོས་པས་དེའི་རྣམ་བཞག་ཀྱང༌། དཔལ་ཆེན་ཞལ་ལུང་ལས། འོན་ཀྱང་འདིར་ནི་དབང་པོའི་ཁྱད༔ རབ་དང་འབྲིང་དང་ཐ་མ་གསུམ༔ གསུམ་ཚན་གསུམ་དུ་དབྱེ་བ་ལས༔ ཐེག་པའི་རྣམ་གྲངས་དགུ་རུ་བསྟན༔ ཀུན་འབྱུང་འདྲེན་པའི་ཐེག་པ་དང༔ དཀའ་ཐུབ་རིག་བྱེད་ཐེག་པ་དང༔ དབང་བསྒྱུར་ཐབས་ཀྱི་ཐེག་པའོ༔ ཞེས་གདུལ་བྱའི་དབང་པོ་རབ་འབྲིང་ཐ་མ་ལ་དགོངས་པས་སྤང་བྱ་འཁོར་བའི་རང་བཞིན་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ལས། ཐོབ་བྱ་རྣམ་བྱང་གི་བདེན་པ་ལམ་དང་འགོག་པས་འདྲེན་པ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་ཕྱི། ལུས་ངག་གི་སྤྱོད་པ་གཙང་སྦྲ་དང་གོས་གསུམ་བརྗེ་བ། ཁྲུས་གསུམ་བྱེད་པའི་དཀའ་ཐུབ་ཀྱིས་དངོས་གྲུབ་ལ་སྦྱོར་བ་ཀྲྀ་ཡ་ཨུ་པ་ཡོ་ག་གསུམ་ནང༌། སྡུག་ཀུན་གྱི་བདེན་པ་གཉིས་རྣམ་བྱང་གི་བདེན་པའི་ངོ་བོར་དབང་ཁྲིད་དང་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་གྱིས་དག་མཉམ་བདེན་པ་དབྱེར་མེད་དུ་རྟོགས་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ཞེས་རྒྱུ་འབྲས་ཀྱི་ཐེག་པའི་རྣམ་བཞག་དགུར་གསུངས་པ་ལས། གང་ཟག་དབང་པོ་རབ་ལ་དགོངས་པས་ལྟ་སྒོམ་སྤྱོད་པའི་ཟབ་གནད་དུ་མས་ཁྱད་པར་འཕགས་པའི་ཚེ་གཅིག་འབྲས་བུ་ཟུང་འཇུག་གི་ས་ལ་སྦྱོར་བ་རྣལ་འབྱོར་བླ་ན་མེད་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་རྒྱུད་ཡོ་ག་གསུམ་སྟེ། སྔ་མ་ལས། དེ་ལས་ཚེ་གཅིག་མྱུར་གྲོལ་ལམ༔ གང་ཟག་སྐལ་པ་མཆོག་ལྡན་ལ༔ དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ༔ རབ་ལ་རྫོགས་པ་ཆེན་པོའི་ལམ༔ འབྲིང་ལ་ཨ་ནུ་ཡོ་ག་ཆེ༔ དམན་ལ་མ་ཧཱ་ཡོ་གའོ༔ ཞེས་བསྐྱེད་རྫོགས་རྫོགས་པ་ཆེན་པོ་གསུམ་སོ་སོ་རྩལ་དུ་བཏོན་པའི་བླ་མེད་ཀྱི་ཐེག་པ་གསུམ་ལས་སྐབས་འདིར་འཆད་བྱ་ནི་མ་ཧཱ་ཡོ་ག་སྟེ། དེ་ལ་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལ་རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་གཉིས་སུ་གྲགས་པའི་ཕྱི་མ་སྒྲུབ་སྡེའི་རྩ་བ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དེ། དཔལ་ཆེན་ཞལ་ལུང་ལས། གསང་སྔགས་ཀུན་གྱི་གཞི་ལྟ་བུ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་དབང་གི་རྣམ་བཞག །བར་དུ་ལམ་གྱི་གཞུང་ཤིང་དམ་ཚིག །ལྟ་བ་དག་མཉམ་བདེན་པ་དབྱེར་མེད། སྒོམ་པ་ལྷ་སྔགས་ཏིང་འཛིན་གྱི་རྣམ་བཞག་གི་བསྐྱེད་རིམ་སོགས་སྔགས་ལམ་གྱི་ཐོག་མར་ཤེས་བྱའི་རྣམ་བཞག་མེད་དུ་མི་རུང་བ་ཐམས་ཅད་སྟོན་པས་ན་མ་ཧཱ་ཡོ་ག་ནི་སྔགས་ཀྱི་ཐེག་པའི་གཞི་སྟེ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ལས། སྣང་གྲགས་སྦྱང་བྱ་རིག་པའི་སྦྱང་གཞི་ཆོ་འཕྲུལ་དུ་མངོན་པར་སྦྱང་འབྲས་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་སྦྱོང་བྱེད་བསྐྱེད་རིམ་ཞེས་གསུངས་པ་བཞིན། སྔ་མ་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིད༔ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས༔ སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ༔ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ༔ ཞེས་གསུངས་པའི་དོན་དཔལ་ཆེན་གཞུང་ལས་ཀྱང༌། སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང༔ ཞེས་པ་ལྟར་སྦྱང་གཞི་རིག་སྟོང་འོད་གསལ་ཀུན་ཁྱབ་རིས་མེད་ཀྱི་ཆོས་གདོད་ནས་དག་པའི་ངང་དུ་འཁོར་འདས་སྤང་བླང་གཉིས་སུ་མེད་པ་མཉམ་པ་ཉིད་དུ་གནས་ཀྱང༌། སྦྱང་བྱ་གློ་བུར་གྱི་དྲི་མ་གཉིས་འཛིན་ཆགས་སྡང་གི་སྣང་བ་སྣོད་ཀྱི་འཇིག་རྟེན་འབྱུང་ལྔ། སྲིད་པ་བཅུད་ཀྱི་སྐྱེ་འགྲོའི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ལ་བརྟེན་པའི་རྩ་རླུང་ཐིག་ལེའི་ཁམས་རྣམ་ཤེས་ཚོགས་བརྒྱད་ཟག་བཅས་ལས་ཉོན་གྱི་རང་བཞིན་འཁོར་བའི་ཆོས་དང་འབྲེལ་བས་དོན་གྱི་ཡིན་ལུགས་སྒྲིབ་བྱེད་དུ་གྱུར་པ་ལ། སྦྱོང་བྱེད་ཀྱང་བདེན་གཉིས་སྤང་བླང་དུ་མི་ལྟ་བར་སྦྱང་བྱ་སྣོད་བཅུད་རྒྱུད་གསུམ་དང་མཐུན་པར་ཡེ་ཤེས་དག་པའི་ལྷ་གདན་གསུམ་ཞི་ཁྲོའི་ལྷ་སྔགས་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་གནས་སྣང་གཉིས་ཀ་དག་པ་རབ་འབྱམས་རྣམ་པ་ལམ་དུ་ཁྱེར་བས་གློ་བུར་གཉིས་འཛིན་གྱི་དྲི་མ་ཕྲ་རགས་སངས་ཏེ་ཐམས་ཅད་དག་ཆེན་གཞིའི་ཡིན་ལུགས་དབྱིངས་རིག་གཉིས་མེད་གནས་སྣང་གཉིས་ཀ་ལ་མངོན་དུ་གྱུར་ནས་སྐུ་དང་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པའི་འབྲས་བུའི་ཐ་སྙད་བཏགས་པ་རྣམ་པའི་དབྱེ་བ་ཙམ་ལས་དོན་ལ་ཆོས་ཉིད་གཅིག་གི་ངོ་བོ་ལས་མ་འདས་པ་སྟེ། ཆོ་འཕྲུལ་ལྷའི་ལུང་ལས། ཞི་དང་ཁྲོ་བོའི་སྐུར་གསལ་བས༔ ཆགས་དང་ཞེ་སྡང་རབ་བསལ་ཏེ༔ གཞན་གྱི་དོན་དུ་སྐུར་སྣང་བ༔ ཐོབ་མེད་འབྲས་བུ་དེ་ཡི་མཆོག༔ དེ་ནི་འབྲེལ་བའི་ལམ་ཞེས་བྱ༔ གཞི་ལམ་འབྲས་གསུམ་མི་ཕྱེད་པའོ༔ ཞེས་གསུངས་པས་ན་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་རྣམ་པ་ལྷའི་བདག་ཉིད་དུ་གནས་པས། དེའི་རྣམ་པ་ལམ་བྱེད་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དམ་ཚིག་སེམས་དཔར་སྒོམ་པ་དང༌། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ཡིན་པ་དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང༌། གཞི་འབྲས་གཉིས་གདོད་ནས་དབྱེར་མེད་ཀྱི་རང་བཞིན་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་དམ་ཚིག་དཀྱིལ་འཁོར་གཅིག་ལ་བསྟིམ་སྟེ་བཟང་ངན་གྱི་དབྱེ་བསལ་མེད་པ་གདོད་ནས་དམ་ཡེ་དབྱེར་མེད་དུ་ཤེས་ནས་ཉམས་སུ་ལེན་པའི་གནད་ཀྱི་མདོ་འགག་ཤེས་དགོས་ཤིང༌། དེས་ན་སྔ་མ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡེ་ནས་མ་བཅོས་ལྷའི་བདག་ཉིད༔ ཅེས་དང༌། དཔལ་ཆེན་ཞལ་ལུང་ལས། སྣང་སྲིད་འཁོར་འདས་ཆོས་རྣམས་དང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབས་པས༔ ཞེས་པ་ལྟར་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་དབྱིངས་བྲལ་སྨིན་ཡོན་ཏན་རྒྱ་མཚོའི་དཔལ་དང་འདུ་འབྲལ་འཕེལ་འགྲིབ་མེད་པའི་ཡེ་ཤེས་གཅིག་ལ་ལྡོག་ཆས་དབྱེ་ན། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་གནས་ཤིང་དེ་ནི་ཕྲ་བའི་གཉུག་མའི་ལུས་ངག་ཡིད་གསུམ་ཞེས་མི་ཤིགས་རྡོ་རྗེ་གསུམ་གྱི་ལྷར་གདོད་ནས་དག་པ་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་ཏེ། དེའི་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཆོས་རིགས་ཀུན་ཁྱབ་བདག་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་བདག་ཉིད་དེ། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་ཁུ་རྡུལ་རླུང་གསུམ་དང༌། རླུང་སེམས་འཇུག་པ་གཅིག་པས་སེམས་དང་བཅས་པའི་རྟེན་དབུ་རྐྱང་རོ་གསུམ་གྱི་རྩ་སྟེ། དེ་དག་ལས་ལུས་ངག་ཡིད་གསུམ་དང་ཆོས་སུ་གྲུབ་པའི་ཁམས་དྲུག་ལྡན་ཉིད། དག་པ་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་སྣང་བ་མཐའ་ཡས་པའི་རྣམ་པར་ལམ་དུ་བྱས་པས། བྲལ་འབྲས་དོན་གྱི་གནས་ལུགས་མངོན་དུ་གྱུར་ཏེ་རྡོ་རྗེའི་གསང་བ་ཆེན་པོ་མི་ཟད་རྒྱན་གྱི་འཁོར་ལོར་འཆར་བའི་ཐབས་ཀྱི་གསེང་ལམ་རྨད་དུ་བྱུང་བ་སྟེ། འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན་ལས། ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན༔ རྡོ་རྗེ་བཞི་ཡི་གོ་འཕང་ལ༔ སྦྱོར་བ་རྡོ་རྗེའི་ཏནྟྲ་ལས༔ རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན༔ ཞེས་གསུངས། ཡིད་ཆེས་གཉིས་པ་སྒྲུབ་གཞི་དམ་ཡེ་དབྱེར་མེད་ཀྱི་ལྷ་དེ་ལས་བསྒྲུབ་བྱའི་བྱིན་རླབས་སམ་རྩལ་ལས་ཤར་བ་མཚན་མའི་ལྷའི་སྒོ་ནས་དབྱེ་ན། དེ་ལ་གཟུགས་ཕུང་སྐུ་རྡོ་རྗེར༔ འཇམ་དཔལ་སྐུ་ཡི་སྒྲུབ་པའི་གནད༔ ཞེས་སོགས་གསུངས་པ་ལྟར་སྐུ་དེ་བཞིན་གཤེགས་པའི་རིགས་འཇམ་དཔལ་གཤིན་རྗེ། གསུང་པདྨའི་རིགས་རྟ་མགྲིན། ཐུགས་རྡོ་རྗེའི་རིགས་ཡང་དག །ཡོན་ཏན་རིན་པོ་ཆེའི་རིགས་ཆེ་མཆོག་བདུད་རྩི། ཕྲིན་ལས་ལས་ཀྱི་རིགས་ཕུར་པ། དེ་ལས་འཕྲོས་པའི་མ་མོ་རྦོད་གཏོང་དང་རིག་འཛིན་སློབ་དཔོན་གཉིས་དྲུག་པ་ཧེ་རུ་ཀའི་རིགས། མཆོད་བསྟོད་དང་དྲེགས་འདུལ་ཐུགས་རྡོ་རྗེའི་རིགས། དྲག་སྔགས་སྟོབས་ལྡན་ནག་པོ་ལས་རིགས་ཏེ་དཀྱིལ་འཁོར་གྱི་ཚོམ་བུ་དགུ་དང༌། རིགས་ཀྱི་ངེས་པས་དབྱེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་ནང་གསེས་སྐུ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་དབྱེ་བས་ཉེར་ལྔ། བསྡུ་ན་ཁྱབ་བྱ་ཕུང་ཁམས་དག་པའི་རིགས་ལྔའམ་ཁྱབ་བྱེད་ཧེ་རུ་ཀའི་རྡོ་རྗེ་སེམས་དཔའི་རིགས་བསྣན་པས་དྲུག །དེ་ཡང་བསྡུ་ན་ཡོན་ཏན་དང་སྐུ་གཉིས་རྟེན་བརྟེན་པར་འབྲེལ་བས་རིན་འབྱུང་སྐུའི་རིགས་སུ་བསྡུ། ཕྲིན་ལས་ཀྱི་གཙོ་བོ་གསུང་ཡིན་ཞིང་དེ་ཡང་རྗེས་ཆགས་སྙིང་རྗེས་དྲངས་པའི་ཕྲིན་ལས་འཇུག་དགོས་པ་དོན་གྲུབ་པདྨའི་རིགས་སུ་བསྡུ། དྲུག་པ་གཙོ་བོ་ཐུགས་བདེ་སྟོང་གཉིས་མེད་ཡེ་ཤེས་ཀྱི་དབྱིངས་གཅིག་པས་རྡོ་རྗེའི་རིགས་སུ་བསྡུས་པས་རིགས་གསུམ་རྡོ་རྗེ་གསུམ་གྱི་ཁྱབ་བདག་དང༌། དེ་ཡང་དོན་ལ་སྐུ་གསུང་ཐུགས་གཉིས་སུ་མེད་པ་བདེ་ཆེན་ཐིག་ལེ་ཉག་གཅིག་ལས་མ་འདས་པས་སྤྱི་དཔལ་ཆེན་པོ་རིགས་ཀུན་གྱི་ཁྱབ་བདག་གཅིག་ཏུ་བསྡུ་ནུས་ཤིང༌། དེ་དག་ཀྱང་ངོ་བོ་དང་ལྡོག་ཆས་དབྱེ་བ་ཙམ་ལས་གང་ལྟར་བྱས་ཀྱང་མི་འགལ་བས་སྐབས་འདིར་ནི་ཚོམ་བུ་དགུའི་ལྷ་ཚོགས་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་འཕྲུལ་དུ་ཤེས་པས་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་བསྡུས་ཏེ་སྒྲུབ་པ་བླ་མེད་རྒྱུད་སྡེ་ཀུན་གྱི་མཐར་ཐུག་སྒྲུབ་བྱེད་ཀྱི་མན་ངག་ལ་ཡིད་ཆེས་རྙེད་པ་སྟེ། གཞུང་ལས། གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུ༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཇིང༔ བརྒལ་བར་མི་ནུས་བློ་ཅན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་པ་ལྟར་དུར་ཁྲོད་བསིལ་བ་ཚལ་དང་མཆོད་རྟེན་བདེ་བྱེད་བརྩེགས་པར་བཀའ་བབ་རིག་འཛིན་བརྒྱད་དང༌། ཀུན་འདུས་པདྨ་སམ་བྷ་ཝར་བཀའ་བབ་སྒྲུབ་པ་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་རྒྱུད་ལུང་མན་ངག་ཐམས་ཅད་རྒྱ་གར་གྱི་པཎ་གྲུབ་ཡི་དམ་ལྷ་ཡི་དབང་ཐོབ་དགའ་རབ་རྡོ་རྗེ། བཀའ་རྟགས་གླེགས་བམ་གྱི་དབང་ཐོབ་རྒྱལ་པོ་ཨིནྡྲ་བྷུ་ཏི། རིག་པ་རྩལ་གྱི་དབང་ཐོབ་པདྨ་སཾ་བྷ་ཝ། དགེ་བའི་བཤེས་གཉེན་གྱི་དབང་ཐོབ་བི་མ་ལ་མི་ཏྲ་དང༌། བོད་དུ་གུ་རུ་པདྨ་འབྱུང་གནས་དང༌། སློབ་དཔོན་བི་མ་མི་ཏྲ། རྣམ་སྣང་བཻ་རོ་ཙ་ན། སློབ་དཔོན་ནམ་མཁའི་སྙིང་པོ་རྣམས་དབང་གི་ཆུ་བོ་བཞི། དེ་ལྟར་སློབ་དཔོན་བཞི་ཡི་དབང་གི་ཆུ་བོ་བཞི་འདུས་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་སོགས་ལས་བརྒྱུད་དེ་གྲུབ་ཐོབ་དངོས་གྲུབ་ཀྱི་བར་བཀའ་བརྒྱུད་དང༌། མངའ་བདག་ཉང་རལ་པ་ཅན་ནས་བདེ་གཤེགས་འདུས་པའི་ཆོས་སྐོར་ཟབ་གཏེར་དུ་བཞེས་ཤིང་བཀའ་མ་རྫོང་འཕྲང་གསན་པས་ཆུ་བོ་གཅིག་འདྲེས་སུ་གྱུར། གཞན་ཡང་གུ་རུ་ཆོས་དབང་བཀའ་བརྒྱད་གསང་རྫོགས། བྱང་གཏེར་བཀའ་བརྒྱད་རང་ཤར། མངའ་རིས་པཎཆེན་རིན་པོ་ཆེའི་རིག་འཛིན་ཡོངས་འདུས། ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། པད་གླིང་བཀའ་བརྒྱད་ཐུགས་ཀྱི་མེ་ལོང༌། བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་འདུལ། འཇའ་ཚོན་བཀའ་བརྒྱད་དངོས་གྲུབ་སྙིང་པོ། བདེ་གླིང་བཀའ་འདུས། གནམ་ཆོས་བཀའ་བརྒྱད་སོགས་ཀྱིས་མཚོན་ཟབ་མོ་གཏེར་བརྒྱུད་དེ། དེ་ཐམས་ཅད་ཀྱི་དགོངས་ཉམས་གཅིག་ཏུ་དྲིལ་བ་ཐུགས་གཏེར་ཆེན་པོ་འདི་ཉིད་དགོངས་ཀློང་ཡེ་ཤེས་ཀྱི་གསང་མཛོད་བརྡོལ་བའི་སྔ་ལྟས་སུ་མངའ་རིས་པཎཆེན་རིན་པོ་ཆེའི་བག་ཆགས་སད་པ་དང༌། དབང་གི་སློབ་དཔོན་ཆེན་པོ་ཕལ་ཆེར་དང་དངོས་སུ་མཇལ་བས་སྨིན་གྲོལ་གདམས་པའི་གསང་མཛོད་གཅིག་དྲིལ་གྱི་ཉིང་ཁུ་ཡིན་པ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ལས་བྱང་བདེ་གཤེགས་འདུས་པ་ལས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ རང་རྩལ་གཞོམ་མེད་ནཱ་དའི་རྒྱུད༔ རྡོ་རྗེའི་དབྱངས་ཀྱིས་རབ་ཕྱེ་བའི༔ ཆོས་འཁོར་དབྱེ་བ་བསམ་ཡས་པ༔ འགྲོ་ཀུན་སྐད་དང་བསམ་པ་བཞིན༔ གང་འདུལ་ཅིར་ཡང་སྣང་བ་ལས༔ ཐམས་ཅད་ཀུན་གྱི་ཟབ་པའི་བཅུད༔ རྒྱུད་དང་སྒྲུབ་པའི་སྡེ་རུ་འདུས༔ དེ་ལ་ཡེ་ཤེས་ཀློང་དགུ་ཡི༔ ཕྱག་རྒྱའི་བྱེ་བྲག་ཇི་སྙེད་ཀུན༔ བླ་མའི་ཐུགས་ལས་བྱུང་བའི་ཕྱིར༔ འདི་སྒྲུབ་བདེ་གཤེགས་ཐམས་ཅད་འགྲུབ༔ ཞེས་སོ། །ཡང་རིག་འཛིན་རྩ་རྒྱུད་ལས། དེ་ཉིད་མངོན་དུ་བྱེད་པའི་ཐབས༔ ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱང༔ ཐབས་ལ་བརྟེན་པ་ཕ་ཡི་རྒྱུད༔ ཤེས་རབ་གཙོར་སྟོན་མ་ཡི་རྒྱུད༔ ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུད༔ ཅེས་གསུངས་པ་ལྟར་སྤྱིར་གདུལ་བྱ་ཞེ་སྡང་ཅན་དང༌། ཕྱི་སྤྲོས་པ་ལ་འཆེལ་བའི་དོན་དུ་བསྐྱེད་རིམ་དང་ལས་ཚོགས་གཙོ་བོར་བསྟན་ཅིང༌། རྫོགས་རིམ་ཀྱང་ཐབས་སྣང་བའི་ཡེ་ཤེས་སྒྱུ་ལུས་དང་རླུང་མངོན་སྤྱོད་གཙོ་བོར་སྟོན་པ་ཕའི་རྒྱུད་དང༌། གང་ཟག་འདོད་ཆགས་ཅན་དང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནུས་པ་ལ་དགོངས་ནས་རྫོགས་རིམ་སྤྱི་དང་ཤེས་རབ་སྟོང་ཉིད་མངོན་དུ་བྱེད་པའི་གནད་འོད་གསལ། ཐབས་ལམ་ཐིག་ལེ་འཇུ་འདུལ། དབང་གི་ལས་གཙོ་བོར་སྟོན་པ་མ་རྒྱུད་དང༌། གཏི་མུག་ཅན་དང་བྱ་རྩོལ་མེད་པའི་དོན་དུ་ཐབས་ཤེས་དང་བསྐྱེད་རྫོགས་གཙོ་ཆེ་ཆུང་མེད་པར་དག་མཉམ་ཐིག་ལེ་ཉག་གཅིག་གི་གནས་ལུགས་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་ཀྱི་དབྱེ་བ་གསུམ་དང༌། སྔགས་གསར་མ་འགའ་ཞིག་གིས་བླ་མེད་ཀྱི་རྒྱུད་ཐམས་ཅད་ཟུང་འཇུག་གི་དོན་གཏན་ལ་འབེབས་པ་འདྲ་ཡང་ཐབས་ཤེས་ཀྱི་ཕྱོགས་གཙོ་ཆེ་ཆུང་སྟོན་ཚུལ་གྱིས་དབྱེ་བས། དཀྱིལ་འཁོར་གང་དུ་ལྷ་ཕོ་མོ་ཤས་ཆེ་ཆུང༌། གཙོ་བོ་གཙོ་མོ་གོ་འཕོ་ལུགས། རིན་པོ་ཆེ་དང་རུས་པའི་རྒྱན་སོགས་ཆ་ལུགས། གཡས་གཡོན་གྱི་སྐོར་ཕྱོགས། དུས་ཉིན་མཚན་གང་དུ་ཕྲིན་ལས་བརྩམ་པ། དག་པ་སྦྱར་ལུགས་སོགས་གཙོ་ཆེ་ཆུང་གི་ཕ་མའི་རྒྱུད་དེ་ལྟར་འབྱུང་བ་གསུངས་པ་དང༌། རྙིང་མས་ཕ་རྒྱུད་མ་ཧཱ། མ་རྒྱུད་ཨ་ནུ། གཉིས་མེད་ཨ་ཏི་ཞེས་གསུངས་པ་ལྟར་ན་སྤྱི་བཀའ་སྒྲུབ་པ་བཀའ་བརྒྱད་ལའང་སྒོས་བཀའ་གཤིན་རྗེ། དྲག་སྔགས་དྲེགས་འདུལ་སོགས་དང༌། སྤྱི་བཀའ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་ལའང་དབང་དང་བསྐྱེད་རིམ་དང་ལས་ཚོགས་སྐོར་མ་ཧཱ། ཡང་དག་རྟ་མགྲིན་ཕུར་པ་སོགས་དང༌། རྫོགས་རིམ་ཨ་ནུའི་ཐབས་གྲོལ་དང་དབང་བཞི་པའི་དོན་ཨ་ཏི་གཙོར་བཏོན་པ་ཤས་ཆེ་བ་སྤྱིར་བཏང་གིས་སྨོས་པ་ལས་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག་རེ་རེ་བཞིན་རྒྱུད་ལུང་མན་ངག་གི་དགོངས་པ་རྩལ་དུ་བཏོན་ནས་འཆད་ན་དབང་བཞི་ཀའི་ལམ་ཡོངས་རྫོགས་རེ་བཞུགས་པ་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་སྙན་བརྒྱུད་སྐོར་རྣམས་དང༌། གཏེར་ཆེན་མཆོག་གླིང་གི་ཟབ་པ་སྐོར་བདུན་རྣམས་ལྟ་བུ་ཡིན་པས་མཐའ་གཅིག་ཏུ་ཁ་ཚོན་གཅོད་མི་ནུས་ལ། དོན་དུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཉིད་བླ་མེད་རྒྱུད་སྡེ་རྣམ་པ་གསུམ་ཀའི་དགོངས་བཅུད་གཅིག་ཏུ་དྲིལ་ནས་སྙིགས་དུས་ཀྱི་གང་ཟག་ཤེར་བརྩོན་དམན་ཞིང་བློ་རྨོངས་པ་ལ་དགོངས་ནས་ལྷ་གཅིག་བསྒྲུབས་པས་བླ་མེད་རྒྱུད་སྡེ་རབ་འབྱམས་འདུས་པའི་ཉིང་ཁུ། གང་ཟག་གཅིག་གིས་ཉམས་སུ་ལེན་བདེ་བ་མན་ངག་ལག་ལེན་དུ་བསྡེབས་པ་སྟེ། དེར་མ་ཟད་གཤིན་རྗེ་སོགས་སྒོས་བཀའ་བྱེ་བྲག་པ་རྣམས་པ་ལ་ཡང༌། དབང་མན་ངག །རྒྱུད་ལུང་ཚང་བ་རེ་བཞུགས་ཤིང་རིགས་དང་མཚན་གྱིས་དབྱེ་ན། སྒྲུབ་སྡེ་བརྒྱད་སྤྱིའི་དབང་དུ་བྱས་ན་སྐུ་དེ་བཞིན་གཤེགས་པ་གཤིན་རྗེ་གཤེད་དང༌། སྒྲུབ་བྱེད་ཀྱི་ལམ་འཁོར་ལོ་བཞི་སོགས་དང༌། སྒོས་བཀའ་གཤིན་རྗེ་གཅིག་ལ་དབྱེ་ན། སྐུ་དེ་བཞིན་གཤེགས་རིགས་ཕྱག་རྒྱ་ཟིལ་གནོན་ཚེ་བདག །རྡོ་རྗེའི་རིགས་འཇོམས་བྱེད་འཆར་ཁ་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན། པདྨའི་རིགས་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་གསང་ཉི་མ་ཁྲོས་པ། ཁྲོ་ཆུ། ཀིང་ཀང་དམར་ནག་སོགས་གསུངས་པས་མཚོན་དུ་མ་ཡོད་ཅིང༌། དོན་ལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་གཅིག་ལས་ཆོས་ཅན་ཡེ་ཤེས་ཀློང་དགུ་གང་ལྟར་བཤད་ཀྱང་རྒྱུད་ཐ་དད་དང་དགོངས་པ་འགལ་འདུ་རུ་མི་གནས་པས་དོན་གནད་དགོངས་པ་གཅིག་ཏུ་འབབ་པ་ནི། ཕུར་པ་བི་ཏོའི་རྒྱུད་ལས། བདེ་བར་གཤེགས་པ་གར་གྱི་བདག །འདོད་དགུར་བསྒྱུར་བས་གར་ཡང་བདེ། །གར་གྱི་དབང་ཕྱུག་ཆེན་པོ་ལ། །མཁས་པས་ཕྱོགས་རིས་མི་བརྟག་གོ །ཞེས་གསུངས་པ་བཞིན་ནོ། །དེ་དག་སྒྲུབ་བྱེད་ལམ་གྱི་རྣམ་བཞག་ཀྱང༌། གཤིན་རྗེ་ལ་འཁོར་ལོ་བཞི། རྟ་མགྲིན་ལ་རྟ་སྐད་ཐེངས་གསུམ། ཡང་དག་ལ་གྲུབ་པ་གཅིག་པུ། ཆེ་མཆོག་ལ་ཆོས་དོན་རྟགས་ཀྱི་བདུད་རྩི། ཕུར་པ་ལ་ཐལ་འབྱིན་རྣམ་པ་བཞི། མ་མོ་ལ་རྩ་རླུང་ཐིག་ལེའི་དགོངས་པ། རིག་འཛིན་ལ་བསྙེན་སྒྲུབ་ལས་གསུམ། མཆོད་བསྟོད་ལ་འབོད་རྦད་བསད་གསུམ། དྲག་སྔགས་ལ་རྫོང་འཕྲང་སྲོག་གསུམ་གྱི་གནད་དང༌། སྒྲུབ་སྡེ་བཀའ་བརྒྱད་ཆིག་དྲིལ་གྱི་རིམ་ལྔ་སོགས་ཟབ་རྒྱས་བསམ་མི་ཁྱབ་པ་བཞུགས་མོད་སྐབས་འདིར་བཤད་བྱའི་སྙིང་པོ་རྩ་རྒྱུད་ཐོད་པའི་དུམ་བུ་ལས། བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟར་ཏེ༔ ཞེས་གསུངས་པ་ལྟར་བསྒྲུབ་བྱ་སངས་རྒྱས་རྣམས་ཀྱི་ཐུགས་ཡེ་ཤེས་ཆེན་པོ་ཀློང་དགུའི་བདག་ཉིད། རྣམ་པ་མདོ་སྔགས་ཐུན་མོང་གི་ལམ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཡིན་པས་དེ་ལས་བྱང་སེམས་ཉེ་བའི་སྲས་རེ་རེས་ཀྱང་བྱང་ཆུབ་སྤྱོད་པ་སྤྱད་པའི་རྣམ་ཐར་ནི་སངས་རྒྱས་ལས་ཀྱང་ལྷག་པ་ལྟ་བུ་དང༌། མཚན་དང་རིགས་སྔགས་བཟུང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་དུ་མ་ནས་ཡང་ཡང་བསྟན་པ་ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འདུས་ཤིང༌། གསང་སྔགས་བླ་མེད་ཀྱི་སྐབས་སུ་དཔལ་ཆེན་སྒྲུབ་སྡེ་བརྒྱད་སངས་རྒྱས་ཐམས་ཅད་ཀྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་དཀྱིལ་འཁོར་རབ་འབྱམས་ཀྱི་རིགས་བརྒྱའི་ཁྱབ་བདག་ཏུ་བཞུགས་པ་དང༌། དེ་རེ་རེའི་ལྷ་སྔགས་ཀྱི་རྣལ་འབྱོར་གྱིས་ཀྱང་མཆོག་དངོས་བདེ་བླག་ཏུ་སྒྲུབ་ནུས་པ་སྤྱི་དང་བྱེ་བྲག་གི་རྒྱུད་དང་སྒྲུབ་ཐབས་མན་ངག་ལས་རྒྱ་ཆེར་འབྱུང་བ་ཀུན་ཚོམ་བུ་གཅིག་ཏུ་སྒྲུབ་པ་དང༌། འཛམ་གླིང་གི་གདུལ་བྱ་ཐུན་མོང་གི་སྣང་ངོར་བཀའ་བབས་རིག་འཛིན་ཆེན་པོ་བརྒྱད་དུ་གྲགས་པ་ལས། ཀླུ་སྒྲུབ་དང་གུ་རུ་པདྨ་ལྟ་བུ་རེ་རེའི་མཛད་པ་ཡང་སངས་རྒྱས་དང་མཉམ་པ་སོ་སོའི་རྣམ་ཐར་དུ་གསལ་བ་ཐམས་ཅད་ཀུན་དཔལ་ཆེན་ཧེ་རུ་ཀ་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་པ་བླ་མའི་རྣལ་འབྱོར་སྐབས་བླ་མ་ཁྲོམ་ཚོགས་སུ་སྒོམ་པས་ཚེ་རབས་ཐམས་ཅད་དུ་མཁས་གྲུབ་ཀྱི་བླ་མ་མང་པོའི་རྗེས་སུ་འཛིན་པ་གཞོན་ནུ་ནོར་བཟང་ལྟ་བུ་དང༌། བླ་མ་སོ་སོའི་མཁས་བཙུན་བཟང་གསུམ་གྱི་བྱིན་རླབས་དང་རྣམ་ཐར་གྱི་ཡོན་ཏན་ཐམས་ཅད་བདག་གཅིག་ལ་རྫོགས་པར་ཐོབ་པའི་རྟེན་འབྲེལ་ཡོད་པར་གསུངས་པ་ལྟར། སྒྲུབ་ཆེན་བཀའ་བརྒྱད་སོ་སོའི་བྱིན་རླབས་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་གཅིག་བསྒྲུབས་པས་ཐོབ་ནུས་པ་བདེ་གཤེགས་སྒྲུབ་ཆེན་བཀའ་བརྒྱད་ཅེས་སྔ་འགྱུར་སྒྲུབ་སྡེའི་སྲོག་རྩ་གཅིག་པུ་རུ་གྱུར་པ་འདི་ཉིད་ལ། གསར་ཕྱོགས་ཀྱི་རྒྱུད་སྡེ་མ་རྒྱུད་རིགས་དྲུག་གི་ནང་ཚན་དཔལ་ཧེ་རུ་ཀའི་རིགས་བདེ་མཆོག་དང་དགྱེས་རྡོར། སྒྱུ་ཐོད་གདན་བཞི་མཱ་ཡ་རྣམས་དང༌། རྡོ་རྗེ་སེམས་དཔའ་མ་ནིང་གི་རྒྱུད་གཉིས་མེད་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་རྣམས་ཤིན་ཏུ་ཟབ་པར་གྲགས་པ་རྣམས་ཀྱིས་མཚོན་ཡི་དམ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ་འདུ། དེ་ཡང་བསྡུ་ན་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་འདུ། འདི་ནི་རིགས་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ་སྤྱི་རྒྱུད་ཀྱི་དགོངས་པ་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོའི་སྐུར་བཞེངས་པ། གུ་རུ་རིན་པོ་ཆེས་ལྷག་པའི་ལྷ་འདི་ལ་བརྟེན་ནས་ཕྱག་ཆེན་སློབ་པའི་འོད་གསལ་ལ་མཐར་ཕྱིན་པའི་ཚུལ་བསྟན་པ་རྣམས་གཙོ་འཁོར་གྱི་དབྱེ་བསྡུ་ཙམ་ལས་དོན་གྱི་ལྷ་སྔགས་ཀྱི་རྣམ་པ། ཟབ་མོའི་དགོངས་གནད་ཐམས་ཅད་གཅིག་ཏུ་དྲིལ་བ་སྟེ། གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ཞེས་གསུངས། བཀའ་བརྒྱད་ཁོ་ན་ལའང་དཀྱིལ་འཁོར་གྱི་ལྷའི་རྣམ་པ་དང༌། སྔགས་ཀྱི་ཁྱད་པར། ཏིང་ངེ་འཛིན་གྱི་གཟེར་ཁའི་ཁྱད་པར་གྱིས་དབྱེ་ན། མཆོག་གླིང་གི་ཟབ་བདུན་རྩ་གསུམ་ཚེ་ཟབ་ཀྱི་བླ་མ་བཀའ་བརྒྱད། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་བདུད་གཤེད་བླ་ཕུར་བཀའ་བརྒྱད་སྦྲགས་མ། རིག་འཛིན་སྐལ་ལྡན་འདྲེན་མཛད་བླ་མ་བཀའ་བརྒྱད་དང༌། སྙིང་པོ་སྐོར་ལྔའི་མཁའ་འགྲོ་དགོངས་འདུས་སྙིང་པོ་དང༌། རྫོགས་ཆེན་སྡེ་གསུམ་བཀའ་སྲུང་ཡེ་ཤེས་མཁའ་འགྲོ་རྣམས་མཁའ་འགྲོ་བཀའ་བརྒྱད་དུ་གསུངས་པས་མཚོན་དུ་མ་བཞུགས་ལ། འདི་ནི་བཀའ་བརྒྱད་ཁོ་ནའི་ལྷ་སྔགས་ལ་དཔྱད་ན་བླ་མ་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པའི་དགོངས་པ་གཙོ་བོར་སྟོན་ནམ་སྙམ་མོ། །གསུམ་པ་བླ་མ་ལ་ཡིད་ཆེས་པ་ནི། ཚུལ་དེ་ལྟར་སྒྲུབ་བྱེད་ཉི་མའི་ཟེར་དང་བསྒྲུབ་བྱ་སྤྲ་བ་སྐམ་པོར་མེ་མཆེད་པའི་མཚམས་སྦྱོར་མེ་ཤེལ་ལྟ་བུ་ཀུན་འདུས་རིག་འཛིན་པདྨ་སཾབྷཝ་ཞེས་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་སྒྲུབ་ཆེན་བཀའ་བརྒྱད་ཆིག་དྲིལ་གྱི་སྒྲོམ་བཀའ་བབ་རིག་འཛིན་བརྒྱད་ཀྱིས་ཞལ་མ་ཕྱེས་པ་འབྱེད་པ་དང༌། དེ་དག་གི་སྨིན་གྲོལ་ཡོངས་སུ་རྫོགས་ཤིང་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་ལམ་གནད་དབྱེ་བསྡུ་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དབང་ཐོབ་ནས་རིག་འཛིན་བརྒྱད་ལས་ལྷག་པའི་དངོས་གྲུབ་མཆོག་གི་གོ་འཕང་བརྙེས་པའི་ཚུལ་བསྟན་ནས་དེ་དག་ལ་ཆོས་ཀྱི་སྐྱེས་ཕུལ་བ་དང༌། རྒྱ་གར། ཟ་ཧོར། ཨུ་རྒྱན། བོད་ཡུལ་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ནས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚང་བརྡོལ་བ་སོགས་སྤྱི་དཔལ་ཆེན་པོ་དངོས་དང་ཞལ་མི་གཉིས་པ་དེ་ཉིད་བླ་མ་དྲག་པོ་གཏུམ་ཆེན་མཐིང་གའི་སྐུར་བཞེངས་པའི་བླ་མའི་སྒྲུབ་སྐོར་ལ། སྒྲུབ་ཚུལ་བཞི་ལས་བླ་མ་ཤིན་ཏུ་དྲག་པོ་མཐིང་གའི་གསང་སྒྲུབ་ལྟར་བཀྲལ་བས་སྒྲུབ་པའི་ཕྱིར། བླ་མ་ཡི་དམ་གཉིས་སུ་མེད་པར་སྒྲུབ་པ་ལ་བླ་མ་བཀའ་བརྒྱད་ཅེས་ཡོངས་སུ་གྲགས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་རིག་འཛིན་ཡོངས་འདུས་དང༌། གྲོལ་ཐིག་ལམ་རྒྱས་པའི་ཡང་ཞུན་ལྟ་བུ་སྟེ། ཌཱ་ཀིའི་གསང་གཏམ་ཆེན་མོ་ལས། གུ་རུ་རིན་པོ་ཆེ་དང་འཇམ་དཔལ་བཤེས་གཉེན་གྱི་ཞལ་གཟིགས་པའི་རྗེས་ཚེ་འདིའི་སྣང་བ་ཕལ་ཆེར་བརྗེད་ནས་སྐྱེ་བ་འཕོས་པ་ལྟ་བུ་ལ་མངའ་རིས་པཎ་ཆེན་གྱི་བག་ཆགས་འལ་འོལ་ཆད་ཆོད་དུ་གསལ་བ་ཁོ་ནའི་ངང་དུས་འདས་ཞེས་སོགས་བྱིན་རླབས་ཀྱི་བབ་ཐོབ་ཚུལ་གྱིས་ཤེས་ཤིང༌། གཞུང་ཉིད་ལས་ཀྱང༌། འདི་ནི་བླ་མ་ཡི་དམ་གྱི༔ རྣམ་པར་བསྒྲུབས་པས་བྱིན་རླབས་མྱུར༔ ཞེས་གསུངས། དེས་ན་གསང་རྫོགས་ལས། སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ལྷའི་འཁོར་ལོ་མངོན་སུམ་མཐོང་མི་ནུས་པའི་གདུལ་བྱའི་དོན་དུ། དཀྱིལ་འཁོར་གྱི་བདག་པོ་ཧེ་རུ་ཀ་བརྒྱད་པོ་ཉིད་རིག་པ་འཛིན་པ་གཙོ་བོའི་ཚུལ་དུ་སྣང༌། ཞེས་འབྱུང་བ་དང༌། རྒྱུད་གཞན་ལས། དབང་གི་སྐབས་སུ་སངས་རྒྱས་རྣམས་སློབ་དཔོན་གྱི་ལུས་ལ་ཞུགས་ནས་རྗེས་སུ་འཛིན་པས་སངས་རྒྱས་སྟོང་མཆོད་པ་བས་རྡོ་རྗེ་སློབ་དཔོན་གྱི་བ་སྤུ་གཅིག་མཆོད་པས་བསོད་ནམས་ཀྱི་ཚོགས་ཆེ་བར་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་བཀའ་བབ་རིག་འཛིན་བརྒྱད་དང་ཁྱད་པར་སློབ་དཔོན་པདྨཱ་ཀ་རའི་ཞབས་འདིའི་སྐུའི་རྣམ་འགྱུར་འཁྲུངས་རབས་ཐམས་ཅད་རྣལ་འབྱོར་བླ་མེད་ཀྱི་ཀུན་སྤྱོད་ཉག་གཅིག་གི་སྟེང་ནས་སོང་བས་རྡོ་རྗེ་བླ་མ་པདྨ་སཾབྷ་ཝ་ཞེས་མཚན་དུ་གྲགས་པས་ན་སྤྲུལ་སྐུ་རྣམས་ཀྱི་ཐུགས་ཀྱི་རྒྱུད་ཚོད་ལ་མཆོག་དམན་གྱི་དབྱེ་བསལ་མེད་ཀྱང་གདུལ་བྱ་འདུལ་བའི་མཛད་སྤྱོད་ཀྱི་དབང་གིས་བླ་མ་གུ་རུ་རིན་པོ་ཆེ་ཉིད་ཡི་དམ་གྱི་ཚུལ་དུ་སྒྲུབ་ན། གསང་སྔགས་ཀྱི་བླ་མ་ནི་དབང་གི་ཆུ་བོའི་མཛོད་འཆང་བ་ཞིག་ཡིན་པས་སྒྲུབ་པ་པོ་རྡོ་རྗེའི་རིགས་ཀྱི་སྐལ་པ་མཆོག་ལྡན་དུ་བྱིན་གྱིས་བརླབས་པ་ལ་ཐུགས་རྗེ་མྱུར་ཞིང༌། བླ་མ་ནི་གདུལ་བྱ་ལ་ཡི་དམ་དང་མཁའ་འགྲོ་ལས་ཐུགས་བརྩེ་ངེས་པར་ཆེ་བ་དང་གདུལ་བྱས་ཀྱང་དངོས་སུ་ཞལ་མཐོང་གསུང་ཐོས་པས་སྒྲུབ་ཐག་སྙིང་ཉེ་བ་ལྟ་བུར་སོང་བས་ཡི་དམ་དང་མཁའ་འགྲོའི་བྱིན་རླབས་གཡེལ་ཞུད་ཀྱི་སྐྱོན་དང་ཉེས་པ་ལེགས་པར་གསོས་ཏེ། བྱིན་རླབས་དངོས་གྲུབ་མྱུར་ཞིང་བར་ཆད་མེད་པ་དང༌། རས་ལ་འབྱར་རྩི་བརྒྱབ་སྟེ་གདོད་ཚོན་ཆུར་བཅུག་ན་ཇི་ལྟར་འདོད་པའི་ཚོན་འཛིན་བཏུབ་པས་ཁ་དོག་བཟང་པོ་འབྱུང་བ་བཞིན། རྩ་བ་གསུམ་གྱི་སྒྲུབ་ཚུལ་སྤྱིར་བཤད་ན། ཐོག་མར་བྱིན་རླབས་ཀྱི་རྩ་བ་བླ་མ་བསྒྲུབས་པས་མྱུར་ཞིང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་བསྙེན་པ། བར་དུ་དངོས་གྲུབ་ཀྱི་རྩ་བ་སངས་རྒྱས་ཀྱི་དག་པའི་གཟུགས་སྐུ་མཐར་ཐུག་ཡི་དམ་གྱི་ལྷ་དང་སྐལ་མཉམ་དུ་བྱེད་པས་སྒྲུབ་པ། མཐར་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་ཕྲིན་ལས་མྱུར་ཞིང་ལས་ཀྱི་གཉེར་འཛིན་པས་ལས་སྦྱོར་ཚུལ་འབྲེལ་ཆགས་པར་གསུངས་པ་ཡང་འདིར་བཀའ་བརྒྱད་གཅིག་ལ་རྩ་བ་གསུམ་ཀ་ཆིག་དྲིལ་དུ་བྱས་ཏེ་བསྙེན་སྒྲུབ་ལས་གསུམ་ཆིག་རྫོགས་སུ་གསུངས་པས་ཤིན་ཏུ་ཟབ་པ་དང༌། གུ་རུ་རིན་པོ་ཆེས་བོད་དུ་ཐོག་མར་སངས་རྒྱས་ཀྱི་བསྟན་པ་སྤེལ་ནས། གཙུག་ལག་ཁང་དང་སྒྲུབ་གནས་མཛད་སྐུ་ཚབ་ལུང་བསྟན། མཚོ་བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག །ཚེས་བཅུའི་དུས་ཆེན་དང་ཉི་མ་འཆར་ནུབ་དུས་བོད་ལ་འབྱོན་པ། གཏེར་སྟོན་དང་གཏེར་གནས་མང་པོ་དུས་སུ་སྣང་ཞིང༌། བོད་ཀྱི་ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ། རྒྱུད་འབུམ་བསྒྱུར་ཞུས་དང༌། ཇོ་བོ་རྗེ། མི་ཏྲ་ཛོ་ཀི་སྙིང་པོའི་ཞབས་སོགས་སྤྲུལ་པས་བཀའ་གཏེར་དག་སྣང་གི་ཆོས་རྒྱུན་བཙུགས་པ་སོགས་ཕྱག་མཚན་དུ་ལྷག་པར་བཞེས་པས་བོད་ཡུལ་བསྐལ་པ་མང་པོའི་གོང་ནས་ཐུགས་བསྐྱེད་དང་སྨོན་ལམ་གྱིས་འབྲེལ་བའི་བླ་མའི་སྐལ་པར་ངེས་པ་དང༌། རྗེ་དེའི་ཐུགས་དམ་གཙོ་བོ་སྒྲུབ་སྡེ་བརྒྱད་ཆིག་དྲིལ་བཀའ་བརྒྱད་ཡིན་ཅིང༌། དེའི་རྒྱུད་ལུང་མན་ངག་གི་བཀའ་བབ་བརྙེས་ཏེ་སྤྱི་དཔལ་ཆེན་པོ་དང་ཐ་མི་དད་པའི་གོ་འཕང་བརྙེས་པས་བཀའ་བརྒྱད་འདི་ནི་གསང་སྔགས་བསྟན་པའི་སྙིང་པོར་གདམས་ཏེ་རྒྱུད་ལུང་མན་ངག་ཀུན་ལས་བཀའ་བརྒྱད་རྣམ་གསུམ་ནམ་ཡང་ཉམས་སུ་མི་རུང་བའི་བཀའ་གཙིགས་ཀྱིས་ཕྱག་རྒྱས་བཏབ་པའི་ལྷ་ཡིན་པས་དེ་གཉིས་དབྱེར་མེད་སྒྲུབ་ཚུལ་འདི་ནི་ཐུགས་སྒྲུབ་ཀུན་གྱི་སྙིང་པོ་འབྲེལ་ཚད་དོན་ལྡན་ཡིན་པའི་རྒྱུ་མཚན། ཟ་ཧོར་གྱི་རྒྱལ་ཁབ་ཨོ་རྒྱན་རྒྱལ་པོ་ཚོམ་བུ་དང་བཅས་པ། རྗེ་འབངས་སྙིང་གི་བུ་དགུ་ལ་བསམ་ཡས་བྲག་དམར་ཀེའུ་ཚང་ནས། བོད་ཡུལ་གྱི་གསང་སྔགས་ཆོས་ཀྱི་སྨིན་གྲོལ་གྱི་ཐོག་མ། སྲིན་ཡུལ་དུ་ཕེབས་ཁར་རྒྱལ་སྲས་ལྷ་རྗེ་སོགས་རྗེ་འབངས་ཡབ་ཡུམ་ཉེར་གཅིག་ལ། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འབྲལ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་པ་ཀུན་དོན་དུ་སྒྲུབ་པ་བཀའ་བརྒྱད་ཁོ་ནར་ངེས་པས་ཐུགས་ཀྱི་བརྣག་པ་མཐར་ཐུག་སྟེ། བཀའ་འདུས་སྔ་ཕྱི་བར་གསུམ་གྱི་བར་པ་བླ་མ་དགོངས་འདུས་གསེར་ཆོས་འབྲེལ་ཚད་དོན་ལྡན་བསྔགས་བརྗོད་རྒྱ་ཆེར་གནང་བ་ཡང༌། བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་པ་ལ་གཙོ་བོར་དགོངས་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་པ་པདྨ་འབྱུང་གནས་ཡིན༔ རང་ཉིད་བླ་མ་པདྨའི་རྣམ་པར་བསྒྱུར༔ བྱིན་རླབས་ཐུགས་རྗེ་ལྷག་ཏུ་ཆེ་བར་འབྱུང༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་གཞུང་ལྟར་སྒྲུབ༔ ཚེ་གཅིག་སངས་རྒྱས་མ་འགྲུབ་ཁོ་མོའི་མནའ༔ ཞེས་དང༌། ལམ་རིམ་ཡེ་ཤེས་སྙིང་པོར་ཡང༌། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྩ་གསུམ་ཀུན་འདུས་པདྨ་ང་ཉིད་སྒོམས༔ ཞེས་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་དབང་ཆོག་ནོར་བུའི་ཕྲེང་བ་ལས། དེ་ལྟར་ཟབ་པའི་ཡང་རྩེ་གསང་སྔགས་ཀྱི༔ འཇུག་སྒོ་སྙིང་པོ་དབང་གི་རིམ་པ་སྟེ༔ དེ་ཡང་བླ་མ་ཡི་དམ་དབྱེར་མེད་པའི༔ ཚུལ་ལ་བརྟེན་ན་བྱིན་རླབས་ལྷག་པར་ཆེ༔ ཞེས་གསུངས། རྒྱུ་མཚན་དེའང་བླ་མ་གསང་འདུས་ཀྱི་སྒྲུབ་པ་ལུང་གི་བྱང་བུ་ལས། འབྲས་བུ་གསང་སྔགས་རྡོ་རྗེ་ཡི༔ རྒྱུད་དང་ལུང་ཆེན་ཀུན་ལས་ཀྱང༔ ཚོགས་ཆེན་གཉིས་རྫོགས་སྙིང་པོ་ཡི༔ དོན་རྟོགས་འདོད་ན་བླ་མ་སྒྲུབ༔ ཞེས་གསུངས་པའི་རྒྱུ་མཚན་མདོ་རྒྱུད་སྤྱི་དང་ཁྱད་པར་གསང་སྔགས་ཀྱི་ལམ་ནས་དངོས་གྲུབ་ཐམས་ཅད་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་ཤིང༌། དེར་མ་ཟད་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་ཀུན་གྱི་གེགས་སེལ། བོགས་འདོན། ཉམས་ལེན་གྱི་སྲོག་རྩ་ཐམས་ཅད་བླ་མའི་རྣལ་འབྱོར་ཁོ་ནར་ངེས་པར་ཡང་ཡང་གསུངས་པ་དང༌། ཁྱད་པར་ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པ་ཉིད་དང་པོ་ལམ་གྱི་གྲོལ་བ་བརྙེས་སྐབས་ཀྱང༌། རབ་མཆོག་མོས་གུས་ཀྱིས་གྲོལ་ཏེ་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་སར་ཕེབས། ཟབ་ཆོས་ཀྱི་བཀའ་བབ་ཐམས་ཅད་ཀྱང་རྩ་གསུམ་གང་ལྟར་སྒྲུབ་ཀྱང་རྣམ་པ་དང་ངོ་བོ་གཉིས་ཀ་རིག་འཛིན་བླ་མ་ཞི་དྲག་དང༌། བླ་མ་མཁའ་འགྲོའི་ཚུལ་དུ་གསུངས་པས་རིག་འཛིན་བླ་མའི་སྒྲུབ་སྡེའི་བཀའ་བབ་ཏུ་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ཉིད་ཀྱིས་བླ་མ་དགོངས་འདུས་ལས་རྡོ་རྗེའི་ལུང་གིས་བསྔགས་པ་སྟེ། སྙིང་ཐིག་གི་རྫོགས་རིམ་དང༌། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་འགྲོ་ཀུན་རིག་འཛིན་རྣམ་པ་བཞིར་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར་ཞེས་ཀུན་མཁྱེན་བླ་མ་རང་གིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ལྟར་དང༌། བསྒྲུབ་བྱའི་ལྷ་རྩ་གསུམ་ཞི་ཁྲོ། སྒྲུབ་པ་བཀའ་བརྒྱད་སོགས་མཚན་དང་དཀྱིལ་འཁོར་གང་ལྟར་སྣང་ཡང་དོན་ལ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པ་གཅིག་ལས་ཐ་དད་དུ་མ་དམིགས་པར་ཤེས་པ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་མྱུར་དུ་འཐོབ་བྱེད་ཀྱི་གནད་ཟབ་མོ་སྟེ། བླ་མ་ཡང་གུ་རུ་རིན་པོ་ཆེ་དང་དབྱེར་མེད་ཤེས་ན་བོད་ཀྱི་བླ་མའི་སྐལ་པ་དང་སྙིགས་མ་དམུ་རྒོད་ཀྱི་སེམས་ཅན་ལས་ཉོན་ནད་མུག་མཚོན་འཁྲུགས་ཀྱིས་མནར་བ་ཀུན་འདུལ་བ་ལ་ཐུགས་རྗེ་ལྷག་པར་མྱུར་ཞིང་མཁྱེན་བརྩེའི་ཕྲིན་ལས་སྟོབས་དང་ཤུགས་བླ་མ་སངས་རྒྱས་བྱང་སེམས་ཀུན་ལས་ཆེ་བ་སྟེ། རིག་འཛིན་རྩ་རྒྱུད་ཐོད་དུམ་ལས། འདི་ནི་རིག་འཛིན་རྡོ་རྗེ་ཆོས༔ སྟོན་པ་རང་ཉིད་སྡུད་བྱེད་ཀྱི༔ ཚུལ་བཟུང་ཟབ་མོའི་གསང་བ་འཛིན༔ གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ༔ ལྟར་དུ་བསྟན་པའི་མན་ངག་བཅུད༔ གསང་སྔགས་ཀུན་གྱི་འབྲས་བུ་སྟེ༔ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན༔ ཞེས་སོ། །ཁྱད་པར་རིག་འཛིན་འདུས་པའི་དྲག་སྒྲུབ་དང་བཀའ་བརྒྱད་དྲག་སྔགས་ལྟར་སྒྲུབ་པ་ཡི་དམ་ཀུན་འདྲིལ་འདི་ལྟ་བུ་ནི་སྙིགས་དུས་ཀྱི་རྒྱལ་བསེན་དམ་སྲིའི་བར་ཆད་ཐམས་ཅད་ནང་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔའི་རང་གཟུགས་ཏེ། དེ་ཀུན་གྱི་རྩ་བ་ཞེ་སྡང་དང་གཏི་མུག་གཉིས་ཡིན་པས་འདུལ་བྱེད་ཀྱི་གཉེན་པོ་ཡང་རྡོ་རྗེའི་རིགས་གུ་རུ་དྲག་མཐིང་དང་ཆེ་མཆོག་དབྱེར་མེད་པ་ཉིད་གཉེན་པོ་སྟོབས་ཀྱི་ལྷ་ཚན་ཆེ་ཞིང་བྱིན་རླབས་མྱུར། དུས་བབ་ཀྱི་ཟབ་ཆོས་བསྒྲུབ་བྱ་མ་ནོར་བ་སྟེ། གཞུང་ལས། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང༔ དབུས་ཀྱི་དམ་སྲི་གློ་བུར་བསྡོངས༔ ཆོས་པའི་སྙིང་ཞུགས་མི་དགེ་སྤྱོད༔ སྐྱེ་བོའི་སྙིང་ཞུགས་སྡིག་རྒྱུན་སྤེལ༔ རྨི་ལམ་བཙུན་པ་བྱ་སྤྲེལ་རྨི༔ བག་མི་ཕེབས་ཤིང་སྙིང་རླུང་ལྡང༔ དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷ༔ ཕལ་གྱིས་ཐུལ་བར་མི་འགྱུར་བས༔ ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དྲག་གཏུམ་འབར་བའི་ལྷ༔ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད༔ དཔལ་ཆེན་འདུས་པའི་སྒྲུབ་པ་འདིས༔ ལོག་འདྲེན་འདུལ་བར་ཐེ་ཚོམ་མེད༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས༔ བསྟན་འགྲོའི་དོན་དུ་སྙིང་སྟོབས་བསྐྱེད༔ ཞེས་གསུངས་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པ་ཉིད་སྤྱི་དཔལ་ཆེན་པོ་དང་གཉིས་སུ་མེད་པའི་གོ་འཕང་མཐོང་བའི་ཆོས་ལ་མངོན་གྱུར་དུ་མཛད་ནས་འཕགས་བོད་ཀུན་ཏུ་བཀའ་བརྒྱད་དང་བཀའ་འདུས་ཀྱིས་ལས་ཅན་རྗེ་འབངས་རྣམས་ལོ་ཟླ་ཙམ་གྱིས་མཆོག་གི་རྡོ་རྗེའི་རིག་པ་འཛིན་པའི་ས་ལ་སྦྱོར་བས་གྲུབ་ཐོབ་ཀྱི་ཚང་བརྡོལ་བ་དང༌། རྗེ་འབངས་སོ་སོའི་ངོ་སྐལ་བཀའ་བརྒྱད་ཀྱི་རྒྱུད་ལུང་མན་ངག་མདོ་རྒྱས་སྙིང་པོ་དུ་མས་སྨིན་གྲོལ་མཛད་དེ་གཏེར་ཁ་ཕལ་ཆེར་ལས་བཀའ་བརྒྱད་ཀྱི་ཆོས་སྡེ་མ་བྱོན་པ་མེད་པས་ད་ལྟའང་གདམས་པའི་ལྷག་མ་བཀའ་བརྒྱད་ལུགས་སྲོལ་མི་འདྲ་བ་བཅུ་དགུ་ཙམ་སྨིན་གྲོལ་མ་ཉམས་པར་བཞུགས་པ་དང༌། ཁྱད་པར་བོད་ཡུལ་གདུལ་བྱའི་གཙོ་བོ་མངའ་བདག་ཆོས་ཀྱི་རྒྱལ་པོ་ཁུ་དབོན་ནི་སྐུའི་སྐྱེ་བ་ཐམས་ཅད་དུ་དཔལ་ཆེན་བཀའ་བརྒྱད་ཉིད་ཐུགས་དམ་ལྷག་པའི་ལྷར་ཕོག་སྟེ་གུ་རུ་སྲིན་ཡུལ་དུ་གཤེགས་ཁར་འབྲལ་ཁའི་ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསང་མཛོད་ཕ་ཕོག་ཏུ་གཏད་རྒྱ་མཛད་པ་ལྟར་མངའ་བདག་ཉང་རིན་པོ་ཆེ། གུ་རུ་ཆོས་ཀྱི་དབང་ཕྱུག །རིག་འཛིན་རྒོད་ལྡེམ་སོགས་ཀྱིས་བཀའ་བརྒྱད་ཡི་དམ་ལྟར་སྒྲུབ་པའི་རྒྱུད་ལུང་མན་ངག་དང༌། མངའ་རིས་པཎ་ཆེན་རིན་པོ་ཆེའི་བཀའ་བརྒྱད་བླ་མ་ལྟར་སྒྲུབ་པ། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་གསར་རྙིང་གི་རྒྱུད་སྡེ་རབ་འབྱམས་ཚོམ་བུ་ཉེར་གཅིག་དང་མངའ་བདག་འཇམ་པའི་དབྱངས་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་སྨོན་ལམ་གྱི་རང་གཟུགས། རྒྱལ་སྲས་ལྷ་རྗེའི་སྐྱེ་བ་བཅུ་གསུམ་པ་ཀུན་མཁྱེན་བླ་མ་འཇིགས་བྲལ་གླིང་པ་ཉིད་ཡིན་པ། རྡོ་རྗེའི་གསུངས་ཚད་མས་ཞལ་གྱིས་བཞེས་པའི་ཐུགས་ཏིག་མཐར་ཐུག་དཔལ་ཆེན་འདུས་པ་ཉིད་ཡིན་པ་དང༌། གང་དང་གཉིས་སུ་མེད་པའི་ཐུགས་རྗེ་ཡས་སྤྲུལ་གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རིང་བརྒྱུད་དེ་དག་ཐམས་ཅད་གསན་ཏེ་ཉམས་བཞེས་ཚུལ་བཞིན་གནང་བས། ཨོ་རྒྱན་སངས་རྒྱས་གཉིས་པ། རྗེ་འབངས་གཏེར་སྟོན་སོ་སོའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་སྨིན་གྲོལ་ཡོངས་སུ་རྫོགས་པའི་ཆུ་བོ་གཅིག་ཏུ་འདུས་པ། སྐལ་བཟང་གི་བཙས་སུ་སླར་ཡང་སྣང་བར་མཛད་ནས་བརྒྱུད་པ་དང་བྱིན་རླབས་ཉམས་པ་གསོས། གུ་རུ་རིན་པོ་ཆེ་དངོས་ཀྱི་ཞལ་གཟིགས་ནས་རྗེས་སུ་གདམས་པའི་ཉེ་བརྒྱུད་ཁྱད་པར་ཅན་རྣམས་ཀྱི་རྒྱུད་ལུང་མན་ངག་སྨིན་གྲོལ་ངོ་མཚར་ཅན་ཟབ་རྒྱས་ད་ལྟའང་མ་ཉམས་པར་བཞུགས་བཞིན་པའི་རྟེན་འབྲེལ་གྱི་དབང་གིས་བདག་ཅག་གུ་རུའི་རྗེས་སུ་འཇུག་པ་ཀུན་ཀྱང་སྔོན་བྱུང་སྟོན་པའི་རྣམ་ཐར་བཞིན་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཀྱང་ལྷག་པའི་ལྷ་འདི་ལྟ་བུ་བསྟེན་ན་གནས་སྐབས་ལམ་གྱི་བར་ཆད་ཞི་ཞིང་མཐར་ཐུག་མཆོག་གི་དངོས་གྲུབ་ལ་སྤྱོད་པའི་སྐལ་བཟང་མཐོང་ཆོས་ལ་མངོན་དུ་འགྱུར་བ་གདོན་མི་ཟ་ཞིང༌། ཁྱད་པར་དེང་དུས་ཀྱི་གདུལ་བྱ་བློ་རྨོངས། བརྩོན་འགྲུས་ཆུང༌། ལྟོ་གོས་ཀྱི་ཁོལ་པོར་མི་ཚེ་སྟོང་ཟད་དུ་བཅུག་པ་གལ་ཆུང་ཆོས་ལ་བྱས་ནས་ཞག་བདུན་ཕྲག་ཁ་ལོངས་བའི་ཐོས་བསམ་སྒོམ་པ་ལ་བརྩོན་པ་མི་ནུས་པའི་སྐབས་འདི་ལྟ་བུ་ལ་ཆེད་དུ་དགོངས་ནས་ཚིག་ཉུང་དོན་ཟབ་བྱིན་རླབས་དང་ནུས་མཐུ་མྱུར། གདུལ་བྱའི་དུས་སྐབས་དང་མཐུན་པའི་མན་ངག་བློ་གཏད་གཅིག་ཆོག་ཏུ་དེ་དག་ཀུན་གྱི་བཅུད་དྲིལ་ལྟ་བུ་འདི་ཉིད་ཡིན་པའི་ཚུལ་གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ལས་ལ་མི་ལྟོས་དཔལ་ཆེན་པོའི༔ སྲོག་ནས་འཕྲོག་པས་རྣོ་ལ་མྱུར༔ དབང་གི་ཆུ་བོ་མ་ཉམས་སྟེང༔ བརྒྱུད་པ་བདུན་ལྡན་སྒྲུབ་ཐག་ཉེ༔ ཞེས་དང༌། གཏེར་འདི་གཞི་ལམ་འབྲས་བུའི་རྒྱུད༔ རྒྱལ་བ་དགོངས་དང་རིག་འཛིན་གྱི༔ བརྡ་ལས་དབང་དང་བྱིན་རླབས་འབྱུང༔ མཁའ་འགྲོ་གསང་བའི་ཡི་གེ་ལས༔ ཚིག་དང་དོན་དུ་མི་འགལ་ཞིང༔ དངོས་གྲུབ་སྒྲུབ་ལ་མི་བསླུ་བ༔ པདྨ་ང་ཡི་ཁྱད་ཆོས་ཏེ༔ རང་བྱུང་རྡོ་རྗེའི་དཔལ་དུ་ཤོག༔ ཅེས་གསུངས་པའི་ཚུལ་ཐུགས་གཞིགས་ཀྱིས་འོད་གསལ་སྙིང་ཐིག་གི་གྲུབ་མཐའ་འཛིན་པ་ཀུན་ནས་ཚེས་བཅུའི་དུས་མཆོད་ཙམ་ལ་སྙིང་ཐིག་གི་གྲུབ་མཐའ་ཡིན་རློམ་མི་མཛད་པར་རྒྱུད་ལུང་མན་ངག་གི་སྲོག་རྩ་དམར་འབྱིན་སྐོར་ལ་གསན་བསམ་སྒོམ་པ་གལ་ཆེ་བར་སེམས་ཞེས་གསོལ་བ་འདེབས་པ་ལགས། །གཉིས་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། སྒྲུབ་བྱེད་རིན་ཐང་དཔོག་པའི་ཟོང་ལྟ་བུ་དབང་བཞིའི་རིམ་པ་དང་རྗེས་སུ་འབྲེལ་བའི་ལམ་སྒོང་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་དཔལ་ཆེན་ལས་བྱང་རྒྱས་འབྲིང༌། མངལ་སྐྱེས་སྦྱོང་བ་རིག་འཛིན་ཡབ་བཀའ་དང༌། ཐུགས་རྗེ་ཆེན་པོ། བརྫུས་སྐྱེས་སྦྱང་བ་ཡུམ་བཀའ་དང༌། ཡང་གསང་བླ་སྒྲུབ་རྣམས་དང༌། ཀུན་གྱི་རྫོགས་རིམ་རང་ལུས་དང་གཞན་ལུས་ཀྱི་སྙན་བརྒྱུད་སྦས་དོན་ཐབས་ལམ། མན་ངག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་དང་བཅས་པ་ཁྲིད་ཡིག་ཡེ་ཤེས་བླ་མ་རྩ་བ་ཡན་ལག་གི་ཡི་གེ་མང་དུ་བཞུགས་ཀྱང་སྐབས་འདིར་འཆད་བྱ་སྒྲུབ་ཚུལ་ཚོང་གི་ཐབས་ལ་མཁས་པ་ལྟ་བུ། དཔལ་ཆེན་འདུས་པ་རྩ་བའི་ལས་བྱང་གི་སྒོམ་དོན་བསྐྱེད་བཟླས་ཀྱི་ལམ་ཉིད་བཤད་པ་ལ་གསུམ། སྔོན་འགྲོ་བསགས་སྦྱང་འགལ་སྤང་མཐུན་སྒྲུབ་ཀྱི་རིམ་པ་དང༌། དངོས་གཞི་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། རྗེས་ཕྲིན་ལས་ཀྱི་ཁ་སྐོང་བའི་ལས་རིམ་མོ། །དང་པོ་ལ། སྤྱི་དང་བྱེ་བྲག་གི་སྔོན་འགྲོ་གཉིས་ལས། དང་པོ་ནི། རིག་འཛིན་བསྙེན་ཡིག་ལས། ཐུམ་མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས། བླ་མའི་རྣལ་འབྱོར་གྱི་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་ཆག་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན། ཞེས་གསུངས་པ་ལྟར། རང་རེ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་ཆོས་གང་ཉམས་སུ་བླངས་ཀྱང་ངེས་འབྱུང་གི་གཞི་འཛིན་དགོས་པས་དེ་ཉིད་བསྐྱེད་པའི་ཐབས་བློ་ལྡོག་རྣམ་བཞི་དང་སྐྱབས་འགྲོ། ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང༌། གསང་སྔགས་ཀྱི་སྣོད་རུང་དུ་བྱ་ཕྱིར་རྒྱུད་རྣམ་པར་དག་པ་དང༌། བསོད་ནམས་ཀྱི་སྐལ་པ་ཆེ་བ་མོས་གུས་ཐུན་མིན་དུ་སྐྱེ་དགོས་པ་དེ་དག་གི་དོན་དུ་བློ་ལྡོག་རྣམ་བཞིའི་དམིགས་རྣམ་གསལ་འདེབས་དང༌། སྐྱབས་འགྲོ་སེམས་བསྐྱེད་དང་རྡོར་སེམས་སྒོམ་བཟླས། མཎྜལ་ཕྱི་ནང༌། བླ་མའི་རྣལ་འབྱོར་བཅས་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་ཁྲིད་ཡིག་རྒྱས་བསྡུས་ལྟར་དམིགས་སྒོམ་རྡོ་རུས་འཕྲོད་པ་གནད་དུ་འགྲོ་བ་ཉམས་ལེན་གྱིས་འབུམ་ལྔ་ཕྱག་ལེན་ལྟར་གྲངས་ཀྱང་འགྲོ་ངེས་དང༌། སྔར་བསགས་སྦྱངས་ཟིན་པས་ཀྱང་གསལ་འདེབས་ཀྱི་ཚུལ་དུ་ཞག་བདུན་ཕྲག་ལས་མི་ཉུང་བ་བསྐྱར་ཞིང་གསོལ་འདེབས་དང༌། ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པས་སྔར་རྒྱུའི་དབང་བཞི་ཐོབ་པའི་ནུས་པ་ལམ་དབང་ཐོད་རྒལ་དུ་ལེན་པས་གསོ་བ་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་དོན་ཡང་ཚང་ཞིང༌། བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཆེན་པོའི་བྱིན་རླབས་དང་དངོས་གྲུབ་ཀྱི་སྒོ་འབྱེད་ཡིན་པས་ཤིན་ཏུ་གལ་ཆེ་བ་ནི་བརྒྱུད་པ་འདིའི་དམིགས་བསལ་གྱི་ཕྱག་བཞེས་ཡིན་པ་དང༌། ཡི་དམ་གྱི་ལྷ་དྲག་པོ་སྒྲུབ་པའི་སྔོན་དུ་ཞི་བ་བསྙེན་ན་རྒྱུད་འཇམ་བཀྲ་ཤིས་བར་ཆད་མི་འབྱུང་བར་གྲགས་པ་བཞིན་བྱིན་རླབས་བླ་མའི་རྣལ་འབྱོར་གྱིས་ཕྱི་གསོལ་འདེབས་ལྟར་སྒྲུབ་པ་ཞི་བསྙེན་དང༌། དཔལ་ཆེན་དངོས་གཞིའི་གསང་བ་དྲག་སྒྲུབ་དུ་འབྲེལ་ཆགས་པས་ལག་ལེན་ཏུ་ཐེབས་དགོས་སོ། །བྱེ་བྲག་ཏུ་བཀའ་བརྒྱད་བཀའ་གཏེར་སྤྱི་དང་ཁྱད་པར་འདི་ཉིད་ཀྱི་སྨིན་བྱེད་གཞུང་ལྟར་བརྒྱུད་ལྡན་གྱི་བླ་མ་ལས་ནོས་ཤིང༌། བསྙེན་སྒྲུབ་ལ་འཇུག་པའི་ཐོག་མར་གྲུབ་ན་བླ་མ་ལས་དབང་བསྐྱར་ཏེ་ཞུ་བ་དང༌། མ་བྱུང་ཡང་བདག་འཇུག་གི་ཆོ་ག་ཡང་ཡང་བྱ་ཞིང་དམ་ཚིག་གཞུང་བཞིན་གནས་པ་གལ་ཆེའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་སྦྱོར་བའི་ཆོས་ལ། དང་པོ་གང་དུ་སྒྲུབ་པའི་གནས་ནི། དང་པོ་དབེན་ཞིང་ཉམས་དགའི་གནས༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པ་དང༔ ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ༔ ཞེས་ཐོག་མའི་བསྙེན་སྒྲུབ་བྱ་བའི་ཡུལ་གོང་ལྟར་ཤིས་པའི་དགེ་མཚན་དང་ལྡན་པ་དང༌། ནུས་པ་ཐོབ་པས་དུར་ཁྲོད་སོགས་དང༌། རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་ནི་ཡིད་དགའ་ཉེར་འཚེ་མེད་པའི་གནས་སུ་རུང་གསུངས། གཉིས་པ་ཡོ་བྱད་ནི། དཀྱིལ་འཁོར་རྩིབས་བཅུ་སྒོ་རྫོགས་ཅན༔ མཚན་ཉིད་ཚང་བ་བྲིས་པའི་སྟེང༔ སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང༔ ཙནྡན་དང་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བསྟན༔ ཉེར་སྤྱོད་སྨན་གཏོར་རཀྟ་དང༔ དཀྱིལ་འཁོར་རྒྱན་བཀོད་ལེགས་པར་བཀྲམ༔ ཞེས་གསུངས། རྣལ་འབྱོར་སྤྲོས་མེད་ཏིང་འཛིན་གཙོ་བོར་བཏོན་པ་ལ་བསྙེན་པའི་སྐབས་སུ་སྒྲུབ་རྟེན་རྣམས་ཀྱི་སྤྲོས་པ་རྒྱས་པ་མ་བྱུང་ཡང་རུང་སྟེ། བསྙེན་ཡིག་ལས། བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ༌། །ཞེས་སོགས་དང༌། དཀྱིལ་འཁོར་ཀྱང་སྒོ་རྫོགས་ཅན་མ་བྱུང་ཡང་འཁོར་ལོ་རྩིབས་བཅུ་མེ་རི་དང་བཅས་པའམ། ཚོམ་བུ་ལ་བརྟེན་དུ་རུང་བར་གསུངས། སྒྲུབ་པ་དང་སྒྲུབ་ཆེན་གྱི་སྐབས་སྤྲོས་པ་ཅི་ཙམ་རྒྱས་ན་ལེགས་པས་ཐིག་ཚོན་བྱིན་རླབས་སྔོན་དུ་འགྲོ་བས་རྡུལ་ཚོན་དང་རས་བྲིས་གང་རུང་བྲི་ཚུལ་སྒྲུབ་ཁོག་ཏུ་གསལ་བ་ལྟར་དང༌། ཐོད་པ་མཚན་ལྡན་གྱི་དཔྲལ་བ་ལ་དབུ་བསྟན་པའི་ཆེ་མཆོག་གི་ཕྱག་རྒྱ་རྒྱས་བསྡུས་ཀྱི་སྐུ་མཚན་ཉིད་ཚང་བ་རབ་གནས་དང་ལྡན་པ་དམིགས་རྟེན་དང་ལྷན་ཅིག་པའི་རྒྱབ་ཏུ་གསེར་རམ་མཚལ་གྱིས་བྲིས་པའི་བསྙེན་སྒྲུབ་ཀྱི་སྔགས་བྱང༌། ཙནྡན་ནམ་སེང་ལྡེང་གི་ཕུར་པ་སོར་བཅུ་གཉིས་པའི་མགུལ་དུ་དཀྲིས་པ་དཀྱིལ་འཁོར་དབུས་སུ་བཞག །དར་ནག་གི་ལྡིང་གུར་ཕུབ་པ་ནི་མེད་ཐབས་མེད་ལ། འབྱོར་ན་ཆེ་མཆོག་གི་བུམ་གཅིག་སོགས་བཀའ་བརྒྱད་བདེ་འདུས་ལས་གསུངས་པ་ལྟར་གྲུབ་ན་ལེགས་ཤིང༌། སྒྲུབ་པ་པོ་གཅིག་པུས་དབེན་པར་བསྙེན་སྒྲུབ་ཆིག་ཆོད་ཏིང་འཛིན་གྱི་བསྐྱེད་བཟླས་གཙོ་བོར་འདོད་ན་གཞུང་མཐུན་རས་བྲིས་ཀྱི་དཀྱིལ་འཁོར་སྟེང༌། ཐོད་སྐུ་དང༌། ཕུར་པ་སྔགས་བྱང་དང་བཅས་པ་བསྙེན་པ་ལ་འཇུག་པའི་སྐབས་ནས་བཀོད་པ་ལེགས་པར་སེམས། སྤྱིར་མཆོད་པ་དང་སྒྲུབ་རྫས་ཐམས་ཅད་བག་དྲོ་བརྗིད་ཆགས་པར་བྱས་ན་བྱིན་རླབས་ཆགས་པའི་རྟེན་འབྲེལ་ཡོད་པར་གསུངས། གཞན་སྒྲུབ་པའི་དུས་གྲོགས་ཡོ་བྱད་སོགས་ནི་དངོས་བསྟན་དུ་མ་གསུངས་པས་གསང་བ་སྤྱི་ལྟར་ཤེས་པར་བྱའོ། །གསུམ་པ་ལས་རིམ་གྱི་ཐོག་མར་སོ་ཐར་གྱི་སྡོམ་པ་ཡར་ལྡན་དུ་བྱེད་ཅིང་ལོག་ལྟའི་གཉེན་པོར་སྐྱབས་འགྲོ་ནི། སྔགས་བླ་མེད་ཀྱི་ལམ་སྤྱི་ལ་ཐོག་མར་བསྐྱེད་རིམ་དག་རྫོགས་སྨིན་གསུམ་གནད་དུ་འབྱོར་བས་རྒྱུད་ལས་རུང་དུ་བྱས་ནས་གཟོད་རྫོགས་རིམ་ཐབས་གྲོལ་གྱི་ལམ་གྱིས་མཐར་དོན་གྱི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་འདྲེན་དགོས་ཀྱང༌། སྙིང་ཐིག་རང་གཞུང་ཐུན་མིན་གྱི་ལུགས་ལ་ཐོག་མར་དགོངས་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་བླ་མས་འོད་གསལ་རིག་པ་ངོ་སྤྲད་ནས་བླ་མ་རང་རིག་དབྱེར་མེད་དུ་ཤེས་པས་མཉམ་པར་བཞག་ཅིང་དེ་ཉིད་བསྒྲུབ་བྱའི་ལྷའི་རྟེན་དང་བརྟེན་པའི་བསྐྱེད་བཟླས་བྱེད་པ་མཆོག་གི་བསྐྱེད་རྫོགས་དབྱེར་མེད་པ་སྟེ། དེས་ན་སྔོན་དངོས་རྗེས་ཀྱི་ཉམས་ལེན་ཐམས་ཅད་དབང་བཞི་པའི་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་འདྲེན་པའི་ཐབས་ཁོ་ན་དངོས་བརྒྱུད་ནས་ཡིན་པར་ཤེས་པ་གལ་ཆེ་ཞིང༌། གསང་སྔགས་པས་འབྲས་བུའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་མཛད་པ་དང་མཐུན་པ་ད་ལྟ་ནས་ལམ་བྱེད་ཀྱིས་སྒོ་གསུམ་ལྷ་སྔགས་ཡེ་ཤེས་སུ་དག་པར་སྦྱང་དགོས་པས་སངས་རྒྱས་རྣམས་དང་པོ་ཐུགས་བསྐྱེད་པའི་ཡུལ་སངས་རྒྱས་ཞིག་གི་སྤྱན་སྔར་དམ་བཅའ་བ་ལྟར། རྒྱུ་གང་གིས་སྐྱབས་སུ་འགྲོ་ན་སྲིད་ཞིའི་མཐའ་དང་ཐ་མལ་གྱི་སྣང་ཞེན་ལ་འཇིགས་པ། སྐྱབས་ཡུལ་གྱི་མཁྱེན་བརྩེ་ནུས་གསུམ་ལ་དྭངས་འདོད་ཡིད་ཆེས་ཀྱི་དད་པ། སེམས་ཅན་རྣམས་ཀྱང་སྲིད་ཞིའི་སྡུག་བསྔལ་ལས་སྐྱོབ་ཕྱིར་སྙིང་རྗེ་གསུམ་གྱིས། ཚུལ་ཇི་ལྟར་སྐྱབས་སུ་འགྲོ་ན་སྣོད་བཅུད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་ཡོངས་སུ་དག་པའི་དབུས་སུ། ཧཱུྃ་ཞེས་སངས་རྒྱས་ཀུན་གྱི་ཐུགས་སྲོག་ས་བོན་བརྗོད་པས་རང་ཉིད་གཉུག་མའི་ལྷར་གསལ་བའི་སྙིང་གའི་རིག་པ་བྱང་ཆུབ་ཀྱི་སེམས་ཧཱུྃ་ཡིག་གི་རྣམ་པ་ལས་བྱུང་བའི་འོད་ཀྱིས་སད་པར་བྱས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི། ཕྱོགས་བཅུ་དུས་བཞིའི་བདེྃ་བར་གཤེགྃས་པ་ཐམས་ཅད་སྐུ་འཇམ་དཔལ་གཤེགས་རིགས། གསུང་རྟ་མགྲིན་པདྨ། ཐུགས་ཡང་དག་དང་དྲེགས་འདུལ་རྡོ་རྗེའི་རིགས། ཡོན་ཏན་བདུད་རྩི་རིན་པོ་ཆེའི་རིགས། ཕྲིན་ལས་ཕུར་པ་དང་དྲག་སྔགས་ལས་ཀྱི་རིགས། རིག་འཛིན་དྲུག་པ་ཧེ་རུ་ཀའི་རིགས་ཀྱིས་བསྡུས་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་དང་རིགས་མཆོག་ཐམས་ཅད་ཡོངྃས་སུ་རྫོགྃས་པ་ནི་གདུལ་བྱའི་སྐལ་པ་དང་མཐུན་པའི་དཀོན་མཆོག་གསུམ་གྱི་རང་བཞིན་ཡིན་ཡང༌། ཐུན་མོང་དང་ཐུན་མིན་དེ་བཞིན་མཐོང་བས་འདིར་དབང་པོ་རབ་ཀྱི་སྤྱོད་ཡུལ་ལྟར་གསང་སྔགས་བླ་མེད་ཀྱི་ལུགས་སངས་རྒྱས་ལོངས་སྐུ་ཆེན་པོ་ཡིན་ལ། དེ་དག་གི་སྐུ་རིག་གྲོལ་མཐར་ཕྱིན་པའི་དགེ་འདུན། གསུང་འགོག་ལམ་གྱི་བདེན་གཉིས་ཡོངས་རྫོགས་དམ་ཆོས། ཐུགས་སངས་རྒྱས་ཀུན་གྱི་ཡེ་ཤེས་སུ་དཀོྃན་མཆོྃག་རིན་པོ་ཆེ་རྣམ་པ་གསུམྃ་གཅིག་འདུས་ཀྱིྃ་ངངྃ་དུ་བཞུགས་པ་གཞན་རྒྱུད་བྱོན་ཟིན་གྱི་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་ཡིད་ཆེས་དད་པས་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་བློ་གཏད་ལིང་སྐྱུར་དུ་སྐྱབས་སུ་ཞུ་བ་མདོ་སྔགས་ཐུན་མོང་གི་ཕྱིའི་སྐྱབས་འགྲོ། རིགས་ལྔ་ཞི་ཁྲོའི་རྒྱུད་སྡེ་རྒྱ་མཚོའི་ལྷག་པའི་ལྷ་དཀྱིལ་འཁོར་གཅིག་དྲིལ་དུ་རྫོགས་པའི་སྤྱི་དཔྃལ་ཆེྃན་པོ་ཁྲོ་རྒྱལ་སྟོབས་ཀུན་འདུསྃ་པའིྃ་གཅིག་གི་གསང་གསུམ་གྱི་ངོྃ་བོྃར་ཡོངྃས་སུ་རྫོགས་པར་ཤརྃ་བྃ་ནི་ནང་དུ་རང་གི་ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་གདོད་ནས་དག་པའི་ཆོས་ཉིད་དང་འདུ་འབྲལ་མེད་པས་རྩ་གསུམ་ཀུན་འདུས་སུ་རང་ངོ་ཤེས་པ་ནི་སྔགས་སྤྱིའི་ཐུན་མིན་ནང་གི་སྐྱབས་འགྲོ། དེ་ཐམས་ཅད་ཀྱང་རིན་པོ་ཆེའི་བྱང་བུ་གཅིག་གི་ངོས་ལ་རི་མོ་སྣ་ཚོགས་བྲིས་པ་བཟང་ངན་མེད་པ་བཞིན་དཀྱིལ་འཁོར་སྤྲུལ་བཤད་སྤྲོྃ་བྃསྡུ་ཐམས་ཅད་ཀྱི་འཕྲོ་གཞིའམ་བྱེྃད་པ་པོྃ་ནི། ཆོས་ཉིད་བྱངྃ་ཆུབྃ་ཀྱི་སེམྃས་ཡེ་ཤེས་ཀློང་དགུའི་ངོ་བོར་གཞི་གནས་ཀྱིྃ་ཡེ་ཤེས་གཅིག་གི་བདག་ཉིད་དུ་ངེས་པ་དོན་གྱི་ལྷརྃ་རང་ལ་རྫོགས་པར་རྃང་ངོྃ་ཤེྃས་པའིྃ་ལྟ་བའི་ངངྃ་བསྐྱངས་ནསྃ་མྱོང་བའི་རྒྱུན་མ་ཉམས་པར་བསླབ་པ་ནི་རྡོ་རྗེ་སྙིང་པོ་གསང་བའི་སྐྱབས་འགྲོ་སྟེ། རྣམ་བཞག་དེ་དག་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་རིམ་པར་ཉམས་སུ་ལེན་དགོས་པས་ན་འགལ་མེད་གཅིག་དྲིལ་དུ་ཤེས་པས་བདེན་གཉིས་ཟུང་འཇུག་གི་སྐྱབས་འགྲོའི་དོན་ལ་བློ་བཞག་པས་སྐྱབས་སུ་འགྲོ་བའི་རྟེན་གྱི་གང་ཟག་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱང་ཚོགས་ཞིང་གི་སྤྱན་སྔར་འཁོད་པས་བདག་གི་རྗེས་སུ་སློབ་པས་སྐྱབྃས་སུྃ་མཆིྃ་བར་བསམ་པས་སྐྱབས་འགྲོ་བྱ་ཞེས་སོ། །དམིགས་རིམ་འདི་སྨིན་སློབ་ཏུ་བྱེད་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྐྱབས་འགྲོའི་རྣམ་བཞག་ལ་བློ་སྦྱངས་པས་ངེས་པར་འདྲོང་བར་བྱ་ཞིང༌། ཕྲིན་ལས་དཀྱུས་ཀྱི་སྐབས་སྐྱབས་ཡུལ་ཐམས་ཅད་ཆིག་རྫོགས་སུ་བཞུགས་པར་བསམ་ལ། འཁོར་འདས་མཉམ་སྦྱོར་གྱི་ཐལ་མོ་སྙིང་གར་སྦྱར་ནས་དད་པའི་བློས་མོས་པ་ལམ་དུ་བྱས་ཀྱང་རུང་གསུངས། སྐབས་འདིའི་སྦྱང་གཞི་སྤྱིར་རང་སྣང་མ་དག་པ་ཐམས་ཅད་དང༌། ཁྱད་པར་འཇིག་རྟེན་པའི་སྐྱབས་མི་དཔོན། མཁར་རྫོང༌། དམག །རི་སོགས་དང༌། མུ་སྟེགས་པའི་ཚངས་པ་དང་དབང་ཕྱུག་སོགས་ཕྱི་པའི་ལྷ་བདུད་བཙན་ཀླུ་སོགས་སྐྱབས་སུ་འགྲོ་མི་འོས་པའི་ལོག་པའི་སྐྱབས་ཡུལ་དང༌། ཡང་དག་པའི་སྐྱབས་བསླུ་བ་མེད་པ་བླ་མ་དང་དཀོན་མཆོག་ལ་ལོག་ལྟ་དང་མ་གུས་པ་བགྱིས་པ་དང༌། མཐར་ཐུག་གི་སྐྱབས་རང་རིག་བདེ་གཤེགས་སྙིང་པོ་ལ་ཡེ་རྫོགས་སུ་བཞུགས་པ་མི་ཤེས་པའི་འཁྲུལ་རྟོག་གི་སེམས་སྣང་བག་ཆགས་དང་བཅས་པ། སྦྱོང་བྱེད་ཕྱི་ནང་གསང་བའི་སྐྱབས་འགྲོ་གཞུང་ལྟར་ཉམས་སུ་བླང་བས། སྦྱངས་འབྲས་སྐྱབས་གསུམ་གྱི་ཡོན་ཏན་རང་རྒྱུད་ལ་རྫོགས་པའི་ཐབས་སུ་ཐུན་མོང་མ་ཡིན་པ། བྱེད་ལས་གྲུབ་འབྲས་ཡེ་ཤེས་ཟབ་མོའི་མྱོང་བ་རྒྱུད་ལ་སྐྱེས་པ་སྟེ་ནང་པ་སངས་རྒྱས་པའི་ལམ་གྱི་རྨང་རྡོ་འདི་ཁོ་ན་ཡིན་ཅིང་ཕན་ཡོན་ཚད་མེད་པས་ཉམས་ལེན་གནད་དུ་འགྲོ་བ་ཅིས་ཀྱང་གཅེས་པའོ། །དངོས་གཞི་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ་པའི་སྐབས་སུ་གསལ་བརྟན་དག་གསུམ་ཚུལ་བཞིན་མ་ཤེས་ན་ཡི་དམ་གྱི་ལྷ་དང་བླ་མ་དབྱེར་མེད་པ་ལ་སྐྱབས་འགྲོའི་འདུན་པས་ཡིད་ཆེས་ཀྱི་དད་པ་ཕྱིར་མི་ལྡོག་པས་གསོལ་བ་བཏབ་ན་དངོས་གྲུབ་ཐོབ་པ་ལ་གནད་ཟབ་པ་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྲོག་སྡོམ་གཟེར་བཞིའི་ལྷ་ཁྲིད་ལས་གསུངས་པ་དང༌། འཇམ་དབྱངས་མི་ཕམ་རིན་པོ་ཆེའི་ཕྱི་ནང་གསང་བའི་བསྙེན་སྒྲུབ་སྤྱིའི་རྣམ་བཞག་ལས་ཀྱང༌། ལྷག་པའི་ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན་དོན་གཉིས་མཐར་ཕྱིན་མཁྱེན་བརྩེ་ནུས་པ་ཚད་མེད་པས་སྨོན་ལམ་དང་ཡེ་ཤེས་ཀྱིས་དངོས་གྲུབ་ཡིད་བཞིན་དུ་སྩོལ་བ་ལ་བསླུ་བ་མེད་པ་དང༌། བསྐྱེད་བཟླས་མཆོག་སྒྲུབ་བྱས་ན་བདག་འཆིང་བ་ཀུན་ལྡན་ལ་བྱིན་རླབས་ཀྱིས་གཏན་གྱི་བདེ་བ་ལ་འགོད་ངེས་སྙམ་པ་ཕྱི་ལྟར་སྒྲུབ་པའི་ཚུལ་བཞིན་བསྒྲུབས་ན་ཐུགས་རྗེ་ཆེན་པོ་དང་འབྲེལ་བའི་ཕྱིར། སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གིས་ངེས་པར་རྗེས་སུ་འཛིན་པར་གསུངས་པ་རྣམས་དགོངས་པའི་གནད་གཅིག་པའོ། །བཞི་པ་བྱང་སེམས་ཀྱི་བསླབ་པ་མ་ཉམས་པར་བྱེད་ཅིང་ཐེག་དམན་གྱི་གཉེན་པོ་སེམས་བསྐྱེད་ནི། ཧཱུྃྃ་ཞེས་སངས་རྒྱས་རྣམས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་དམིགས་མེད་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒྲིབ་པ་སྤང་བའི་སེམས་བསྐྱེད་མཚོན་པའི་ཐུགས་ཀྱིས་ས་བོན་བརྗོད་པ་དང་བཅས། ཆོྃས་ཀྱིྃ་དབྱིངྃས་ཀ་དག་ཐོག་མའི་སྤྱི་གཞིའི་ངང་ལྃ་འཁོར་འདས་སྤང་བླང་གི་ཕྱོགྃས་རིསྃ་མེད་པ་བདག་གཞན་མཉམྃ་ཉིད་བདེ་བ་ཆེན་པོ་གཅིག་ཏུ་བརྡལྃ་བས་གནས་ཞེས་པའི་དོན་རང་ངོ་ཤེས་པ་ནི་དོན་དམ་སེམས་བསྐྱེད་དང༌། ཡངྃ་ཞེས་པ་ཕྱི་མ་ཀུན་རྫོབ་སེམས་བསྐྱེད་སྡུད་པའི་དོན་ཏེ། དེ་ལྟར་གནས་ལུགས་མྃ་རྟོགྃས་པས་རིག་རྩལ་ལ་བདག་དུ་ཞེན་ནས་མེད་སྣང་རིགས་དྲུག་གི་གནས་དོན་ལུས་ཀྱི་འཁྲུལྃ་པའིྃ་རྒྱུ་འབྲས་རང་རྒྱུད་ཞེན་པས་ཐོག་མ་མེད་པའི་དུས་ནས་སྐྱེ་ཤིའི་ཁ་བརྒྱུད་དེ་འཁྱམྃས་པྃ་ལ་ཚད་མེད་པ་བཞིའི་ཤུགས་ཀྱིས་དྲངས་པས་རྗེས་སུ་འཛིན་པ་དང༌། ལྷག་པར་རྒྱུད་མི་སྲུན་པའི་སྤྱོད་པ་བརླང་པོ་ཅན་རྡོ་རྗེ་ཐེག་པའི་གདུལ་བྱ་ཡིན་པས་བདྃག་འཛིྃན་དུག་གསུམ་ཤུགས་དྲག་པོའི་ཉིང་འཁྲུལ་དུ་གྱུར་པའི་རུ་ཏྲ་སྡེ་གསུམ་གྱི་བདུདྃ་བཞིའི་དཔུང་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་ཚར་བཅད་དེ་གནས་ལུགས་མཐར་ཐུག་འོྃད་གསྃལ་ཆོྃས་ཀྱི་སྐུྃ་ཟག་མེད་ཆོས་ཁམས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་འབྲས་བུ་མི་སློབ་པ་མཐར་ཐུག་གི་ཡེ་ཤེས་ཀྱི་ཀློངྃ་དུྃ་བཀོད་པས་སྲིད་ཞིའི་མཐའ་གཉིས་ལས་བསྒྲལྃ་བའིྃ་ཕྱིརྃ། འབྲས་བུ་གསང་སྔགས་ཀྱི་ལོངས་སྐུ་ཁྱད་པར་བ་བླ་མ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ག་དང༌། དེའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་རོལ་དཔྃལ་ཆེྃན་པོ་སྒྲུབ་སྡེ་བརྒྱད་ཀྱི་ལྷྃ་ཚོགྃས་གཅིག་དྲིལ་གྱི་བསྐྱེད་རྫོགས་ཟབ་མོའི་སྒྲུབྃ་པ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཡུད་ཙམ་གྱིས་ཡོངས་སུ་རྫོགས་པའི་གོ་ཆ་ལྷུར་བླང་བརྃ་བགྱིའོ་སྙམ་པ་སྨོན་འཇུག་གཉིས་མེད་ཀུན་རྫོབ་ཀྱི་སེམྃས་བསྐྱེདྃ་དོྃ་སྙམ་པའི་དམ་བཅའ་སྐྱབས་ཡུལ་གྱི་ཚོགས་ཞིང་རྣམས་དཔང་པོར་བཞུགས་པ་ལས་ལེན་པའོ། །དེ་ནས་མཚམས་ཀྱི་ཐོག་མཐའ་ཀུན་ཏུ་སྤྱིར་སེམས་ཅན་དང་སྒོས་སྙིགས་དུས་ལས་ངན་དུག་ལྔའི་རང་གཟུགས་གསང་སྔགས་ལོག་པར་སྤྱོད་པའི་རྒྱལ་བསེན་དམ་སྲི་ཕུང་བྱེད་འགོང་པོ་སྤུན་དགུ་སོགས་ཀྱི་དོན་དུ་བདག་གིས་སྙིང་རྗེ་ནས་མི་བཟོད་པས་དེ་དག་གི་གཉེན་པོ་བདག་གིས་ལྷག་པའི་ལྷ་བསྒྲུབ་སྙམ་པའི་སྨོན་པ་དང༌། སྒོ་གསུམ་གྱི་རྣམ་དཀར་གཞན་ཕན་ཕར་ཕྱིན་དྲུག་ལྡན་དུ་སློབ་པ་འཇུག་པ། དེ་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་དོན་དམ་སེམས་བསྐྱེད་དེ། ཐེག་པ་ཆེན་པོ་མདོ་སྔགས་དགོངས་གཅིག་གི་ཟབ་གནད་དུ་ཤེས་པས་ཉམས་སུ་ལེན་པ་ཐམས་ཅད་སྤྱིར་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེའི་རྒྱ་མཚོའི་ལྷ་ཐམས་ཅད་གཅིག་དྲིལ་དུ་སྒྲུབ་པའི་བཀའ་བརྒྱད་ཆེས་ཟབ་ཅིང་གཉན་པ་དང་ལྷག་པར་བླ་མ་དྲག་པོ་གཏུམ་ཆེན་མཐིང་ག་དང་དབྱེར་མེད་དུ་སྒྲུབ་པ་གཉན་པའི་རྒྱུ་མཚན་གྱིས་གལ་ཆེའོ། །འདིས་སྦྱང་གཞི་རང་དོན་ཡིད་བྱེད་ཀྱི་བློ་ངན་གྱི་གཉེན་པོར་སྦྱོང་བྱེད་སེམས་བསྐྱེད་ཀྱི་རྣལ་འབྱོར་ཟབ་མོའི་སྦྱངས་འབྲས་སྐུ་གཉིས་ཐོབ་པར་བྱེད་པའོ། །གསུམ་པ་ཚོགས་བསགས་པ་ནི། སངས་རྒྱས་རྣམས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཐུན་པར་ཐབས་མཁས་ལྟ་སྒོམ་ཁྱད་པར་ཅན་གྱི་རྩིས་ཟིན་པས་རྒྱུན་བཤགས་ཡན་ལག་བརྒྱད་ཀྱིས་བསགས་སྦྱང་བྱ་བ་སྟེ། སྦྱང་གཞི་སྒོ་གསུམ་ཐ་མལ་གྱི་བྱ་བྱེད་རྒྱུ་འབྲས་དང་བཅས་པ། སྦྱོང་བྱེད་ཚོགས་གཉིས་རྫོགས་སྨིན་སྦྱངས་སྟོབས་རྨད་དུ་བྱུང་བའི་ཐབས་མཁས་ཀྱི་སྒོ་དུ་མས། སྦྱངས་འབྲས་སྐུ་བཞི་བདེ་བ་ཆེན་པོ་བསྐལ་པ་གྲངས་མེད་ཀྱི་ངལ་དུབ་ལ་མ་ལྟོས་པར་ཚེ་ལུས་གཅིག་གི་སྟེང་མངོན་དུ་བྱེད་པ་ཚོགས་བསགས་ཀྱི་རིམ་པ་སྟེ། ཡན་ལག་བདུན་པའི་བསགས་སྦྱང་ཙམ་མདོ་སྔགས་ཐུན་མོང་ཡིན་ཀྱང་ཏིང་འཛིན་དམིགས་པའི་ཟབ་ཁྱད་ཀྱི་གནད་དང་ལྡན་པ་དེ་ཡང་རྒྱུད་ཆེན་པོ་སྒྱུ་འཕྲུལ་གྱི་དགོངས་པ་ལྟར་ཡན་ལག་བརྒྱད་ཀྱི་དོན་ནི། ཚོགས་ཞིང་གི་ཡོན་ཏན་ལ་དྭངས་བའི་ཡིད་ཀྱིས་ཧོཿཞེས་ངོ་མཚར་བརྗོད་པ་དང་བཅས། མཚོན་བྱེད་རྫས་ཀྱི་རྡོྃ་རྗེྃ་ཕ་ལམ་དང་ཆོས་མཚུངས་པས་མཚོན་བྱ་དོན་གྱི་རྡོ་རྗེ་ཆོས་ཉིད་ཀྱི་དོན་རང་གིས་གཟིགས་ཤིང༌། གོ་འཕང་དེ་ལ་གཞན་ཡང་དཀྲི་མཁས་པའི་སློབྃ་དཔོནྃ་ནི་དུས་གསུམ་བྱོན་པའི་སངྃས་རྒྱསྃ་ཐམས་ཅད་ཀྱི་ངོ་བོ། བཀའ་དྲིན་དེ་དག་ལས་ལྷག་པས་དཔྃལ་གྱི་སྒྲས་བསྔགས་པ་སྟེ། དུསྃ་གསུམྃ་གྱི་སངས་རྒྱས་སོགས་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་ཀྱི་ངོ་བོ་ཐུགས་རྗེ་བྲི་གང་མེད་པར་བཞུགྃས་པའི་སྒྲས་རྟེན་ལྃ་ཕྱགྃ་འཚལྃ་ལོྃ། ཞེས་ཡན་ལག་དང་པོ་དང༌། དཀོན་མཆོྃག་གསུམྃ་པོ་ནི་སློབ་པ་ལམ་གྱི་གནས་སྐབས་ན་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་དད་པས་བརྟེནྃ་པའིྃ་ཚོགས་ཀྱི་ཞིངྃ་བླ་མེད་དུ་གྱུརྃ་པ་ལྃ་དེ་དག་གི་ཡོན་ཏན་རང་རྒྱུད་ལ་སྒྲུབ་པའི་བློས་རྒྱུ་འབྲས་གཉིྃས་སུ་མེདྃ་པར་ཤེས་པའི་ཡིདྃ་ཀྱིསྃ་སྐྱབྃས་སུྃ་མཆིྃ་བ་དང༌། བླ་ན་ཡོད་པའི་མཆོད་པ་དངོྃས་འབྱོརྃ་དང༌། བླ་ན་མེད་པའི་མཆོད་པ་ཀུན་ཏུ་བཟང་པོའི་ཏིང་འཛིན་ཡིདྃ་ཀྱིསྃ་རྣམྃ་པར་སྤྲུལྃ་པའིྃ་ཞིང་དང་དངོས་པོ་བསམ་པ་དགྃ་པའིྃ་མཆོྃད་པྃ་བཞེྃས་སུྃ་གསོྃལ་བར་ཞུས་པ་དང༌། མཆོག་ཐུན་གྱི་དངོྃས་གྲུབྃ་ཆུྃ་བོྃ་ལྟ་བུ་ཐོབ་པ་ལ་བར་དུ་གཅོདྃ་པའིྃ་བགེྃགས་ཀྱི་གཙོ་བོ་སྒོ་གསུམ་གྱི་ཉེསྃ་བྱསྃ་དམ་སྡོམ་ཉམས་ཆག་མྃ་ལུསྃ་པ་ཐམས་ཅད་སྟོབས་བཞིའི་གནད་ལ་བརྟེན་ནས་བཤགྃས་པྃ་འབུལ་བར་བགྱིྃ་སྙམ་པའོ། །ཤར་སོགས་ཕྱོགྃས་བྃཅུ་དང་བདག་གཞན་ཐུན་མོང་དུ་དམིགས་པའི་འཁོརྃ་གསུམྃ་རང་བཞིན་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ནི་བདེན་གཉིས་དབྱེར་མེད་དུ་དགྃ་པའིྃ་ཆོསྃ་ཉིད་དེ། དེའི་ངང་ནས་བདག་གཞན་གང་ལའང་མྃ་ཆགྃས་མ་སྡང་བར་དགེ་བ་ལ་སྤྱོདྃ་ཅིང་འཁོར་གསུམ་དུ་དམིགས་པས་མ་ཞེན་པར་སྒྱུ་མ་ལྟ་བུའི་ཚོགས་གཉིས་ལྃ་གོམས་སུ་འཇུག་པ་ནི་དོན་དམ་པའི་རྗེྃས་སུ་ཡིྃ་རངྃ་པའོ། །ཀུན་རྫོབ་ཚད་མེད་བཞི་དོན་དམ་རྟག་ཆད་ཀྱིས་དགྃ་པའིྃ་མཐྃའ་བཞིྃ་སྤྲོས་བྲལ་དྲིྃ་མྃ་མེྃད་པའི་གནས་ལུགས་ཀྱི་ངང་དུ་སྒྱུ་མ་ལྟ་བུའི་ལམ་བདེན་གྱི་ཚོགས་གཉིས་ཐམས་ཅད་རྫོགྃས་སྨིན་སྦྱངས་བའིྃ་བདེན་གཉིས་དབྱེར་མེད་བྱངྃ་ཆུབྃ་དུ་སེམྃས་བསྐྱེདྃ་པའོ། །བདེྃ་གཤེྃགས་འདས་པ་དབྃང་ཕྱུགྃ་ད་ལྟ། སེམྃས་ཅནྃ་མ་འོངས་པའི་སངས་རྒྱས་རྣམས་ལྃ་འབྲས་བུ་མངོན་དུ་གྱུར་པ་དང༌། དབང་དང་བྱིན་རླབས་ཀྱི་སྣོད་དུ་རུང་བ་དང༌། གཞན་དོན་མཐར་ཕྱིན་པའི་དགོྃས་པྃ་གསུྃམ་ཐོབ་པའི་ཕྱིར་བདག་འཛིན་གྱིས་བཅིངས་པའི་ལུསྃ་གཅེས་འཛིན་བློས་བཏང་སྟེ་དབུྃལ་ལོྃ་སྙམ་པས་བདག་མེད་རྒྱལ་བའི་ཞིང་དུ་སྤྱོད་ནུས་པ་དང༌། བདག་ཉིད་གཅིག་པ་དང་ལྷན་སྐྱེས་ཀུན་བརྟགས་ཀྱི་མ་རིག་པ་གསུམ་གྱིས་འཁྲུལ་པ་ཚེྃ་རབྃས་ཐོག་མར་བགྲངྃས་ཏེ་དེ་ནས་ད་ལྟའི་བར་གྱི་བསམ་པ་ཡིད། སེམས་པ་ལུས་ངག་གི་དཀར་པོའི་ལསྃ་རྣམྃས་ཀུནྃ་སྙིང་རྗེའི་ཐབས་མཁས་དང་ཤེས་རབ་ཟུང་འཇུག་གིས་གཅིག་ཏུ་བསྡུསྃ་ཏེྃ་རྫོགས་པའི་བྱངྃ་ཆུབྃ་ཆེནྃ་པོརྃ་ཐོབ་པའི་རྒྱུར་བྃསྔོ་བ་སྟེ་ཡན་ལག་བརྒྱད་དོ། །དེ་དག་གིས་རྒྱུད་དག་པར་བྱས་ནས་ཚོགས་ཞིང་རང་ལ་བསྡུས་ཏེ་དངོས་གྲུབ་མཆོག་གི་སྣོད་རུང་དུ་གྱུར་པའོ། །བཞི་པ་གཏོར་མ་བཏང་བ་ལ། བསྙེན་པ་ལ་འཇུག་པའི་ཐོག་མ་དང༌། སྒྲུབ་ཆེན་དང་སྒྲུབ་པའི་སྐབས་འདིར་ཐ་ཚིག་ལ་གནས་པའི་དཀར་ཕྱོགས་ཀྱི་དགེ་བསྙེན་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། དགེ་བའི་ལས་ལ་བར་དུ་གཅོད་པའི་ནག་ཕྱོགས་ལ་གཏོར་མས་བརྔན་ཏེ་བསྐྲད་པ་ནི། སྟོན་པ་སངས་རྒྱས་པའི་སྔ་ལོགས་བདུད་ཀྱིས་བར་ཆད་བརྩམས་པའི་ཚེ། ས་ཡི་ལྷ་མོས་རྫོགས་སྨིན་སྦྱངས་མཐར་སོན་པའི་དཔང་པོར་ཞུས་པ་དང༌། ཐེག་ཆེན་ཐུན་མོང་ལྟར་ན་སྲོད་ལ་བྱམས་པའི་ཏིང་ངེ་འཛིན་དང༌། རྒྱུད་རྣམས་ཀུན་གྱི་གླེང་གཞི་དེ་བཞིན་གཤེགས་པས་གཤིན་རྗེ་དང་ཁྲོ་བོ་མི་གཡོ་བ་དང་སྒྲོལ་མ་བཅས་སྤྲུལ་པའི་སྟོབས་ཀྱིས་བདུད་བཏུལ་བ་དང་མཚུངས་ཏེ། ཧཱུྃ་གི་སྒྲ་ནི་འཇོམས་པ་ལ་འཇུག་པས་ཧཱུྃྃ་ཞེས་བརྗོད་པ་དང་རང་ཉིད་བགེགས་ཚོགས་ཐམས་ཅད་འཇོམས་བྱེད་སྤྱི་དཔལ་ཆེན་པོ་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དུང་ཁྲག་འཛིན་པ་བཟོད་པར་དཀའ་བའི་གཟི་བྱིན་ཅན་གྱི་ང་རྒྱལ་གྱིས་ཐུགས་ཀའི་འོད་ཀྱིས་མགྲོན་རྣམས་མདུན་དུ་བཀུག་ལ། དངོས་སུ་བཤམས་པའི་གཏོར་མ་ཡོད་ན་རྫས་སྔགས་ཏིང་འཛིན་གསུམ་ལྡན་གྱིས་བྱིན་གྱིས་བརླབས་ཏེ་སྔགས་ཀྱིས་བསྔོས་ལ་བཀའ་བསྒོ་བ་ནི། མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས་བདག་དང་བདག་གིར་འཛིན་པའི་གཉེན་པོར་ངྃ་ནིྃ་རྡོ་རྗེའི་ཡེ་ཤེས་ཀྱི་མཚོན་ཆས་ལོག་རྟོག་འཇོམས་པའི་ཁྲོ་རྒྱལ། ཆོས་ཅན་འཁོར་འདས་ཡོངས་ལ་འདོད་རྒུར་དབང་བསྒྱུར་བའི་སྤྱིྃ་དཔྃལ་ཆེནྃ་པོྃ་ཆོས་ཉིད་གདོད་ནས་དག་པས་བདུད་ཚོགས་ཉིད་དང་ནམ་ཡང་ལྷན་ཅིག་མི་གནས་པའི་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་སྟེྃ། བདག་གིས་དེའི་གོ་འཕང་བྱངྃ་ཆུབྃ་ཆེན་པོ་སྲིད་ཞིའི་མཐའ་ལ་མི་གནས་པར་བསྒྲུབྃ་པ་ལྃ་བརྃ་དུ་གཅོདྃ་པ་ནི་སྒྲིབ་པའི་དྲི་མ་དང་བཅས་པའིྃ་སེམས་བདུད་དང་གནོདྃ་བྱེདྃ་རྒྱུ་འབྲས་ལོགྃ་པར་སྤྱོད་པས་སེམས་ཅན་ངན་འགྲོར་འདྲེྃན་པའི་འབྱུངྃ་པོྃ་རྣམྃས་སྟོང་དང་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས་ཀྱིས་བྱིན་གྱིས་བརླབས་པའི་འདོད་ཡོན་མཁོ་དགུའི་གཏོྃར་མྃ་སྔོན་གྱི་ལན་ཆགས་སྦྱང་བའི་ཕྱིར་བྱིན་པ་འདི་ལོངྃས་ལྃ་གནས་འདིར་མ་འདུག་པར་རྒྱ་མཚོ་ཆེན་པོའི་མཐར་ཕྱིརྃ་དེངྃས་ཤིྃག །གལྃ་ཏེྃ་བཀྃའ་བསྒོ་ཞིང་བརྔན་སྟེར་བས་མ་ཚིམས་པར་ལུས་སེམས་མ་རུངས་པས་ད་དུང་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བརྩམས་ཏེ་རྡོ་རྗེའི་སྲུང་འཁོར་གྱི་རྭ་བས་མཚམས་བཅད་པ་ལསྃ་འདྃའ་བར་བྱེདྃ་པ་རྣམྃས་ཡེ་ཤེས་རོལ་པའི་མཚོན་ཆས་བརྡུངས་ཏེ་ཡན་ལག་གི་མཆོག་མགོྃ་བོྃ་ཨརྫ་ཀའི་འབྲས་བུ་བཞིན་ཚལྃ་པྃ་བརྒྱྃར་འགྃས་ཤིངྃ། ལུསྃ་ནིྃ་རྡུལྃ་ཕྲནྃ་བཞིྃན་དུྃ་བཤིྃག་སྟེ་བཅོམ་ངེས་པས་བག་ཡོད་པར་གྱིས་ལ་སོངས་ཤིག །ཅེས་བརྗོད་པ་དང་དྲག་སྔགས་མེ་དཔུང་མ་བཟླ་ཞིང་ནག་པོའི་ཚོགས་འདུལ་བའི་ཏིང་ངེ་འཛིན་གྱིས་གཟིར། བགེགས་ཚོགས་འཇོམས་པའི་ཐུན་ཡུངས་ཀར་གྱི་ཆར་འབེབས་པ་དང་བཅས་བརྡེགས་ཏེ། ཨོཾྃ་བྃཛྲྃ་མྃ་ཧཱྃ་ཀྲོྃ་དྷྃ་ནི་རྡོ་རྗེ་ཁྲོ་བོ་ཆེན་པོ་སྟེ་སྤྱི་དཔལ་ཧེ་རུ་ཀ །པྃདྨྃ་ཀྲོྃ་དྷཱིྃཤྭ་རིྃ་ནི་པདྨ་དབྱིངས་ཕྱུག་མ་སྟེ་ཡུམ་གནམ་ཞལ་མ། བྃཛྲྃ་ཀཱིྃ་ལིྃ་ཀཱིྃ་ལྃ་ཡྃ་ནི་ཡབ་ཡུམ་གཉིས་ཀྱི་འབར་བའི་ཕྱག་མཚན་རྡོ་རྗེ་ཕུར་པའི་ཆར་ཆེན་པོ་དང༌། མྃ་ཧཱྃ་ཡྃཀྵ་སྤྲུལ་པའི་ཕོ་ཉ་གནོད་སྦྱིན་ཆེན་པོ། ཀཱྃ་ལ་རཱུྃ་པྃ་ནག་པོའི་གཟུགས་ཅན་སྤྲོས་ཏེ། ཀྃརྨྃ་རཾྃ་རཾྃ་ཕྲིན་ལས་མེ་དཔུང༌། ཛྭྃ་ལྃ་རཾྃ་འབར་བའི་མེ་དང་བཅས་པས་ཧཱུྃྃ་ཕཊྃ་ནག་ཕྱོགས་འཇོམས་ཤིག་ཅེས་པའོ། །བསྙེན་མཚམས་སྐབས། འདི་ནས་དཀར་གཏོར་དང་གསེར་སྐྱེམས་ཕུལ་ལ། མཚམས་ཐོ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་དང་བཅས་པར་བསྐྱེད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ་བས་དགྱེས་བཞིན་བཞུགས་པས་བར་ཆད་སྲུང་བར་བསམ་ཞེས་རིག་འཛིན་ཡབ་བཀའི་བསྙེན་ཡིག་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པ་དང༌། ལྔ་པ་སྲུང་འཁོར་ནི། བསྙེན་མཚམས་དང་སྒྲུབ་ཆེན་སྐབས་འདིར་རྒྱལ་ཐོ་བཞག་ནས་ཉིན་རེ་བཞིན་རྒྱལ་ཆེན་བཞིའི་དམག་དཔུང་གིས་ཕྱོགས་བཞི་སྲུང་བར་གསལ་ཞིང་མཆོད་གཏོར་འབུལ་བ་ནི་ཕྱི་མཚམས་བཅད་པ་དང༌། ཧཱུྃྃ་ནི་སྡུག་བསྔལ་འཇོམས་ཤིང་འཆོས་པ་ལ་འཇུག་པས་དེ་ཉིད་བརྗོད་པས་སྡུག་བསྔལ་གྱི་བདེན་པའི་རྒྱུ་འབྲས་ཀྱི་རང་གཟུགས་གདོན་བགེགས་འཇོམས་ཤིང་བར་ཆད་མི་འཇུག་པར་འཆོས་པའམ་སྲུང་བའི་ཕྱིར་བདྃག་ཉིདྃ་ལས་ཀྱི་ཁྲོ་བོ་ཞེྃ་སྡངྃ་རྡོྃ་རྗེྃ་ཡིྃ་སྤྱནྃ་མིགྃ་གཡས་གཡོན་ཉིྃ་ཟླའིྃ་འོད་རྣོན་འབྃར་བའི་སྡང་མིག་གི་མེ་ཆུའི་ཟེར་གྱིས་གཟིར་ཞིངྃ་ཞབས་རྡོ་རྗེའི་འགྲོས་དང་གསུང་ཧཱུྃ་ཕཊ྄་ཀྱི་ང་རོ་བཅས་པས་སྣང་སྲིད་མེ་དཔུང་འབར་བས་བགེགས་ཚོགས་བསྲེྃགས་པར་བསམ་པ་འབར་བ་སྟངས་སྟབས། དབུས་སུ་སྣང་སྲིད་གནམ་ལྕགས་ཀྱི་འཁོར་ལོའི་རྩིབས་བཅུ་པའི་ནང་ཕྱོགས་སྐྱོང་བཅུ་བཀུག་སྟེ་གདན་དུ་གན་རྐྱལ་བྱས་པ་ལ། སྔར་ཐུགྃས་ལསྃ་མྱོས་པའི་ཁྲོྃ་བོྃའི་ཚྭྃ་ཚྭྃ་སྤྲོསྃ་པ་རྣམས་ཚུར་འདུས་པ་ལས། ཧཱུྃ་ཀ་ར་སོགས་ཁྲོ་རྒྱལ་བཅུ་ཞལ་གསུམ་ཕྱག་དྲུག་སྐུ་སྨད་ཕུར་བུའི་རྣམ་པས་གདོན་ཚོགས་གཟིར་ཞིང་མནན་པས་རྟོག་མེད་བདེ་ཆེན་དུ་བརྒྱལ་བར་བསམ་པ་འཁོར་ལོ། འཁོར་ལོའི་ཕྱི་རོལ་སྟོངྃ་གསུྃམ་ཐམས་ཅད་ཡེ་ཤེས་ཀྱི་སྤྲུལྃ་པའིྃ་མེྃ་ཁ་དོག་ལྔ་འབར་བ་ཡིསྃ། གདོན་བགེགས་བག་ཆགས་བཅས་སྲེག་པར་བྱེད་པའི་མེ་ལྕེས་འགེངྃས་བར་བསམ་པ་སྲེག་བྱེད་མེའི་མཚམས། ཕྱོགྃས་མཚམྃས་ཐམས་ཅད་རྡོ་རྗེ་འཁོར་ལོ་ཕུར་བུ་ཐོ་བ་རལ་གྲིའི་མཚོྃན་ཆྃ་འཆོྃལ་བའི་འཁོར་ལོ་རླུང་སྤུ་གྲི་རེག་ཆོད་ལྟར་འཁོར་བསྃ་གཏམྃས་པར་བསམ་པ་མཚོན་ཆ་འཆོལ་བའི་མཚམས། ནམ་མཁའ་ས་གཞི་ཐམས་ཅད་ཁྲོ་བོ་ཁྲོ་མོའི་སྤྲིན་ལྟར་ཁྱབ་པར་བསམ་པ་ཁྲོ་བོ་རོལ་པའི་མཚམས། བདྃག་རྟོག་གི་རང་གཟུགས་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་མེདྃ་སྤྲོས་བྲལ་སྟོངྃ་ཉིད་བདེ་བ་ཆེན་པོརྃ་མཚྃམས་བཅྃད་དོྃ་སྙམ་པ་གསང་མཚམས་ཏེ་ལྔ་པོ་ནང་མཚམས་བཀའ་བརྒྱད་ཀྱི་སྒོས་ཆོས་སུ་གསུངས་པ་དེ་དག་ལས་དང་པོས། རང་སེམས་སྐྱེ་འགག་མེད་པའི་གཞི་རྩ་བཅད་པས་བགེགས་བདེན་མེད་དུ་ཤེས་པ་དང༌། རྣམ་པ་སྲུང་འཁོར་རྣམས་དེ་དག་གཅིག་ལ་གཅིག་གིས་མི་སྒྲིབ་ཅིང་གསལ་ལ་མ་འདྲེས་པ་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔའི་ངོར་ཤར་བ་གསལ་བཏབ་པར་གསུངས་ཤིང༌། སྔགས་དོན་ནི། ཨོཾྃ་གྱིས་ཐོག་དྲངས་སཱུྃརྻྃ་ཙྃནྡྲྃ་ཉི་མ་ཟླ་བ། བྃཛྲྃ་ཀྲོྃ་དྷྃ་རྡོ་རྗེ་ཁྲོ་བོ། ཛྭྃ་ལྃ་རཾྃ་རཾྃ་འབར་བ་མེ། ཙྃཀྲྃ་ཝྃརྟིྃ་སྲུང་བའི་འཁོར་ལོ། མྃ་ཧཱྃ་ཀྲོྃ་དྷྃ་ཁྲོ་བོ་ཆེན་པོ། སྃརྦྃ་དུྃཥཊཾྃ་བགེགས་ཐམས་ཅད། ཨེྃ་དབྱིངས་སྟོང་ཉིད་ཀྱི་ཀློང་དུ་ཧཱུྃྃ་ཕཊ་ཀྱིས་སྲུང་ཞིང་གཏོར་བའི་དོན་དུ་སྟེ་སྲུང་འཁོར་ལྔ་དང་ཕྱི་ནང་གསང་མཚམས་བཅད་པ་སྔགས་ཀྱིས་ཀྱང་བརྟན་པར་བྱ། དྲུག་པ་བརྡ་སྒོ་ཕྱག་བཤགས་པ་དང་དམ་བཅའ་བཞིའི་ལས་རིམ་ནི། སྤྲོས་པ་ལ་དགའ་ན་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བདེ་གཤེགས་སྤྱི་བཤགས་བརྗོད་པས་རྟོག་འཁྲུལ་ཉམས་པའི་དངོས་གྲུབ་ཀྱི་གེགས་རྣམས་བཤགས་ལ་ཡིག་བརྒྱ་བཟླ། བསྡུ་ན་ཏིང་འཛིན་གྱིས་བཤགས་ཡུལ་གསལ་བཏབ་པས་ཀྱང་རུང་ལ་ཚིག་དོན་ནི། ཧཱུྃྃ་ཞེས་ཐུགས་སྲོག་བརྗོད་པས་སྣོད་བཅུད་གདོད་ནས་དག་པ་ཡེ་ཤེས་ལྷ་ཡི་འཁོར་ལོར་སད་པར་མོས་པས། སྣང་སྲིད་ལྷ་དང་གཞལ་ཡས་ཁང་དུ་གནས་ཀྱང་མྃ་རིགྃ་པའི་དབང་གིས་གཟུང་འཛིན་རང་རྒྱུད་དུ་ཞེན་པའི་ལོག་རྟོག་གི་འཁྲུལ་པས་སྣོད་བཅུད་ཐ་མལ་དུ་ཞེན་པའི་ལིངྃ་ཏོགྃ་གི་སྒྲིབ་གཡོགས་རང་རིག་ཆོས་ཉིད་མངོན་སུམ་མཇལ་བའི་ཡེྃ་ཤེསྃ་ཀྱི་ཐུརྃ་མསྃ་དབྱེྃ་བས་དག་པ་རྡོ་རྗེའི་སྤྱན་ཐོབ་སྟེ། ཚད་མེད་བཞིའི་སྒོ་བཞི་ཤག་གིས་ཕྱེ་བས་སྣོད་བཅུད་ལྷའི་འཁོར་ལོར་གདོད་ནས་རྫོགས་པའི་སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་རང་རྩལ་དཔལ་ཆེན་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇལ་བ་ལ་དད་མོས་ཤུགས་བསྐྱེད་པ་ཀུན་རྫོབ། དེ་ཡང་རང་སེམྃས་གཞིར་གནས་ཀྱི་ཆོས་ཉིདྃ་དང་དག་པ་ཡེ་ཤེས་ཀྱི་ལྷྃ་སྐུརྃ་བཟང་ངན་གཉིས་མེད་དུ་རྟོགྃས་པསྃ་དོན་དམ་གྱི་བརྡྃ་ཕྱགྃ་འཚྃལ་ཞིང༌། སྔར་བྱས་སྒོ་གསུམ་འགྃལ་འཁྲུལྃ་དང་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ལ་ཉམས་ཆག་གྱུར་པའི་ཉེས་ལྟུང་ལ་གནོང་འགྱོད་བྱ་བ་སུན་འབྱིན་པའི་སྟོབས་སམ་གནོང་འགྱོད་དྲག་པོས་བཤགས་པ། སྒོ་གསུམ་རྡོ་རྗེ་གསུམ་དུ་སྦྱོར་བའི་དམ་ཚིག་དངོས་གྲུབ་ཀུན་གྱི་གཞི་ཡིན་པ་ཤེས་རབ་དང་ཏིང་འཛིན་གྱིས་རྟོགས་སྒོམ་མ་བྱས་པའི་ནོངྃས་པསྃ། ཐུན་མོང་ཁྱད་པར་རྩ་བ་ཡན་ལག་ཉིང་ལག་གི་ཉམས་ཆག་ཅི་དང་ཅི་བགྱིས་པ་ཀུན་ཡིད་ལ་བྱ་བ་ཉམས་པའི་བརྡ་སྦྱར་བའི་བཤགས་པས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་བྱུང་བའི་ཡེ་ཤེས་ཆེན་པོའི་མེའི་འོད་ཟེར་བདག་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་བསྲེགས་པར་མོས། དོན་ལ་སྡིག་སྒྲིབ་དངོས་པོར་མ་གྲུབ་པས་དམིགས་མེད་ཆོསྃ་སྐུྃ་རོ་མཉམ་ཆེན་པོའིྃ་ཀློངྃ་དུྃ་བཤྃགས་པའི་བྱ་བྱེད་ལས་འདས་པའི་དོན་ལ་བློ་བཞག་པ་ཤེས་རབ་ཆེན་པོས་རང་བཞིན་མེད་པར་བཤགས་པ་ཞེས་ཀུན་འདུས་རིག་པའི་མདོ་ལས་གསུངས་པའི་སྡིག་སྦྱོང་གི་སྒོ་བཞིས་རྒྱུད་དག་པར་བྱས་པས། འགྲོ་བ་ཐམས་ཅད་རང་བཞིན་རྣམ་དག་གི་ལྷའི་བདག་ཉིད་དམ་ཚིག་པ་དང་སངས་རྒྱས་རྣམས་སྒྲིབ་བྲལ་ཆོས་སྐུ་ཡེ་ཤེས་སེམས་དཔའ་གཉིས་མེད་རོ་མཉམ་ཆེན་པོའི་ལྷ་ནི་སྲིད་ཞིའི་སྤྱི་དཔྃལ་ཆེྃན་པོ་སྟེ་གདོད་ནས་རང་དང་འདུ་འབྲལ་མེད་པར་ངོ་ཤེས་པས་དེ་མངོན་དུ་བྱེད་པའི་ལྟ་དགོངས་ཏིང་འཛིན་ཐམས་ཅད་ཀྱང་སྲོགྃ་གིྃ་ཕྱིརྃ་ཡངྃ་མིྃ་བཏངྃ་ངོྃ་ཞེས་དམ་བཅའ་བ་ནི་སྔགས་ཀྱི་སྡོམ་པ་ཡར་ལྡན་དུ་བྱེད་པས་དངོས་གྲུབ་ཐོབ་བྱེད་ཀྱི་རྩ་བའོ། །ཀུན་རྫོབ་བརྡ་སྒོ་ཕྱག་བཤགས་པ་ཐམས་ཅད་དོན་དམ་རང་བཞིན་གནས་པའི་ཡེ་ཤེས་རང་རིག་པས་མངོན་དུ་གྱུར་པ་ལ་འཁོར་གསུམ་དམིགས་མེད་དུ་ཚང་བས་ངོ་མཚར་བའི་དོན་གྱིས་ཨྃ་ལྃ་ལྃ་ཧོྃཿཞེས་བརྗོད་པའོ། །བདུན་པ་བྱིན་འབེབས་ནི། སངས་རྒྱས་རྣམས་འོད་ཟེར་ཆེན་པོའི་དབང་བསྐུར་བའི་མཛད་པ་དང་མཐུན་སྟེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཧཱུྃྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། རྡོ་རྗེ་ཐུགས་ནི་ཐོབ་བྱེད་པའོ། །ཞེས་པ་ལྟར་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་ཡི་གེས་འགོ་དྲངས་ཏེ། སངས་རྒྱས་ཐམས་ཅད་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ལྔ་ཡོངས་སུ་རྫོགས་པ་དཔྃལ་ཆེྃན་པོ་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀུན་འདུསྃ་པའིྃ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷྃ་ཚོགྃས་རྣམྃས་དབྱིངས་ཡེ་གཉིས་མེད་ཆོསྃ་སྐུའིྃ་ཀློངྃ་ནསྃ་རང་བྱུང་ཀུན་ཁྱབ་ཀྱི་དམིགས་མེད་ཐུགྃས་རྗེྃའི་ནུས་རྩལ་ཤུགས་དྲག་དུ་བསྐྱེདྃ་པས་ཐུགས་རྒྱུད་བསྐུལ་ནས། ལོངྃས་སྐུྃ་ཁ་སྦྱོར་ཡན་ལག་བདུན་དང་ངེས་པ་ལྔ་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས་བདུན་བརྒྱ་ཉེར་ལྔའི་ལྷ་སྔགས་ཕྱག་མཚན་གྱི་རྣམྃ་རོལྃ་ཆོས་དབྱིངས་ཁྱབ་པར་བརྡལ་བའི་ཆེ་ཆུང་མ་ངེས་པ་ཁ་བ་བུ་ཡུག་འཚུབ་པ་བཞིན། མཛེས་པའི་གར། རྡོ་རྗེའི་གླུ། མེ་ཏོག་གི་ཆར། དྲི་ཞིམ་གྱི་ངད་པ་ཅིརྃ་ཡངྃ་བསྒྱུརྃ་བ་དང་བཅས་ཏེ་མཁའ་ཁྱབ་གཟུགས་སྐུའི་ཚུལ་དུ་བཞེངས་པ་ཆར་ཆེན་བབ་པ་བཞིན་བྱོན་ནས། སྤོས་རོལ་གདུང་དབྱངས་ཏིང་འཛིན་གྱིས་བསྐུལ་བས་བདག་གནས་ཡོ་བྱད་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ལྷག་པའི་ཏིང་འཛིན་གྱིས་སྤྲུལྃ་པའི་སྐུྃ་དང་ཞིང་གི་བཀོད་པའིྃ་དཀྱིལྃ་འཁོྃར་རྟེན་བརྟེནྃ་པརྃ་བཅྃས་པ་ལ་གཉིས་མེད་དུ་ཐིམ་པས་མཐུ་རྩལ་ནུས་པའི་ཆོ་འཕྲུལ་དཔལ་དུ་འབར་བས་ཡོངས་གྲུབ་ཡེ་ཤེས་དཀྱིལ་འཁོར་མངོན་དུ་གྱུར་པའི་དབྃང་བཞི་བསྐུརྃ་བ་དང༌། རྡོ་རྗེ་གསུམ་གྱི་བྱིནྃ་ཆེན་ཕོབྃ་ལ་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འགྲུབ་པའི་ཕྱི་ནང་གསང་བའི་རྟགྃས་མཚྃན་མྱུར་བར་སྟོནྃ་པར་མཛོད་ཅེས་ཚིག་གིས་བསྐུལ་ཞིང༌། ཁྲག་འཐུང་སྤྱི་སྔགས་རུ་ལུའི་ཛཔ་ལ། སྒྲ་འཇུག་ཚུལ་བཅུ་སོགས་གསུངས་པ་ལས། འདིར་སྤྱན་དྲངས་བར་ཤེས་པ་སྟེ་སརྦ་ཐམས་ཅད། སྃ་མྃ་ཡྃ་དམ་ཚིག་ཨྃ་བེྃ་ཤྃ་ཡྃ་ཕོབ་ཅིག །ཕེཾ་ཕེཾ། བརྒྱད་པ་མཆོད་པ་བྱིན་རླབས་ནི། བྱང་སེམས་སློབ་པས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་ཡོངས་སུ་སྦྱང་བའི་མཛད་པ་ལྟར། ཧཱུྃྃ་ཞེས་རང་ཉིད་གཉུག་མའི་ལྷ་དཔལ་ཆེན་པོའི་ང་རྒྱལ་ལ་གནས་པས། སྣོད་བཅུད་ལ་མ་དག་པའི་འཛིན་རྟོག་ཡེ་ནས་མི་དམིགས་པའི་ཆོས་ཉིད་སྟོང་པའི་དབྱིངྃས་ནསྃ་རིག་སྟོང་ཡེ་ཤེས་ཀྱི་རོལ་པ་སྦྱོང་བྱེད་རྡོ་རྗེའི་ཡིྃ་གེྃ་ཨོཾ་ཨཱཿཧཱུྃ་གི་འབྲུྃ་གསུྃམ་ཆརྃ་དུྃ་བབྃ་པས་དམིགས་རྟེན་གྱི་མཆོད་པ་གཙོ་བོར་གྱུར་པའི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྲེག་བྱེད་མེའི་ཡི་གེ་རཾ་གྱིས་མཆོྃད་རྫསྃ་གྱི་ཉེསྃ་པའི་སྐྱོནྃ་མྃ་དྃག་པ་བསྲེགྃས། ཡཾ་ལས་རླུང་གིས་དངོས་འཛིན་གྱི་འཆིང་བ་གཏོརྃ། ཁཾ་ལས་ཆུས་བག་ཆགས་ངན་པའི་དྲི་མ་བཀྲུསྃ་ཏེ་ཆོས་ཀུན་རང་བཞིན་གྱིས་དག་པའི་དོན་ལ་བློ་བཞག་སྟེ། བྷྲཱུྃྃ་ལསྃ་རིནྃ་པོ་ཆེའིྃ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་ཉེར་སྤྱོད་བདུན་སོགས་དང༌། ཨྃ་ལསྃ་བདེ་སྐྱོང་གི་བྷྃཉྫའིྃ་སྣོད་ཀྱི་ནངྃ་དུ་དབང་ལྔའི་མེ་ཏོག་སོགས་ཕྱིྃ་དང་ནངྃ་སྨན་གཏོར་རཀཏ་གསྃང་བ་གསུམྃ་གྱི་མཆོྃད་སྤྲིནྃ་རྣམས་རྣམ་པ་དམ་ཚིག་གི་རྫས་ཇི་ལྟར་འོས་པ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རོ་ནུས་ཡོན་ཏན་བརྒྱ་ཕྲག་དུ་མའི་དཔལ་འཛིན་པས་ལྷ་རྣམས་མཉེས་བྱེད་ཀྱི་ཕུལ་དུ་གྱུར་བའི་རང་རིག་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཉག་གཅིག་གི་མཆོད་སྤྲིན་རྒྱྃ་མཚོྃར་ལྷུན་གྱིས་རྫོགས་པ་གྱུརྃ་པར་བསམ་ལ། ཐོག་མཐར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་ནི་དེའི་ཟག་མེད་ཡེ་ཤེས་ཀྱི་རོལ་པར་འཆར་བའི་བྱིན་རླབས་བསྐུལ་བའི་དོན། ཉེར་སྤྱོད་དང་འདོད་ཡོན་གྱི་སྔགས་དང༌། པཱུྃ་ཛྃ་མཆོད་པ། སྃ་མྃ་ཡྃ་དམ་ཚིག་སྟེ་མཆོད་པའི་དོན་སྤྱོད་པར་དམ་བཅའ་བ་སྟེ། མཆོད་རྫས་རྣམས་དཀྱིལ་འཁོར་ལྷས་སྤྱན་ལམ་བཏེགས་པ་ཙམ་གྱིས་དགྱེས་པས་བཞེས་ཏེ་དངོས་གྲུབ་ཀྱི་གནས་ལ་བསྐུལ་ནུས་པའི་བྱིན་རླབས་ཀྱི་རྒྱུན། སྭཱྃ་ཧཱྃ་ནི་གཞི་ཚུགས་པའི་དོན་དང༌། ནང་མཆོད་སྨན་ནི། རླུང་མེ་ཐོད་སྒྱེད་ལ་གནས་པའི་ཀ་པཱ་ལ་ཤ་ལྔ་བདུད་རྩི་ལྔ་ཡིག་འབྲུ་ལྔས་མཚན་པ། རླུང་མེས་བསྐོལ་བས་ཉེས་སྐྱོན་སྦྱངས། ཉི་མ་འཆར་ཀའི་མདངས་ལྟར་ཞུ་བས་དམ་ཚིག་གི་བདུད་རྩིར་རྟོགས། འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་འདྲེས་པས་དམ་ཡེ་གཉིས་མེད་དུ་སྦར། རཀྟའི་སྣོད་བྷནྡྷ་ལྕང་ལོ་ཅན་དུ་ཁམས་གསུམ་གྱི་ཆགས་པའི་བཅུད་བསྡུས་པའི་ཁྲག་མཚོ་རྦ་རླབས་འཁྲུགས་པ་ལ། གཱིརྟི་དམར་མོའི་མཁའ་གསང་ནས་བབ་པའི་བདེ་རྒྱུན་གཅིག་ཏུ་འདྲེས་པ་དང༌། གཏོར་མ་སྤྱིར་བདུད་རྩི་ལྟར་ལ་ཟེགས་མ་ལས་འདོད་ཡོན་ལྔའི་མཆོད་སྤྲིན་ཟད་མེད་དུ་འཕྲོ་བར་བསམ་ལ་སོ་སོའི་སྔགས་ལན་གསུམ་རེ་བརྗོད་པའོ། །སྨན་བྱིན་གྱིས་རློབ་པའི་སྔགས་དོན་ནི། སྐུ་གསུང་ཐུགས་ཀྱི་ས་བོན་འབྲུ་གསུམ་ནི་སྦྱངས་རྟོགས་སྦར་བའི་ས་བོན། སྃརྦྃ་པྃཉྩྃ་ཨྃ་མྲྀྃ་ཏྃ་སྨན་དང་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན། ཧཱུྃྃ་དམ་ཚིག་གི་ངོ་བོ་ཞུ་བ། ཧྲཱིྃཿཡེ་ཤེས་ཀྱི་བདུད་རྩི་དགུག་པ། ཋྃ་གཉིས་སུ་མི་གནས་པ་གྲོལ་བ་སྟེ་དེས་ན་སྦྱངས་རྟོགས་སྦར་གསུམ་གྱིས་འཁོར་འདས་ཐམས་ཅད་ཡེ་ཤེས་ལྔའི་བདུད་རྩིར་དག་པས་གཙང་དམེའི་རྟོག་པ་ལས་གྲོལ་བར་བྱིན་གྱིས་རླབས་པའི་སྔགས་སོ། །གཏོར་མ་བྱིན་གྱིས་རློབ་པའི་སྔགས་དོན་ནི། ཨོཾྃ་ཨཱྃཿཧཱུྃྃ་སྔ་མ་དང་མཚུངས། མྃ་ཧཱྃ་བྃ་ལིཾྃ་ཏྃ་ནི་གཏོར་མ་ཆེན་པོ་སྟེ། ཕྱི་དམ་རྫས། ནང་ཕུང་པོ། གསང་བ་བྱང་ཆུབ་སེམས་ཀྱི་གཏོར་མ། ཏེྃ་ཛྭྃ་བྃ་ལིཾྃ་ཏྃ་ནི་ཐུགས་རྗེས་འགྲོ་བ་འདུལ་བའི་རྩལ་སྣང་གི་གཏོར་མ། དེ་ཁོ་ན་ཉིད་དབྱིངས་རིག་གཉིས་སུ་མེད་པ། བྷྃ་ལྃ་བྷྃ་ཏེྃ་དེ་གཉིས་མེད་རོ་གཅིག་ཏུ་སྦྱོར་བའི་དོན། གུྃ་ཧྱྃ་ནི་གསང་བ་སྟེ་ཕྱི་ནང་གསང་བ་དེ་ཁོ་ཉིད་དབྱེར་མེད་པའི་གཏོར་མའི་དོན་རྟོགས་ན་བྱུང་ཚོར་གྱི་རྟོག་པ་ཁྱབ་བརྡལ་ཆེན་པོ་དབྱིངས་སུ་དག་པའི་གསང་བའི་གཏོར་མ། སྃ་མྃ་ཡྃ་དེ་ཉིད་ལྷ་ལ་ཕུལ་བའི་ནུས་པས་ཉམས་ཆག་ཀྱི་རྟོག་སྒྲིབ་དབྱིངས་སུ་བསྐང་བའི་དོན། སྭཱཧཱ་མཆོད་པ་དེའི་དངོས་གྲུབ་འབྱུང་བའི་གཞི་ཚུགས་ཤིག །ཅེས་དང༌། རཀྟ་བྱིན་རླབས་ཀྱི་སྔགས་དོན་ནི། ཨོཾྃ་ཨཱྃཿཧཱུྃྃ་སྔར་ལྟར་ལ། མྃ་ཧཱྃ་རྃཀཏྃ་ཁྲག་ཆེན་ཏེ་འདི་ལ་དབྱེ་ན། ཀུན་རྫོབ་རྫས་ཀྱི་རཀྟ་ཉེར་ལྔ་སྟེ། རྡོ་ཤིང་རྩི་འབྲུ་མེ་ཏོག་གི་རཀྟ་ལྔ་ལྔ། གུ་ཧྱ་མཱུ་ལ་རཀྟ་ནི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཚང་བ་མི་རྒན་པོའི་སྙིང་ཁྲག །ཡན་ལག་བརྟན་པའི་རཀྟ་ལོང་རྩའི་ཁྲག །པདྨ་རཀྟ་སྐྱེས་པས་མ་གཙེས་པའི་མཚན་ལྡན་གྱི་རཀྟ། ཉོན་མོངས་འཁོར་བའི་རཀྟ་ཞིང་བཅུའི་སྙིང་ཁྲག །སྣང་བ་བརྡའི་རཀྟ་དམར་པོར་གྱུར་ཚད། སྃ་མྃནྟྃ་ཀུན་ཏུ་སྟེ་དེ་ཐམས་ཅད་འཁོར་འདས་ཀྱི་ཆགས་པ་ཆེན་པོའི་དྭངས་མ་འབར་ཞིང་འཕྲོ་བས་བཅུད་བསྡུས་པ། མྃཎྜྃ་ལ་ཟླུམ་པོའི་དཀྱིལ་འཁོར་རྣམ་པ་ལྷ་མོ་གཱིརྟི་མའི་བྷ་ག་ནས་བྱུང་བའི་རཀྟའི་རྒྱུན་གྱིས་ཁྲག་མཚོ་མི་རྟའི་རོའི་རྦ་རླབས་འཁྲུགས་པ་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་དོན། ཧཱུྃ་གིས་བདེ་བ་ཆེན་པོའི་བཅུད་བསྡུས་པའི་ནུས་པས། ཕྃཊ་ཀྱིས་རྒྱུད་དྲུག་གི་རྟོག་པ་དབྱིངས་སུ་གཏོར་བའོ། །དེ་ལྟར་ཕྱི་ནང་གི་མཆོད་པ་བྱིན་གྱིས་མ་བརླབས་ན། ཡོན་ཆབ་ལ་དྲི་ཟ་ཉེ་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱན་སོགས་བགེགས་འཇུག་པས་ལྷ་མི་མཉེས་ཤིང༌། དངོས་གྲུབ་བསྒྲུབ་པའི་རྫས་སུ་མི་རུང་བ་བདེ་འདུས་ལས་གསུངས་ཤིང༌། ནང་མཆོད་རྣམས་ལའང་རྫས་སྔགས་ཏིང་འཛིན་གྱིས་མ་བརླབས་པར་འབག་བཙོག་གི་སྐྱོན་ཤོར་ན་རྩ་གསུམ་དམ་ཅན་འདུ་བའི་རྫས་སུ་མི་འགྱུར་བར་གསུངས་སོ། །གཉིས་པ་དངོས་གཞི་ལ། དཔལ་ཆེན་ཞལ་ལུང་ལས། དེ་ལྟར་སྦྱང་གཞི་ལུས་ངག་ཡིད༔ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས༔ སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགས༔ རྡོ་རྗེ་གསུམ་གྱི་འཁོར་ལོ་རུ༔ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ༔ མ་ཧཱ་ཡོ་གའི་གྲུབ་མཐའ་རུ༔ སྤྱི་དཔལ་ཆེན་པོ་ངས་བཤད་དོ༔ ཞེས་ལམ་གྱི་སྤྱི་ཆིངས་སུ་བསྟན་པའི་རིམ་པ་དང་པོ་ལའང༌། བསྐྱེད་པའི་ངོ་བོ་རིམ་གྱིས་ཏེ༔ ཞེས་གསུངས་པ་ལྟར། རྟེན་ཏིང་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་གཉིས་ལས། དང་པོ་ལའང༌། རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང༌། ཐུགས་རྒྱུད་བསྐུལ་བ་བཟླས་པའི་རིམ་པ་གཉིས་ལས། དང་པོ་དཀྱིལ་འཁོར་བསྐྱེད་པ་ལ་ཡང༌། དཔལ་ཆེན་ཞལ་ལུང་ལས། དེ་ལ་མ་ཧཱ་ཡོ་ག་ནི༔ དོན་དམ་མ་སྐྱེས་ཆོས་ཉིད་རྩལ༔ ཏིང་འཛིན་གསུམ་གྱི་ཆོ་འཕྲུལ་ལས༔ སྣོད་བཅུད་འཛིན་ཞེན་སྦྱང་བའི་ཕྱིར༔ རྟེན་དང་བརྟེན་པའི་འཁོར་ལོར་ཤར༔ ཞེས་གསུངས་པ་ལྟར། རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དབང་བསྐུར་རྒྱས་གདབ་ཀྱི་རིམ་པའོ། །དང་པོ་ནི། སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཚེ་སྣོད་བཅུད་འོག་མིན་གྱི་ཞིང་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་པ་དང་མཚུངས་པར་སྦྱང་གཞི་སྣོད་བཅུད་ཆགས་པའམ་སྐྱེ་བ། སྦྱོང་བྱེད་སྒོང་སྐྱེས་སྦྱང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ། སྦྱངས་འབྲས་གཟུགས་སྐུ་མངོན་དུ་བྱེད་པའི་ཚུལ་ཏེ། ཏིང་འཛིན་རྣམ་གསུམ་འདི་བསྐྱེད་རིམ་གྱི་མདོ་ཆིངས་ཆེན་པོ་སྟེ། འདི་ལྟར་རང་བཞིན་གྱི་ཆོས་ཉིད་ལ་རྟོག་བཟོས་མ་བཅོས་པའི་རིག་པ་ངོ་བོ་ཉིད་ཀྱིས་སྟོང་ཡང༌། མདངས་ཀྱིས་གསལ་བའི་ལྷག་མཐོང་གི་རིག་རྩལ་ལམ་སྣང་ཆ་ཐམས་ཅད་དག་པ་རབ་འབྱམས་ཡོངས་གྲུབ་ཆེན་པོའི་དཀྱིལ་འཁོར་དུ་གསལ་གདབ་ཤེས་ན་རིག་པ་གཅིག་གི་ཀློང་དུ་ཏིང་འཛིན་རྣམ་གསུམ་ཡེ་རྫོགས་སུ་བཞུགས་པ་མངོན་དུ་བྱས་པས་ཤིན་ཏུ་ཟབ་པ་སྙིང་ཐིག་འདིའི་མན་ངག་ལུགས་ལྟར་དང༌། དེ་ལྟར་བློར་མ་ཆུན་ན། ཧཱུྃྃ་ནི་སྤྱིར་སྐུ་གསུང་ཐུགས་བྱེ་བྲག་ཐུགས་ཀྱི་སྙིང་པོ་རུ་གསུངས་པ་ཏིང་འཛིན་གསུམ་ཀ་མཚོན་པ་སྟེ། སྤྱིར་སྐྱེ་གནས་བཞི་ཀ་སྦྱང་བའི་བསྐྱེད་རིམ་ཐམས་ཅད་ལ་ཏིང་འཛིན་གསུམ་གྱིས་ཁྱབ་ཀྱང༌། ཁྱད་པར་འདི་ནི་སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ཡིན་པས་ཏིང་འཛིན་རྣམ་གསུམ་རིམ་ཅན་དུ་སྒོམ་པ་སྟེ། དང་པོ་དེ་ཏིང་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་རངྃ་བྱུངྃ་གི་རིགྃ་པའིྃ་ངོ་བོ་ནི་དངོས་དང་དངོས་མེད་བདྃག་རྟོག་གི་ཡུལ་དུ་མི་གནས་པའམ་མེདྃ་པ་སྟོང་ཉིད་རང་བཞིན་གྱི་འོད་གསལ་ཇི་ལྟ་བ་དྲན་པར་བྱས་པས་འཆི་སྲིད་ཆོས་སྐུར་སྦྱོང་ཞིང་རྟག་ལྟ་དང༌། གཟུགས་མེད་ཁམས་དག་པར་བྱེད་པས་དེྃ་བཞིྃན་ཉིདྃ་ཀྱི་ཏིང་ངེ་འཛིན་ཞེས་བྱ། དབྱིངས་རིག་སྟོང་པ་ཆེན་པོ་དེའི་རོལྃ་རྩལྃ་འགྲོ་བ་ཀུནྃ་ལ་སྙོམས་པར་སྣངྃ་བའི་སྙིངྃ་རྗེྃ་ཆེནྃ་པོྃ་སྒྱུ་མ་ལྟ་བུ་དང་ཟུང་དུ་འཇུག་པ་ནི་ཆད་ལྟ་དང༌། གཟུགས་ཁམས་ལས་རྣམ་པར་གྲོལ་ཞིང་མཆེད་པའིྃ་ཡེ་ཤེས་བསམ་མི་ཁྱབ་པས་བར་སྲིད་ལོངས་སྐུར་རྫོགས་པའི་གཞི་འདིང་བས་ཀུན་སྣང་གི་ཏིང་འཛིན་དང༌། ཟུང་འཇུག་སྲིད་ཞི་ཀུན་ཁྱབ་ཀྱི་དཀྱིལ་འཁོར་བསྐྱེད་པའི་རྒྱུྃ་ཡིྃ་རིགྃ་པའིྃ་ངོ་བོ། རྣམ་པ་དཔལ་ཆེན་པོའི་ཐུགས་སྲོག་ཧཱུྃྃ་ཡིག་མཐིང་ནག་སྐར་ཆེན་ལྟར་འབར་ཞིང་འོད་འཕྲོ་བ་ནམ་མཁའི་དཀྱིལ་དུ་ཤར་བ་རྒྱུའི་ཏིང་འཛིན་ཏེ། སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང༌། འདོད་ཁམས། སྐྱེ་བ་སྤྲུལ་པའི་སྐུར་སྨིན་པར་བྱེད་དེ་འདི་གསུམ་ནི་བསྐྱེད་རིམ་སྤྱིའི་ཁོག་ཕུབ་ཐུན་མོང་མ་ཡིན་པ་སྟེ། དག་རྫོགས་སྨིན་གསུམ་གྱི་གནད་དོན་དེ་ལྟར་ཤེས་པས་དངོས་གཞི་སྒོམ་པའི་སྐབས་ཧཱུྃ་ཞེས་བརྗོད་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་བར་བསམ་ལ་རིག་པའི་མྱོང་བ་ཡོད་ན་དེ་ཉིད་དང་མྱོང་བ་མེད་ཀྱང་སེམས་སྣང་མེད་ལ་ཅུང་ཟད་བཞག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེའི་སེམས་དུང་ངེ་བྱ། ཟུང་འཇུག་དེའི་ངང་ནས་ས་བོན་ཧཱུྃ་དུ་ལམ་གྱིས་སྒོམ་པ་སྟེ་མྱོང་ཁྲིད་བྱེད་ན་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་ཞག་གིས་བཅད་པའི་དམིགས་པ་བཟུང་ཞིང༌། རྒྱུའི་ཧཱུྃ་ཡིག་རོ་རས་ལ་བྲིས་པ་མདུན་དུ་བཀྲམ་སྟེ་ཞི་གནས་ཀྱི་སེམས་སྒྲུབ་པ་སོགས་བཀའ་བརྒྱད་ཀྱི་སྒོམ་ཁོག་ཏུ་གསུངས་པ་ལྟར་ཡིན་ཀྱང༌། དེང་སང་མོས་སློབ་ཙམ་གྱི་གཟུགས་བརྙན་ལའང་ཏིང་འཛིན་རྣམ་གསུམ་འདི་གཞི་འབྲས་སྦྲེལ་བའི་ང་རྒྱལ་དང་དག་དྲན། སྨོས་པ་ཙམ་ལ་གསལ་འདེབས་བརྟན་པོ་བྱས་ན་རྟེན་བརྟེན་པའི་དཀྱིལ་འཁོར་སོ་སོའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་སོགས་མ་ནུས་ཀྱང་ཏིང་འཛིན་གསུམ་གྱི་དག་རྫོགས་སྨིན་གསུམ་ཚང་བར་ཤེས་ན་དེའི་བསྐྱེད་པའི་ལམ་གྱིས་གནད་དོན་འདུ་བར་གསུངས་པས་གལ་ཆེ་བར་སེམས་སོ། །གཉིས་པ་འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ལ། རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ནས། །ཀུན་ཏུ་བཟང་པོས་བདེ་བ་དངོས། །རྣམ་པ་ལྔ་པོ་སྒོམ་བྱས་ཏེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱོང་སོགས་པ། །རིམ་པ་འདི་ཡིས་སྒོམ་བྱས་ན། །ཡན་ལག་དྲུག་གི་སྦྱོར་བ་འདོད། །ཅེས་གསུངས་པ་ལྟར། བསྐྱེད་རིམ་ཡན་ལག་དྲུག་གི་དང་པོ་གཞལ་ཡས་ཁང་སྒོམ་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཏེ། རྟེན་སྐུ་བརྟེན་པ་ཡེ་ཤེས་སུ་གྲགས་པ་ལྟར་ཟག་མེད་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཆ་ནས་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་སྟེ། དེ་ཉིད་ལྷར་བཞེངས་པ་རྣམ་སྣང་ཡིན་པའི་རྒྱུ་མཚན་གྱིས་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས་སུ་གྲགས་པ་ལྟར་ཡན་ལག་དང་པོ། ཐོག་མར་རྟེན་གཞལ་ཡས་ཁང་སྒོམ་པ་ནི། འདི་མན་ཆད་མངོན་རྟོགས་ནི་སྒོམ་དོན་ཙམ་ལས་ཧ་ཅང་ཡི་གེ་མང་བར་དོགས་ནས་འབྲུ་འགྲེལ་མ་བྲིས་པས། ཐོག་མར་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ། དབྱིངས་དེ་ཉིད་ཀྱི་ཕྱག་རྒྱ་ཡུམ་ལྔར་དག་པ་མཚོན་ཕྱིར་རྒྱུའི་ཧཱུྃ་ལས་འོད་ཟེར་སྤྲོ་བསྡུས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཏེ་དག་པའི་ཞིང་དུ་གྱུར་པ་ལ་ཧཱུྃ་ཡིག་ཉིད་སྐད་ཅིག་གིས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ངོ་བོ་སེམས་ཉིད་སྟོང་གསལ་ཀ་དག་ལ། རྣམ་པ་རྒྱུའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ནམ་མཁས་གར་ཁྱབ་སྐུ་ཡིས་ཁྱབ་ཅིང་ཨ་འཐས་ཐེར་ཟུག་མ་ཡིན་པ་ཟང་ཐལ་སྒྲིབ་གཡོགས་དང་བྲལ་བས་ཆོས་ཀྱི་དབྱིངས་གང་བའི་ཆོ་འཕྲུལ་ཅན། ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དུང་ཁྲག་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ་ཞབས་དོར་སྟབས་ཀྱིས་ནམ་མཁའི་དབྱིངས་སུ་བཞེངས་པར་བསྒོམ། དེའི་ཐུགས་ཀ་ནས་འབྱུང་ལྔ་དག་པ་ཡུམ་ལྔའི་ས་བོན་འོག་ཏུ་རིམ་བརྩེགས་སུ་ཆད་པ་རྡོ་རྗེ་སྲུང་བའི་འཁོར་ལོའི་ནང་དུ། ཨེྃ་ལས་སྣང་ཆ་གསལ་ཞིང་གོ་འབྱེད་པ་ཐབས། སྟོང་ཆ་ཤེས་རབ་གཉིས་སུ་མེད་པ་འབྱུང་བ་ནམ་མཁའི་དྭངས་མའི་ཡོན་ཏན་བསྡུས་ཏེ་ཞུ་བ་ལས་ཐམས་ཅད་དབྱིངས་ཕྱུག་ནམ་མཁའ་གྲུ་གསུམ། ཡཾྃ་ལས་སྒྲོལ་མ་གཡོ་བ་རླུང་རྒྱ་གྲམ། རྃ་ལས་མཱ་ཀི་གཤེར་བ་རཀྟའི་རྒྱ་མཚོ་ཟླུམ་པོ། སུཾྃ་ལས་སྤྱན་མ་སྲ་བརྟན་ཞིང་ཆེན་གྱི་ས་གཞི་གྲུ་བཞི། ཀེཾྃ་ལས་རུས་པའི་རི་རབ་གྲུ་བཞི་བང་རིམ་བཞི་ལྡན་གྱི་སྟེང་ཁ་ཁྱེར་གྲུ་བཞི་པ། ས་མཚམས་གཅོད་བྱེད་ཕྱི་མཐར་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུའི་སྲུང་འཁོར་གྱི་ནང་དུ་བསྐོར་བའི་དབུས། རཾྃ་ལས་གོས་དཀར་དྲོ་བའི་ཁམས་འབར་བའི་མེ་ལྕེ་ཀུན་ཏུ་འཁྱིལ་བའི་ཀློང་དུ། ཧཱུྃ་ཡིག་མཐིང་ག་ཐམས་ཅད་འཇོམས་ཤིང་གསོད་པའི་ས་བོན་ལས་རྡོ་རྗེའི་རྭ་བའི་ནང་དུ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་བླུགས་ཀྱི་བར་མཚམས་ཆུང་བ་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཞུ་ལུགས་སུ་འབྲེལ་བའི་བྲག་ཆེན་སྲ་ཞིང་འཐས་པའི་སྟེང༌། བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་ཆད་པ། བྷྲཱུྃྃ་ཡེ་ཤེས་ལྔའི་ས་བོན། རྃཏྣྃ་རིན་པོ་ཆེ། བྷྃཉྫྃ་ཐོད་པ། ཛྙཱ་ནྃ་ཡེ་ཤེས། ཙྃཀྲྃ་འཁོར་ལོ། མྃཎྜྃ་ལ་དཀྱིལ་འཁོར་ཏེ་བྷྲཱུྃ་ཞེས་པས་རྣམ་པ་གང་ལྟར་སྣང་ཡང་དོན་ལ་མ་དག་པའི་ཕུང་ལྔ་གཟུགས་ཕུང་ལ་བརྟེན་པས་ངག་ཡིད་ཀྱི་གཞི་ལུས་ཡིན་པ་དང༌། འབྲས་བུ་ཆོས་དབྱིངས་ཡེ་ཤེས། ཡེ་ཤེས་གཞན་བཞིའི་འཕྲོ་གཞི། ལམ་དག་པ་ལྷ་རྣམས་ཀྱི་གནས་རྟེན་ཞིང་དང་གཞལ་ཡས་ཁང་ཡིན་པས་གང་དུ་སངས་རྒྱས་པའི་ཞིང་གི་སྒྲོན་མ་བཀོད་པ་བཞིན་ཕྱི་རིན་པོ་ཆེ། ནང་ཐོད་པའི་གཞལ་ཡས་ཁང༌། དོན་ཡེ་ཤེས་ལྔའི་རང་བཞིན་རྣམ་སྣང་གི་བདག་ཉིད་གཞལ་ཡས་ཁང་སྒོམ་པ་སྟེ། རྡོ་རྗེ་རྭ་བའི་ནང་ཕྱོགས་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ལྗང་གུ །གེ་སར་དམར་པོ་ཟིལ་ཕོད་དང་བཅས་པའི་སྟེང་ཉི་དཀྱིལ་དྭངས་གསལ་རྒྱ་གེ་སར་དང་མཉམ་པ། དེའི་དབུས་སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང་ག་གྲུ་བཞི། དེ་ལས་ཐོན་པའི་རྭ་བཅུ་གཉིས་ཕྱོགས་མདོག་རྭ་དབུས་མའི་རྩེ་གེ་སར་དང་མཉམ་པའི་དབུས་སུ་རྒྱུའི་ཧཱུྃ་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ཆད་པ་གནས་གྱུར་པ་ལས་ཡེ་ཤེས་ཀྱི་སྤྲུལ་པའི་གཞལ་མེད་ཁང་གི་ནང་ནས་རིམ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་ལྔ་སྦྲགས་རེག་ལ་མ་འབྱར་བ། དེའི་ནང་དུ་ཁ་ནས་མེ་འབར། སྣ་ནས་དུད་པ་འཕྱུར། སྤྱུགས་གླུའི་ཙེར་སྒྲ་སྒྲོག་པའི་ཐོད་པ་སྐམ་རློན་རྙིད་གསུམ་རྩིག་པ་རཀྟས་སྤྱིན་ཐབས་སུ་སྦྱར་བ། གནམ་ལྕགས་ཀྱི་གཟེར་བཏབ་པ་གྲུ་བཞིའི་རྩིག་པ་ཕྱི་ནང་གཉིས་ཀ་ཕྱོགས་བཞིར་ཧར་བཏོན་པའི་སྒོ་བཞིའི་གཡས་གཡོན་ནས་མདུན་དུ་ཕྱིར་འཐེན་པའི་སྒོ། དེའི་རྩིག་སྣེ་གཉིས་ནས་ངོས་སུ་འབྱེད་པ་སྒོ་ཁྱུད། དེའི་ངོས་ནས་མདུན་དུ་འཐེན་པ་སྒོ་ལོགས། སྒོ་ལ་རྒྱུའི་རྟ་བབ་སྒོར་འཇུག་པའི་ཕྱི་ནང་གི་ཐེམ་སྐས་བཞི་བཞི་བརྒྱད། འབྲས་བུའི་རྟ་བབ་སྒོ་སྟེང་ཀ་བ་བཞིས་བཏེགས་པའི་བརྒྱད་ནི། གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པའི་རྟ་རྐང༌། རིན་པོ་ཆེ་དམར་པོའི་པད་འདབ་ཀྱི་ཆུ་སྐྱེས། རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ། སྣ་འཕྱང་ལས་འཕྱང་བའི་རིན་པོ་ཆེའི་དྲྭ་མིག་གི་ཟར་ཚགས། གཞི་སོ་སོ་ལ་རིན་པོ་ཆེའི་ཕྲ་བཏབ་པའི་སྣ་འཕྱང༌། གཞི་བར་སྟེང་ལ་སེང་མགོའི་ཁ་ནས་འཕྱང་བའི་དྲྭ་ཕྱེད་ལ་ཆུན་འཕྱང༌། གཞི་སྔོན་པོའི་སྟེང་དཀར་པོའི་ཤར་བུས་བསྒྲིགས་པ། བྱ་འདབ་དང་འདྲ་བའི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་ཀྱི་རྒྱ་ཕུབ། མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆ་གཅིག་དེ་ཉིད་མིག་གསུམ་པའི་དབུས་མར་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དྲྭ་བ་དྲྭ་ཕྱེད། སྒོའི་ཡ་ཕུབ་ཀྱི་རྩིག་པའི་མདུན་དུ་བླ་རེ་བསིལ་ཁང་གི་ས་གཞི་དང་རྟ་བབ་འདེགས་བྱེད་ཀྱི་གདུང་དང་བཅས་པ་ཕྱོགས་མདོག །བསིལ་ཁང་གི་སྟེང་དབུས་པདྨ་ལ་གཙོ་བོ་མཚོན་པའི་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ན་ངེས་པའི་དོན་མཚོན་པའི་གཟེར་བུ་ནོར་བུའི་ཏོག་ཅན་གྱི་གདུགས་ནང་དུ་ཅོད་པན་ཅན་དང༌། གཡས་གཡོན་དུ་འཁོར་མཚོན་བྱེད་གསེར་གྱི་རི་དྭགས་ཕོ་མོའི་གཟུགས། དྲང་དོན་མཚོན་པའི་གཎྜི་དང་ཐབས་ཤེས་ཀྱི་རྡོར་དྲིལ་ཡང་བཞག་པར་གསུངས། གཞལ་ཡས་ཁང་གི་རྩིག་པའི་ཕྱི་རོལ་རྨང་གཞི་འགྲམ་སྟེགས་ཀྱི་ཚུལ་རཏྣའི་འདོད་སྣམ་དམར་པོ་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་གི་བར་འཁོར་བའི་སྟེང༌། ཤར་སྟོད་དུ་པི་ཝཾ་མ་སྔོན་མོ་དང༌། གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང༌། རྫ་རྔ་མ་ལྗང་གུ །དེ་བཞིན་ལྷོར་སྒེག་མོ་སྔོན་མོ་དང༌། བཞད་མ་དམར་མོ་རང་རྒྱ། གླུ་མ་སེར་མོ་ཏིང་ཤག །གར་མ་ལྗང་གུ་གར་རྒྱ། ནུབ་དུ་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ། བྱང་དུ་གཟུགས་མ་དཀར་མོ་མེ་ལོང༌། རོ་མ་དམར་མོ་ཟས་གཞོང༌། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་སྟེ་རྡོ་རྗེའི་ལྷ་མོ་བཅུ་དྲུག་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེས་མཚན་པ། རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པ་ཁ་བད་ཀྱི་ཚུལ་དུ་ཕྱིར་འཕྱང་བ། ཕ་གུའི་སྟེང་ཀ་ཐུང་ཞུ་དང་བཅས་པས་བཏེགས་པའི་གསེར་གདུང་རྩིག་པའི་ཕྱི་མཐའ་དང་ཁད་མཉམ་པ། གདུང་དང་འདེགས་ཀྱི་ཕྱི་ངོས་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞིས་བཏབ་པ་ལ། གསེར་སྐུད་དཀྲིས་ཏེ་འཕྲེད་ལས་འཐེན་ནས་བཅིངས་པས་དྲ་བ་ནང་དུ་མི་འགྲོ་བའི་སྐ་རགས་བཞི། ནང་གི་ཐོག་ཕུབ་ཀྱི་ཕྱམ་རྣམས་གསེར་གདུང་ལ་བཀལ་བའི་སྣེར་ཙི་པཏྲའི་གདོང་བརྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་འགུགས་གཅིག་ནས་གཅིག་གི་བར་སྦྲེལ་བ་དང༌། ཁའི་དབུས་ནས་ཐུར་དུ་དཔྱངས་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་དྲྭ་ཕྱེད་ཕ་གུ་ལ་རེག་ལ་ཁད་ཙམ་དུ་དཔྱངས་པ། གཞན་ཡང་མེ་ཏོག་གི་ཕྲེང་བ། དར་དཔྱངས་མེ་ལོང་ཟླ་ཕྱེད་རྔ་ཡབ་རླུང་བསྐྱོད་དང་བཅས་པས་བརྒྱན་པས་མཛེས་པ། འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུ་ཕྲེང་བ་དཀར་པོ་བསྒྲིགས་པ། བྱ་འདབ་ཀྱི་རྩ་བ་གནོན་བྱེད་རིན་པོ་ཆེའི་སྤང་ལེབ་དཀར་པོ་སྟག་སོ་རིས་རིམ་པ་གསུམ་པའམ་བཞི་ཡོད་པ་བསླང་ནས་བསྒྲིགས་པ་པུ་ཤུ་མཆོད་རྟེན་བརྩེགས་སུ་བསྒྲིགས་པའི་མདའ་ཡབ་དང༌། ཐོག་ཕུབ་ལ་གཞལ་ཡས་ནང་གི་ཀ་བ་ཕྱོགས་རེར་གཉིས་གཉིས་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་མཚམས་འཕེལ་ཀ་བསྒྲིགས་ནས་བཏང་བའི་སྣེ་བརྒྱད་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས་གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁད་མཉམ་པའི་སྟེང་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། སྟེང་དུ་རིན་པོ་ཆེའི་སྤང་ལེབ་ཀྱི་དྲལ་མ། ཐོག་སའི་ཚུལ་དུ་རིན་པོ་ཆེ་གཅལ་དུ་བཀྲམ་པས་བྱ་འདབ་དང་ཁོད་མཉམ་པ་རེའུ་མིག་དབུས་མ་མཐོང་ཀ་བཞག་པའི་ཟུར་བཞིར་ཁང་བུ་བརྩེགས་པ་མཛེས་པས་བཏེགས་པའི་སྟེང་རྒྱ་ཕིབས་བཀལ་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་འབར་བའི་ཏོག་གི་མཚན་པ། གཞལ་ཡས་ཁང་ནང་མ་དུར་ཁྲོད་དྲག་པོའི་ཕོ་བྲང་མི་མགོའི་རྩིག་པ་རིམ་གསུམ་ལ། བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད། ཤ་ཆེན་གྱི་འདོད་སྣམ། ཉི་ཟླའི་ཀ་གདན། ཆུ་སྲིན་གྱི་ཁའི་ཀ་གཞུ། ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་མ། གཟའ་ཆེན་བརྒྱད་ཀྱི་ཕྱམ། རྒྱུ་སྐར་གྱི་དྲལ་གཟེབ། འདི་དག་རྣམ་པ་ལྷ་ཀླུ་ཆེན་པོའི་གཟུགས་ལ་ངོ་བོ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཡིན་ཞེས་བཀའ་མ་རྟ་མགྲིན་ཐུགས་དྲིལ་གྱི་ལས་བྱང་ལས་གསུངས་པ་ལྟར་དང༌། རྒྱུ་རློན་དང་རྒྱུས་པའི་དྲྭ་ཕྱེད། ཐོད་ཚལ་གྱི་ཆུན་འཕྱང༌། མི་རོའི་འཕན་གདུགས་སོགས་འཇིགས་ཤིང་རྔམས་པའི་རྒྱན་གྱིས་སྐྱི་གཡའ་བ། ཕྱི་རོལ་དུ་བསིལ་བ་ཚལ། སྐུ་ལ་རྫོགས། ཧེ་ཆེན་རོལ་པ། གསང་ཆེན་རོལ་པ། པདྨ་བརྩེགས། ཡ་མ་ཁ། ཁུ་བྱུག་ཀློང༌། འཇིག་རྟེན་མངོན་རྫོགས་ཏེ་དུར་ཁྲོད་ཆེན་པོ་བརྒྱད་ལ་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང༌། ཞིང་སྐྱོང༌། ཆུ་ཀླུང༌། སྤྲིན། རི། མཆོད་རྟེན། མེ། རིག་འཛིན་གྲུབ་ཐོབ། ཤ་ཟ་འབྱུང་པོ་བྱ་གཅན་རོ་དང་ཀེང་རུས་ཀྱིས་གང་བ་དང༌། རྡོ་རྗེའི་སྲུང་འཁོར་གྱི་ཕྱི་རོལ་ཡེ་ཤེས་བསྐལ་པའི་མེ་ལྕེ་ཁ་དོག་ལྔ་པ་འབར་ཞིང་འཁྲུགས་པའོ། །དེ་ལྟར་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ཞིང་ཆེན་ཡེ་ཤེས་ཀྱི་རོལ་པ་ཀུན་བརྟགས་ཀྱི་བློས་བཅོས་ཤིང་བཏགས་པ་ཙམ་མ་ཡིན་པ་གདོད་ནས་ལྷུན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རང་སྣང་འོག་མིན་གྱི་ཞིང་ཁམས་སུ་བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་བརྡ་དོན་རྟགས་གསུམ་སྤྱི་ལྟར་ཤེས་པ་ལ་གོམས་པས་བར་ཆད་མེད་ལམ་མངོན་དུ་གྱུར་ནས་འབྲས་བུ་རང་སྣང་དོན་གྱི་འོག་མིན་གྱི་ཞིང་ལ་སྦྱོར་བའི་ཐབས་རྨད་དུ་བྱུང་བའོ། །གཞལ་ཡས་ཁང་གི་དབུས་ལྟེ་བ་ལ་གནམ་ལྕགས་ཞུན་མ་ལས་གྲུབ་པའི་དྲག་པོའི་འཁོར་ལོ་རྩིབས་བརྒྱད་པའི་དབུས་ཀྱི་ལྟེ་བའི་ཆར་ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཆོས་འབྱུང་ཟུར་གསུམ་སྟེང་རྡོ་རྗེའི་བྲག་ཆེན་འབར་བའི་ནང་འགྲོ་བ་སྙིགས་དུས་ཀྱི་བཀོད་པ་ཅན་གྱི་རྩེར་དུག་ལྔ་དག་པའི་བརྡར། དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ །གདུག་པ་གཟིག །གཏུམ་པོ་དོམ། སྟོབས་ལྡན་གླང་ཆེན། བརྗིད་པ་མ་ཧེ། འཛིན་པ་ཆུ་སྲིན། ཞེ་སྡང་སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱིས་ལྷ་ཀླུའི་དྲེགས་པ་ཆེན་པོ་བརྒྱད་བརྫིས་པའི་འོག་སྐྱོན་གྱིས་མ་གོས་པའི་པདྨ་དང་ཐབས་ཤེས་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ཁྲི་དང་བཅས་པའོ། །དེ་ཉིད་སླར་ཡང་སྔགས་ཀྱིས་གསལ་བཏབ་སྟེ་རུྃ་ཏྲྃ་དྲག་པོ། ཀྲོྃ་དྷཱིྃ་ཁྲོ་མོ། ཏིྃ་རྃ་རོ། བཾྃ་རོའི་ས་བོན། པཾྃ་ས་བོན། པྃདྨྃ་མྃཎྜ་ལ་པདྨའི་དཀྱིལ་འཁོར་དེས་འགྲེས་ཏེ། མྃ་སཱུྃརྻྃ་མྃཎྜྃ་ལ་ཉི་མ། ཨྃ་ཙྃནྡྲ་མྃཎྜྃ་ལ་ཟླ་བའི་གདན་བརྩེགས་མར་བསྒོམ་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ། དང་པོ་གཙོ་བོ་བསྐྱེད་པ་ནི། ཡན་ལག་གཉིས་པ་རྗེས་སུ་ཆགས་པ་ནི་ཧེ་རུ་ཀའི་རིགས་རྡོ་རྗེ་འཆང་སྟེ་དེ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གསུངས་པ་ལྟར་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་རྒྱུ་དང་འབྲས་བུའི་ཧེ་རུ་ཀར་བཞེངས་ནས་གཙོ་འཁོར་ཐམས་ཅད་སྤྲོ་བསྡུས་བྱེད་པོ་ཡིན་ཅིང་དག་བྱ་དག་བྱེད་དག་འབྲས་ཀྱི་གནད་ཀྱང༌། དཔལ་ཆེན་ཞལ་ལུང་ལས། བདེ་བ་ཆེན་པོའི་མཁའ་ཀློང་དུ༔ ཐབས་ཤེས་རྒྱུ་ཡི་ཧེ་རུ་ཀ༔ བདེ་སྟོང་ཆེན་པོར་རོལ་པ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི༔ འཕྲོ་འདུའི་བཀོད་པ་ཅིར་ཡང་སྣང༔ དུག་ལྔ་ཆགས་འཛིན་བྲལ་བར་སྦྱངས༔ འཕགས་པ་མཆོད་ཅིང་གཞན་དོན་བྱས༔ དེ་ཚེ་ཉོན་མོངས་བདུད་བཅོམ་མོ༔ དེ་ཡང་ཆགས་སྡང་འཛིན་རྟོག་ཀུན༔ གཉིས་མེད་རང་བྱུང་ཡེ་ཤེས་རྩལ༔ སྤང་ཐོབ་བྲལ་བའི་ཆོས་ཉིད་ལ༔ དགག་སྒྲུབ་ཕྱོགས་ལྷུང་ལས་འདས་པས༔ བསླུ་བྲིད་ལྷ་བུའི་བདུད་བཅོམ་མོ༔ རྡོ་རྗེ་ཕུང་པོའི་ཡན་ལག་ལྔ༔ རྫོགས་པའི་སངས་རྒྱས་ལྔར་ཤེས་ཤིང༔ རྣམ་དག་ལྷ་ཡི་སྐུར་གྱུར་པས༔ ཐ་མལ་ཕུང་པོའི་བདུད་བཅོམ་མོ༔ ཚོགས་གཉིས་འབྲས་བུའི་ཐུས་ཀ་ལས༔ བསྐྱེད་རྫོགས་གདེང་གྱུར་སངས་རྒྱས་ཏེ༔ དེ་ལས་སྐྱེ་དང་འཆི་བ་ཡི༔ རྣམ་རྟོག་རང་མཚན་མེད་པས་ན༔ འཆི་བདག་བདུད་ནི་བཅོམ་པའོ༔ ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པས་རྣམ་པ་སྦྱོར་སྒྲོལ་གྱི་སྤྱོད་པ་ངོ་བོ་ཡེ་ཤེས་ཀྱི་རྒྱས་ཐེབས་པས་དོན་ལ་དུག་གསུམ་གྱི་འཆིང་བ་གྲོལ་ཞིང་འབྲས་བུ་དཔལ་ཆེན་པོའི་གོ་འཕང་མངོན་དུ་བྱ་ཕྱིར། འབྲས་བུའི་མྱང་འདས་སངས་རྒྱས་ཀྱི་མཛད་པས་མ་དག་འཁོར་བའི་སེམས་ཅན་གྱི་བྱ་སྤྱོད་མ་སྤངས་ལམ་དུ་བྱེད་པ་སྟེ། རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་རྣམ་ཐར་སྒོ་གསུམ་གྱིས་དབྱིངས་ཁྱབ་པའི་འཁོར་འདས་ཀྱི་བྱེད་པོ་རིག་པ་བྱང་ཆུབ་ཀྱི་སེམས་རྒྱུའི་ཧེ་རུ་ཀའི་གཟུགས་སུ་ཤར་བས་དབྱིངས་རིག་བདེ་སྟོང་ཆེན་པོའི་སྦྱོར་བའི་འོད་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བདུད་རྩི་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས་མ་དག་འཁོར་བའི་ལས་ཉོན་དག་པ་བདེ་སྟོང་གི་ཡེ་ཤེས་ཆེན་པོ་སྦྱོར་བས་ཐ་མལ་དུག་ལྔ་སྦྱངས་ཤིང་ཧེ་རུ་ཀའི་གོ་འཕང་ལ་བཀོད། འཕགས་པ་རྣམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མཉེས་ཏེ་སྣོད་བཅུད་དག་པ་ཆེན་པོའི་རོལ་པར་སྦྱངས་བས་ཉོན་མོངས་པའི་བདུད་བཅོམ། བདེ་སྟོང་འཕོ་འགྱུར་མེད་པའི་ཡེ་ཤེས་ནམ་མཁའི་གཟུགས་ཀྱི་དབྱིངས་སུ་རྒྱུའི་ཧེ་རུ་ཀ་དགག་སྒྲུབ་ཕྱོགས་ལྷུང་གི་རྟོག་པ་དང་བྲལ་བར་བཞུགས་པས་སྣང་གསུམ་འཕོ་བའི་སྒྲིབ་པ་དང་བྲལ་བས་ལྷ་བུའི་བདུད་བཅོམ། དབྱིངས་ཕྱུག་མས་ཞུ་བ་གླུ་བསྐུལ་གྱིས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་ནས་ཐུགས་རྗེའི་རྩལ་གྱི་རྟོག་པ་གཡོས་ཏེ་འགྲོ་བའི་དོན་དུ་དཀྱིལ་འཁོར་སྤྲོས་ནས། གཟུགས་ཕུང་རྣམ་སྣང་གཤིན་རྗེ་གཤེད། ཚོར་བ་རིན་འབྱུང་ཆེ་མཆོག །འདུ་ཤེས་སྣང་མཐའ་རྟ་མགྲིན། འདུ་བྱེད་དོན་གྲུབ་ཕུར་པ། རྣམ་ཤེས་མི་བསྐྱོད་པ་ཡང་དག་གི་དཀྱིལ་འཁོར་སོགས་སྒྲུབ་པ་བཀའ་བརྒྱད་ཀྱི་གཙོ་འཁོར་གྱི་ཚོམ་བུ་བཀོད་པ་ཐ་མལ་གྱི་ཕུང་པོའི་བདུད་བཅོམ། རང་སྣང་ཡེ་ཤེས་ཀྱི་སྟོན་འཁོར་ངེས་པ་ལྔ་ལྡན་འབྲས་བུ་མཐར་ཐུག་གི་ལོངས་སྐུ་ལ་བསྐྱེད་རྫོགས་ཟུང་འཇུག་གི་སྦྱངས་འབྲས་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་པས་ཐ་མལ་སྐྱེ་འཆིའི་རྒྱུ་འབྲས་ལས་འདས་པས་འཆི་བདག་གི་བདུད་བཅོམ་པ་སྟེ་གནད་དོན་དེ་ལྟར་ཤེས་པས་སྒོམ་ཚུལ་དངོས་ནི། ནམ་མཁར་གནས་པའི་རྒྱུ་ཡི་ཧེ་རུ་ཀ་དཀྱིལ་འཁོར་དབུས་ཀྱི་གདན་ལ་བབ། ཆགས་པ་ཆེན་པོའི་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་རོ་དང་བདེ་བའི་སྒྲ་དང་བཅས་པའི་འོད་ཀྱིས་རྒྱལ་བ་རྣམས་མཆོད་ཅིང་སེམས་ཅན་གཞན་གྱི་དོན་བྱས། སླར་ཉིད་ཀྱི་སྐུ་ལ་བསྡུས་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར་པ་ཧཱུྃ་ཡིག་གིས་མཚན་པ། བདེ་འདུས་གཞུང་ལས་དབྱིངས་ཕྱུག་མས་ཆོས་ཉིད་བསྟན་པའི་རང་སྒྲས་བསྐུལ་ཏེ་གསུངས། མཆན། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་ཁྲག་འཐུང་ཐམས་ཅད་འདུས་པའི་སྤྱི་གཟུགས་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང༌། བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ཤིན་ཏུ་དྲག་པོ་གཏུམ་ཆེན་མཐིང་ཀ་དབྱེར་མེད་པའི་བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོ་སྐུ་མདོག་མཐིང་ནག །དུག་གསུམ་གདོན་ཚོགས་འཇོམས་པའི་བརྡར་ཞལ་གསུམ། དབུས་མཐིང་གཡས་དཀར་གཡོན་དམར་རལ་པ་ཁམ་ནག་གྱེན་དུ་བརྫེས་པའི་དབུས་རྡོ་རྗེ་རྩེ་ལྔ་པའི་ཏོག་དང༌། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་ནང་རྒྱལ་བ་རིགས་ལྔ་བཞུགས་པ་ནི་ཞི་བ་རྡོ་རྗེ་དབྱིངས་གདན་གསུམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། སྤྱན་དགུ་སྡང་མིག་བསྒྲད་པ་དང༌། ཞལ་དྲག་ཏུ་གདངས་ཤིང་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་སྨར་སྨིན་ལས་མེ་འབར་བས་སྲིན་པོ་ལྟར་ཁྲོས་པ། ཕྱག་དང་པོ་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་གཟུང་འཛིན་གྱི་མཚན་རྟོག་འཇོམས་པའི་བརྡར་རྡོ་རྗེ་དང༌། བཟོད་པའི་ཕར་ཕྱིན་རྫོགས་པས་དགྲ་བགེགས་ལ་སྙིང་རྗེའི་ཆགས་པ་མཚོན་པའི་བརྡར་དུང་ཁྲག་བསྣམས་པས་ཡུམ་ལ་འཁྱུད་པ། གཡས་གཉིས་བསམ་གཏན་ཕར་ཕྱིན་བདེ་གསལ་མི་རྟོག་པའི་ཡེ་ཤེས་མཚོན་པའི་ཁ་ཊྭཱཾ་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་བསྲེགས་པའི་བརྡར་མེ་དཔུང༌། གཡོན་གཉིས་སྦྱིན་པའི་ཕར་ཕྱིན་གྱིས་ཚོགས་གཉིས་ཀྱི་ཞིང་ས་བཏུལ་བའི་བརྡར་ཐོང་གཤོལ་དང༌། ཚུལ་ཁྲིམས་རྒྱུད་ལ་བཟུང་ནས་མི་གཏོང་བ་མཚོན་ཕྱིར་ལྕགས་སྡིག་སྟེ་ཕར་ཕྱིན་དྲུག་རྫོགས་པའི་མཚོན་ཆ་བསྣམས་པ། ཚད་མེད་པ་དང་རྫུ་འཕྲུལ་རྐང་པས་ས་ལམ་མྱུར་དུ་བགྲོད་པའི་བརྡར་ཞབས་བཞི། ཤེས་རབ་ཀྱིས་སྤྲོས་པ་བྲལ་བའི་བརྡར་གཡས་བསྐུམ། ཐབས་མཁས་ཀྱིས་སྐྱོ་དུབ་དང་བྲལ་བའི་བརྡར་གཡོན་བརྐྱང་བ་གྱད་ཆེན་པོའི་དོར་སྟབས་ཀྱིས་ཆགས་སྡང་འཁྲུལ་རྟོག་གི་གཟུགས་རྒྱལ་འགོང་དང་བདུད་བཞི་བསྣོལ་བའི་སྤྱི་བོའི་སྟེང་ནས་བརྫིས་པ། ཐུགས་རྗེས་བཟུང་ནས་མི་གཏོང་བའི་བརྡར་ཆུ་སྲིན་གྱི་ཕྲག་ཁེབས་ནི་ཕྲག་པ་གཡས་གཡོན་དུ་ཆུ་སྲིན་གྱི་མགོ་ལྤགས་ཀྱི་སྟོད་ཁེབས་ལྟ་བུ་མིན་ནམ་དཔྱད། དཔུང་པ་གཡས་གཡོན་དུ་ཐབས་ཤེས་མཚོན་པའི་ཉི་ཟླ་འཆར་བ། ཐབས་ཤེས་དབྱེར་མེད་པའི་རྟགས་སུ་རྡོ་རྗེ་དང་རིན་པོ་ཆེའི་རང་བཞིན་ཁྱུང་གི་གཤོག་པ་གཉིས་བརྐྱང་བ། སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་གང་གིས་ཀྱང་མི་ཚུགས་པའི་བརྡར་དབང་གི་བསྭེ་ཁྲབ། རྡོ་རྗེ་ཁྲབ་ཅན་གྱི་སློག་པ། རྒྱ་གྲམ་བྱེའུ་ཆས་ ཆུང་ངུ་མང་པའི་ཁྲབ་ཡིན་ནམ་དཔྱད། མཆན། མཆེ་བ་ཟླ་ཚེས་ལྟར་གཙིགས་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་སྟེ་དཔལ་ཆེན་པོའི་སྐུ་ལ་ཟག་མེད་ནང་གི་ཡོན་ཏན་མཚོན་པའི་རྒྱན་ཡེ་ནས་རང་ཆས་སུ་བཞུགས་པའི་དཔལ་གྱི་ཆས་བརྒྱད་དང༌། ཐབས་མཁས་ཕྲིན་ལས་ཀྱི་གོས་ཞིང་གི་གཡང་གཞི། ཁྱབ་པ་ཐུགས་རྗེའི་གོས་གླང་ཆེན་ཀོ་རློན་གྱི་སྟོད་གཡོགས། ཕྱི་ནང་གསང་གསུམ་སྡུད་པའི་གོས་སྟག་ཤམ་སྟེ་བགོ་བའི་གོས་གསུམ། ཀླུ་རིགས་ལྔའི་རྒྱལ་རིགས་དཀར་པོའི་དབུ་སྐྲ་བཅིང་བ་དང༌། རྗེ་རིགས་སེར་པོའི་སྙན་རྒྱན། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུན། དམངས་རིགས་ལྗང་གུའི་དོ་ཤལ་ཏེ་ཕྱག་ཞབས་ཀྱི་གདུ་བུ་རྒྱན་དང༌། ཡང་ན་དམངས་རིགས་སྔོ་ཁྲས་དོ་ཤལ། གདོལ་པའི་རིགས་ནག་ཁྲས་གདུ་བུ་མཛད་པ་ཡང་འབྱུང༌། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུའི་སེ་རལ། ཐོད་པ་ཚར་གསུམ་གྱི་ཕྲེང་བའི་ག་ཤལ་ཞེས་ཀྱང་འབྱུང༌། ཐོད་པ་ཚལ་བུའི་དཔུང་རྒྱན་ཏེ་འདོགས་པའི་རྒྱན་གཉིས། དུར་ཁྲོད་ཀྱི་ཆས་བརྒྱད་དེ་འདི་རྣམས་གཞན་དང་ཅུང་ཟད་འདྲ་མིན་རོལ་པ་ཆེན་པོའི་གཏོར་ཟློག་ལྟར་ཡིན། མཁུར་ཚོས་སུ་རཀྟའི་ཐིག་ལེ། ཨོག་མར་ཞག་གི་ཟོ་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་སྟེ་བྱུག་པའི་རྩི་གསུམ། སྔོན་བྱུང་རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཀྱི་ཆས་དཔལ་ཆེན་པོའི་སྐུའི་རྒྱན་དུ་བཞེས་པས་རྒྱལ་བྱེད་དཔའ་རྟགས་ཀྱི་ཆས་ཡོངས་གྲགས་དུར་ཁྲོད་ཆས་བརྒྱད་དོ། །སྙིང་ཐིག་རང་གཞུང་ལྟར་བརྩིས་ན་དུར་ཁྲོད་ཀྱི་ཆས་བཅུས་སྐུ་ལ་བརྒྱན་པ། སྤྱི་གཙུག་ཏུ་རྡོ་རྗེའི་བྱ་ཁྱུང་ལྡིང་བ་སྟེ་སྤྱིར་དཔལ་ཆེན་ཞལ་ལུང་ལས། དེ་ཡང་རིག་པས་བསྐྱེད་པའི་ལྷར༔ རང་རྒྱུད་རྩིས་གདབ་མེད་པའི་ཕྱིར༔ རྟོག་པ་འདུལ་བའི་གཉེན་པོ་རུ༔ གཙོ་དང་འཁོར་གྱི་རོལ་པ་དང༔ ཞལ་ཕྱག་རྣམ་འགྱུར་མཐའ་ཡས་པའི༔ རྟགས་དང་དོན་གྱི་བརྡ་མཚོན་ནས༔ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་དུ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱིས༔ གདམས་པ་གདིང་དུ་གྱུར་པ་ལ༔ བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཞེས་སོགས་གསུངས་པ་ལྟར། གཙོ་འཁོར་ཞི་ཁྲོ་རྒྱན་དང་ཕྱག་མཚན་སོགས་རིག་རྩལ་ཡེ་ཤེས་ཀྱི་རོལ་པ་གང་འདུལ་འདོད་དགུར་འཆར་བར་རང་རྒྱུད་ཐ་མལ་གྱི་འཛིན་པ་དག་པ་དང་རྒྱན་དང་ཕྱག་མཚན་གྱི་དོན་རྟགས་བསྐྱེད་རིམ་ཁྲིད་ཟིན་ཕལ་ཆེར་དུ་འབྱུང་བ་ལྟར་ཤེས་པར་བྱ་བ་ལས་འདིར་ཧ་ཅང་ཡིག་ཚོགས་ཐལ་བས་མ་བྲིས་སོ། །ཡུམ་གནམ་ཞལ་དབྱིངས་ཕྱུག་མ་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཅེར་བུ་སྐྲ་དཀྲོལ་ཞིང་བུ་མ་འབུར་བ་གསང་བའི་ཆུ་སྐྱེས་རྒྱས་པ་སོགས་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་དང་བཅས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་འདོད་ཆགས་དབྱིངས་སུ་དག་པའི་བརྡར་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཉིས་གཡོན་བསྐུམ་པས་ཡབ་ལ་འཁྱུད་ཅིང༌། གཡས་བརྐྱང་བའི་སྟབས་ཀྱིས་སྙོམས་པར་ཞུགས་པ། གཟིག་ཤམ་དང་ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན་དབྱིངས་རིག་གཉིས་སུ་མེད་པའི་ཚུལ་དུ་སྦྱོར་ཞིང་བཞུགས་པའོ། །གཉིས་པ་འཁོར་གྱི་ཚོགས་བསྐྱེད་པ་ནི། གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་རྡོ་རྗེ་དང་པདྨ་སྦྱོར་བས་ཆགས་པའི་བརྡ་བཞིས་བསྐུལ་ཏེ་འཁྱུད་སྡོམ་སྤྲད་པས་སྦྱོར་བ་སྟེ་དགའ་བཞི་ཉམས་སུ་མྱོང་ནས་མཁའ་གསང་བྱིན་གྱིས་བརླབས་པ་དང༌། གདན་དང༌། ས་བོན་སྤྲོ་བའི་བྱ་བ་གསུམ་བྱས་པས་ཚིམ་སྟེ་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་སྟོང་གསུམ་སྤྲུལ་པའི་ཁྲོ་བོས་གང༌། དྲེགས་པ་ཅན་རྣམས་ཚར་བཅད་དབང་དུ་བསྡུས། ཐམས་ཅད་དཔལ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་སྙོམས་འཇུག་གི་བདེ་བའི་བཅུད་དུ་ཞུ་བ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཧཱུྃ་ཡིག་བརྒྱད་དུ་གྱུར་པ་མཁའ་གསང་ནས་སྤྲོས་ཏེ་ཕྱོགས་མཚམས་སུ་འཁོར་ལོའི་རྩིབས་བརྒྱད་ཀྱི་སྟེང་དུ་རང་སྒྲ་བཅས་བབ་པ་ཡོངས་སུ་གྱུར་པ་ལས་ཤར་དུ་ཐུགས་རྡོ་རྗེ་ཡང་དག་མཐིང་ག་ལ་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ། ལྷོར་ཡོན་ཏན་རྡོ་རྗེ་གཤིན་རྗེ་སེར་ནག་ལ་གཤེད་ཆེན་སྡེ་བཞི། ནུབ་ཏུ་གསུང་རྡོ་རྗེ་རྟ་མགྲིན་དམར་ནག་ལྷོ་བྱང་དུ་སྲས་ཕྲ་མེན་གཉིས། ཤར་ཏུ་རྡོ་རྗེ་དང་པདྨ་གར་དབང༌། བྱང་དུ་ཕྲིན་ལས་རྡོ་རྗེ་ཕུར་བ་ལྗང་ནག་ལ་རིགས་བཞིའི་སྲས་མཆོག །ཤར་ལྷོར་བླ་མེད་ཧེ་རུ་ཀ་སྔོ་ནག་ལ་དབྱིངས་ཀྱི་མ་དྲུག །ལྷོ་ནུབ་ཏུ་རིག་འཛིན་རྡོ་རྗེ་ཆོས་དཀར་པོ་རིགས་ཀྱི་རིག་འཛིན་བཞི། ནུབ་བྱང་དུ་དྲེགས་འདུལ་མཐིང་ནག་དང༌། བྱང་ཤར་སྟོབས་ལྡན་ནག་པོ་ལ་འདིའི་ཡུམ་གྱི་ཕྱག་གཡས་གཟུགས་ཁམས་འདེགས་ཚུལ་གྱེན་དུ་བསྟན་པ། གཡོན་འདོད་ཁམས་གནོན་པས་སྦུབ་པའོ། །མཆན། དྲེགས་པའི་སྡེ་དཔོན་བཞི་སྟེ་ལས་བྱང་རྩ་བར། ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས༔ ཞེས་གསུངས་པས་བཀའ་བརྒྱད་བདེ་འདུས་ཀྱི་བསྐྱེད་རྫོགས་ཆུང་ངུར་རྩ་རྒྱུད་ཀྱི་ལེའུ་བཅུ་པ་དང༌། གཏེར་གཞུང་གི་ལས་བྱང་རྣམ་བཤད་དུ་འདི་ལྟར་གསུངས་པས་དེ་བཞིན་བཀོད་པ་ཡིན་ལ། དཔལ་དགུའི་ཡུམ་རྣམས་ཆོས་ཉིད་འགྱུར་བ་མེད་པ་མཚོན་པའི་སྐུ་མདོག་མཐིང་ནག་གྲི་ཐོད་ཅན་རུས་རྒྱན་དང་ཐོད་ཕྲེང་རྒྱན་ལྡན། ཡབ་རྣམས་དཔལ་དང་དུར་ཁྲོད་ཆས་གཙོ་བོའི་སྐབས་ལྟར་དང༌། རིག་འཛིན་ཞི་མ་ཁྲོ། དབུ་སྐྲ་ནག་པོ་ཐོར་ཚུགས་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན། ཟི་ལྡིར་དར་གྱི་སྨད་གཡོགས། རུས་པའི་རྒྱན་དྲུག །དར་གྱི་ཕོ་ལོང་བསྒྲིལ་བའི་གདན་ལ་བཞེངས་པ། གཞན་རྣམས་པད་ཉི་དགྲ་བགེགས་ཕོ་མོའི་གདན་དང་བཅས་པའི་གཙོ་འཁོར་ཀུན་གྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་མའི་སྟེང་རྡོ་རྗེ་ལྟེ་བར་ཧཱུྃ་ལ་རང་སྔགས་ཀྱིས་གཡས་སུ་བསྐོར་བར་གསལ། གཞལ་ཡས་ཁང་གི་སྒོ་བཞིར་སྒོ་མ་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །དྲིལ་བུ་མ་བཞི་དཀར་སེར་དམར་ལྗང་བཞིས་ཕྱག་རྒྱ་བཞི་བསྣམས་པ་ཁྲོ་མོའི་ཆས་ཅན་དུ་གསལ་བ་དང༌། ཕྱག་རྒྱ་རྒྱས་པའི་སྐབས། དཔལ་ཆེན་པོ་དབུ་དགུ །ཕྱག་བཅོ་བརྒྱད། ཞབས་བརྒྱད་ཅན་རྩ་ཕྱག་དང་པོ་གཉིས་རྡོ་རྗེ་དང་དུང་ཁྲག །ཕྱག་གཡས་བརྒྱད་སེམས་དཔའ། གཡོན་བརྒྱད་སེམས་མ་བརྒྱད། ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ། རིགས་ལྔ་ཡབ་ཡུམ་དབུ་རྒྱན་དུ་རྫོགས་པས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྫོགས་གསུངས་འཁོར་གསལ་ཁ་མི་འདུག །ལས་བྱང་གཞུང་དུ། བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས༔ ཉི་ལས་འོད་ཟེར་བཞིན་དུ་ཤར༔ ཞེས་གསུངས་པས། དེ་ལྟར་ཚོམ་བུ་དགུའི་ལྷ་གཙོ་འཁོར་རགས་རྩིས་ཀྱི་བདུན་བརྒྱ་ཉེར་ལྔའི་གྲངས་རྩི་ཚུལ་ནི། ཆེ་མཆོག་ལ་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ། ཁྱམས་ལ་ཁྲོ་བོ་བཅུ། སྒོར་མཐར་བྱེད་བཞི་སྟེ་གཙོ་འཁོར་ཉེར་བཞི། ཡང་དག་ལ་རིགས་བཞི་ཡབ་ཡུམ། ཕྱོགས་མཚམས་བརྒྱད་དུ་གཽ་རཱི་བརྒྱད་དང༌། སིང་ཧ་མ་བརྒྱད་སྤེལ་ཏེ་བཞུགས་པ། སྒོར་རྟ་གདོང་མ་སོགས་བཞི་སྟེ་གཙོ་འཁོར་སུམ་ཅུ། ཡང་དག་ཞལ་གསུམ་ཕྱག་དྲུག་གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་གསང་བའི་རྔེའུ་ཆུང༌། གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ། ཞབས་བརྒྱད་ཅན། འཁོར་དངོས་བསྟན་གཽ་རི་བརྒྱད་ཚོགས་བརྒྱད་དག་པ་ཅན་གསུངས། གཤིན་རྗེ་གཤེད་ཀྱི་འཁོར། གཙོ་བོའི་གཡས་སུ་སྒྲོལ་ཡུམ། རྩིབས་ལ་གཤེད་བཞི་ཡབ་ཡུམ། ཁྱམས་ལ་འཆི་བདག་བཅུ་གཉིས་ཡུམ་བཅས། སྒོར་གདོང་མོ་བཞི། གཤིན་རྗེ་ཞལ་གསུམ་ཕྱག་དྲུག་གིས་རྡོ་རྗེ་འཁོར་ལོ་རལ་གྲི་གཡས། བེ་ཅོན་གཏུན་སྡིགས་མཛུབ་གཡོན། ཞབས་བཞི། ཡུམ་སྙིང་དང་གྲི་ཐོགས་པ་རྒྱན་དང་སྤྲུལ་པའི་ལྷ་ཡོངས་རྫོགས། ལས་གཤིན་བཞི། གཤེད་ཆེན་བཅུ་གཉིས། ཟླ་ཞག་གཤེད་བདུད་མོན་པ་ཀིང་ཀང་བཅས་གསུངས་པ་ཕྱོགས་མཚམས་སུ་དགུ་རེ་འདུག སྟེ་གཙོ་འཁོར་སོ་དགུ །སྒོམ་ཁོག་ཆེན་མོར་གཤེད་བཞི་ལའང་སྒྲོལ་ཡུམ་བཤད་པ་ལྟར་ན་ཞེ་གསུམ། རྟ་མགྲིན་ དབུ་ལྔ་ཕྱག་བཅུ་དྲུག་གི་གཡས་རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོ་རལ་གྲི་རྡོ་རྗེ་ཕྲེང་བ། གཡོན་བརྒྱད་ལ་ཕྱག་མཚན་དགུ་འདུག་པ་ཁྱུང་ཁྲ་ཐབས་སུ་འགྱེད་པ་ལས་ཕྱག་གིས་མ་བསྣམས་པ་མིན་ནམ་སྙམ། མཆན། ཐོད་ཁྲག་པདྨ་སྙིང་དབྱུག་པ་རྒྱ་གྲམ་བེ་ཅོན་མེ་དཔུང་ཏྲི་ཤུལ་ཁྱུང་ཁྲ། ཞབས་བརྒྱད། ཡུམ་པདྨ་གཟི་ལྡན་ནོར་བུ་ཟ་མ་ཏོག་བསྣམས། འཁོར་གོ་ལ་མ་དྲུག །ཡུལ་བཞི། ཁམས་བརྒྱད་དམུས་ལོང་ཁྱི་སྤྱང་ཕོ་ཉ་སུམ་བརྒྱ་དྲུག་བཅུ་གསུངས། གྱི་འཁོར་གཡས་གཡོན་དུ་ཕྲ་མེན། རྩིབས་དང་ཁྱམས་ཀྱི་ཕྱོགས་བཞིར་ཟིལ་གནོན་ཡབ་ཡུམ་བརྒྱད། སྒོ་བཞིར་ཁྲོ་བོ་བཞི་སྟེ་ཉེར་བཞི། རྡོ་རྗེ་གཞོན་ནུའི་འཁོར་རྩིབས་ལ་སྲས་མཆོག་ཀཱི་ལ་ཡ་བཞི། རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་གཡས་རྡོ་རྗེ་རྩེ་དགུ་རྩེ་ལྔ། གཡོན་མེ་དཔུང་ཁ་ཊྭཱཾ མཐའ་གཉིས་ཕུར་བུ། ཞབས་བཞི། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་དྲིལ་བུ་ཐོད་ཁྲག །སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་གྲི་ཐོད། འཁོར་སྲས་མཆོག་རིགས་ལྔ་ཁྲོ་བཅུ་ཕྲ་ཕྱག་ཕུར་སྲུང་དམ་ཅན་གསུངས་བ་འབྱུང་བ་ལྟར་འཕྲོས་དོན་དུ་བཀོད་པ་དང༌། ཁྱམས་ཀྱི་ཕྱོགས་མཚམས་དང་ཤར་སྟོད་ནུབ་སྨད་རྣམས་སུ་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཉི་ཤུ་དང་བཅས་པ། སྒོར་གདོང་མོ་བཞི་སྟེ་གཙོ་འཁོར་ལྔ་བཅུ། བླ་མེད་ཧེ་རུ་ཀའི་གཙོ་བོའི་གཡས་དང་རྩིབས་བཞིར་རྟག་པའི་རྒྱལ་མོ་ལྔ། གཙོ་བོའི་མདུན་དང་གཡོན། ཁྱམས་ཀྱི་ནང་ངོས་རྣམས་སུ་རྗེ་མོ་བཅུ་གཉིས། ཁྱམས་ཀྱི་ཕྱི་ངོས་སུ་སྲིད་པའི་སྨན་མོ་ཉེར་གསུམ། སྒོར་སྲིང་བཞི་སྟེ་གཙོ་འཁོར་ཞེ་བརྒྱད། རིག་འཛིན་ཐོད་པ་རྩལ་གྱི་འཁོར། རྩིབས་ལ་ལྷུན་གྲུབ་རིག་འཛིན་སོགས་བཞི། ཁྱམས་ལ་རིག་འཛིན་བརྒྱད། སྒོར་སློབ་དཔོན་བཞི་སྟེ་གཙོ་འཁོར་བཅུ་བདུན་ནི་རྣམ་བཤད་ལྟར་དང༌། སྒོམ་ཁོག་ཆེན་མོར་རྩིབས་ཆེན་ལ་རིག་འཛིན་བརྒྱད། ཁྱམས་ལ་སློབ་དཔོན་བཞི་བཀོད་པར་གསུངས། དྲེགས་འདུལ་གྱི་གཙོ་བོའི་གཡས་གཡོན་དུ་དབང་ཕྱུག་ཡབ་ཡུམ། རྩིབས་ལ་ཡ་མ་རཱ་ཛ་སོགས་བཞི་ཡུམ་བཅས། སྟེང་འོག་ཏུ་གཟའ་དང་ཀླུ་ཡབ་ཡུམ། ཁྱམས་ཀྱི་ཕྱོགས་རེར་ཤམ་པོ་སོགས་གསུམ་གསུམ་སྟེ་བཅུ་གཉིས། སྒོར་སྲོག་བདག་སོགས་བཞི་སྟེ་གཙོ་འཁོར་སོ་གཉིས། སྟོབས་ལྡན་ནག་པོའི་འཁོར་རྩིབས་ལ་འཆི་བདག་སོགས་བཞི་ཡུམ་བཅས། ཁྱམས་ཀྱི་ཕྱོགས་བཞིར་མ་ཧཱ་དེ་ཝ་སོགས་བཞི། སྟེང་འོག་ཏུ་གཟའ་དང་ཀླུ། སྒོར་ལི་བྱིན་ཧ་ར་སོགས་བཞི་སྟེ་གཙོ་འཁོར་ཉི་ཤུ། དེ་ལྟར་བསྐྱེད་རྫོགས་ཆེན་མོ་ལྟར་ན་ཕོ་བྲང་གླིང་དགུ་ཡོད་པས་དེའི་ལྷ་ཚོགས་ལ་ཁྱོན་ཉིས་བརྒྱ་དང་ཉི་ཤུ་རྩ་བཞིའོ། །བཀའ་སྲུང་ནི། དཀྱིལ་འཁོར་ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད། ཕྱིའི་མུ་ཁྱུད་ལ་མཁའ་འགྲོ་སོ་གཉིས། གིང་བཅོ་བརྒྱད། ལངྐའི་གནས་གཞན་འགོད་པའི་རིམ་པས་དྲུག་ཅུ་སྟེ་བཅུ་དྲུག །འབར་མ་བརྒྱད། ས་བདག་སོ་གཉིས། མ་བདུན། སྲིང་བཞི། ཕོ་ཉ་དྲུག་ཅུ་རྩ་བཞི། འབུམ་ཕྲག་ཡངས་པའི་མཁའ་འགྲོའི་རིགས་བསྡུས་པས་ཉི་ཤུ། བརྟན་མ་བཅུ་གཉིས་ཏེ། དྲིལ་བས་བཀའ་སྲུང་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་རྣམས་རྩ་རྒྱུད་དང་སྒོམ་ཁོག་ལས་དངོས་སུ་བཤད་ཅིང༌། དེ་སྟེང་དཀྱིལ་འཁོར་དགུའི་མུ་རན་ལ་བཀོད་པའི་བཀའ་སྲུང་ཆེ་མཆོག་གི་ཅེ་སྤྱང་མ་བརྒྱད། ཡང་དག་གི་དབང་མོ་ཉེར་བརྒྱད། གཤིན་རྗེ་གཤེད་ཀྱི་གིང་བདུད་རྩིས་ཤན་པ་རྣམས་བཞི་བཞི་སྟེ་བཅུ་དྲུག །རྟ་མགྲིན་གྱི་ཁམས་བརྒྱ་མ་དྲུག །དམུས་ལོང་བཞི། ཁྱི་བརྒྱད། སྤྱང་བརྒྱད། ཕོ་ཉ་བཞི། འབྲུག་མོ་བཞི་སྟེ་སོ་གཉིས། ཕུར་པའི་ཤྭ་ན། བདག་ཉིད། ས་བདག །གིང་བདུད། སྐྱེས་བུ་རྣམས་བཞི་བཞི་སྟེ་ཉེར་བཞི། མ་མོའི་ཡང་གབ་མ་བཞི། སྦས་པའི་མ་བཞི། གདོང་མོ་བཞི། རོ་ཁ་མ་གསུམ། ནག་མོ་ཕུང་གསུམ། གསང་བའི་ཕོ་ཉ་གསུམ་སྟེ་ཉེར་བཞི། རིག་འཛིན་གྱི་དཔའ་བོ་དང་མཁའ་འགྲོ་མ་བཞི་བཞི་སྟེ་བརྒྱད། དེ་ལྟར་དཀྱིལ་འཁོར་དྲུག་པོའི་བཀའ་སྲུང་ཆིག་བརྒྱ་ཞེ་གཉིས་ཡོད་ཅིང༌། དྲེགས་འདུལ་དང་དྲག་སྔགས་ཀྱི་མུ་རན་ལ་བཀོད་པ་གྲངས་ངེས་མ་མཛད་དོ། །དེ་རྣམས་ཀྱི་སྟེང་དུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་ཞི་བ་བཞི་བཅུ་ཞེ་གཉིས་དང༌། ཡུམ་གྱི་ཀཽ་སིང་བཅུ་དྲུག་བསྣན་པས་བསྐྱེད་རྫོགས་ཆེན་མོའི་ལྷ་གྲངས་ཀུན་དྲིལ་བས་རགས་རྩིས་བདུན་བརྒྱ་ཉི་ཤུ་རྩ་ལྔ་སྟེ་ལས་བྱང་དུ་དངོས་བསྟན་གསུངས་ཕྱིར་གྲངས་རྩི་ཚུལ་ཤེས་ན་ལེགས་པར་སེམས་ཏེ་བཀོད་པ་ལས། རྒྱས་པ་སྐུ་མདོག་ཕྱག་མཚན་སོགས་གཙོ་བོའི་ཡེ་ཤེས་ཀྱི་རོལ་པ་ལས་ཉི་མ་དང་འོད་ཟེར་བཞིན་དུ་མོས་པས་བསྐྱེད་པ་ཙམ་གྱིས་རུང་བར་མངོན་ནོ། །གསུམ་པ་བྱིན་གྱིས་བརླབས་ཤིང་དབང་བསྐུར་བ་ནི། སངས་རྒྱས་རྣམས་མངོན་པར་བྱང་ཆུབ་པའི་ཚེ་ནང་གི་སྤང་རྟོགས་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མངའ་གསོལ་བ་དང་མཚུངས་པར། སྦྱང་གཞི་ཕྱི་ནང་གཞན་གསུམ་གྱི་སྣོད་བཅུད་རྒྱུད་གསུམ་ལ་སྦྱོང་བྱེད་དབང་བསྐུར་དང་རྒྱས་གདབ་ཕྱག་རྒྱ་བཞིས་བཅིངས་པ་གསུམ། བསྐྱེད་རིམ་རྒྱས་པ་གཉིས་ཀྱི་ཡན་ལག་ཏུ་འབྱུང་བཞིན་རྫོགས་པར་བྱས་པའི་གནད་ཀྱིས། སྦྱངས་འབྲས་གདན་གསུམ་ཞི་ཁྲོའི་སྐུ་གསུང་ཐུགས་ཡེ་ཤེས་ལྔ་དག་པ་ཆེན་པོ་མངོན་དུ་བྱེད་པ་སྟེ། ཧཱུྃ༔ རང་ལས་ཤར་བའི་སོགས་ཀྱི་དོན་དེ་ལྟར་བསྒོམས་པའི་ལྷ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་གཉིས་སུ་མེད་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པས་གསང་བ་བསམ་མི་ཁྱབ་པའི་ནུས་མཐུའི་རྩལ་ཡོངས་སུ་རྫོགས་པར་བྱ་བ་སྟེ། རང་དམ་ཚིག་གི་འཁོར་ལོར་བསྐྱེད་པའི་ལྷ་གཙོ་འཁོར་རྣམས་ཀྱི་སྤྱི་བོར་དུང་ཁང་གི་འཁོར་ལོར་ཟླ་བ་ལ་ཨོཾ་དཀར་པོ་སྐུ་རྡོ་རྗེ་རྣམ་སྣང་དང་རིན་འབྱུང་འདྲེས་པ། མགྲིན་པར་པདྨ་དམར་པོ་ལ་ཨཱཿདམར་པོ་གསུང་རྡོ་རྗེ་སྣང་མཐའ་དང་དོན་གྲུབ་འདྲེས་པ། སྙིང་གར་གཙོ་བོ་ཡབ་རྣམས་ཀྱི་ཡེ་ཤེས་སེམས་དཔའི་མདུན་དུ་ཡུམ་དང་འཁོར་རྣམས་ཀྱི་ཐུགས་ཀར་ཉི་མ་ལ་ཐུགས་རྡོ་རྗེ་མི་བསྐྱོད་པ་དང་རྡོར་སེམས་འདྲེས་པ་ཧཱུྃ་མཐིང་གའི་མཚན་པ་རྣམས་དུས་འཁོར་ལས་ཟླ་བའི་ཁམས་ཆུ་རླུང་ནམ་མཁའ་གསུམ་ཐབས་ཀྱི་ལུས་ངག་སེམས། ཉི་མའི་ཁམས་ས་མེ་ཡེ་ཤེས་ཀྱི་ཁམས་ཤེས་རབ་ཀྱི་ལུས་ངག་སེམས་ཏེ་ཐབས་ཞུ་བ་དང༌། ཤེས་རབ་རླུང་རྒྱུ་བ་ལས་བྱུང་བའི་བྱེད་པས་ཆུ་རླུང་ཟུང་འཇུག་ལུས། མེ་རླུང་ངག །མཁའ་སེམས་ཐུགས་ཏེ་གཉུག་མའི་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་འབྱུང་ལྔ་སེམས་དང་བཅས་པ་དྭངས་མའི་ཐིག་ལེ་མི་ཤིགས་པའི་དོན་ལྟར་ཡུམ་ལྔ་རྣམས་ཀྱང་འདྲེས་ཏེ། རྣམ་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡི་གེ་བསྒོམ་པ་ནི། རྒྱལ་བ་རིགས་དྲུག་པོ་རིགས་གསུམ་དུ་འདུས་པའི་བྱིན་རླབས་ནུས་རྩལ་ཆེ་བའི་བདག་ཉིད་གསུངས་པ་ལྟར་བསྒོམ་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས། གནས་གསུམ་གྱི་ཡི་གེ་གསུམ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་ལྷ། སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། ཐུགས་ཀར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པས་གཞི་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེ་བརྟན་པའི་ཕྱིར་རྡོ་རྗེ་རྩེ་ལྔ་པ་དང༌། གསུམ་པ། གཅིག་པའི་ཕྱག་རྒྱ་གནས་གསུམ་དུ་བཞག་པ་དང་ཆབས་ཅིག་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་སྔགས་རྣམས་བརྗོད་པས་བརྟན་པར་བྱའོ། །སྔགས་དོན་ནི། ཨོཾྃ་རབ་སྔགས། སྃརྦྃ་ཐམས་ཅད། ཏྃ་ཐཱྃ་གྃ་ཏྃ་དེ་བཞིན་གཤེགས་པ། མྃ་ཧཱྃ་ཆེན་པོ། ཀཱྃ་ཡྃ་སྐུ། བྃཛྲྃ་སྭྃ་བྷྃ་ཝྃ་རྡོ་རྗེའི་རང་བཞིན་ནམ་ངོ་བོ། ཨཱྃཏྨྃ་ཀོྃ་྅ཧཾྃ༔བདག་ཉིད་ངའོ། །ཞེས་དང༌། གཞན་གཉིས་ལ། ཝཱཀྃ་གསུང༌། ཙིྃཏྟ་ཐུགས་ཀྱི་ཁྱད་པར་རོ། །བསྐྱེད་རིམ་ཡན་ལག་གསུམ་པ་དབང་བསྐུར་བ་ནི་མི་བསྐྱོད་པ་ཡིན་ཏེ། སྦྱང་བྱ་ཕྱི་རོལ་འཇིག་རྟེན་གྱི་ཆགས་གནས་འཇིག་སྟོང་ཐམས་ཅད་སེམས་ཅན་རྣམས་ཀྱི་ཀུན་རྟོག་གི་དབང་གིས་བསྒྲུབས་པ་སྟེ། སེམས་མེད་པར་ལས་མི་བསགས། ལས་མེད་ན་འཇིག་རྟེན་སྣ་ཚོགས་མངོན་པར་འབྱུང་བའི་རྒྱུ་མེད། ལས་བྱེད་པ་པོ་འཕོ་བའི་རླུང་དང་འགྲོགས་པའི་ཀུན་རྟོག་ལས་གཞན་མེད། རླུང་སེམས་དེ་དག་གི་གཞི་བཞི་པའི་དུས་ཀྱི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བ་ལས་བྱུང༌། དེའི་མཐའ་རང་བཞིན་འོད་གསལ་གྱི་དབྱིངས་ལ་གཞན་དུ་དངོས་པོར་གྲུབ་པ་ཅི་ཡང་མེད་བཞིན་སྣང་བ་ཡིན་པས་རང་བཞིན་འོད་གསལ་གྱི་རང་རྩལ་ཡེ་ཤེས་ལྔ་རིགས་ལྔའི་གཟུགས་སུ་ཤར་བའི་དག་པ་ལྷའི་ཕྱག་རྒྱས། མ་དག་པའི་ཕུང་ཁམས་ཉོན་མོངས་ལ་རྒྱས་བཏབ་ནས་གསེར་འགྱུར་རྩི་ཡི་ནུས་པས་ལྕགས་ཐམས་ཅད་གསེར་དུ་བསྒྱུར་ནུས་པ་ལྟར་དབང་བསྐུར་རྒྱས་གདབ་ཀྱི་རིམ་པ་འདི་ནི་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པའི་མཚན་དོན་ཆེས་ཟབ་པ་ཡིན་ལ། དེས་ན་མི་བསྐྱོད་པའི་ཡེ་ཤེས་ཀྱིས་རིགས་གཞན་བཞི་ལ་རྒྱས་བཏབ་པ་ནི་རང་བཞིན་ལ་རང་བཞིན་གྱིས་རྒྱས་གདབ་པར་གསུངས། དབང་བསྐུར་བ་ལ། དགྱེས་རྡོར་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། འདིས་ནི་རིགས་ནི་མཚོན་པར་བྱ། ཞེས་གསུངས་པ་ལྟར་རིགས་མི་འཆོལ་བའི་ཕྱིར་དང་པོ་དབང་སྐུར་བྱེད་ཕྱག་རྒྱ་རྡོ་རྗེ་ཐལ་མོ་ལས་གུང་མོ་གཉིས་གཤིབ་པ་སྤྱི་བོ། མཛུབ་མོ་དཔྲལ་བ། སྲིན་མཛུབ་རྣ་ལྟག་གཡས། མཐེ་བོང་ལྟག་པ། མཐེའུ་ཆུང་རྣ་ལྟག་གཡོན་དུ་བཞག་ལ། གཉིས་པ་དབང་བསྐུར་གྱི་སྔགས་དོན་ནི། ཨོཾྃ་རབ་སྔགས། མྃ་ཧཱྃ་ཆེན་པོ། ཤཱུྃནྱྃ་ཏྃ་ཡུལ་སྟོང་པ་ཉིད། ཛྙཱྃ་ནྃ་བྃཛྲྃ་ཡུལ་ཅན་གྱི་ཡེ་ཤེས་རྡོ་རྗེ། སྭྃ་བྷཱྃ་ཝྃ་དེའི་རང་བཞིན་རྣམ་པར་དག་པ། ཨྃཏྨ་ཀོྃ྅ཧཾྃ་བདག་ཉིད་ངའོ། ཨོཾྃ་མྃ་ཧཱྃ་ཨཱྃ་དྃརྴྃམེ་ལོང་ལྟ་བུ། ཨོཾྃ་མྃ་ཧཱྃ་སྃ་མྃ་ཏྃ་མཉམ་པ་ཉིད། ཨོཾྃ་མྃ་ཧཱྃ་པྲྃ་ཏྱ་བེྃཀྵྃ་ན་སོ་སོར་རྟོག་པ། ཨོཾྃ་མྃ་ཧཱྃ་ཀྲྀྃ་ཏྱྃ་ནུྃཥྛྃ་ན་བྱ་བ་གྲུབ་པའི་ཁྱད་པར་ལས་ཛྙཱ་ན་མན་ཆད་སྔ་མ་ལྟར་རོ། །གསུམ་པ་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་དམིགས་པ་ནི། ལྷ་ཚོགས་རྣམས་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་ལྔར་རང་རང་གི་རིགས་ཀྱི་བདག་པོ་དབུས་སུ་སོང་བའི་ཤུལ་དུ་སྣང་མཐའ་སྤོ་བས་ངེས་པའི་བདེ་གཤེགས་དབང་ལྷ་ཡབ་ཡུམ་ལྔ་རྗེས་སུ་ཆགས་པའི་སྦྱོར་བའི་ཞུ་བདེའི་ཆུ་རྒྱུན་བྱང་ཆུབ་སེམས་ཡེ་ཤེས་ལྔའི་རོལ་པར་བབས་པས་མགོ་བོའི་གནས་ལྔ་ནས་ཞུགས། འདིར་གཙོ་བོ་ཆེ་མཆོག་གི་རིགས་བདག་སྣང་མཐའ་གསུངས་པ་དབང་བཙན་དུ་བྱས་པའོ། །མཆན། ལུས་ཀྱི་ནང་དུ་ཞུགས་ཏེ་གནས་བཞིར་གང་བས་དབང་བཞི་བསྐུར། ཉོན་མོངས་པ་ལྔའི་བག་ཆགས་ཀྱི་དྲི་མ་དག །ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར་པས། མེད་སྣང་སྒྱུ་མའི་འཁྲུལ་འཁོར་ཙམ་དུ་གསལ་བའི་བརྟེན་པ་དུག་ལྔ། རྟེན་ཕུང་ལྔ་མ་དག་པ་གཞན་དབང་གི་ཆ་ཀུན་བརྟགས་ཀྱི་ཆོས་ལ་དག་པའི་གཞན་དབང་རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱས་རྒྱས་བཏབ། བྱང་སེམས་ཀྱི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང་བའི་ལྷག་མའམ། ཟེགས་མ་སྤྱི་བོར་ལུད་པ་ལས་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པས། དག་པའི་གཞན་དབང་གི་སྣང་ཆ་རིགས་གང་ལྟར་སྣང་ཡང་ངོ་བོ་དཀྱིལ་འཁོར་གྱི་གཙོ་བོའི་བདེ་སྟོང་འགྱུར་བ་མེད་པའི་གདན་གསུམ་ཡོངས་གྲུབ་ཡེ་ཤེས་ཆེན་པོའི་རོལ་པར་རྒྱས་ཐེབས་ཤིང་དག་པ་ལས་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་གོ་འཕང་ཕྱིར་མི་ལྡོག་པ་བརྙེས་པའི་བརྡར་དབུ་གཙུག་ན་རྡོ་རྗེ་ཕྱེད་པ་དང༌། དེའི་ལྟེ་བར་རིགས་བདག་སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པར་གྱུར་སྙམ་པ་ནི་དཔལ་ཆེན་ཕྱག་རྒྱ་རྒྱས་པ་ལས། ཕུང་ཁམས་ཚོགས་བརྒྱད་གཞན་དབང་ཅན༔ གདན་གསུམ་ཡོངས་གྲུབ་ཆེན་པོ་རྒྱ༔ ཞེས་གསུངས་པ་ལྟར་རོ། །སྤྱིར་རིགས་ལྔ་ལ། སྣང་མཐའ་ལྟ་བུའི་པདྨའི་རིགས་གཅིག་ལ་ནང་གསེས་པདྨའི་གཤེགས་རིགས། པདྨ། རྡོ་རྗེ། རིན་ཆེན། ལས་ཀྱི་རིགས་ཆུང་དབྱེར་མཛད་པས། དབང་སྔགས་ཀྱི་སྐབས་ཆོས་དབྱིངས་ཡེ་ཤེས་གཙོ་བོར་གསུངས། རྒྱས་འདེབས་ཀྱི་སྐབས་སྣང་མཐའ་རིགས་བདག་ཏུ་གསུངས་པ། སྔ་མ་གཟུགས་ཕུང་ནི་ཕུང་པོ་གཞན་བཞི་ཀའི་རྟེན་ཡིན་པས་དེ་ཉིད་དག་པ་ཁྱབ་བྱེད་གཤེགས་རིགས་གཙོ་བོ་སྟེ་ཡེ་ཤེས་བཞི་ཀའི་དབྱེ་གཞི་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ཉིད་གཟུགས་སྐུར་སྣང་བ་རྣམ་སྣང༌། གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རྟེན་སྐུ་ཡིས་བྱེད་པས། སྐུ་གཅིག་གིས་རིགས་ཐམས་ཅད་ཁྱབ་པའི་ཕྱིར་རྣམ་སྣང་གཙོ་བོར་བཞག་པའི་རིགས་ལྔ་སྦྱོར་བའི་བྱང་སེམས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། དྲི་མ་སྦྱངས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བས་ཕྱི་མ་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གསུངས་པ། སངས་རྒྱས་རྣམས་དག་འབྲས་མཐར་ཐུག་ནི་རྟོགས་པ་ཆོས་སྐུ་སྟེ། དེ་ནི་གསུང་རྡོ་རྗེ་མཐར་ཐུག་ཡིན་པས་ཕུང་ཁམས་སྐྱེ་མཆེད་ཀྱི་འཁྲུལ་པའི་དྲི་མ་གཏོར་ཞིང་དག་པ་ཡེ་ཤེས་ཀྱི་ནུས་པ་མངོན་གྱུར་དུ་སད་དེ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་འབྲས་བུའི་ཆེ་རྟགས་ཁྱབ་བྱེད་རིགས་དྲུག་པ་རྡོར་སེམས་ཀྱི་ངོ་བོ། རྣམ་པ་ཧེ་རུ་ཀའི་རིགས་དེའི་རིགས་ཆུང་སྣང་མཐའ་དབུས་སུ་བཞག་པས་རྒྱས་གདབ་དགོས་པ་དཀྱིལ་འཁོར་གྱི་གཙོ་བོ་ཆེ་མཆོག་འདི་ཉིད་བླ་མ་དྲག་པོ་དང་བཀའ་བརྒྱད་དབྱེར་མེད་ཡིན་པས། གུ་རུ་རིན་པོ་ཆེ་གསུང་པདྨའི་རིགས་སུ་གཙོ་བོར་གསུངས་པས་ཡིན་ནམ་སྙམ་སྟེ་བླ་མཆོད་དངོས་གྲུབ་རྒྱ་མཚོ་ལས་ཀྱང་རིགས་བདག་གཙོ་བོ་སྣང་མཐའ་གསུངས་པས་སོ། །དེར་མ་ཟད་ཆེ་མཆོག་ཉིད་སྐུ་མདོག་སྨུག་ནག་དབང་གི་ཁྲོ་བོ་ཞེས་གསུངས་པ་དང༌། ཚོགས་ཆེན་འདུས་པའི་སྐབས་དབུ་གཙུག་ཏུ་རྟ་དབུ་འབྱུང་བ་སོགས་དང༌། ཟབ་གཏེར་དུ་མར་ཆེ་མཆོག་དང༌། ཡང་དག་རྟ་མགྲིན་རྣམས་ངོ་བོ་གཅིག་པའི་ཚིག་ཟིན་དུ་འདུག་པས་ཟབ་གནད་ཁྱད་པར་ཡོད་ངེས་པས་དཔྱད་དགོས་ལ། །གཉིས་པར་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ། ས་མྦྷུ་ཊར། དང་པོ་སྦྱོར་བའི་ཏིང་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། །ཞེས་ཏིང་འཛིན་གསུམ་དུ་གསུངས་པའི་དང་པོ་ངོ་བོ་ཉིད་སྐུ་སྦྱོར་བའམ་སྙོམས་འཇུག་གི་ཏིང་ངེ་འཛིན་དམ་ཡེ་དབྱེར་མེད་དུ་སྦྱོར་བའི་ཕྱིར་སྤྱན་དྲངས་བསྟིམ། ལོངས་སྐུ་དཀྱིལ་འཁོར་རྒྱལ་མཆོག་འཁོར་གྱི་ལྷ་བསྐྱེད་པ། སྤྲུལ་སྐུ་ལས་རྒྱལ་མཆོག་མཆོད་བསྟོད་ཕྲིན་ལས་རྣམས་ལ་ཏིང་འཛིན་གསུམ་དུ་བཤད་པའི་དང་པོ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་ནི། ཧཱུྃ༔ ཞེས་ཡེ་ཤེས་ལྔ་གཅིག་ཏུ་རྫོགས་པའི་ཐུགས་སྲོག་གིས་བསྐུལ་བ་སྔོན་དུ་འགྲོ་བས། ཚུལ་གང་གིས་སྤྱན་འདྲེན་ན། སངས་རྒྱས་རྣམས་ནི་སེམས་ཅན་གང་གིས་དད་པས་དྲན་པ་ཙམ་གྱིས་དེ་མ་ཐག་དེར་བྱོན་པ་ཆོས་ཉིད་ཡིན་པ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་འདུན་པ་སེམས་པའི་རྐྱེན་དང༌། སྙིང་གའི་འོད་ཟེར། སྤོས་རོལ་དབྱངས་ཀྱིས་བསྐུལ་ཏེ། གང་ནས་སྤྱན་འདྲེན་ན་འཁོར་འདས་ལམ་གསུམ་ཀུན་ལ་ཁྱབ་ཀྱང་གང་དུའང་མི་གནས་པའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་ཉིད་ཡུལ་འོགྃ་མིནྃ། ཡུལ་ཅན་སོ་སོར་རང་རིག་པའི་སྤྱོད་ཡུལ་གྱི་སྣང་ཆ་ཆོསྃ་དབྱིངྃས་ཡེ་ཤེས་སོགས་ལྔ་རུ་རང་སྣང་བདེྃ་ཆེནྃ་སྟུག་པོ་བཀོད་པའི་ཞིངྃ་ཁམྃས་ཆེན་པོ་ནསྃ། གང་ཞིག་སྤྱན་འདྲེན་ན། ཆོས་ཀྱི་དབྱིངས་དེའི་ངང་དུ་ལྷུནྃ་གྲུབྃ་འོད་གསལ་གྱི་རྩལ་ཕྱིར་གསལ་དུ་ཤར་བའི་རོལྃ་པྃ་མེ་ལོང་སོགས་ལྔ་དང༌། ཀློང་གྱུར། འདའ་ཀ །དབྱིངས་གྲོལ། མཐའ་གྲོལ་གྱི་ཡེྃ་ཤེསྃ་ཀློངྃ་དགུའིྃ་ཕྱག་རྒྱའི་གཟུགས་སྐུར་བཞེངས་པའི་གརྃ་གྱི་སྒྱུ་འཕྲུལ། ཞིྃ་བ་རྡོ་རྗེ་དབྱིངས་རིགས་ལྔ། ཁྲོྃ་བོ་བདུན་བརྒྱ་ཉེར་ལྔ་སོགས་རབྃ་འབྱམྃས་ཀྱིས་བསྐོར་བའི་དཔྃལ་ཆེནྃ་བཀྃའ་བརྒྱྃད་ཀྱི་ལྷྃ་ཚོགས་རྣམས། དགོས་པ་གང་གིས་ཤེ་ན་དུག་ལྔ་རང་རྒྱུད་དུ་སྤྱོད་པ་གདུགྃ་པའིྃ་བདུད་བཞི་དང་རུ་ཏྲ་སྡེ་གསུམ་འདུལྃ་བའི་ཕྱིརྃ། གང་དུ་སྤྱན་འདྲེན་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒོམ་པའི་གནྃས་འདིྃར་གཤེྃགས་སུྃ་གསོྃལ་ཅེས་སོ། །ཨེྃ་ཧྱྃ་ཧིྃ་ཚུར་སྤྱོན། ཛྃཿས་ཡེ་ཤེས་པ་འགུགས་ཧཱུྃྃ་གིས་དམ་ཡེ་དབྱེར་མེད་དུ་གཞུག །བཾྃ་གྱིས་བྱ་བ་མ་ཟིན་བར་འཆིང༌། ཧོྃཿས་དགྱེས་པས་མྱོས་ཀྱི་ཕྱག་རྒྱ་བཞི། སྃ་མྃ་ཡྃ་དམ་ཚིག །ཧྲིངྃ་ཧྲིངྃ་འདུས་ཤིག་པའི་བརྡ་སྐད། ཛྃཿཛྃཿཡི་དམ་བཅས་པ་སྤྱོན་ཅིག་ཅེས་ནན་གྱིས་བསྐུལ་བའོ། །གཉིས་པ་བཞུགས་གསོལ་ནི། ཧཱུྃྃ་ཞེས་ཐུགས་སྲོག་ནས་བརྗོད་པས་བསྐུལ་ཏེ་སྤྱང་བྱ་མྃ་དགྃ་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་སུ་སྣངྃ་བྃ། སྦྱངས་འབྲས་དགྃ་པྃ་རབྃ་འབྱམྃས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱིྃ་རྟེནྃ་གཞལ་ཡས་ཁང་དངྃ་བརྟེནྃ་པྃ་ལྷའིྃ་འཁོརྃ་ལོརྃ་ཡོངྃས་སུ་ཤརྃ་བའིྃ་ཕྱིར། སྦྱོང་བྱེད་སྣང་སྲིད་གཞིར་བཞེངས་ཀྱི་ཏིངྃ་ངེ་འཛིྃན་གྱིས་སྤྲུལྃ་པའིྃ་ཞིངྃ་མཆོྃག་ཐ་མལ་གྱི་སྣང་ཞེན་དག་མཉམ་ཆེན་པོར་རྟོགས་པས་ཉམྃས་དགྃའ་བྃ་མ་དག་པ་བཙལ་ཀྱང་མི་རྙེད་པ་འདིར། གཞི་དམྃ་ཚིག །འབྲས་བུ་ཡེྃ་ཤེས་པ། ལམ་དེ་གཉིསྃ་དབྱེར་མེདྃ་དུ་ཤེས་པའི་ཏིང་འཛིན་གྱིས་ངོྃ་བོའིྃ་གནས་སྣང་གཉིས་ཀ་དག་པའི་བདག་ཉིད་དུ་ནམ་མཁའ་ལྷའི་འཁོར་ལོར་གྱུར་པར་བརྟྃན་པརྃ་བཞུགྃས་སུ་གསོལ་ཞིང་དམ་ཡེ་དབྱེར་མེད་དུ་བསྟིམ་པའི་དོན་ཏེ། སྔགས་སྃ་མྃ་ཡྃ་དམ་ཚིག་པ་ལ། ཨཱ་བེྃ་ཤྃ་ཡྃ་ཡེ་ཤེས་པ་གཉིས་མེད་དུ་ཕོབ་ཅིག །ཏིཥྛྃ་བརྟན་པ། ལྷནྃ་བཞུགས་ཤིག་པའི་བརྡ་སྐད་དོ། །གསུམ་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་ཕྱག་མཆོད་བསྟོད་པ་ལས། དང་པོ་ཕྱག་ནི། སངས་རྒྱས་རྣམས་འབྲས་བུ་མངོན་དུ་གྱུར་པའི་ཚེ་ས་གསུམ་གྱི་ཆེ་དགུའི་ཕྱག་དང་མཆོད་པས་བཀུར་སྟི་བྱས་པ་དང༌། ངོ་མཚར་གྱི་མཛད་པའི་གྲགས་སྙན་འོག་མིན་གྱི་ཞིང་མན་ཆད་དུ་ལྷ་རྣམས་ཀྱིས་བསྒྲགས་ཤིང་ཕྱོགས་བཅུའི་ཞིང་ཀུན་ནས་རྒྱལ་བ་རྣམས་ཀྱིས་བསྔགས་པ་དང་མེ་ཏོག་གཏོར་བ་དང་མཚུངས་པ། སྦྱང་གཞི་སྣོད་བཅུད་ཐ་མལ་གྱི་ཞེན་སྣང༌། སྦྱོང་བྱེད་སྣང་གྲགས་རིག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་བལྟ་བ། སྦྱངས་འབྲས་དག་པ་ཆེན་པོའི་སྣོད་བཅུད་མངོན་དུ་གྱུར་པའོ། །ཧཱུྃྃ་ཞེས་ཐུགས་སྲོག་ཡེ་ཤེས་ལྔ་ཟག་མེད་ཡོན་ཏན་རྫོགས་པའི་དོན་རྗེས་སུ་དྲན་པས་བསྐུལ་ཏེ་དབྱིངས་རིག་གཉིས་མེད་ཀྱི་ངོ་བོའི་གཞི་ལས་རངྃ་བྱུངྃ་བའི་གཞི་སྣང་ཡེ་ཤེས་ཀྱི་རོལ་པ་རངྃ་ཤརྃ་བས་ན་དོན་ལ་ཡེ་ཤེས་གཅིག་གི་བདག་ཉིད་དུ་སྤྲུལྃ་པ་ལས་རྒྱུད་ཐ་དད་པ་གཅིག་ཀྱང་མེད་པའི་རྟེན་དང་བརྟེན་པའིྃ་དཀྱིལྃ་འཁོྃར་ལྃ། རྣམ་པ་གདུལ་བྱ་འདུལ་ཕྱིར་གཙོ་འཁོར་སོགས་གང་ལྟར་བཀོད་ཀྱང་དམ་ཡེ་དང་བདག་མདུན་ལ་བཟྃང་ངནྃ་གཉིྃས་འཛིྃན་གྱི་ཀུནྃ་རྟོགྃ་གིས་གོ་སྐབས་མི་ཕྱེད་པར་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀློང་དགུའི་དབྱིངས་སུ་རྣམྃ་པར་དགྃ་པ་ཡིན་ཀྱངྃ། དེ་ཐམས་ཅད་དོན་དམ་རངྃ་རིགྃ་ཆོསྃ་སྐུྃ་ཐིག་ལེ་ཉག་གཅིག་ལས་མ་འདས་བཞིན་ཀུན་རྫོབ་རྟེན་འབྲེལ་གྱི་སྣང་ཆར་ཚོམ་བུ་དགུའི་ལྷ་ཚོགས་མངོན་སུམ་དུ་མཇྃལ་བྃ་ལ་དད་མོས་གུས་པའིྃ་ཚུལ་གྱིས་ཀུན་རྫོབ་འཇིག་རྟེན་གྱི་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་དང་སྒོ་བསྟུན་ཕྱག་མཆོད་འཕྲུལ་དགའི་ལྷ་རྣམས་རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་རོལ་པ་ལྟར་བྱ་བས་སྒོ་གསུམ་གུས་བཏུད་ཀྱི་བརྡྃ་ཕྱགྃ་གི་གརྃ་གྱིས་བཏུད་པ་དང༌། དོན་དམ་ལ་བཟང་ངན་སྤངྃ་བླངྃ་མེདྃ་པའིྃ་ཆོས་ཉིད་ངོ་ཤེས་པ་འདྲེས་པ་ནན་ཏན་གྱི་ལྟ་ཕྱག་གི་ངངྃ་ནསྃ་བདེན་གཉིས་དབྱེར་མེད་ཀྱི་ཚུལ་དུ་འཚྃལ་བརྃ་བྃགྱི་ཞེས་སོ། །ཨྃ་ཏིྃ་པཱུྃ་ཧོྃཿཞེས་ཕྱག་འཚལ་བའི་བརྡ་དང༌། ནྃ་མྃ་ཡྃ་དྷིྃཿནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱང་མཉེས་ཤིང་དགྱེས་པས་ལན་དུ་དངོས་གྲུབ་དང་བྱིན་རླབས་སྩོལ་བའི་བརྡའོ། །གཉིས་པ་མཆོད་པ་ལ་ཡན་ལག་བཞི་པ་མཆོད་པ་དོན་ཡོད་གྲུབ་པ་སྟེ་སངས་རྒྱས་རྣམས་ཀྱི་ཕྲིན་ལས་ནི། དོན་གཉིས་མཐར་ཕྱིན་པའི་མཛད་པ་ཡིན་པས་དེའི་རྒྱུ་ཚོགས་གཉིས་རྫོགས་སྨིན་སྦྱངས་མཐར་སོན་དགོས་པས་དཀའ་ཐུབ་དང་དུས་རིང་པོ་ལ་མི་ལྟོས་པར་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཚོགས་གཉིས་བསགས་པའི་ཉེ་རྒྱུ་མཆོད་པ་ཡིན་པས། དེ་ལ་དབྱེ་ན། ཕྱག་རྒྱ་གར་དགུ། ཡེ་ཤེས་གླུ། ཕྱི་ཉེར་སྤྱོད་དང་འདོད་ཡོན། ནང་དུག་གསུམ་གནས་དག །གསང་བ་སྨན། གཏོར་མ། རཀྟ་བདུད་རྩི་གསང་ནན། དེ་ཁོ་ན་ཉིད་སྦྱོར་སྒྲོལ་རྣམས་དབང་བཞིའི་ལམ་ཁྱེར་དང་རྗེས་སུ་འབྲེལ་བ་སྟེ་ཕྱི་མཆོད་ཀྱི་དང་པོ་ཕྱག་རྒྱ་གར་མཆོད་ནི། སངས་རྒྱས་རྣམས་ཀྱི་སྒྲིབ་བྲལ་ཡེ་ཤེས་ཀྱི་སྐུ་གདུལ་བྱ་གང་འདུལ་དུ་རྣམ་པ་ཐམས་ཅད་པའི་གཟུགས་ཆུ་ཟླ་དང་འཇའ་ཚོན་བཞིན་འགག་མེད་ཅིར་ཡང་སྣང་བས་མཚན་མའི་བློས་འདི་ཞེས་ཕྱོགས་དང་རིས་སུ་ཆད་པ་མེད་པས་ན་སྐབས་འདིར་གདུག་པ་ཅན་རྣམས་འདུལ་བའི་དོན་དུ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་སྟོན་པ་ཡང༌། སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཐོང་ན་མི་མཐུན་པ་མེད་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་བསྟོད་པའི་སྐབས་རྒྱས་པར་བཤད་པ་བཞིན་སྐུ་གསུང་ཐུགས་ཀྱི་གར་གསུམ་གསུམ་གྱིས་མཛེས་ཤིང་བརྗིད་རྔམས་ཀྱི་ཟིལ་གྱིས་དྲེགས་པའི་ཚོགས་ཀྱི་ཁེངས་དྲེགས་བཅོམ་པས་ཚར་གཅོད་ཅིང༌། དད་པ་ཅན་རྣམས་སྙིང་རྗེའི་རོལ་པར་ཤེས་པས་རྗེས་སུ་འཛིན་པ་ལ་དཔའ་བའི་ངང་ཚུལ་རྗེས་སུ་དྲན་པས་སྤྲུལ་པའི་ལྷ་མོ་རྒྱན་ཕྲེང་དུ་མས་མཛེས་རྣམས་ཀྱི་རྡོ་རྗེའི་གར་གྱི་རྣམ་འགྱུར་དེ་དང་མཚུངས་པ་ཕྱག་ཞབས་ཀྱིས་བསྒྱུར་བས་བསྟོད་དབྱངས་སྒྲོག་པ་དང༌། གཉིས་པ་ཡེ་ཤེས་གླུ་མཆོད་ནི། མཆོད་པའི་ལྷ་མོ་དེ་དག་གིས་བལྟས་དགོད་ལག་བཅང་འཁྱུད་པའི་སྒྱུ་རྩལ་དང་བཅས། ཧ་སིད་ལ་སོགས་པའི་གླུས་ལྷ་རྣམས་ཀྱི་ཐུགས་རྒྱུད་ལ་དགའ་བཞིའི་ཉམས་འགྱུར་འདྲེན་པས་བདེ་སྟོང་གི་ཡེ་ཤེས་ཀྱིས་ཀུན་ཏུ་མྱོས་ཤིང་སིམ་པ་ལྟར་སྣང་ཡང་དོན་ལ་རང་བྱུང་རང་ཤར་གྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྣམ་པར་རྟོག་པས་མི་གཡོ་བའི་གསུང་ཡེ་ཤེས་གླུའི་བསྟོད་པས་མཆོད་པ་དང༌། ཡང་ལྷ་མོ་རྣམས་ཀྱིས་ཉེར་སྤྱོད་དང་འདོད་ཡོན་གྱི་མཆོད་པ་ལྷ་ཀླུ་མིའི་ཆེ་རྒུ་རྣམས་ཀྱིས་མི་སྤྱོད་པ་དག་པའི་ཞིང་ན་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་ལས་བྱུང་བ་རིན་ཐང་གཞལ་དུ་མེད་ཅིང་ནུས་པ་མཆོག་ཏུ་གྱུར་པའི་བདུད་རྩིའི་མཆོད་ཡོན་རིན་པོ་ཆེའི་བྱ་མ་བུམ་པའི་སྣོད་ཀྱིས་སྦྲེངས་བ་སོགས་བཀུར་སྟི་དང་བཅས་འབུལ་བའི་རྣམ་པ་ཡང་དངོས་སུ་བཤམས་པ་དམིགས་རྟེན་དུ་བྱས་ནས་ཡིད་སྤྲུལ་དང༌། བདག་པོས་མ་བཟུང་བ། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲོས་པ་རྣམས་དོན་ལ་ཡུམ་བཀའི་གསང་སྒྲུབ་སེང་གདོང་ལས། ཡུལ་ལ་དབང་པོའི་སྤྱོད་པ་ཡིས༔ མཆོད་དང་མཆོད་བྱར་མི་དམིགས་ཀྱང༔ སྐྱེ་མཆེད་ཡབ་དང་སྦྱོར་བ་ཡི༔ ཡུལ་དྲུག་འདོད་ཡོན་ལྷ་མོར་རོལ༔ ཞེས་གསུངས་པ་ལྟར་ཡུལ་དང་ཡུལ་ཅན་ཐམས་ཅད་ཡབ་ཡུམ་སྣང་སྟོང་གཉིས་མེད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཞེན་མེད་སྒྱུ་མ་ལྟ་བུར་ལོངས་སྤྱད་པས་ཚོགས་གཉིས་མིག་འཕྲུལ་ལྟར་རྫོགས་པར་བྱེད་པ་ཐུགས་བདེ་སྟོང་གི་མཆོད་པ་གསུམ་དུ་བཤད་ན་རུང་སྙམ་ཞིང་དེ་གསུམ་ནི་ཕྱི་སྣོད་བཅུད་ཀྱི་དཔལ་ཡོན་ལ་གཙོ་བོ་དམིགས་རྟེན་དུ་བྱས་ཤིང་སྤྲོས་བཅས་ལྟར་སྟོན་པས་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་དང་འབྲེལ་ཆེ་བ་དང༌། གདུག་པའི་རུ་ཏྲ་ཐམས་ཅད་དུག་གསུམ་རང་རྒྱུད་དུ་སྤྱོད་དེ་འཁྲུལ་པ་རྣམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཀྱི་མཚོན་ཆས་བསྒྲལ་ནས་འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་ཁྲོད། གཏི་མུག་ཤ་ཆེན་གྱི་རི་བོའི་རྣམ་པར་ཕུལ་བས་དཔལ་གྱི་ལྷ་ཚོགས་རྣམས་ཀྱིས་ཡེ་ཤེས་བདེ་བ་ཆེན་པོའི་ལོངས་སྤྱོད་དུ་བཞེས་ནས་དུག་གསུམ་གནས་སུ་དག་པ་སྐུ་གསུམ་བདེ་བ་ཆེན་པོའི་གོ་འཕང་ལ་བཀོད་པར་མོས་པ། ནང་དུག་གསུམ་གནས་དག་གི་མཆོད་པ་དང༌། སྔགས་དོན་ཀྱང་ཧྃ་ལྃ་ནི་དུག །པྃཉྩྃ་ལྔ། པཱུྃ་ཛྃ་མཆོད་པ། ཧོྃ་མཉེས་ཚིམ་གྱི་དོན་ཏེ་དུག་ལྔ་ཡེ་ཤེས་སུ་དག་ཕྱིར་མཆོད་པ་དགྱེས་པའི་དོན་ཏེ་རྩ་བ་དུག་གསུམ་ལ་ང་རྒྱལ་ནི་འདོད་ཆགས། ཕྲག་དོག་ཞེ་སྡང་དུ་འདུ་བས་མཆོད་པ་དམིགས་སུ་མ་གསུངས་པའོ། །སྣང་སྲིད་སྣོད་བཅུད་ཐམས་ཅད་གདོད་ནས་ཡེ་ཤེས་ལྔའི་བདུད་རྩིར་རྣམ་པར་དག་ཅིང་རང་བྱུང་ཡེ་ཤེས་ཀྱི་འཁོར་ལོར་སངས་རྒྱས་རྣམས་གཡོ་བ་མེད་པར་བཞུགས་པའི་ཚུལ་དང་མཐུན་པར་བདུད་རྩི་སྒྲུབ་ཅིང་མཆོད་ནས་དངོས་གྲུབ་འགྲུབ་ལ་བསླུ་བ་མེད་པ་ནི་རྡོྃ་རྗེྃའི་དམྃ་ཚིྃག་རྨྃད་པོྃ་ཆེྃ་ཞེས་ལྟ་བ་ཆོས་ཀྱི་བདུད་རྩི། བདུད་རྩི་ལྔ་རེ་རེ་ལ་ཕྱི་ནང་གི་རྩྃ་བ་བཞི་བཞིར་སྦྱར་བས་བརྒྱད་དེ། བརྒྱདྃ་ཚན་དེ་དག་རེ་རེ་ལའང་སོ་སོའི་སྐྱོབས་དང་འཕྲད་དུ་གྱུར་པའི་རྩི་བཅུད་ཀྱི་སྨན་བརྒྱ་ཉེར་ལྔ་རེ་སྦྱོར་དུ་ཡོད་པས་ཡན་ལག་སྟོངྃ་སྟེ་དེ་ལྟར་སྦྱརྃ་བའིྃ་གྲུབ་པ་ཆེན་པོའི་དམ་ཚིག་གི་རྫས་ཀྱི་བྃདུད་རྩི་མཐོང་ཐོས་མྱོང་རེག་གྲོལ་བ་བཞི་ལྡན་དང༌། རྒྱུ་ཉོན་མོངས་རང་རྒྱུདྃ་དྲུགྃ་འབྲས་བུ་ཕུང་ལྔ་འབྱུང་ལྔ་སྡུག་བདེན་གྱི་མཚན་གཞིར་ལོངས་སྤྱད་པ་འགྲོ་དྲུག་གི་སྡུགྃ་བསྔལྃ་འཇོམྃས་ཤིང་འཆོས་ཏེ་ཡེ་ཤེས་ལྔར་ལམ་དུ་བྱེད་པའིྃ་རྩིྃ་སྨན་ནི་རང་ལུས་དང་གཞན་ལུས་ལ་བརྟེན་པའི་ལམ་ནི་དོན་གྱི་བདུད་རྩི་དང༌། ཆོས་རྫས་དོན་གྱི་བདུད་རྩི་ཐམས་ཅད་དཔལ་ཆེ་མཆོག་ཧེ་རུ་ཀ་རིགྃས་ལྔྃ་ཡེ་ཤེསྃ་ལྔྃ་ཡིྃ་དཀྱིལ་འཁོར་དུ་ཤེས་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་སྒྲུབ་པས་དངོྃས་གྲུབ་འདོད་དགུ་དབང་དུ་བྱེད་པ་རྟགས་ཀྱི་བདུད་རྩི་སྟེ་དེ་དག་རྗེས་སུ་མཚོན་པ་མྱོང་གྲོལ་དམ་རྫས་ཀྱི་མཆོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱི་དང༌། རྩ་བརྒྱུད་ཀྱི་བླ་མ་བྱེ་བྲག་ཏུ་མཐེབ་སྲིན་དང་ཉི་ཟླའི་གྭའུས་བཅུས་ནས་ཕུལ་བས་དྭངས་མའི་སེམས་སྤྲིན་གྱི་བདེ་བ་ཆེན་པོའི་རོས་མཉེས་པའི་མཐུས། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཨོཾ་ཨཱཿཧཱུྃ་རྣམ་པ་བདུད་རྩིའི་སྟེང་དུ་བྱུང་བ་དམ་ཚིག་གི་ཕྱག་རྒྱ་གུ་ཧྱ་ལག་གིས་བླང་སྟེ་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་དང༌། སྔགས་དོན་ཨོཾྃ་ཨཱྃཿཧཱུྃྃ་སྐུ་གསུང་ཐུགས། སྃརྦྃ་ཐམས་ཅད། པྃཉྩྃ་ལྔ། ཨྃ་མྲྀྃ་ཏྃ་བདུད་རྩི། ཧཱུྃྃ་རྣམ་པ་རིགས་ལྔའི་དམ་རྫས། ཧྲཱིྃཿངོ་བོ་ཡེ་ཤེས་ལྔ། ཋྃཿདེ་གཉིས་དབྱེར་མེད་ཀྱི་མཆོད་པ་དང༌། བརྒྱུད་མཆོད་སྐབས་ཁྃ་རཾྃ་སྟོབ་པ་དང༌། ཁཱྃ་ཧིྃ་གསོལ་ཅིག་པའོ། །དོན་ལ་སྐུ་གསུང་ཐུགས་ཐམས་ཅད་མཉེས་བྱེད་དམ་ཡེ་གཉིས་མེད་བདུད་རྩིའི་མཆོད་པ་བཞེས་ཤིག་གི་དོན་ནོ། །ཀཱྃ་ཡྃ་ཝྃཀྐ་ཙིྃཏྟྃ་སྐུ་གསུང་ཐུགས། སིདྡྷིྃ་དངོས་གྲུབ་འབྲུ་གསུམ་རང་ལ་སྩོལ་བའི་དོན་ཏེ། བྷྃ་གྃ་ཞེས་ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་ཡངྃས་ཤིང་རྒྱ་ཆེ་བའིྃ་གཏོརྃ་གཞོྃང་དུྃ། ལིྃངྒྃ་ནི་སྣོད་བཅུད་ཡོངས་རྫོགས་བདེ་ཆེན་འདོྃད་ཡོནྃ་གྱི་ཟེགས་མ་འཕྲོ་བའི་རྟགས་ཅན་གཏོྃར་མའིྃ་རྣམ་པརྃ་དཔལ་དུ་འབྃར་བའི་རྡོྃ་རྗེྃ་ཐབས་ཤེས་གཉིས་སུ་མེད་པའིྃ་བཟའྃ་བཅའ་བཏུང་བའིྃ་ཚོགས་བདའ་དགུའི་རྣམ་པ་དམྃ་ཚིགྃ་གི་རྫསྃ་ལྷུན་པོ་ལྟར་སྤུངས་ཏེ་ཕུལ་བས་ཨྃ་ལྃ་ལྃ་སྟེྃ་ཞེས་ལྷ་ཚོགས་དགྱེྃས་རྔམས་ཚིམ་པརྃ་རོལྃ་པར་བསམ་པ་དང༌། མྃ་ཧཱྃ་བྃ་ལིཾྃ་ཏྃ་ཁཱ་ཧིྃ་གཏོར་མ་ཆེན་པོ་རོལ་ཅིག །སྐྲ་ལྕངྃ་ལོྃ་དང་བཅྃས་པའིྃ་དུངྃ་ཆེནྃ་དུྃ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས། ཡང་སེམས་ཅན་རྣམས་ཆོས་ཉིད་རང་ངོ་མ་རིག་པའི་གཏི་མུག་གིས་ང་དང་ང་ཡིར་ཞེན་རྟོག་གི་ཆགྃས་པས་སེར་སྣ་དང་ཞེ་སྡངྃ་ང་རྒྱལ་ཕྲག་དོག་ཀྱང་དེའི་ཤུགས་ལ་འབྱུང་ཞིང་དེའི་དབང་གིས་རྒྱུད་དྲུག་འཁྲུལ་སྣང་གི་རྟོག་པ་སྐྱེ་འགག་གནས་བྲལ་ཆོས་ཀྱི་དབྱིངྃས་སུྃ་བསྒྲལྃ་བའིྃ་བརྡ་རྟགས་སུ་ཁྲགྃ་ཆེན་གྱི་རྒྱ་མཚོ་ཞིང་གི་ལྷུ་དུམ་འཕྱོ་ཞིང་དུག་གི་རླངས་སྤྲིན་ཅན་ཕུལ་བས། གཟུང་འཛིན་འཁོརྃ་བའིྃ་རྒྱུ་འབྲས་བདེ་ཆེན་ཆོས་ཉིད་ཀྱི་གནསྃ་སུའྃམ་རྒྱན་དུ་དགྃ་པར་བྱྃ་བའི་ཕྱིརྃ། ཡེ་ཤེས་ལྷ་ཡི་གཟིགས་པ་ལ་བཟང་ངན་བླངྃ་དོརྃ་གྱི་འཛིན་པ་མེྃད་པརྃ་བཞེསྃ་པས་གདུལ་བྱའི་རྒྱུད་ལ་དུག་ལྔ་གནས་དག་གི་བདེ་སྟོང་མི་རྟོག་པའི་དགོངས་པའི་རྩལ་རྒྱས་པར་མཛད་དུ་གསོྃལ་ཞེས་ཕུལ་བ་དང༌། མྃ་ཧཱ་རྃཀྟྃ་ཁཱྃ་ཧིྃ་རཀྟ་ཆེན་པོ་རོལ་ཅིག །རྟགས་དཔལ་ཆེན་པོ་དཀྱིལ་འཁོར་གླིང་དགུའི་གཙོ་བོ་རྣམས་ཡབ་ཡུམ་ཞལ་སྦྱོར་དུ་སྟོན་པ་ནི། རྒྱུ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་གཉིས་ལས་མ་འདས་པའི་དོན་ལ་མངོན་དུ་བྱ་ཕྱིར་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞིས་སྦྱོར་བ་ནི། འབྲས་བུ་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་གདོད་ནས་འདུ་འབྲལ་མེད་པ་ཡེ་ཤེས་ཆེན་པོའི་རོས་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་ལོངས་སྤྱོད་རྫོགས་པའི་སྐུ་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་མ་གཡོས་པར་བཞུགས་པའི་བརྡར་འབྲུ་དང་ཕབ་སྦྱར་བའི་རྫས་ཛ་གད་བཅུད་ཀྱི་ཉིང་ཁུའི་མཆོད་པས་བྱེད་ལས་སེམས་ཀྱི་ཟུག་རྔུ་སེལ་ཞིང་དཔའ་བའི་ངར་གྱི་སྟོབས་བསྐྱེད་པའི་བདུད་རྩིར་མཆོད་པ་སྟེ། མྃ་ཧཱྃ་བྃཛྲྃ་ཨྃ་མྲྀྃ་ཏྃ་ཛྃ་གདྃ་པཱུ་ཛྃ་ཧོྃ་ནི་རྡོ་རྗེ་བདུད་རྩི་ཆེན་པོ། ཐབས་བདེ་བ་ཆེན་པོ་རྡོྃ་རྗེྃ་ཝཾ་གྱི་གཟུགས་ཅན་ལ་གནས་ཀྱང་ཤེས་རབ་རྣམ་ཐར་གསུམ་ལྡན་ཨེ་དབྱིངས་པྃདྨོྃའི་གྲོངྃ་ཁྱེརྃ་ལྃ་སྙོམྃས་པརྃ་ཞུགསྃ་པའི་གནད་དོན་རྟོགས་པས་མ་བསྐུལ་ན་ཡེ་ཤེས་མངོན་དུ་བྱ་མི་ནུས་པས་ཐབས་ཤེས་སྦྱོར་བའི་བརྟུལ་ཞུགས་ཀྱི་རོལ་པ་ཆེན་པོའི་སྒྱུ་རྩལ་གྱིས་རབྃ་ཏུ་དགྱེས་པར་བསྐུལྃ་བསྃ། ལྷྃ་ཚོགསྃ་ཀུནྃ་ཀྱངྃ་ཟག་མེད་བདེ་ཆེན་གྱི་མཆོད་པས་ཤིན་ཏུ་མཉེསྃ་པའི་དགོངས་པ་ལས་ནམ་ཡང་མ་གཡོས་པས་སྲིད་པ་མིང་མེད་དུ་དག་པར་གྱུརྃ་ཏེྃ་སྡུགྃ་བསྔལྃ་གྱི་བདེན་པའི་གནས་ཚུལ་བྃདེ་བྃ་ཆེྃན་པོརྃ་སྦྱོར་བས། འབྲས་བུ་འཁྲུལ་པའི་རྣམྃ་རྟོགྃ་གི་རྒྱུ་འབྲས་བྃདག་དང་བདག་གིར་འཛིན་པ་མེྃད་པར་ཤིན་ཏུ་ཞི་བ་ཐེག་ཆེན་འགོག་བདེན་མཐར་ཐུག་གི་དབྱིངྃས་སུྃ་སིམ་སྟེ་ངལ་བསོ་པས་རྟོགས་པས་བདག་བསྒྲལ་བས་སྤང་བ། ཐུགས་རྗེའི་གཞན་སྒྲོལྃ་གྱི་རྟོགས་པའི་ཡོན་ཏན་རྫོགས་པས་འབྲས་བུ་སྐུ་གཉིས་ཀྱི་ཕྲིན་ལས་མཐར་ཕྱིན་པའོ། །ཛྃཿཧཱུྃྃ་བཾྃ་ཧོྃ་བཞི་ནི་འཁྱུད་སྡོམ་སྤྲད་པས་ཕྱག་རྒྱ་དང་སྦྱོར་བའི་དོན་ཏྃ་ནྃ་སྦྱོར་བ། གྃ་ནྃ་སྒྲོལ་བའི་མཆོད་པས་མཉེས་ཚིམ་གྱི་དོན་པཱུྃ་ཛྃ་ཧོ། སྤྱིར་སྲིད་རྩ་བདག་ཏུ་ལྟ་བ་ཆགས་པ་དེའི་མི་མཐུན་ཕྱོགས་ལ་སྡང་སེམས་རང་བཞིན་གྱིས་འབྱུང་བས། དེའི་གཉེན་པོར་མདོ་ལས་སྟོང་ཉིད་དང་སྙིང་རྗེ། སྔགས་ལས་སྦྱོར་སྒྲོལ་གཉིས་གསུངས་པས་མཆོད་པའང་གཞི་མཐུན་དུ་འབུལ་བའོ། །ནང་དང་གསང་བའི་མཆོད་པ་རྣམས་གཙང་དམེ་བླང་དོར་མེད་པར་ལོངས་སྤྱོད་པའི་བརྟུལ་ཞུགས་ཀྱིས་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་དྭངས་མའི་ཁམས་རྣམས་རྒྱས་པས་བདེ་གསལ་མི་རྟོག་པའི་ཞུ་བདེའི་ཡེ་ཤེས་འཕེལ་བར་བྱེད་པས་གསང་དབང་གི་ལམ་གྲོགས་སུ་འགྱུར་བ་དང༌། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་འཇུག་པ་གསུམ་པའི་དབང་ལམ་ཁྱེར་ལ་བརྟེན་ནས་ཞུ་བདེ་འགྱུར་མེད་ཀྱི་ཡེ་ཤེས་ཀྱིས་མཚན་རྟོག་དབྱིངས་སུ་གསོད་པར་བྱེད་པ་དང༌། དེ་ཐམས་ཅད་མཆོད་བྱ་མཆོད་བྱེད་ལས་འདས་པ་གདོད་མའི་གཤིས་ལུགས་སྤྲོས་བྲལ་དེ་ཁོ་ཉིད་དབང་བཞི་པའི་ཡེ་ཤེས་དོན་དམ་འོད་གསལ་གྱི་ངོ་བོ་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་དབང་བཞི་པའི་དགོངས་པ་དང་འབྲེལ་བ་སྟེ། རྡོ་རྗེ་གུར་གྱི་རྒྱུད་ལས། བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། ཞེས་གསུངས་པ་ལྟར་དཀའ་སྤྱད་ལ་མ་ལྟོས་པས་ལམ་གཞན་ལས་བདེ་ཞིང༌། གཞི་འབྲས་གཉིས་མེད་ཀྱི་དག་པ་སྦྱོར་ཚུལ་གྱིས་ཐ་མལ་གྱི་སྣང་ཤེས་སྡོམ་པས་མྱུར་བ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐབས་ཤེས་གཉིས་མེད་དུ་སྦྱོར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །ཡན་ལག་དྲུག་པ་བསྟོད་པ་ནི་རིན་ཆེན་འབྱུང་ལྡན་ཏེ་བྲལ་སྨིན་གྱི་ཡོན་ཏན་མཐར་ཕྱིན་པའི་ཁྱབ་བདག་རིན་པོ་ཆེའི་རིགས་རིན་འབྱུང་ཡིན་པ་བཞིན་བསྟོད་པའི་གླུས་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཆེ་བ་སྒྲོགས་ཤིང་བསྔགས་པ་ཡིན་པས་ན་མཆོད་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་གླུས་བསྟོད་པ་ལ། ཚིགས་བཅད་དང་པོའི་སྐུ་གར་དགུའི་རྣམ་འགྱུར་ལ་བསྟོད་པ་སྟེ། ཧཱུྃྃ་ཞེས་ཐུགས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་གདུལ་བྱའི་ཡུལ་ལ་རྗེས་སུ་བསྐུལ་བའི་ཕྱིར་ཐུགས་སྲོག་གི་སྒྲས་བོད་པའི་ཚུལ་དུ་བསྐུལ་ཏེ་གནས་ལུགས་ཡང་དག་པའི་ཡེ་ཤེས་མངོན་དུ་གྱུར་པའི་མཁྱེན་པ་དང༌། བྱམས་སྙིང་རྗེ་ཆེན་པོའི་བརྩེ་བ་ཟུང་དུ་འཇུག་པའི་ཐུགས་ཀྱི་ངོ་བོ་ལ་ཆགས་སྡང་གི་རྟོག་པའི་རྒྱུ་བ་མི་མངའ་ཡང༌། གདུལ་དཀའ་རུ་ཏྲ་རྣམ་སྨིན་རྩུབ་མོས་འཕངས་པ་རྣམས་དབང་དྲག་གི་ལྷག་པའི་ཕྲིན་ལས་ཀྱི་འཇུག་པ་མྱུར་བས་འདུལ་བའི་ཕྱིར། མི་བསྐྱོད་པའི་ངོ་བོ་སྐུ་ཆེ་ཞིང་ཡན་ལག་རགས་པས་རྨོངས་ཉམས་ཀྱིས་མི་སྡུག་པ་སྲིན་པོ་ལྟར་ཁྲོས་པ། རྣམ་སྣང་གི་ངོ་བོ་སྐུ་རྒྱན་གྱི་མཛེས་ཤིང་ཡབ་ཡུམ་སྦྱོར་བ་སོགས་ནི་ཆགས་ཉམས་ཀྱིས་སྒེག་པ། རིན་འབྱུང་གི་ངོ་བོ་བདུད་བཞི་གདན་དུ་བཏིང་བ་སོགས་སྟོབས་དང་ལྡན་པས་ཁྲོ་ཉམས་ཀྱིས་དཔའ་བ། གཟི་བྱིན་ཉི་མ་འབུམ་ལས་ལྷག་པ་ནི་སྐུ་ཡི་ཉམས་གསུམ། དོན་གྲུབ་ཀྱི་ངོ་བོ་ཟུངས་ཤིག་རྒྱོབ་ཅིག་ཧཱུྃ་ཕཊ྄་ལ་སོགས་པའི་དྲག་ཤུལ་ལམ་གཤེ་བ་འཇིགས་པའི་ང་རོ་སྒྲོག་པ་དང༌། འོད་དཔག་མེད་ཀྱི་ངོ་བོ་ཆགས་དགྱེས་དྲེགས་པས་ཧ་ཧ་ལ་སོགས་པའི་རྡོ་རྗེའི་གད་རྒྱང་ཀྱིས་བཞད་པ། མཱ་མ་ཀིའི་ངོ་བོ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་ང་རོ་དྲག་པོ་སྒྲོག་པ་འཇིགས་རུང་གི་ཉམས་ཏེ་གསུང་གི་གར་གསུམ། སྤྱན་མའི་ངོ་བོ་ཆོས་སྐུ་སྤྲོས་མཚན་ལས་འདས་པ་མི་རྟོག་པའི་དབྱིངས་སུ་མཆོག་ཏུ་ཞི་བ། དམ་ཚིག་སྒྲོལ་མའི་ངོ་བོ་དམིགས་པ་མེད་པའི་ཐུགས་ནི་སྙིང་རྗེའི་བརྩེ་བ། གོས་དཀར་མོའི་ངོ་བོ་ཁྲོ་ཆགས་ཀྱིས་ཐུགས་ཚིམས་པ་ལྟ་བུའི་ཕྲིན་ལས་ཅི་ཡང་ནུས་པས་རྔམས་པ་གསུམ་ནི་ཐུགས་ཀྱི་ཉམས་ཏེ་རྡོ་རྗེ་གསུམ་གྱི་གར་དགུའི་རྣམ་པས་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་གཟུགས་མེད་ཁམས་ཀྱི་སྟེང་འོག་བར་གྱི་ས་གསུམ་ལ་གནས་པའི་དྲེགས་པ་ཅན་དུག་གསུམ་གྱི་རང་གཟུགས་རུ་ཏྲ་སྡེ་གསུམ་ཟིལ་གྱིས་མནན་པའི་ཚུལ་ལ་བསྟོད་པའོ། །གཉིས་པ་ཐུགས་ཕྱག་མཚན་གྱི་དག་པ་ལ་བསྟོད་པ་ནི། བརྡ་རྡོ་རྗེ་དང་ཐོད་ཁྲག་རྩ་ཕྱག་གིས་འཛིན་པས། དོན་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ། རྟགས་སྲིད་རྩ་མ་རིག་པས་ཁྱབ་བྱེད་དུ་བྱས་པའི་ཁྱབ་བྱ་ཆགས་སྡང་དབྱིངས་སུ་དག་པ་མཚོན་པ་འདིས། གཞི་དབྱིངས་རིག་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་དང་ཡེ་ཤེས་མཚོན་ཅིང༌། ཕྱག་བར་པས་ཁ་ཊྭཱྃ་རྩེ་གསུམ་འཛིན་པས་རྒྱུ་དུག་གསུམ་སྐུ་གསུམ་དུ་དག་པ། གཡོན་བར་པས་ཐོང་གཤོལ་སྐུར་བརྟེན་ནས་ཕྲག་པར་སློང་བས་ཉོན་མོངས་ཐ་རྒོད་ཀྱིས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་བཏུབ་པ་རྒྱུད་མ་རུངས་པར་བྱས་པའི་གཤིས་ངན་ནད་མུག་མཚོན་སོགས་འཇོམས་པར་རྟོགས་པས་བདག་བསྒྲལ་བ་དང༌། ཐ་མ་གཉིས་ཀྱི་མེ་དཔུང་ནི་ཚར་གཅོད་དྲག་པོ་དང༌། ལྕགས་སྡིག་གིས་རྗེས་འཛིན་ཞི་བའི་ཕྲིན་ལས་གཉིས་ཀྱིས་ཞེ་སྡང་གི་རྟོག་པའི་རང་གཟུགས་རྒྱལ་པོ་ཕོ་གདོན། ཆགས་དང་སེར་སྣས་འདོད་ཆགས་ཀྱི་རང་གཟུགས་བསེན་མོ་འགོང་པོ། རྟོག་མེད་རྡོ་རྗེ་ཁྲོས་པའི་མཚོན་ཆས་གཏི་མུག་གི་རང་གཟུགས་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ཀུན་འདུལ་ཞིང་བྲན་དུ་བཀོལ་བའི་མཛད་པས་ཐུགས་རྗེའི་གཞན་སྒྲོལ་བ་ལ་བསྟོད་པའོ། །གསུམ་པ་སྐུ་ཡོངས་རྫོགས་ལ་བསྟོད་པ་སྟེ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་དབྱིངས་སམ་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུའི་ངོ་བོ་ནི་གཞི་ལམ་འབྲས་བུའི་སྐབས་ཐམས་ཅད་དུ་སྐྱེ་འགག་འཕོ་འགྱུར་གྱི་གཡོ་བ་མེད་པ་མཚོན་པས་སྐུ་མདོག་མཐིང་ག་སྟེ། དེ་ནི་ཁ་དོག་གཞན་གང་གིས་བསྒྱུར་དུ་མི་བཏུབ་པ་བཞིན་ནོ། །ཆོས་སྐུ་དེ་ཡང་སྟོང་པ་ཕྱོགས་གཅིག་མ་ཡིན་པ་ཟག་མེད་བདེ་ཆེན་འབྲས་བུའི་ཡོན་ཏན་ཐམས་ཅད་ཉི་མ་དང་ཟེར་བཞིན་རྫོགས་པར་མངའ་བ་མཚོན་བྱེད་དུ་དབུ་གསུམ་ནི་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་དང༌། ཕྱག་དྲུག་ནི་ལམ་ཕ་རོལ་དུ་ཕྱིན་པ་དྲུག །ཞབས་བཞི་ནི་གཞི་ཚད་མེད་བཞིས་གཞན་ཕན་གྱི་མཛད་པ་རྫོགས་སྨིན་སྦྱངས་མཐར་སོན་པ་སྟེ་སྐུ་ཡི་བརྡ་རྟགས་དང་ཟག་མེད་ཀྱི་ཡོན་ཏན་རྫོགས་པར་མངའ་བ་མཚོན་པའོ། །བཞི་པ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ནི། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་པ་ལྟར་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ཀྱི་གཤིས་བདེ་བ་ཆེན་པོའི་ཐིག་ལེ་ཉག་གཅིག་གདོད་ནས་སྤང་བྱ་དང་ལྷན་ཅིག་མི་གནས་པ་ཆོས་སྐུ་མཉམ་པ་ཆེན་པོ་ངང་གིས་ཁྲོས་པའི་ཐུགས་རྗེའི་རྩལ་ལས་ཆོས་ཅན་ཆོས་དབྱིངས་ཡེ་ཤེས་ལ། ཆོས་ཉིད་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཀློང་གྱུར་འདའ་ཀ་དབྱིངས་སྒྲོལ་མཐའ་གྲོལ་གྱི་ཀློང་དགུར་ཤར་བའི་རང་རྩལ་གྱིས་གདུལ་བྱའི་ཁམས་ལ་ཐུགས་རྗེ་གཡོས་ཏེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དགྱེས་པ་ཆེན་པོའི་ཞི་བའི་ཆགས་ཚུལ་ཁྲོ་བོའི་རྔམས་གཤེའི་གཟུགས་སྐུའི་ཕྱག་རྒྱར་དཔལ་ཆེན་སྒྲུབ་སྡེ་བརྒྱད་དུ་བཞེངས་པ་ཀུན་ཀྱང་ཁ་སྦྱོར་བདུན་གྱི་བདག་ཉིད་བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱི་ཉམས་ལ་བྲི་གང་མེད་པར་ཆོས་ཅན་ཤུགས་ཀྱིས་ཁྲོ་བ་དང༌། དེ་ཐམས་ཅད་ཀྱི་གསང་བ་རྒྱན་འཁོར་ལྔའི་ངེས་པའི་ཆོ་འཕྲུལ་སྤང་བྱ་དང་ལྷན་ཅིག་ནམ་ཡང་མི་གནས་པའི་ཁྲོ་བ་དང་བཅས་པའི་ཕྱིར། མཁའ་ཁྱབ་ཡིད་ཅན་གདུལ་དཀའ་ཀུན་འདུལ་ཕྱིར་འབར་བ་ཁྲག་འཐུང་གི་འཁོར་ལོས་བཏུལ་ནས་འཁོར་བའི་སྐྱེ་རྒྱུན་བཅད་པ་ནི་སྤྲུལ་སྐུ་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་འདུ་འཕྲོའམ་སྤྲོ་བསྡུ་མཛད་པ་སྟེ། ཐུགས་ལ་ཁྲོ་བ་མི་མངའ་ཡང་འགྲོ་བའི་དོན་དུ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་ཁྲོ་བོ་དང༌། ཕྲ་མེན་གྱི་གཟུགས་སུ་བཅོས་པ་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀུན་ཀྱང་ངོ་བོ་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་རྣམ་འཕྲུལ་འགག་མེད་ཅིར་ཡང་སྟོན་པ་ཀུན་མཁྱེན་བརྩེའི་ཡེ་ཤེས་ལ་བྲི་གང་དང་དགོངས་པ་མཐོ་དམན་མེད་པར་ཤེས་པས་བསྟོད་ཅེས་སོ། །འདི་ལ་མངོན་རྟོགས་རྒྱས་པའི་སྐབས་འབྱུང་བའི་བསྟོད་པའི་དོན་ཀྱང་སངས་རྒྱས་སྐུ་གསུམ་གྱི་ཡོན་ཏན་མཐར་ཕྱིན་པས་དབུ་དགུ་ནི་སྟོབས་བཅུའི་དབྱིངས་སུ་ཡེ་ཤེས་ཀྱི་རྩལ་རྫོགས་པས་བདུད་དང་མུ་སྟེགས་ཐམས་ཅད་ཟིལ་གྱིས་གནོན་ནུས་པ་མཚོན་པའི་བརྡ་རྟགས་སུ་དབུ་དགུ། ལས་དང་བྱ་བ་ཐམས་ཅད་ལག་པས་བྱེད་དགོས་པ་ལྟར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ལ་མ་འདྲེས་བཅོ་བརྒྱད་ཀྱི་ཡོན་ཏན་མཐར་ཕྱིན་པའི་བརྡ་དོན་ཕྱག་བཅོ་བརྒྱད་ཀྱིས་ཀུན་བཟང་ཡབ་ཡུམ་མཚོན་པའི་རྡོ་རྗེ་དང་དུང་ཁྲག །སེམས་དཔའ་སེམས་མ་བཅུ་དྲུག་ཕྱག་ཆའི་ཚུལ་དུ་བསྣམས་པ་ཡིས། དབང་པོ་སྒོ་ལྔ་ཡུལ་ལྔ་ལས་ཡུལ་ཅན་རྣམ་ཤེས་གསུམ་འདུས་ཀྱིས་སྲེད་ལེན་གྱིས་ལས་འདུ་མི་བྱེད་པར་གདན་གསུམ་ལྷའི་འཁོར་ལོའི་ཕྱག་རྒྱ་ཆེན་པོའི་རྒྱས་བཏབ་པས། བདེ་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འབྱམས་སུ་ཀླས་པས་དག་ཆེན་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱོར་བ་ལ་བསྟོད་པ། ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་བྱ་བྱེད་ཀྱི་ཚོགས་དང་བཅས་པ་འབྲས་བུ་དག་ཆེན་ཡེ་ཤེས་ཀྱི་ལྷ་གདན་གསུམ་གཙོ་འཁོར་ཐམས་ཅད་ཀྱང་རྣམ་པ་གང་ལྟར་སྟོན་ཀྱང་དོན་ལ་སྐུ་གསུམ་དང་ཁ་སྦྱོར་ཡན་ལག་བདུན་གྱི་རྣམ་བྱང་ཆེན་པོའི་ཡོན་ཏན་ཡོངས་སུ་རྫོགས་པས་དགོངས་པ་ལ་མཐོ་དམན་མེད་པ་སངས་རྒྱས་ཉག་གཅིག་ཏུ་བཞུགས་པ་རྣམས། གདུལ་བྱ་རྗེས་སུ་འཛིན་སླད་ཞི་ཁྲོའི་བཞིན་ལག་གི་མཚན་དཔེའི་རྣམ་འགྱུར་དང༌། གཙོ་འཁོར་གྱི་ཚུལ་དུ་ཤར་བའི་རོལ་པ་ཅིར་ཡང་སྟོན་པ་ཐམས་ཅད་སྤྱི་དཔལ་ཧེ་རུ་ཀའི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཡེ་ཤེས་གཅིག་གི་བདག་ཉིད་དུ་རྫོགས་པ་ཁྱེད་ལ་མཆོག་དམན་གྱི་རྟོག་པ་སྤངས་ཏེ་གུས་པས་བསྟོད་པའོ། །བསྙེན་ཡིག་ཏུ། ལྷ་ལ་གསལ་སྣང་མ་ཐོན་བར་དུ་འོད་ཟེར་སྤྲོ་བསྡུ་སོགས་བྱེད་མི་དགོས་ཏེ་ཐོད་སྐུ་ཡོད་ན་ཅེ་རེ་བལྟ་བ་དང༌། ཡིད་ཡུལ་དུ་གོམས་འཇུག་པ་ལ་རེས་མོས་སུ་བསླབ་གསུངས་པ་ནི་བློ་ཆུང་ལས་དང་པོ་པ་རྣམས་ཀྱིས་མ་གོམས་བར་ལ་བརྟགས་པའི་སྐུར་རྩལ་སྦྱང་པ་སྟེ་བཟོ་བོ་མཁས་པས་བྲིས་སྐུའམ། ལྡེར་བཟོ་རབ་གནས་དང་ལྡན་པ་དམིགས་རྟེན་དུ་དྲན་པ་རྒྱུ་བའི་ཡན་ལག་ཅེས་ཆེད་དུ་མི་སྒོམ་པར་དབུ་ནས་ཞབས་ཀྱི་བར་ལ་མིག་མི་འཛུམ་པར་ཅེ་རེ་བལྟ་བ་ལ་གོམས་པས་རྟོག་ཚོགས་གཡོ་ཉམས་རི་གཟར་གྱི་ཆུ་ལྟར་བྱུང་ཡང་མ་སུན་པར་འདྲིས་པར་བྱས་པས་ཇེ་ཞིག་ན་དེའི་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟན་པ་ལས་མིག་བཙུམ་ཡང་ཡིད་ཡུལ་དུ་བཀྲ་གསལ་གྱིས་འཆར་བ་ནི་ཐོབ་པའི་ཉམས་ཞེས་བྱ། དེའི་ཚེ་གསལ་སྣང་དེས་ཐ་མལ་གྱི་སྣང་ཞེན་ལ་རྒྱས་བཏབ་སྟེ་སྣང་སྟོང་སྒྱུ་མའི་སྐུ་ཤེལ་བུམ་དྲི་མེད་དམ་འཇའ་ཚོན་ལྟ་བུ་ཕྱི་ནང་ཟང་ཐལ་གསལ་འཚེར་བཀྲག་དང་ལྡན་པ་མེ་ལོང་གི་གཟུགས་ལྟ་བུར་རྩལ་སྦྱང༌། དེ་ཡང་ཧ་ཅང་བཙིར་ཟིན་མི་བྱེད་པར། དེ་གའི་གསལ་སྣང་མ་འགག་པའི་ངང་ལ་ཤིགས་སེ་མཉམ་པར་བཞག །རེ་ཞིག་བྱིང་ཉམས་བྱུང་ནའང་མི་གསེང༌། དེ་ལྟར་བསྐྱངས་པས་ཇེ་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང༌། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ་རང་ལྷར་བསྒོམ་པ་རྩེ་གཅིག་ཏུ་མཉམ་པར་བཞག །གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ང་རྒྱལ་བརྟན་པོ་བྱུང་བ་དང༌། བློ་འབྲིང་རྣམས་ཀྱིས་ཡོངས་རྫོགས་ཀྱི་རྣམ་འགྱུར་ཝལ་གྱིས་གསལ་བ་དང༌། དེ་ནས་དབུའི་རྣམ་པ། ཕྱག་གཡས་གཡོན། སྐུ་སྐེད་ཡན། ཞབས་གཡས་གཡོན། སྐུ་ཡོངས་རྫོགས་གདན་དང་བཅས་པ་རེ་རེ་ནས་གསལ་སྣང་འདོན་ལྷ་སྐུའི་ཆེ་ཆུང་དང་གཙོ་འཁོར་མང་ཉུང༌། རྒྱང་ཉེ་རིང༌། ཐུན་རིང་ཐུང་གི་སྐྱེད་བྲི་སོགས་མ་ངེས་པར་རྩལ་སྦྱང༌། དེ་ཡང་དང་པོ་དམིགས་རྟེན་གྱི་སྐུ་ལ་བལྟ་ཡུན་རིང་བར་བྱ། སྒོམ་ཡུན་ཐུང་བར་བྱེད། ཅུང་ཟད་གོམས་ནས་བལྟར་ཡུན་ཇེ་ཐུང༌། སྒོམ་ཡུན་ཇེ་རིང་ལ་བསླབ། རྣམ་པ་གསལ་བ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་ལ་བསླབས་པས་ཆད་ལྟར་མི་གོལ་ཞིང༌། སྐྱོ་བའི་ཚེ་མངོན་རྟོགས་བསྟོད་པའི་སྐབས་སུ་བཤད་པ་ལྟར་རྣམ་དག་དྲན་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ངོ་བོར་རྩལ་སྦྱངས་པས་རྟག་ལྟར་མི་གོལ་བའི་གནད་དོ། །གཞུང་ལས། དང་པོར་མོས་པས་འགོད་པ་སྟེ༔ ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད༔ ཅེས་གསུངས་པ་ལྟར། བློ་རབ་རྣམས་ཀྱིས་ནི་རང་བཞིན་ཇི་ལྟ་བའི་དངོས་པོ་ངོས་བཟུང་ལས་འདས་པའི་བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་རྣམ་པ་གསལ་ཞིང་ངོ་བོས་སྟོང༌། ཆོས་ཉིད་སྟོང་བཞིན་དུ་རང་བཞིན་སྤྱན་གྱི་དཀར་ནག་ཚུན་ཕྱེད་པའི་གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་འཛིན་ཞེན་དང་བྲལ་བར་རྩལ་སྦྱོང་ཚུལ་གང་ཟག་གི་དབང་པོ་དང་བསྟུན་ནས་ཉམས་སུ་བླང་ཞིང་ལྷ་ལ་སེམས་གཟུང་བ་སོགས་ས་བཅད་བདུན་བླ་མ་དགོངས་འདུས་ཀྱི་མན་ངག་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་སུ་གསུངས་པ་ལྟར་གོམས་པར་བསླབ་པོ། །དེ་ལྟར་ལྷའི་རྣམ་པ་རང་སེམས་དང་དབྱེར་མེད་བསྲེས་ཏེ་བསྒོམ་པས་སྐུ་ཡོངས་རྫོགས་ཀྱི་གསལ་སྣང་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་བརྟན་པའི་ཉམས་དང༌། བ་སྤུའི་བུ་ག་དང་སྤྱན་གྱི་དཀར་ནག་ཚུན་གསལ་ཞིང་ཡུལ་རྐྱེན་གང་གིས་ཀྱང་མི་འཕྲོག་པར་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པ་མཐར་ཕྱིན་པའི་ཉམས་ཞེས་གསུངས་ལ། གཞན་ཡང་དཔལ་ཆེན་ཞལ་ལུང་ལས། ཕྱོགས་རིས་བྲལ་བའི་ལྟ་བ་ཡིས༔ ཐེ་ཚོམ་ཡིད་གཉིས་འཕྲང་ལས་གྲོལ༔ གསལ་འགྲིབ་མེད་པའི་སྒོམ་པ་ཡིས༔ བྱིང་རྒོད་གཉིས་འཛིན་འཕྲང་ལས་གྲོལ༔ སྤྱོད་པ་མ་འཁྲུལ་དམ་ཚིག་གིས༔ ཐེག་པ་དམན་པའི་འཕྲང་ལས་གྲོལ། ཞེས་གསུངས་པ་ལྟར། སྣང་བ་ལྷ་དང་འདྲེས་པ་ཙམ་གྱིས་མཆོག་དངོས་ཀྱི་རྒྱུར་མི་འགྱུར་བས་ལྷ་དོན་ལ་སྦྱར་ཞེས་རང་སེམས་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལ་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་སྐུའི་འབྲས་བུར་གདོད་ནས་དུ་མ་རོ་གཅིག་ཏུ་སྨིན་པའི་བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལ་བཟླ་བའི་ཕྱིར་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་སུ་སྡོམ་པར་བྱེད་པའི་གཟེར་བུ་ལྟ་བུ་སྲོག་སྡོམ་གཟེར་བཞི་ཞེས་སྔ་འགྱུར་གྱི་བསྐྱེད་རིམ་མན་ངག་ཐུན་མོང་མ་ཡིན་པར་གསུངས་པའི་གནད་ལ་འོག་མིན་བགྲོད་པའི་ཐེམས་སྐས་སུ་གསུངས་པ་བཞིན་གོམས་པར་བསླབ་པས་རིག་འཛིན་གབ་བྱང་ལས། དབྱིངས་ཀྱི་སྣང་ཆ་ལྷར་ཤར་བས༔ བསོད་ནམས་ཚོགས་ཆེན་དེ་ཡིས་རྫོགས༔ དེ་ལ་མངོན་ཞེན་རྣམ་དག་པས༔ ཡེ་ཤེས་ཚོགས་ཀྱང་རྫོགས་པ་ཡིན༔ ཞེས་དང༌། དཔལ་ཆེན་ཞལ་ལུང་ལས། བསོད་ནམས་དང་ནི་ཡེ་ཤེས་མཐུས༔ བསྐྱེད་རྫོགས་གདིང་དུ་གྱུར་པ་ལས༔ རྣམ་རྟོག་རགས་པ་འཇོམས་གྱུར་ཏེ༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན༔ དང་པོ་ཡིད་ཀྱི་ཡུལ་དུ་གསལ༔ དེ་ཡི་དངོས་སྣང་མཐུ་བརྟས་པས༔ སེམས་ཉིད་ཤིན་ཏུ་སྦྱངས་བའི་མཐུས༔ རང་བཞིན་དབང་པོའི་ཡུལ་དུ་གསལ༔ མཐར་ནི་བདེན་གཉིས་དབྱེར་མེད་ཀྱི༔ ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ༔ ལུས་ཀྱི་ཡུལ་དུ་མངོན་སུམ་གསལ༔ ཡུལ་གསུམ་གྱད་དུ་གྱུར་པ་ལས༔ མ་དག་ལུས་ཀྱི་དངོས་སྣང་འཇོམས༔ ཞེས་གསུངས་པ་ལྟར་ས་ལམ་གྱི་བགྲོད་ཚུལ་ཀྱང་རིག་འཛིན་གྱི་གབ་བྱང་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གཉིས་པ་ཐུགས་རྒྱུད་བསྐུལ་བ་བསྙེན་པའི་རིམ་པ་ལ། གཞུང་ལས། བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ ཞེས་པ་ལྟར་ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ་གསུམ་གྱི་དང་པོ་ནི། སངས་རྒྱས་རྣམས་ཀྱིས་འགྲོ་བ་འདུལ་བའི་ཕྲིན་ལས་ཀྱི་གཙོ་བོ་ཆོས་འཁོར་ཡིན་པ་བཞིན་གསུང་རྡོ་རྗེ་རིག་སྔགས་སུ་ཤར་བས་ལས་བཞི་མཆོག་གི་དངོས་གྲུབ་སྒྲུབ་བྱེད་ཀྱི་རྩ་བ་སྔགས་ཏེ་སྦྱང་གཞི་ཐ་མལ་གྱི་ངག་སྒྲ། སྦྱོང་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ། སྦྱངས་འབྲས་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པའི་གོ་འཕང་མངོན་དུ་གྱུར་པའི་གནད་ཤེས་པས་སྒོམ་དོན་གྱི་དམིགས་རིམ་དངོས་ནི། བྃདག་ཉིྃད་ཆེྃ་མཆོྃག་ཡབྃ་ཡུམྃ་སོགས་ཀྱི་དོན་སེམས་དཔའ་སུམ་བརྩེགས་འདི་ཡེ་ཤེས་སེམས་དཔའ་རང་འདྲའམ། ཡང་ན་སྒྱུ་འཕྲུལ་ལྟར་རྒྱན་དང་ཕྱག་མཚན་སྤངས་བའི་རང་འདྲ་དང༌། ཁ་ཅིག་སྤྲུལ་པ་དང་སྤྲུལ་གཞིའི་དབང་དུ་མཛད་པ་དང༌། འགའ་ཞིག་ཁྲོ་བོ་ལ་ཞི་བ། ཞི་བ་ལ་ཁྲོ་བོ་སོགས་སྒོམ་ཚུལ་དུ་མ་ལས། འདི་ནི་ཁྲོ་བོའི་ཐུགས་ཀར་ཞི་བ་སྒོམ་པ་སྟེ་དམིགས་པ་བསྙེན་ཡིག་ཏུ་གསལ་བ་ལྟར་ལ། དེ་ཡང་བདེ་གཤེགས་ཞི་བའི་སྒྲུབ་པ་ལ། རྒྱས་པར་རིགས་བརྒྱ། བསྡུས་པ་ཞེ་གཉིས། རབ་ཏུ་བསྡུས་པ་དེ་ཉིད་རིགས་ལྔ། ཤིན་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་དང༌། ཕྱག་རྒྱ་རྐྱང་སྒྲུབ་ཀྱི་སྒྲུབ་ཚུལ་བཅས་བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་དུ་གསུངས་པ་འདི་ནི་གསང་ཆེན་རིགས་གཅིག་གི་སྒྲུབ་ལུགས་རིགས་ཀྱི་ཁྱབ་བདག་དུ་རྟོགས་པ་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པར་གསུངས་པའི་དགོངས་པ་སྟེ་འདི་ཉིད་མཆོག་སྒྲུབ་ཀྱི་སྙིང་པོ་ཡིན་པས་གྲངས་བསྙེན་ཚད་ཇི་ཙམ་མང་བཞིན་ལེགས་པ་ཡིན་ནོ། །གཞུང་ལས། རིགས་རྣམས་ཀུན་གྱི་དབང་ཕྱུག་མཆོག༔ སངས་རྒྱས་ཀུན་གྱི་མེས་པོ་སྒོམ༔ རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀུན༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང༔ ཞེས་དང༌། བཟླ་བྱའི་སྔགས་འབྲུ་གསུམ་ཡང་བདེ་གཤེགས་འདུས་པ་ཞི་བ་གསང་ཆེན་རིགས་གཅིག་ལས། ཏིང་འཛིན་གྱི་གནད་ཡི་གེ་འབྲུ་གསུམ་ལ་འདུས་ཏེ༔ ཨོཾ་གྱིས་དེ་བཞིན་ཉིད་ཀྱི་ཏིང་འཛིན༔ ཨཱཿཀུན་སྣང་གི་ཏིང་འཛིན༔ ཧཱུྃ་རྒྱུའི་ཏིང་འཛིན༔ ཞེས་དང༌། སྐུ་ཐམས་ཅད་ཀྱི་གནད་ཀྱང་འབྲུ་གསུམ་ལ་འདུས་ཏེ། ཨོཾ་གྱིས་ཆོས་སྐུ་ཐོབ་པར་བྱེད༔ ཨཱཿཡིས་ལོངས་སྐུ་ཐོབ་པར་བྱེད༔ ཧཱུྃ་གིས་སྤྲུལ་སྐུ་ཐོབ་པར་བྱེད༔ ཅེས་སོགས་རྒྱས་པར་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་རྡོ་རྗེ་གསུམ་གྱི་ས་བོན་དུ་ངེས་པས་བཟླས་པ་ཙམ་གྱིས་ལས་ཀུན་བྱེད་ཅིང་ཕན་ཡོན་ཚད་མེད་པ་སྟེ། བླ་མ་དགོངས་འདུས་ལས། བླ་མ་ཡི་དམ་མཁའ་འགྲོ་ལ་སོགས་པའི་རྒྱལ་བ་ཐམས་ཅད་ཀྱི་སྐུའི་སྙིང་པོ་ཨོཾ༔ གསུང་གི་སྙིང་པོ་ཨཱཿ ཐུགས་ཀྱི་སྙིང་པོ་ཧཱུྃ་གསུམ་ལ་འདུས་པས༔ འབྲུ་གསུམ་རྩ་བའི་སྙིང་པོ་འདི་འགྲུབ་ན་ཐམས་ཅད་འགྲུབ་ཅིང༔ འདི་བྱིན་རླབས་ཀུན་འདུས་ཀྱི་རྩ་བ༔ དངོས་གྲུབ་ཀུན་འདུས་ཀྱི་རྩ་བ༔ ཕྲིན་ལས་ཀུན་འདུས་ཀྱི་རྩ་བ་ཡིན་པའི་ཕྱིར༔ སྔགས་ཀྱི་དབུ་ལ་འབྱུང་བ་དང༔ རྒྱས་འདེབས་པ་ཐམས་ཅད་འབྲུ་གསུམ་གྱིས་བྱེད་པ་དེའོ༔ ཞེས་སོ། །འདི་ལས་ཀྱང༌། ཚེ་གཅིག་བྱང་ཆུབ་འདོད་པ་རྣམས༔ འདི་ལ་རྟག་ཏུ་ནན་ཏན་གྱིས༔ འབྱུང་འཇུག་སྔགས་སུ་གོམས་པ་ན༔ ཕུང་པོ་འོད་སྐུར་དེངས་བར་འགྱུར༔ ཞེས་གསུངས་པས་ཆོས་འདིའི་བརྒྱུད་འཛིན་ཐམས་ཅད་མཆོག་གི་དངོས་གྲུབ་ཀྱི་ཉེ་ལམ་ལ་བརྟེན་ནས་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ས་བཟུང་བའི་རྣམ་ཐར་ལ་མིག་ལྟོས་ཀྱིས་དོན་དམ་ཡེ་ཤེས་ཀྱི་ལྷ་མཆོག་སྒྲུབ་པ་ལ་ནན་ཏན་དུ་བྱ་དགོས་པས་ན་གཞུང་དུ་འབྲུ་གསུམ་ཡིད་བཟླས་སམ། མ་བདེ་ན་ཤུབ་བུའི་བཟླས་པས་འབྱུང་འཇུག་གནས་གསུམ་གདོད་ནས་དག་པའི་སྔགས་སུ་གོམས་པར་བྱ་གསུངས་པས་སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། མཆོག་གི་དངོས་གྲུབ་བཟླས་པ་ཁྱད་པར་ཅན་གྱིས་འགྲུབ༔ ཅེས་གཡོ་བ་རླུང་གི་རྫོགས་རིམ་དུ་བཤད་པའི་རྡོར་བཟླས། རླུང་ཕྱིར་དབྱུང་བ་ཨོཾ། རྔུབ་པ་ཨཱཿགནས་པ་ཧཱུྃ་ལ་སྦྱང་བའམ། ཡང་ན་སྤྱི་འགྲོ་ལྟར་དབྱུང་བ་ཧཱུྃ། རྔུབ་པ་ཨོཾ། གནས་པ་ཨཱཿལ་བསླབས་པས་རླུང་རིག་བསྲེ་བའི་ཉམས་ལེན་ལ་འབད་པ་མཆོག་ཏུ་ཟབ་པས་རྡོར་བཟླས་དང༌། ཡིད་བཟླས་སྤེལ་མ། སྐྱོ་ན་ངག་བཟླས་ཀྱང་ཅུང་ཟད་བྱའོ། །གཉིས་པ་ཁྲོ་བོར་སྒྲུབ་པ་ལ། སྒྲུབ་པ་དང༌། སྒྲུབ་ཆེན་གཉིས་ལས། དང་པོ་ནི། དམིགས་གནད་སྙིང་པོ་བསྙེན་ཡིག་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ་བློས་བཀོད་མ་ཡིན་པར་གཉིས་མེད་རང་ཤར་མ་བསྒོམས་ལྷུན་གྱིས་གྲུབ་པའི་བསྐྱེད་རིམ་ཞེས་རིག་པའི་མྱོང་བ་ཡོད་ན་ལྟ་བ་དེའི་རྩི་དང་མ་བྲལ་བར་ལྷ་སྔགས་ཀྱི་གསལ་འདེབས་པ་ནི་ཤིན་ཏུ་ཟབ་པའི་གནད་དེ། ཞེས་གསུངས་པའི་དོན། སེམས་རིག་ལ་ཤན་ཕྱེས་ནས་རིག་པ་སྐུ་གསུམ་ཆེན་པོའི་བདག་ཉིད་དེ་མངོན་སུམ་མྱོང་བས་ངོ་ལེགས་པར་འཕྲོད་པ་གཞིར་བཟུང་བས་གཟུང་འཛིན་གྱི་རྟོག་པ་ཐད་ཀར་བཅད་ནས་རིག་པ་ཟང་ཐལ་ཆེན་པོའི་ངང་བཟོ་མེད་དུ་བཞག་པ་ལས་མ་གཡོས་བཞིན་དེའི་རང་མདངས་དཀྱིལ་འཁོར་གྱི་ལྷར་ཤར་བ་ལ་དམ་ཡེ་བསྲེས་ནས་གསལ་སྣང་དང་ང་རྒྱལ་བརྟན་པོ་ལ་བཞག་ནས་ལྷ་སྔགས་དབྱེར་མེད་དུ་ཤེས་པའི་ངང་བཟླས་པ་ལ་བརྩོན་པའི་རྒྱུན་དྲན་ཤེས་དང་མ་བྲལ་བ་བྱས་ན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཀྱང་ཚང་ཞིང༌། གསལ་སྣང་བརྟན་ཞིང་ཀུན་རྟོག་ཇེ་ཕྲར་འགྲོ། དེའི་ཚེ་ལྷར་སྣང་ཀུན་རྟོག་ཀྱིས་བཅོས་ནས་སྒོམ་པའི་ཆ་དེ་ཕྲ་བས་གསལ་དཀའ་ཡང་ལྷར་སྣང་དེ་ཡལ་དུ་མི་བཅུག་པར་ཡབ་ཡུམ་སྦྱོར་བའི་བདེ་བ་དང༌། དོ་ལའི་བཟླས་པས་བོགས་དབྱུང་ནས། བདེ་ཆེན་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་སུ་འདྲེན་པར་འགྱུར་གྱི་བར་བོགས་དབྱུང་བ་དང༌། དེ་ལྟར་ཡང་ཡང་གོམས་པའི་གནད་ཀྱིས་འོད་གསལ་རྐྱང་པ་ཙམ་མ་ཡིན་པ་དཀྱིལ་འཁོར་གྱི་ལྷ་སྟོང་གཟུགས་ཀྱི་སྣང་ཆ་དང་བཅས་པ་ཤར། དེ་ལྟར་ཤར་བ་དང་རིག་སྟོང་དབྱེར་མེད་ཀྱི་ཉམས་ལེན་རྐྱང་དེད་བྱས་ནས་བསྒོམས་པས་ཡུལ་སྣང་ལྷར་ཐིམ་ལྷར་སྣང་ཆོས་ཉིད་དུ་ཐིམ་ནས་ཀུན་རྟོག་གི་འཁྲུལ་པ་དབྱིངས་སུ་དག་པའི་གང་སྣང་ལྷའི་དཀྱིལ་འཁོར་རང་རིག་སྤྲོས་བྲལ་ཉག་གཅིག་གི་རྣམ་རོལ་དུ་གྱུར་བས། འདི་ལ་ས་བཅུ་ལམ་ལྔ་རིག་འཛིན་བཞིའི་རྣམ་བཞག་དང༌། བོགས་འབྱིན་རྩོལ་བཅས་དང་རྩོལ་མེད་ཀྱི་རྫོགས་རིམ་སྦྱོར་ཚུལ་རིག་འཛིན་འདུས་པའི་གབ་བྱང་ལས་གསུངས་པ་ལྟར་ཤེས་པར་བྱ་དགོས་པའི་གནད་དེ་ལས། ལྷ་དང་སྣང་བ་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པར་མ་གྱུར་པར༔ ཏིང་འཛིན་གནད་ཀྱི་འཛིན་ཕུར་གདབ༔ ཅེས་དང༌། གཞུང་ལས། ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ༔ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ༔ རང་སྣང་དོན་གྱི་འོག་མིན་དུ༔ འཚང་རྒྱ་འདི་ལ་ཐེ་ཚོམ་མེད༔ ཅེས་སོ། །བསྙེན་སྔགས་ནི་བླ་མ་དྲག་པོ་དང་ཆེ་མཆོག་དབྱེར་མེད་ཀྱི་དོན་ཏེ། ཨོཾ་ཡེ་ཤེས་ལྔ་ལྡན། གུ་རུ་བླ་མ། ཤྲཱི་དཔལ། བཛྲ་ཡཀྴ་རྡོ་རྗེ་གནོད་སྦྱིན། ཀྲོ་ཏ་ཁྲོ་བོ། ཙིཏྟ་ཐུགས། ཧཱུྃ་ཞེས་སྩོལ་བའི་དོན་ཏེ། བླ་མ་དཔལ་རྡོ་རྗེ་གནོད་སྦྱིན་ཁྲོ་བོས་ཐུགས་ཡེ་ཤེས་ཀྱི་དངོས་གྲུབ་སྩོལ་ཅེས་པ་ནི། བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔ དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔ ཞེས་པ་ལྟར་བསྒྲུབ་བྱའི་གཙོ་བོ་ཆོས་ཉིད་དོན་གྱི་ལྷ་ཡེ་ཤེས་རྒྱུད་ལ་འཆར་བ་ནི་བླ་མའི་བྱིན་རླབས་ཁོ་ན་ལ་རག་ལས་པས་དེ་ཉིད་དཔལ་ཆེན་པོའི་རྣམ་པར་བཞེངས་པས་ཐུགས་རྒྱུད་བསྐུལ་བའི་ཕྱིར་བསྙེན་པ་འདི་ཡང་གསོལ་འདེབས་ཀྱི་ཚུལ་དུ་བཟླས་ན་དངོས་གྲུབ་མྱུར་བའི་གནད་ཡོད་པ་དང༌། ལྷ་ཚོགས་འཕྲོ་འདུ་བསམ་ཡས་ཀྱང༔ གཙོ་བོ་གཅིག་པུའི་ཆོ་འཕྲུལ་ཏེ༔ དཔལ་ཆེན་སྲོག་ལ་དབང་ཐོབ་ན༔ ཚོམ་བུའི་འཁོར་ལོ་མ་བསྒྲུབས་ཤར༔ ཞེས་གསུངས་པ་ལྟར་བདུན་བརྒྱ་ཉེར་ལྔ་ལ་སོགས་པའི་གཙོ་འཁོར་དང༌། གཙོ་བོ་ལ་ཡང་བསྐྱེད་རྫོགས་རྒྱས་འབྲིང་བསྡུས་པ་སོགས་མང་དུ་གསུངས་ཀྱང་དེ་ཐམས་ཅད་གཙོ་བོ་སྤྱི་དཔལ་ཆེན་པོ་གཅིག་གི་ཡེ་ཤེས་ཀྱི་རོལ་པ་ལས་མ་འདས་པས་ན་ཐོག་མ་ཁོ་ནར་གཙོ་མཆོག་དཔལ་ཆེན་པོའི་གསལ་སྣང་བརྟན་པོར་སྒྲུབ་པའི་སེམས་འཛིན་དང༌། དེ་ཡང་གུ་རུ་རིན་པོ་ཆེ་དང་གཉིས་མེད་དུ་ཤེས་པའི་དད་མོས་གདུང་ཤུགས། གསལ་སྣང་དང་ཐུགས་ཡིད་བསྲེས་པའི་རྣམ་འགྱུར་ལ་ཁམས་དང་མཐུན་པར་བསླབ་དགོས་ཏེ། མདོར་ན་ཞི་བ་རིགས་ལྔ། ཁྲོ་བོ་གཙོ་མཆོག་དགུ་ཡི་དཀྱིལ་འཁོར་རྟེན་དང་བརྟེན་པ་དང༌། ལྷ་སྔགས་སྤྱི་བྱེ་བྲག་བསྙེན་སྒྲུབ་ལས་གསུམ་གང་ལྟར་བཤད་ཀྱང་དོན་ཡེ་ཤེས་ཐུགས་ཀྱི་ས་བོན་ཧཱུྃ་ལ་འདུས་པས། བཀའ་བརྒྱད་བདེ་འདུས་ལས་ཀྱང་ཧཱུྃ་གི་དྲིལ་སྒྲུབ་སྙིང་པོ་རྫོགས་རིམ། རིམ་ལྔ་དང་སྦྱར་བ། ཡོ་ག་གསུམ་དུ་སྒྲུབ་པ་སོགས་ཟབ་དྲིལ་མང་པོ་གསུངས་པ་ལྟར་ངག་བཟླས་ཀྱིས་སྐྱོ་བ་དང༌། ཐུན་མཚམས་ཐམས་ཅད་ལ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡིན་པས་ཧཱུྃ་བཟླས་གལ་ཆེ་བར་གསུངས་པས་བཟླས་པའི་སྙིང་པོ་ཧཱུྃ་ལ་བཟུང་ཀྱང་ཤིན་ཏུ་ཟབ་བོ། །གཉིས་པ་ནི་ཚོམ་བུ་དགུ་སྤྱི་དྲིལ་གྱི་བཟླས་པ་སྟེ། སྔགས་ཀྱང་ཁྲོ་བོ་སྤྱི་བསྡུས་ཀྱི་སྔགས་བཛྲ་ཙཎྜ་འབྲུ་བཅུ་དགུ་པ་སྟེ། ཨོཾ་རབ་སྔགས། བཛྲ་རྡོ་རྗེ། ཙཎྜ་གཏུམ་པོ། སརྦ་ཐམས་ཅད། དུཥྚན་གདུག་པ་ཅན། ཏ་ཀ་མཐར་བྱེད། ཧ་ན་བསྣུན། ད་ཧ་སྲེག །པ་ཙ་ཚོས། ཧཱུྃ་ཕཊ྄ཿ ཅེས་ཐུགས་སྲོག་གིས་བསྐུལ་བ་དང༌། ཐབས་ཤེས་ཀྱི་དབྱིངས་སུ་གཏོར་སྡུད་པའི་དོན་ཏེ། ཊཱིཀ་བསྡུས་དོན་གྱི་ཆིངས་ལས། ཁྲོ་བོ་སྤྱི་བསྡུས་སྔགས་ཀྱི་གནད༔ དྲག་སྔགས་བཅུ་དགུ་པ་ལ་ཐུག༔ ཅེས་གསུངས་སོ། །སྤྱི་བསྡུས་ཀྱི་གྲངས་ཐེམས་པ་དང་སྒྲུབ་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་ཚུལ་དུ་ཕྱག་རྒྱ་རྒྱས་པའི་སྐབས་ལྟར། ཡང་དག་སོགས་རིགས་བཞིའི་ཁྲག་འཐུང་གི་བསྙེན་པ་རུ་ལུ་སོགས་ཀྱང་ཅུང་ཟད་རེ་བཟླས་ན་ལེགས་པར་སེམས་སོ། །དེ་ལྟར་ན་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་ཐུན་རེ་རེ་བཞིན་ངེས་པར་སྦྱར་དགོས་སོ། །གསུམ་པ་ལས་སྦྱོར་ནི། སངས་རྒྱས་རྣམས་ཐོག་མར་ཐུགས་བསྐྱེད་པའི་དུས་ནས་གཞན་ཕན་རླབས་པོ་ཆེའི་དམ་བཅའི་དབང་གིས་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་སྤྱོད་པས་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་གཞན་དོན་འབའ་ཞིག་ལ་འཇུག་པ་ཐེག་པ་ཆེན་པོའི་ཁྱད་ཆོས་ཏེ། ཁྱད་པར་དུ་གསང་སྔགས་ནི་ལྟ་དགོངས་ཏིང་འཛིན་གྱི་གནད་ཟབ་མོས་ད་ལྟ་ལམ་ལ་མོས་པས་སློབ་པའི་དུས་ནས་སངས་རྒྱས་ཀྱི་ཕྲིན་ལས་ལམ་དུ་བྱེད་ཕྱིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ལྷ་སྔགས་ཏིང་འཛིན་རྫས་ཀྱི་ལས་སྦྱོར་མང་དུ་གསུངས་ཏེ་རྣལ་འབྱོར་པས་དོན་གཉིས་སྒྲུབ་པའི་ཐབས་རྨད་དུ་བྱུང་བ་ནི། སྤྱིར་བྱང་ཆུབ་སྒྲུབ་པའི་གང་ཟག་གི་དོན་དུ་གཉེར་བྱའི་གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་ཁོ་ན་ཡིན་པས་མཆོག་གི་དངོས་གྲུབ་ཀྱི་ལམ་ལ་སྙིང་པོར་དྲིལ་བ་ལས། ཐུན་མོང་གི་ལས་བཞིའི་རིམ་པ་དང༌། ཁྱད་པར་མངོན་སྤྱོད་ཀྱི་ལས་རིམ་སོགས་གཙོ་བོར་བྱེད་མི་རུང་བ་དམ་པ་རྣམས་ཀྱིས་གསུངས་བཞིན་དོན་ལ་གནས་ཤིང་ཁྱད་པར་བརྒྱུད་པ་འདིའི་ཕྱག་བཞེས་ལ་བསྐྱེད་རྫོགས་གདམས་ངག་གི་ཟབ་གནད་ཐམས་ཅད་བདག་འཛིན་དང་ཉོན་མོངས་པའི་གཉེན་པོར་གནད་དུ་བསྒྲིལ་བ་ལས། ཆགས་སྡང་ཐ་མལ་གྱི་ཀུན་སློང་གིས་དྲག་པོའི་སྲུང་བཟློག་བསད་མནན་གཙོར་འདོན་མི་གནང་བའི་རྗེས་སུ་ངེས་པར་སློབ་པ་གལ་ཆེ་བ་ཉིད་ནའང༌། ཤིན་ཏུ་མི་སྲུན་པ་སྙིགས་དུས་འདིར་ཆོས་བྱེད་ཕལ་ཆེར་བར་ཆད་ཀྱི་གཞན་དབང་དུ་འགྱུར་ཞིང༌། བདུད་དང་དམ་སྲི་རྒྱལ་བསེན་ནག་ཕྱོགས་ཁ་དར་བའི་སྐབས་གུ་རུ་རིན་པོ་ཆེས་བོད་ཀྱི་གདུལ་བྱ་ལ་བརྩེ་བས་ཆེད་དུ་དགོངས་པའི་ལྷ་སྔགས་ཀྱི་གཉེན་པོ་གཅིག་ཆོག་འདི་ལྟ་བུ་ལ་རྫས་དང་འཁྲུལ་འཁོར་ཕྱག་ལེན་རྒྱས་པའི་ཕྱོགས་མ་ཡིན་པ་ཟབ་མོའི་ཏིང་འཛིན་གྱི་གནད་གཟེར་སྙིང་པོ་འདི་དག་བྱམས་དང་སྙིང་རྗེའི་རྩིས་ཟིན་ཅིང༌། ལྷ་དང་བླ་མ་སྔགས་ལ་ཡིད་ཆེས་ཀྱི་དད་པ་དང༌། དགོངས་པའི་སྲོག་གིས་ཟིན་པས་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་དག་ལ་མེད་དུ་མི་རུང་བའི་ལས་སྦྱོར་ཡིན་པས་རང་གཞན་བསྟན་འགྲོའི་དོན་དུ་ངེས་པར་ཉམས་སུ་བླངས་འོས་ལ། དེར་མ་ཟད་འདི་ནི་བཀའ་བརྒྱད་རྣམ་གསུམ་གྱི་བཅུད་དྲིལ་ལྟ་བུ་ཡིན་པས་དེ་དག་ཏུ་གསལ་བའི་ལས་སྦྱོར་འདི་ལ་སྦྱར་ཆོག་པ་ཀུན་མཁྱེན་བླ་མ་ཉིད་ཀྱི་ཞལ་ལས་ཐོས་ཞེས་རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསུངས་པ་ལྟར་ལ། སྤྱིར་སྔགས་ཀྱི་ལས་ཐམས་ཅད་དང་ཁྱད་པར་མངོན་སྤྱོད་ལ་རྫོང་འཕྲང་སྲོག་གསུམ་གྱི་ཉམས་ལེན་ཤེས་དགོས་པས་ན། རྫོང་ནི་ལྟ་བ་སྟེ་ལྟ་བ་གདེང་ལྡན་གྱི་རྫོང་ཟིན་ན་གང་ལ་ཡང་མི་འཇིགས་པར་རང་ཉིད་གཏན་སྲིད་ཟིན་པའི་ཕྱིར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་སུ་འདུ། རང་གི་སེམས་སྐྱེ་འགག་མེད་པ་རང་བྱུང་གི་ཡེ་ཤེས་བླ་མའི་མན་ངག་གིས་ངོ་འཕྲོད་པ་ནི་ལྟ་བའི་རྫོང་ཟིན་པ་ཡིན་ལ། ལྟ་ཐོག་ཏུ་མྱོང་བས་མ་སླེབས་ན་གོ་ཡུལ་ཙམ་གྱིས་ཕན་མི་ཐོགས་པས་སྒོམ་པའི་འཕྲང་བགྲོད་ཕྱིར་ལྟ་དོན་བཞིན་སྒོམ་པ་གལ་ཆེ་སྟེ། མ་སྒོམ་པར་སངས་རྒྱས་པ་ནི་རྡོ་རྗེ་སེམས་དཔས་ཀྱང་མ་གསུངས། ལྟ་སྒོམ་དེ་གཉིས་ཚད་དུ་འཁྱོལ་ན་འཁོར་འདས་ཀྱི་ཆོས་ཀུན་ལ་དབང་བསྒྱུར་བ་ཐོབ་པས་སྤྱོད་པའི་སྒོ་ནས་སྲོག་འཕྲོག་པ་སྟེ། དེ་ནི་རྣལ་འབྱོར་དབང་ཕྱུག་ཆེན་པོའི་དགོངས་པ་ཚད་དུ་འཁྱོལ་ནས་གསང་བའི་དགྲ་གསུམ་སོད། འཇིགས་པའི་བདུད་བཞི་ཆོམས། འགྲོ་དྲུག་གི་གཡང་ས་ཆོད་པའི་གནད་རྒྱས་པ་བཀའ་བརྒྱད་རྫོང་འཕྲང་ལས་གསུང་པ་ལྟར་ཤེས་དགོས་སོ། །དམིགས་གནད་དངོས་ནི་རྩ་བའི་བསྙེན་ཡིག་ཀུན་མཁྱེན་དངོས་ཀྱི་རྡོ་རྗེའི་གསུངས་ལྟར་ཏེ་སྤྱིར་བསྙེན་སྒྲུབ་ཀྱི་དམིགས་རིམ་ཐམས་ཅད་བསྙེན་ཡིག་ཏུ་ཞིབ་རྒྱས་སུ་གསུངས་པས་འདིར་ཡི་གེའི་ངལ་བ་མ་བྱས་ལ། དམིགས་བསལ་བསྙེན་སྒྲུབ་ཡན་ལག་བཞི་ནི་ལས་བྱང་གཅིག་གི་སྦྱོར་དངོས་རྗེས་དང༌། བསྙེན་བཟླས། རྫོགས་རིམ། རིག་འཛིན་བཞིའི་ལམ་ལ་སྦྱོར་བ་སོགས་ཐ་སྙད་དུ་མར་འཇུག་ཏུ་རུང་བ་ལས་སྐབས་འདིར་གོ་དོན་ཙམ་བཤད་ན་དཔལ་ཆེན་ཞལ་ལུང་ལས། བསླབ་ཕྱིར་བདག་སྲས་གཞན་སྲས་ནི༔ ཐུགས་རྗེའི་དབང་དང་ཤེས་རབ་དབང༔ ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་ལས༔ དང་པོ་བསྙེན་པ་བྱ་བ་ནི༔ སྣང་སྲིད་འཁོར་འདས་ཆོས་རྣམས་དང༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ༔ ཤེས་པར་བྱ་བ་དག་བསླབས་པས༔ བདག་གི་སྲས་སུ་དེ་བཞིན་གཤེགས༔ མངོན་དུ་བྱས་པར་གྱུར་བ་ཡིན༔ གཉིས་པ་ཡེ་ཤེས་ལྷ་ཉིད་དང༔ ཉེ་ཕྱིར་ཉེ་བའི་བསྙེན་པ་ནི༔ དེ་ཡི་བྱིན་རླབས་རྒྱུད་སྨིན་ཅིང༔ བླ་ན་མེད་པའི་ཡེ་ཤེས་ལ༔ མངོན་པར་བྱང་ཆུབ་ཉིད་དུ་སློབ༔ གསེར་ལ་བསྲེགས་བཅད་བརྡར་བ་བཞིན༔ རང་བཞིན་ནན་གྱིས་གོམས་པ་སྟེ༔ བདག་ཉིད་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བྱས་པ་ཉིད་དུའོ༔ གསུམ་པ་བསྒྲུབ་པར་བྱ་བ་ནི༔ བསྐྱེད་རྫོགས་གོམས་པའི་ཡེ་ཤེས་ཀྱི༔ ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས༔ འགྲོ་བ་ཀུན་གྱི་དོན་མཐུན་པར༔ དམ་ཚིག་ཆེན་པོས་འཇུག་པ་སྟེ༔ འདི་ནི་བདག་གི་སྲས་ཉིད་དུ༔ དེ་བཞིན་གཤེགས་པ་བྱས་པའོ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ ཚོགས་གཉིས་ཆེན་པོ་ལ་བརྟེན་ནས༔ བདག་གཞན་གཉིས་ཀས་ཚོགས་སྒྲུབ་ཀྱི༔ དཀྱིལ་འཁོར་བྱ་བ་ལ་ཞུགས་ཏེ༔ སྤང་རྟོགས་ཡོན་ཏན་མངོན་བྱས་པས༔ དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ༔ འདི་ནི་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བདག་ཉིད་བྱས་པའོ༔ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིས༔ རོལ་པ་རྣམ་བཀོད་ཆོ་འཕྲུལ་ལས༔ ཏིང་འཛིན་གདེང་དུ་གྱུར་པའི་མཐུས༔ ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ ལུས་རྒྱའི་སྦུབས་ནས་རྫོགས་པའོ༔ ཞེས་གསུངས་པའི་དོན་གཞི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་ཀུན་དོན་ལ་སྐུ་དང་ཡེ་ཤེས་གདན་གསུམ་ལྷའི་དཀྱིལ་འཁོར་དག་མཉམ་བདེན་པ་དབྱེར་མེད་དུ་ཤེས་པའི་ལྟ་སྒོམ་ནི་རྒྱུ་བདག་གི་ཕུང་ཁམས་སྐྱེ་མཆེད་ཀྱི་སྲས་སུ་འབྲས་བུ་གདན་གསུམ་ལྷའི་འཁོར་ལོ་གཞན་སྒྲུབ་པས་ཡིན་ལུགས་མངོན་གྱུར་གྱི་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་རྟོགས་པ་ནི་མཆོག་གི་དངོས་གྲུབ་ཀྱི་རྒྱུ་རྡོ་རྗེ་ཐེག་པའི་ལྟ་བ་མ་ནོར་བ་ཡིན་པ་ཐོག་མར་གཏན་ལ་དབབ་བྱ་བསྙེན་པའི་ཡན་ལག་དང༌། འདི་ནི་སྣོད་བཅུད་རྒྱུད་གསུམ་གྱི་གནས་སྣང་གཉིས་ཀ་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་བཞུགས་པ་དག་པ་སངས་རྒྱས་ཀྱི་ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཀྱི་ནུས་པས་ཡིན་པས་ན་ཐུགས་རྗེའི་དབང་ཞེས་གསུངས་པའོ། །ལྟ་སྒོམ་གྱི་གནད་དེ་ལ་ནན་ཏན་གྱིས་གོམས་པའི་ཕྱིར་སྟོང་པ་ཆེན་པོ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་ཀྱི་ལམ་ལ་བརྩོན་པས་གསེར་བཞུ་བཏུལ་བྱས་པ་བཞིན། འབྲས་བུ་དག་པ་ཡེ་ཤེས་ཀྱི་ལྷའི་བྱིན་རླབས་ཀྱི་ནུས་པས་རྒྱུ་སྣོད་བཅུད་རྒྱུད་གསུམ་གནས་སྣང་གཉིས་ཀར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་ཆེན་པོར་ཤར་བ་ནི། གཞན་དེ་བཞིན་གཤེགས་པའི་སྲས་སུ་བདག་གི་ཕུང་ཁམས་སྐྱེ་མཆེད་དག་པ་ཆེན་པོའི་ལྷའི་རོལ་པར་བྱིན་གྱིས་བརླབས་པ་སྟེ་མངོན་དུ་སད་པ་ནི་དག་པའི་གནས་སྣང་གི་ཡིན་ལུགས་མངོན་གྱུར་གྱི་ནུས་པ་ཐོན་པ་ཉེ་བསྙེན། གཞན་སྲས་ནི་བདག་དོན་གྱི་སྤངས་རྟོགས་ཕུན་སུམ་ཚོགས་པ་དང༌། བདེན་གཉིས་ལྷག་པའི་བདེན་པ་དབྱེར་མེད་དུ་ཤེས་པ་སངས་རྒྱས་ཀྱི་ཟབ་མོའི་དགོངས་དོན་མཐར་ཐུག་དབང་པོ་རྣོན་པོའི་ཤེས་རབ་ཀྱི་ནུས་པའི་དབང་གིས་རྟོགས་བྱར་གསུངས་པ་དང༌། དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་ལ་གོམས་པས་ནུས་པའི་གདེང་ཐོབ་སྟེ་ཚད་མེད་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བྱས་ན་སྣོད་བཅུད་དག་པ་ཧེ་རུ་ཀའི་ཞིང་དུ་བསྒྱུར་ནུས་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་ལྷའི་སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་སྲས་དེ་བཞིན་གཤེགས་པའི་གདུང་དུ་སེམས་ཅན་ཐམས་ཅད་བསྐྲུན་པ་སྒྲུབ་}} | ||
</onlyinclude> | </onlyinclude> |
Latest revision as of 08:09, 1 June 2024
🚧 This website is under continued development. We appreciate your patience!
Wylie title | rdzogs pa chen po klong chen snying gi thig le'i yi dam thugs sgrub bla ma drag mthing dpal chen 'dus pa'i las byang gi dgongs don cung zad bshad pa zab don gsal byed rin chen snang ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 21, Pages 230-323 (Folios 1a to 94a3) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Rdzogs pa chen po klong chen snying gi thig le'i yi dam thugs sgrub bla ma drag mthing dpal chen 'dus pa'i las byang gi dgongs don cung zad bshad pa zab don gsal byed rin chen snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 230-323. Delhi: Shechen Publications, 1994. | |
Genre | Detailed Explanation - rnam bshad | |
Cycle | རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ (rig 'dzin thugs sgrub dpal chen 'dus pa) | |
Parent Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Notes | The ending of this text is missing from the unicode file. |