DKR-KABUM-19-DZA-005: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཡུམ་ཀ་མཁའ་འགྲོ་མནྡ་ར་བ་རིགས་ལྔའི་ཚེའི་ལས་བྱང་འཆི་མེད་བདུད་རྩིའི་བུམ་བཟང་། | |||
|fulltitle='chi med pad+ma tshe yi snying thig las/ yum ka mkha' 'gro man+da ra ba rigs lnga'i tshe'i las byang 'chi med bdud rtsi'i bum bzang | |||
|citation=[[Khyentse, Dilgo]]. '''chi med pad+ma tshe yi snying thig las yum ka mkha' 'gro man+da ra ba rigs lnga'i tshe'i las byang 'chi med bdud rtsi'i bum bzang''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 19: 38-47. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|associatedpeople=man+dA ra ba | |||
|associatedpeopletib=མནྡཱ་ར་བ་ | |||
|tibgenre=Activity Manual - las byang, Longevity Rituals - tshe sgrub | |||
|terma=Yes | |||
|dkroutline=Six | |||
|cycle='chi med pad+ma tshe yi snying thig | |||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=019 | ||
| | |volnumtib=༡༩ | ||
|volyigtib=ཛ་ | |||
|totalvolumes=25 | |||
|textnuminvol=005 | |textnuminvol=005 | ||
|pagenumbers=38-47 | |||
|totalpages=20 | |||
|beginfolioline=1a | |||
|endfolioline=10b6 | |||
|totalfolios=10 | |||
|multivolumework=No | |||
|rectonotes=yum bka' | |||
|versonotes=pad+ma tshe yi snying thig | |||
|colophontib=ཅེས་ལམ་འདིར་སྔོན་སྨོན་ཟབ་མོས་འབྲེལ་བའི་ཆོས་ཀྱི་བདག་པོ་རིན་ཚང་ལྷ་ཡི་རིགས་ལས་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཆོས་སྐོར་འདིའི་རྩ་བ་གསུམ་གྱི་ལས་ཀྱི་བྱང་བུའི་ཕྱི་མོ་སྟབས་ཅིག་བསྐྲུན་རྒྱུའི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐུལ་བ་དང༌། ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་དང་སྟོན་པར་དད་སྟོབས་མངའ་བ་བླ་མ་དཀོན་མཆོག་འོད་ཟེར་ནས་ཀྱང་ཡང་ཡང་ནན་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཤིང་སྦྲུལ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔར་འཆི་མེད་རྡོ་རྗེའི་ཡི་གེ་རྣམ་པར་བཀྲ་བའི་གླིང་གི་གཙུག་ལག་ཁང་ཞིག་ཏུ་བྲིས་པས་ལུས་ཅན་རྣམས་འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དགའ་སྟོན་ལ་སྤྱོད་པའི་ཉེ་རྒྱུར་འགྱུར་བར་བླ་མ་ཡེ་ཤེས་ཌཱ་ཀིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ། དགེའོ།། | |||
|colophonwylie=ces lam 'dir sngon smon zab mos 'brel ba'i chos kyi bdag po rin tshang lha yi rigs las snying po'i rnal 'byor klong chen ye shes rdo rjes chos skor 'di'i rtsa ba gsum gyi las kyi byang bu'i phyi mo stabs cig bskrun rgyu'i thugs bskyed rmad du byung bas bskul ba dang*/_theg mchog rdo rje snying po'i bstan dang ston par dad stobs mnga' ba bla ma dkon mchog 'od zer nas kyang yang yang nan bskul ltar pad+ma gar dbang 'od gsal mdo sngags gling pas shing sbrul rgyal zla'i dkar phyogs kyi 'phel tshes bco lngar 'chi med rdo rje'i yi ge rnam par bkra ba'i gling gi gtsug lag khang zhig tu bris pas lus can rnams 'chi med rdo rje tshe yi dngos grub kyi dga' ston la spyod pa'i nye rgyur 'gyur bar bla ma ye shes DA kis byin gyis brlab tu gsol/_sarba mang+ga laM/_dge'o// | |||
|pdflink=File:DKR-KABUM-19-DZA-005.pdf | |pdflink=File:DKR-KABUM-19-DZA-005.pdf | ||
}} | }} | ||
Line 16: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཡུམ་ཀ་མཁའ་འགྲོ་མནྡ་ར་བ་རིགས་ལྔའི་ཚེའི་ལས་བྱང་འཆི་མེད་བདུད་རྩིའི་བུམ་བཟང་བཞུགས་སོ།། | {{TibP|༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས། ཡུམ་ཀ་མཁའ་འགྲོ་མནྡ་ར་བ་རིགས་ལྔའི་ཚེའི་ལས་བྱང་འཆི་མེད་བདུད་རྩིའི་བུམ་བཟང་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་མཎྜ་ལ་བྷྱཿ འོད་གསལ་དྭངས་མ་མི་ཤིགས་ཐིག་ལེའི་དཔྱིད། །སྲིད་ཞིའི་མཐའ་གྲོལ་དབྱིངས་ཕྱུག་མནྡ་ར། །ཚེ་བདག་རྒྱལ་བའི་དགའ་མ་དེར་བཏུད་ནས། །གང་གི་སྒྲུབ་ཐབས་ཁྲིགས་བསྡེབས་བཀླགས་ཆོག་དགོད། །དེ་ཡང་རང་བྱུང་པདྨའི་ཚེ་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་དྷཱ་ཀི་འདུས་པའི་བསྐྱེད་རིམ་ལ་འཇུག་པར་འདོད་པས། ཚེས་བཅུའི་དུས་མཆོད་དང་བསྙེན་སྒྲུབ་སོགས་སྤྲོས་པ་དང་འབྲེལ་ན་༢གཞུང་མཐུན་གྱི་དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་བྷནྡྷ་ཚེ་རྫས་དང་བདུད་རྩིས་བཀང་བར་སིནྡྷཱུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿ ཕྱོགས་བཞིར་ཧ་རི་ནི་སས་བསྐོར་བ་དང་ཤེལ་རྡོ་བཅས་བརྩེགས་མར་དར་དམར་གྱི་ལྡིང་གུར་ཕུབ། མདུན་དུ་ཚེ་འབྲང༌། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་མདའ་དར་རྣམས་དང༌། སྨན་རཀ་གཏོར་མ། ཉེར་སྤྱོད། ཚོགས་ཆད་བརྟན། བཀའ་སྲུང་གཏོར་འབུལ། དཀར་བགེགས་བཅས་འདུ་བགྱིས་ལ། སྒྲུབ་པོ་རྣམས་ཁ་ནུབ་ཏུ་ཕྱོགས་ཏེ་ངེས་འབྱུང་དང་དད་མོས་ཀྱི་ཡིད་དང་ལྡན་པས་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོའི་ཐོག་མར་བརྒྱུད་འདེབས་ནི། འཆི་མེད་མཆོག་གི་ས་བརྙེས་སྐུ་གསུམ་ལྷ། །འཆི་མེད་ཚེ་ཡི་ཡུམ་མཆོག་ཙཎྜ་ལི། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང༌། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་ཚེ་ཡི་སྒྲུབ་སྡེ་མནྡ་ར། །འཆི་མེད་མཁའ་སྤྱོད་མངོན་གྱུར་གཟུངས་མ་ལྔ། །འཆི་མེད་དཔྱིད་གྲུབ་རྗེ་འབངས་གྲོགས་ལྔ་ལ། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་གདམས་པའི་བཀའ་བབ་མཁྱེན་བརྩེའི་དབང༌། །འཆི་མེད་ཚེ་ཡི་བྱིན་ཐོབ་མདོ་སྔགས་གླིང༌། །འཆི་མེད་ཡེ་ཤེས་སྐུ་ཅན་ཆོས་བློ་གྲོས། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་རིག་འཛིན་བླ་མ་ཡི་དམ་ལྷ། །འཆི་མེད་ཡེ་ཤེས་ཌཱ་ཀིའི་དཀྱིལ་འཁོར་ཆེ། །འཆི་མེད་ཚེ་ཡི་བཀའ་གཏེར་སྲུང་མ་ལ། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་སྨིན། །འཆི་མེད་གྲུབ་པའི་ལམ་བཞི་མཐར་རུ་ཕྱིན། །འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་ནས། །འཆི་མེད་དོན་གཉིས་མཐར་རུ་སོན་པར་ཤོག །གཉིས་པ་སྐྱབས་སེམས་ནི། སྣོད་བཅུད་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་སད་པའི་མདུན་གྱི་ནམ་མཁར་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མནྡ་ར་བ་ལ་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་སོགས་འགྲོ་རྣམས་སྒོ་གསུམ་འཇུག་པ་གཅིག་པས་གུས་པ་དང་བཅས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་གྱུར། ཨ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་དབུགས་དབྱུང་ཕྱིར༔ འཆི་མེད་མཁའ་འགྲོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་དང༌། གསུམ་པ་བསག་སྦྱོང་སྙིང་པོ་ནི། ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ལན་གསུམ་མཐར། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་འགལ་རྐྱེན་བསལ་བའི་དང་པོ་ནག་ཕྱོགས་བསྐྲད་པ་ནི། རང་ཉིད་པདྨ་ཧེ་རུ་ཀ་ཡི་སྐུར་གྱུར། སྐབས་འདིར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་དགོས་ན་སྤྱི་ལྟར་བཏང༌། བགེགས་གཏོར་དངོས་སུ་བཤམས་ཡོད་ན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས། གྷྲྀ་ཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ། གང་དག་ནག་པོའི་ཕྱོགས་གྱུར་པའི། །གསང་སྤྱོད་བལྟ་བར་མི་དབང་ཀུན། །གཏོར་མའི་ལྷག་མ་འདི་ཁྱེར་ལ། །རང་རང་སོ་སོའི་གནས་སུ་དེངས། །ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར། ལྔ་པ་སྲུང་འཁོར་ནི། ཧཱུྃ། དབྱིངས་ཀྱི་ངང་ལས་རིག་པའི་རྩལ། །མི་ཕྱེད་རྡོ་རྗེ་སྲུང་བའི་གུར། །ཡེ་ཤེས་ཁྲོ་བོའི་ཚོགས་དང་བཅས། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ དྲུག་པ་མཐུན་རྐྱེན་སྒྲུབ་པའི་གཙོ་བོ་བྱིན་འབེབས་ནི། ཧྲཱིཿ ཀ་དག་དབྱིངས་ཀྱི་གཞལ་ཡས་ནས༔ ལྷུན་གྲུབ་རིག་པ་ཆོས་སྐུའི་ལྷས༔ སྲིད་ཞི་ཀུན་ཁྱབ་བྱིན་ཕོབ་ལ༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་སྩོལ༔ འོད་གསལ་ཁྱབ་བརྡལ་ཕོ་བྲང་ནས༔ ངེས་པ་ལྔ་ལྡན་ལོངས་སྐུ་ཡིས༔ ཡན་ལག་བདུན་གྱི་བྱིན་ཕོབ་ལ༔ སྟོན་འཁོར་དགོངས་མཉམ་དབང་བསྐུར་སྩོལ༔ ཟུང་འཇུག་ཆེན་པོའི་དཀྱིལ་འཁོར་ནས༔ རང་རིག་རྩལ་གྱི་སྤྲུལ་པའི་སྐུས༔ དབྱེར་མེད་ཆེན་པོར་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྣང་སྲིད་ཆོས་སྐུའི་རོལ་པར་སད༔ ཅིར་སྣང་བདེ་ཆེན་བརྡལ་བ་ཆེའི༔ སྐྱེ་འཆི་རང་དག་གཉུག་མའི་དབྱིངས༔ འདུ་འབྲལ་མེད་པའི་བྱིན་ཕོབ་ཅིག༔ ཨཱ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་སྤོས་རོལ་དར་སྣའི་གཡབ་མོས་བྱིན་དབབ། བདུན་པ་མཆོད་པ་བྱིན་རླབས་ནི། ཨ༔ སྣོད་བཅུད་དག་པ་ཡེ་ཤེས་མཁའ་འགྲོའི་དལ༔ ཅིར་སྣང་བདེ་ཆེན་སྒྱུ་མའི་མཆོད་པའི་སྤྲིན༔ སེམས་ཀྱི་རིན་ཆེན་ཡིད་བཞིན་ནོར་བུའི་གཏེར༔ ནམ་མཁའ་མཛོད་ཀྱི་འབྱོར་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཞེས་ལན་གསུམ། བསྙེན་པའི་ཐུན་ཕྱི་མ་དང་རྒྱུན་ཁྱེར་ལྟ་བུར་གཏེར་གཞུང་ལྟར་སྐྱབས་སེམས་དང་མཆོད་པ་བྱིན་རླབས་ཙམ་ལས་མ་གྲུབ་ཀྱང་རུང་ངོ༌། །གཉིས་པ་དངོས་གཞིའི་དང་པོ་སྐུ་རྡོ་རྗེའི་རྣལ་འབྱོར་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཨ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཡུམ་ཀུན་ཏུ་བཟང༔ ལོངས་སྐུ་རང་སྣང་མཁའ་ཁྱབ་སྙིང་རྗེའི་སྤྲིན༔ ཟུང་འཇུག་དྭངས་མའི་ཡི་གེ་ཧྲཱིཿདམར་པོ༔ སྲིད་ཞི་བརྟན་གཡོའི་དཔྱིད་ཀྱི་ཐིག་ལེར་ཤར༔ བདེ་བའི་འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ སྣང་སྲིད་བདེ་ཆེན་དག་པའི་རོལ་མོ་ལས༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང་ཆེན་པོ༔ ཚད་མེད་སྒོ་བཞི་རྣམ་ཐར་རྟ་བབ་རྫོགས༔ དབུས་སུ་ཆོས་འབྱུང་འདབ་བཞི་པདྨའི་ལྟེར༔ ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང༔ ཧྲཱིཿཡིག་ཟླ་བ་སྙོམས་པར་ཞུགས་པ་ལས༔ ཡོངས་གྱུར་དབྱིངས་ཕྱུག་དཔལ་མོ་མནྡ་ར༔ དམར་གསལ་འཆར་ཁའི་ཉི་གཞོན་ལང་ཚོ་རྒྱས༔ སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མཐོ་ལ་མཁྲེགས༔ ཆུ་སྐྱེས་རབ་རྒྱས་ཞལ་རས་མཛེས་འཛུམ་སྒེག༔ སྤྱན་གསུམ་འོད་གསལ་སྣང་བཞིའི་སྒྲོན་མེ་འཆར༔ ལྗགས་འདྲིལ་ཚེམས་ཀྱི་ཕྲེང་བ་ཅུང་ཟད་གསལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་འཕྱང་བའི་རྩེར༔ ནོར་བུའི་ཐོད་ཚུགས་རུས་པའི་འཁོར་ལོས་མཛེས༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔས་བརྒྱན་པའི༔ ཞབས་གཉིས་བརྐྱང་བསྐུམ་བདེ་བའི་གར་སྟབས་བསྒྱུར༔ ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་བདུད་རྩིས་ལྷན་སྐྱེས་སྟེར༔ དར་དཔྱང་པུཎྜ་རི་ཀའི་དོ་ཤལ་ཅན༔ ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་ན་འགྱིང༔ ཤར་དུ་མཱ་ཀི་ཀ་ལ་སིདྡྷི་དཀར༔ ལྷོ་རུ་སྤྱན་མ་ཤཱཀྱ་དེ་ཝི་སེར༔ ནུབ་ཏུ་བདེ་གཤེགས་བཀྲ་ཤིས་ཁྱེའུ་འདྲེན་མཐིང༔ བྱང་དུ་སྒྲོལ་མ་མཚོ་རྒྱལ་ལྗང་གསལ་མཛེས༔ ཀུན་ཀྱང་གཙོ་མཚུངས་སྣང་སྟོང་སྒྱུ་མའི་སྐུ༔ བདེ་བའི་ཉམས་ལྡན་འོད་གསལ་ཡེ་ཤེས་ལུས༔ མདའ་དར་བུམ་འཛིན་འབུམ་ཕྲག་ཌཱ་ཀིས་བསྐོར༔ གཙོ་མོའི་རིགས་བདག་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་ཁྲོ་འཛུམ་ཡིད་ཙམ་ཆགས་པའི་ཉམས༔ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ་ཡི་ཆས༔ ཕྱག་གཉིས་མདའ་དར་ཚེ་བུམ་བཅུད་ལྡན་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་འབར༔ པདྨ་ཟླ་བའི་གདན་ལ་རོལ་པའི་འཁོར༔ རྩ་གསུམ་རབ་འབྱམས་མཚོ་ལ་སྐར་བཞིན་བཀྲ༔ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་ཀྱི་མདོག༔ བེ་ཅོན་པདྨ་འཛིན་པ་ཁྲོ་བོའི་ཆས༔ ཕུང་ཁམས་དག་པ་བདེ་གཤེགས་རིགས་ལྔའི་དབང༔ ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས༔ གཉུག་མའི་སྒོ་གསུམ་བདེ་གསལ་མི་རྟོག་པའི༔ སྐུ་གསུང་ཐུགས་ཀྱི་གསང་བ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཞེས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་གདབ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿས་སྤྱི་བོའི་གནས་ལྔར་དབང་ལྷས་དབང་བསྐུར་དྲི་མ་དག་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །གཉིས་པ་སྤྱན་དྲང་བ་ནི། དྲི་ཞིམ་པོའི་སྤོས་དང་ཅང་ཏེའུ་དྲིལ་བུའི་རོལ་མོ་དབྱངས་སྙན་དང་བཅས་ཏེ། ཧྲཱིཿ རྣམ་པར་མི་རྟོག་ཨ་ཝ་དྷཱུ་ཏིའི་དབྱིངས༔ མི་འགྱུར་དྭངས་མའི་ཐིག་ལེ་ཆོས་སྐུའི་ཡུམ༔ བདེ་ཆེན་སྒྱུ་མར་རོལ་པ་ཌཱ་ཀིའི་ཚུལ༔ འབུམ་ཕྲག་ཡངས་པའི་ཚོམ་བུ་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞིའི་ཡེ་ཤེས་བསྐུར༔ གཉིས་སྣང་བདུད་བགེགས་སྐྱེ་མེད་ཀློང་དུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་འབྱུང་བའི་གནས༔ འཆི་མེད་རྡོ་རྗེའི་འོད་སྐུར་འགྲུབ་པར་མཛོད༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་མཎྜ་ལ་སརྦ་ས་མ་ཡ་ཛཿཛཿ ཞེས་པས་སྔར་བསྒོམས་པ་ལྟ་བུའི་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། གསུམ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧྲཱིཿ སེམས་ཀྱི་རྡོ་རྗེ་གདོད་ནས་ཝཱ་ར་ཧིཿ རྣམ་ཀུན་མཆོག་ལྡན་དབྱིངས་སུ་འདུ་འབྲལ་མེད༔ རོ་གཅིག་མཉམ་པའི་དེ་ཉིད་རྟོགས་པ་ཡི༔ གཉིས་མེད་ཆོས་སྐུའི་ཀློང་དུ་ཏིཥྛ་ལྷན༔ བཞི་པ་གཉིས་སུ་མེད་པའི་ངེས་ཤེས་ཀྱི་ཕྱག་གིས་བཏུད་པ་ནི། ཧྲཱིཿ འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ལ༔ བཟང་ངན་འཛིན་པའི་ཀུན་རྟོག་གདོད་ནས་དག༔ ཟག་མེད་འབྲས་བུ་གཞི་ལ་རྫོགས་པ་ཡི༔ ངོ་མཚར་ལྟ་བ་མཇལ་བའི་ཕྱག་ཀྱང་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་བསྟོད་ཀྱིས་བསྙེན་བཀུར་ཕྱིར་ཚོགས་བསགས་ནི། ཧྲཱིཿ སྣང་བ་སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་དུ༔ སྲིད་པ་རང་གྲོལ་བདེ་ཆེན་མཆོད་པར་ཤར༔ ཟུང་འཇུག་ཡུལ་དང་དབང་པོ་གཉིས་མེད་པའི༔ བློ་འདས་མཆོད་པ་དམ་པས་དགྱེས་གྱུར་ཅིག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཞེས་ཕྱི་མཆོད་དང༌། ཧྲཱིཿ ཕུང་ཁམས་དྲྭ་བར་སྡོམ་པའི་ཨ་མྲྀ་ཏ། སྲོག་རྩོལ་དྷཱུ་ཏིར་བསྒྲལ་བའི་རུ་དྷི་ར། །དབང་ཡུལ་བདེན་ཆེན་ཤར་བའི་བ་ལིཾ་ཏ། །འཆི་མེད་ཡེ་ཤེས་དྷཱ་ཀིའི་འཁོར་ལོར་མཆོད། །སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སྤྲོ་ན་སྨན་གྱི་བརྒྱུད་མཆོད་ནི། དབྱིངས་ཕྱུག་ཀུན་བཟང་ཁྱབ་བདག་ཝཱ་ར་ཧི། ཙཎྜ་ལི་དང་འཆི་མེད་པདྨ་འབྱུང༌། །འཁོར་ལོའི་དབང་ཕྱུག་དགྱེས་མ་མནྡ་རར། །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཐུགས་ཀྱི་གཟུངས་མ་ལྔ་དང་རྗེ་འབངས་ལྔ། །མཁྱེན་བརྩེའི་དབང་པོ་གར་དབང་མདོ་སྔགས་གླིང༌། །ཡེ་ཤེས་རྡོ་རྗེ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཆོས་དབྱིངས་རྡོ་རྗེ་བཙུན་མོའི་བདེ་ཆེན་གར། །འཆི་མེད་དྭངས་མའི་ལང་ཚོ་དྷཱ་ཀིའི་དལ། །རྒྱུད་སྡེ་རྒྱ་མཚོའི་ཆོས་སྐྱོང་གཏེར་གཞིའི་བདག །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །བདུད་རྩིའི་ཐིག་གཏོར་གྱིས་མཆོད་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུྃ། ཞེས་ལྷག་མ་དངོས་གྲུབ་བླང་བ་ནང་མཆོད་དང༌། ཧྲཱིཿ གདོད་ནས་དག་པ་གཏིང་གསལ་ཆོས་སྐུའི་དབྱིངས། །འཁོར་འདས་ཆོས་ཀུན་སྤང་བླང་བྱ་བྱེད་བྲལ། །རྟག་ཏུ་བདེ་ཆེན་འོད་གསལ་འཁོར་ལོ་ལས། །མི་འདའ་མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར། དྷརྨ་དྷཱ་ཏུ་ཨ༔ ཞེས་གསང་མཆོད་བཅས་སྤྲོས་པའི་ཡན་ལག་ཙམ་སྟེ། བསྡུ་ན་གཏེར་གཞུང་སྔགས་མཆོད་ཁོ་ནས་ཀྱང་རུང་ངོ༌། །གོང་གི་འཕྲོས་དོན་བསྟོད་པ་ནི། ཧྲཱིཿ ཀུན་འབྱུང་འབར་བའི་ཙཎྜ་ལིས་བསྲོས་པའི༔ དྭངས་མ་བདེ་ཆེན་ཞུ་བའི་དཔྱིད་ཀྱི་སྐུ༔ རྡོ་རྗེ་རྡུལ་བྲལ་ནམ་མཁའི་ལང་ཚོ་ཅན༔ ལྷན་ཅིག་སྐྱེས་པའི་བཙུན་མོར་བསྟོད་པར་བགྱི༔ བདེ་མཆོག་དགའ་བཞིའི་མེ་ཏོག་འཛུམ་པ་ལས། །དྭངས་མའི་དཔྱིད་ཀྱི་མཚན་དཔེའི་སྦྲང་རྩི་ཅན། །རིགས་ཀུན་ཁྱབ་བདག་བླ་མའི་དགྱེས་སྡེ་བཞི། །དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་རྣམས་ལ་བསྟོད། །རྣམ་ཀུན་མཆོག་ལྡན་ཤེས་རབ་ཕ་རོལ་ཕྱིན། །འཕགས་བཞིའི་སྤང་རྟོགས་རྫོགས་པའི་མངལ་ཁུར་ཅན། །རབ་འབྱམས་དངོས་གྲུབ་འདྲེན་པའི་ཕོ་ཉ་མོ། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །དྲུག་པ་གསུང་རྡོ་རྗེའི་རྣལ་འབྱོར་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ནི། དབང་དང་བདག་འཇུག་སྐབས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ཕཊ་ཛཿ བདག་ཉིད་ལས་ཡེ་ཤེས་ཀྱི་འཁོར་ལོ་གཉིས་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་འཕྲོས་ཏེ་མདུན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བཞུགས་ནས་སྒྲུབ་པའི་དམ་རྫས་རྣམས་འཆི་མེད་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་རླབས་པར་གྱུར། ཞེས་ཛཔ྄་ཁང་དབྱེ་ལ་གཙོ་བོའི་བསྙེན་བཟླས་ནི། རིགས་ཀྱི་ཡུམ་ལྔའི་ཐུགས་ཀར་ཡེ་ཤེས་སེམས༔ ཚེ་ཡི་ཡུམ་མཆོག་དམར་གསལ་བདེ་བ་རྒྱས༔ ལོངས་སྐུའི་རྒྱན་རྫོགས་མཉམ་གཞག་ཚེ་བུམ་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླ་ལ་རོལ་པའི༔ ཐུགས་ཀར་པདྨ་དམར་པོའི་གེ་སར་ཧྲཱིཿ རང་རིགས་སྔགས་ཀྱིས་བསྐོར་བའི་གསལ་སྣང་གིས༔ མ་དག་ཕུང་ཁམས་འཁྲུལ་པའི་བག་ཆགས་སྦྱངས༔ འཆི་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ༔ རྟག་བརྟན་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་སྭཱ་ཧཱ༔ རིགས་བཞིའི་དྷཱ་ཀིའི་སྒྲུབ་པའི་བཟླས་པ་ནི། རིགས་བཞིའི་ཌཱ་ཀིའི་ཐུགས་སྲོག་འོད་ཟེར་གྱིས༔ ཕྱི་འབྱུང་བཅུད་བསྡུས་དྭངས་མ་ལུས་ལ་ཐིམ༔ རྩ་རླུང་ཐིག་ལེ་མི་ཕྱེད་སྐུ་གསུམ་གྱི༔ རྡོ་རྗེ་ཡེ་ཤེས་གྲུབ་པའི་སྲོག་ཐོབ་གྱུར༔ ཨོཾ་བཛྲ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་རཏྣ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རིགས་བཞིའི་མཁའ་འགྲོའི་བསྙེན་བཟླས་སོ་སོར་བྱ། ལས་སྦྱོར་རྟ་མགྲིན་རིགས་བཞིའི་བཟླས་པ་ནི། གཙོ་མོ་རྣམ་ལྔའི་འོད་ཀྱིས་སྒོ་བ་བསྐུལ༔ ཐུན་མོང་ཁྱད་པར་ལས་བཞིའི་དངོས་གྲུབ་བསྡུས༔ བདག་ལ་ཐིམ་པས་མཉམ་ཉིད་རང་བྱུང་བའི༔ རྩོལ་མེད་མཁའ་ཁྱབ་དགོངས་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་སྭཱ་ཧཱ༔ གྲངས་བསྙེན་བྱེད་ན། གཞུང་ལས། བསྙེན་པ་འབྲུ་འབུམ་སྒྲུབ་པ་འབུམ་ཕྲག་གཅིག༔ ལས་སྦྱོར་ཁྲི་ཡིས་ངེས་པའི་རྟགས་མཐོང་ཞིང༔ རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི༔ རྟགས་ཀྱི་རིམ་པ་ལྷན་སྐྱེས་འཆར་བར་འགྱུར༔ ས་མ་ཡ༔ ཞེས་སོ། །བུམ་བཟླས་ལོགས་སུ་བྱ་བར་སྤྲོ་ན། རང་བྱུང་བདེ་སྐྱོང་གི་གཞལ་མེད་ཁང་དུ་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ་རང་གི་ཐུགས་ཀ་ནས་བྱུང་བའི་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། ལྷ་ཚོགས་རྣམས་རང་འོད་ལྷན་སྐྱེས་ཀྱི་ཧེ་རུ་ཀ་དང་རོལ་པས་འཆི་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན་སྦྱོར་མཚམས་ནས་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཡེ་ཤེས་ཀྱི་རྡོ་རྗེའི་བཅུད་དུ་འཁྱིལ་བར་གྱུར། ཞེས་དམིགས་ཏེ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་སྐབས་ཕྱེད་པ་བྱས་མཐར། ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་ཀྱི་བདུད་རྩིའི་ཟེགས་མ་ཕུལ་བས། ལྷ་རྣམས་ཆགས་པ་ཆེན་པོའི་རང་བཞིན་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར། ཐུན་མཐར་ཚེ་འགུགས་ནི། མདའ་དར་གཡབ་ལ་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཀློང༌། །བདེ་ཆེན་དགྱེས་མ་འབུམ་ཕྲག་མཁའ་འགྲོའི་གཙོ། །འཆི་མེད་གྲུབ་པའི་མེ་ཏོག་མནྡ་ར། རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ནས་བཞེངས། །སྐྱེ་འཆིའི་མཚན་མ་ཡོངས་དག་ཆོས་སྐུའི་མཁར། །ལྷན་སྐྱེས་གྲུབ་པའི་རྒྱལ་མོའི་ཡེ་ཤེས་སྤྲིན། །དབང་བཅུའི་བདུད་རྩི་བྲི་གང་མི་མངའ་བའི། །རྡོ་རྗེ་ཚེ་ཡི་བྱིན་རླབས་ད་ལྟ་སྩོལ། །ཕྱག་གཡས་ཚེ་དཔལ་འགུགས་པའི་མདའ་དར་ལས། །རིགས་ལྔའི་ཕོ་ཉ་ཞིང་ཁམས་ཡོངས་ཁྱབ་སྤྲོས། །སྲིད་དང་ཞི་བའི་བརྟན་གཡོའི་དྭངས་བཅུད་བསྡུས། །ཕྱག་གཡོན་ཚེ་ཡི་བུམ་པའི་ནང་དུ་བསྐྱིལ། །སྒྲུབ་མཆོག་ལུས་ངག་ཡིད་ལ་རྡོ་རྗེའི་དབང༌། །འཕོ་མེད་རྟག་པ་དམ་པའི་མཆོག་གྱུར་པ། །ཐབས་ཤེས་དམ་རྫས་བདེ་སྟོང་ཡེ་ཤེས་དངོས། །མྱོང་གྲོལ་གྲུབ་པའི་རྫས་ཀྱི་བཅུད་ལེན་སྩོལ། །སྒོ་གསུམ་མི་ཤིགས་དྭངས་མའི་ལང་ཚོར་སྨིན། །ཟག་བཅས་འཁྲུལ་པའི་སྐྱེ་འཆི་མིང་ཡང་མེད། །ལྷུན་གྲུབ་ཡེ་ཤེས་འཕོ་ཆེན་རྡོ་རྗེའི་སྐུ། །མངོན་སུམ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ་ཧ་རི་ནི་ས་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་ཚེ་བཅུད་བསྡུས་ཏེ། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཚེ། །གཏིང་གསལ་གཞོན་ནུ་བུམ་སྐུའི་དབྱིངས་སུ་སྦ། །མི་འགྱུར་རྡོ་རྗེའི་ཀློང་དུ་རྒྱས་བཏབ་པས། །ཟག་མེད་འདུས་མ་བྱས་པར་ལྷུན་གྱིས་གྲུབ། །དྷརྨ་དྷ་ཏུ་ཨཿ ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། །མཆོད་བསྟོད་མདོར་བསྡུས་ཡིག་བརྒྱ་བཟླ། །སྐབས་འདིར་བཀའ་སྲུང་གཏོར་ཆོག་བྱ། གསུམ་པ་རྗེས་རིམ་དང་པོ་ཚོགས་མཆོད་ནི། ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་ཐབས་ཤེས་ཀྱི་དམ་རྫས་རྣམས་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་བཀྲམ། བདུད་རྩིའི་ཟེགས་མས་བྲན་ཏེ། ཧྲཱིཿ བདེ་ཆེན་དབྱིངས་ནས་ཐམས་ཅད་ཀུན་ཏུ་བཟང༔ གཙང་དམེའི་འཛིན་རྟོག་དག་པའི་བདུད་རྩི་ཆེ༔ རང་བྱུང་འཆི་མེད་གྲུབ་པའི་བཅུད་ཀྱི་ལེན༔ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་རྫས་སུ་ཤར༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་བརླབས་ལ། ཕུད་རིམ་པ་གསུམ་དུ་སྤྲོས་ཏེ། ཧོ༔ རང་ལུས་གདན་གསུམ་ཡེ་ཤེས་ལྷ་ཡི་དལ༔ རྩ་ཁམས་རླུང་ཀུན་འཆི་མེད་མཁའ་འགྲོའི་མཆོག༔ ཐབས་ཤེས་དམ་རྫས་ཀུན་ཀྱང་མཆོད་པའི་རྫས༔ ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས་ཕུལ་བས༔ ཞལ་གྱི་ཐབ་ཁུང་ལས་བརྒྱུད་སྙིགས་མ་བསྲེགས༔ དྭངས་མ་འབར་བའི་གོས་དཀར་བྱིན་ཟ་ལས༔ བདེ་ཆེན་འཁོར་ལོའི་བླ་མ་ཡབ་ཡུམ་ལ༔ ཡེ་ཤེས་བདུད་རྩིའི་ཕུད་ཀྱི་མཆོད་པ་འབུལ༔ ལོངས་སྤྱོད་འཁོར་ལོའི་ཡི་དམ་རྒྱུད་སྡེའི་ཚོགས༔ རིགས་ལྔའི་དམ་རྫས་བདུད་རྩིའི་དགའ་སྟོན་འབུལ༔ ཆོས་ཀྱི་འཁོར་ལོའི་དབྱིངས་ཕྱུག་ཌཱ་ཀི་ལྔར༔ གཟུང་འཛིན་ཉམས་པ་བསྒྲལ་བའི་ཤ་ཁྲག་འབུལ༔ དམ་ཚིག་ཉམས་ཆག་ཉེས་པའི་དྲི་མ་བཤགས༔ སྐུ་གསུང་ཐུགས་ལ་དགྱེས་པ་རྨད་བྱུང་བའི༔ བདེ་ཆེན་སྣང་བས་དངོས་གྲུབ་བླ་ན་མེད༔ ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ་སྩོལ་གྱུར༔ མ་ཧཱ་པཱུ་ཛ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པའི་དང་པོ་བླ་མ་ལ་མཆོད་པ། བར་པས་ཡི་དམ་ལ་བསྐང་བཤགས། ཐ་མ་མཁའ་འགྲོ་ལ་བསྒྲལ་བསྟབ་ཀྱི་ཚུལ་དུ་གདོད་ནས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་རྩ་བ་གསུམ་གྱི་འཁོར་ལོར་རྫོགས་པ་ལ་འབུལ་ཞིང༌། རྒྱས་པར་སྤྲོ་ན་བསྐང་བ་འཆི་མེད་རྔ་སྒྲ་སྦྱར། ཡིག་བརྒྱ་བཟླས་ལ་དམ་ཚིག་གི་རྫས་ལ་རོལ། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ། ཌཱ་ཀི་ནི་ཨེ་ཨ་རལླི་ཕེཾ་ཕེཾ་གྱིས་ལྷག་མགྲོན་སྤྱན་དྲངས་ཏེ། ཧྲཱིཾ་ཕེཾ༔ ཟག་བཅས་ལྷག་མའི་ཕམ་ཕབ་ཨ་མྲྀ་ཏ༔ གནས་ཡུལ་ཞིང་སྐྱོང་ཌཱ་ཀིའི་ཚོགས་ལ་འབུལ༔ བདེན་དོན་དག་པའི་རྟེན་འབྲེལ་ལུགས་ལྡོག་གིས༔ སྲིད་པ་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཡེ་ཤེས་ཌཱ་ཀི་འདུས་པའི་གྲོང་ཁྱེར་དུ༔ གསང་མཆོག་དགྱེས་པའི་མཆོད་པ་འདི་ཕུལ་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུ་ཐོབ་ནས༔ མཁའ་མཉམ་འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག༔ སྨོན་ལམ་དང༌། རྡོ་རྗེའི་གླུ་གར་གཞན་ལས་འབྱུང་བ་ལྟར་རམ། བསྡུ་ན། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོ་སུ་ར་ཏི་སྟྭྃ༔ ཞེས་རོལ་མོ་དང་བཅས་པས་བྱ། གཉིས་པ་ཆད་ཐོ་ནི། ཧྲཱིཿ དུས་གསུམ་ལས་འདས་ཡེ་ཤེས་དབྱིངས༔ སྐུ་གསུམ་དྷ་ཀིའི་ཚོགས་རྣམས་ཀྱིས༔ གསང་ཆེན་ཆོས་འཁོར་བསྐོར་བའི་ཚེ༔ ཁས་བླང་སྲུང་མའི་ཚོགས་རྣམས་ཀུན༔ སྨན་རཀ་བ་ལིཾ་མཆོད་པ་བཞེས༔ འདོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་བརྟན་མ་ནི། ཧྲཱིཿ བོད་སྐྱོང་བརྟན་མ་ཌཱ་ཀི་ཆེ༔ བདུད་དང་གནོད་སྦྱིན་སྨན་མོའི་ཚོགས༔ འབུམ་ཕྲག་ཡངས་པས་བཤལ་ཆུ་བཞེས༔ གངས་ཅན་བདེ་བའི་ལས་མཛོད་ཅིག༔ བཞི་པ་རྟ་བྲོ་ནི། ཧྲཱི༔ རྣམ་ཐར་སྒོ་གསུམ་ཨེ་ཡི་དབྱིངས༔ གཟུང་འཛིན་དམ་སྲི་སྡེ་བཅས་མནན༔ ཡེ་ཤེས་རིག་པ་དཀྱིལ་འཁོར་ལྷས༔ སྣང་སྲིད་རོལ་པའི་བྲོ་བརྡུང་ངོ༔ སྟྭྃ་བྷ་ཡ་ནན༔ ལྔ་པ་དངོས་གྲུབ་བླང་བ་ནི། ཧྲཱིཿ ཟླ་གམ་དབང་ཆེན་ཚེ་ཡི་དཀྱིལ་འཁོར་དུ༔ བསྙེན་ཅིང་བསྒྲུབས་པའི་འཆི་མེད་མཁའ་འགྲོའི་ཚོགས༔ དེང་འདིར་ཐུགས་རྗེ་བརྩེ་བས་ཉེར་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་པ་གྲོལ་སྐབས་དངོས་གྲུབ་ཚེ་ཡི་རྫས་ལ་རོལ། རྒྱས་པར་སྤྲོ་ན་སྐབས་འདིར་བདག་འཇུག་གི་ཆོ་ག་སྦྱར་ཡང་རུང་ངོ༌། །གཏང་རག་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་དང༌། ནོངས་བཤགས་ནི། ཧྲཱིཿ ཡེ་ཤེས་དབྱིངས་སུ་རྣམ་དག་ཀྱང༔ མ་རྟོགས་ཐ་མལ་ནོངས་པ་ཀུན༔ གཉིས་སུ་མེད་པའི་ཚུལ་གྱིས་བཤགས༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ། དྲུག་པ་སྤྱིར་ཚུལ་འདིའི་ཕྲིན་ལས་གཏེར་གཞུང་དངོས་བསྟན་ལྟར་ན་རྫོགས་རིམ་ཆོས་དྲུག་གི་སྔོན་འགྲོའི་བསྐྱེད་རིམ་ཡིན་པས་སྤྲོས་བཅས་ཀྱི་རིམ་པ་མི་དགོས་ཀྱང་སྐབས་འདིར་སྒྲུབ་མཆོད་དང་ཚེས་བཅུའི་དུས་མཆོད་སོགས་ལ་ཅུང་ཟད་རྒྱས་པར་སྤྲོས་ན་འགལ་བ་མེད་པས་དུས་སྐབས་དེ་ཉིད་ཀྱི་ཉེར་བསྡུའི་རྣལ་འབྱོར་ནི། ཧྲཱིཿ བདག་སྣང་ཐམས་ཅད་འོད་གསལ་དབྱིངས༔ གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣང་སྟོང་སྒྱུ་མའི་སྐུར་ལྡང་ངོ༔ བཛྲ་རཀྵ་ཧཾ༔ བདུན་པ་བསྔོ་སྨོན་ཤིས་བརྗོད་ནི། འཆི་མེད་མཁའ་འགྲོ་བསྒྲུབས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་སྣང་བ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཀྱི་རིམ་པས་དགེ་ལེགས་སུ་བྱའོ། །བླ་མ་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་གཟིས། །རིག་རྩལ་འགགས་མེད་ཤར་རློམ་སྒྲུབ་ཕྲིན་ལ། །ཁྲིགས་བསྡེབས་བསམ་སྦྱོར་རྣམ་པར་དཀར་བའི་འབྲས། །བསྟན་འགྲོའི་དཔལ་དུ་མངོན་སུམ་སྨིན་གྱུར་ཅིག །ཅེས་ལམ་འདིར་སྔོན་སྨོན་ཟབ་མོས་འབྲེལ་བའི་ཆོས་ཀྱི་བདག་པོ་རིན་ཚང་ལྷ་ཡི་རིགས་ལས་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཆོས་སྐོར་འདིའི་རྩ་བ་གསུམ་གྱི་ལས་ཀྱི་བྱང་བུའི་ཕྱི་མོ་སྟབས་ཅིག་བསྐྲུན་རྒྱུའི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐུལ་བ་དང༌། ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་དང་སྟོན་པར་དད་སྟོབས་མངའ་བ་བླ་མ་དཀོན་མཆོག་འོད་ཟེར་ནས་ཀྱང་ཡང་ཡང་ནན་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཤིང་སྦྲུལ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔར་འཆི་མེད་རྡོ་རྗེའི་ཡི་གེ་རྣམ་པར་བཀྲ་བའི་གླིང་གི་གཙུག་ལག་ཁང་ཞིག་ཏུ་བྲིས་པས་ལུས་ཅན་རྣམས་འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དགའ་སྟོན་ལ་སྤྱོད་པའི་ཉེ་རྒྱུར་འགྱུར་བར་བླ་མ་ཡེ་ཤེས་ཌཱ་ཀིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ། དགེའོ།། །།}} | ༄༅། །ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་མཎྜ་ལ་བྷྱཿ འོད་གསལ་དྭངས་མ་མི་ཤིགས་ཐིག་ལེའི་དཔྱིད། །སྲིད་ཞིའི་མཐའ་གྲོལ་དབྱིངས་ཕྱུག་མནྡ་ར། །ཚེ་བདག་རྒྱལ་བའི་དགའ་མ་དེར་བཏུད་ནས། །གང་གི་སྒྲུབ་ཐབས་ཁྲིགས་བསྡེབས་བཀླགས་ཆོག་དགོད། །དེ་ཡང་རང་བྱུང་པདྨའི་ཚེ་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་དྷཱ་ཀི་འདུས་པའི་བསྐྱེད་རིམ་ལ་འཇུག་པར་འདོད་པས། ཚེས་བཅུའི་དུས་མཆོད་དང་བསྙེན་སྒྲུབ་སོགས་སྤྲོས་པ་དང་འབྲེལ་ན་༢གཞུང་མཐུན་གྱི་དཀྱིལ་འཁོར་རམ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་བྷནྡྷ་ཚེ་རྫས་དང་བདུད་རྩིས་བཀང་བར་སིནྡྷཱུ་རའི་མེ་ལོང་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཧྲཱིཿ ཕྱོགས་བཞིར་ཧ་རི་ནི་སས་བསྐོར་བ་དང་ཤེལ་རྡོ་བཅས་བརྩེགས་མར་དར་དམར་གྱི་ལྡིང་གུར་ཕུབ། མདུན་དུ་ཚེ་འབྲང༌། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང༌། རྒྱབ་ཏུ་མདའ་དར་རྣམས་དང༌། སྨན་རཀ་གཏོར་མ། ཉེར་སྤྱོད། ཚོགས་ཆད་བརྟན། བཀའ་སྲུང་གཏོར་འབུལ། དཀར་བགེགས་བཅས་འདུ་བགྱིས་ལ། སྒྲུབ་པོ་རྣམས་ཁ་ནུབ་ཏུ་ཕྱོགས་ཏེ་ངེས་འབྱུང་དང་དད་མོས་ཀྱི་ཡིད་དང་ལྡན་པས་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོའི་ཐོག་མར་བརྒྱུད་འདེབས་ནི། འཆི་མེད་མཆོག་གི་ས་བརྙེས་སྐུ་གསུམ་ལྷ། །འཆི་མེད་ཚེ་ཡི་ཡུམ་མཆོག་ཙཎྜ་ལི། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང༌། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་ཚེ་ཡི་སྒྲུབ་སྡེ་མནྡ་ར། །འཆི་མེད་མཁའ་སྤྱོད་མངོན་གྱུར་གཟུངས་མ་ལྔ། །འཆི་མེད་དཔྱིད་གྲུབ་རྗེ་འབངས་གྲོགས་ལྔ་ལ། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་གདམས་པའི་བཀའ་བབ་མཁྱེན་བརྩེའི་དབང༌། །འཆི་མེད་ཚེ་ཡི་བྱིན་ཐོབ་མདོ་སྔགས་གླིང༌། །འཆི་མེད་ཡེ་ཤེས་སྐུ་ཅན་ཆོས་བློ་གྲོས། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་རིག་འཛིན་བླ་མ་ཡི་དམ་ལྷ། །འཆི་མེད་ཡེ་ཤེས་ཌཱ་ཀིའི་དཀྱིལ་འཁོར་ཆེ། །འཆི་མེད་ཚེ་ཡི་བཀའ་གཏེར་སྲུང་མ་ལ། །འཆི་མེད་མཆོག་དངོས་གྲུབ་པར་གསོལ་བ་འདེབས། །འཆི་མེད་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་སྨིན། །འཆི་མེད་གྲུབ་པའི་ལམ་བཞི་མཐར་རུ་ཕྱིན། །འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་ནས། །འཆི་མེད་དོན་གཉིས་མཐར་རུ་སོན་པར་ཤོག །གཉིས་པ་སྐྱབས་སེམས་ནི། སྣོད་བཅུད་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་སད་པའི་མདུན་གྱི་ནམ་མཁར་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་མནྡ་ར་བ་ལ་སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་བདག་སོགས་འགྲོ་རྣམས་སྒོ་གསུམ་འཇུག་པ་གཅིག་པས་གུས་པ་དང་བཅས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པར་གྱུར། ཨ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་དབུགས་དབྱུང་ཕྱིར༔ འཆི་མེད་མཁའ་འགྲོའི་རྣལ་འབྱོར་བསྒོམ་པར་བགྱི༔ ལན་གསུམ་དང༌། གསུམ་པ་བསག་སྦྱོང་སྙིང་པོ་ནི། ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །ལན་གསུམ་མཐར། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། བཞི་པ་འགལ་རྐྱེན་བསལ་བའི་དང་པོ་ནག་ཕྱོགས་བསྐྲད་པ་ནི། རང་ཉིད་པདྨ་ཧེ་རུ་ཀ་ཡི་སྐུར་གྱུར། སྐབས་འདིར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་དགོས་ན་སྤྱི་ལྟར་བཏང༌། བགེགས་གཏོར་དངོས་སུ་བཤམས་ཡོད་ན། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས། གྷྲྀ་ཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ལ། ཧཱུྃ། གང་དག་ནག་པོའི་ཕྱོགས་གྱུར་པའི། །གསང་སྤྱོད་བལྟ་བར་མི་དབང་ཀུན། །གཏོར་མའི་ལྷག་མ་འདི་ཁྱེར་ལ། །རང་རང་སོ་སོའི་གནས་སུ་དེངས། །ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར། ལྔ་པ་སྲུང་འཁོར་ནི། ཧཱུྃ། དབྱིངས་ཀྱི་ངང་ལས་རིག་པའི་རྩལ། །མི་ཕྱེད་རྡོ་རྗེ་སྲུང་བའི་གུར། །ཡེ་ཤེས་ཁྲོ་བོའི་ཚོགས་དང་བཅས། །མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ དྲུག་པ་མཐུན་རྐྱེན་སྒྲུབ་པའི་གཙོ་བོ་བྱིན་འབེབས་ནི། ཧྲཱིཿ ཀ་དག་དབྱིངས་ཀྱི་གཞལ་ཡས་ནས༔ ལྷུན་གྲུབ་རིག་པ་ཆོས་སྐུའི་ལྷས༔ སྲིད་ཞི་ཀུན་ཁྱབ་བྱིན་ཕོབ་ལ༔ ཡེ་ཤེས་རྡོ་རྗེའི་དབང་བསྐུར་སྩོལ༔ འོད་གསལ་ཁྱབ་བརྡལ་ཕོ་བྲང་ནས༔ ངེས་པ་ལྔ་ལྡན་ལོངས་སྐུ་ཡིས༔ ཡན་ལག་བདུན་གྱི་བྱིན་ཕོབ་ལ༔ སྟོན་འཁོར་དགོངས་མཉམ་དབང་བསྐུར་སྩོལ༔ ཟུང་འཇུག་ཆེན་པོའི་དཀྱིལ་འཁོར་ནས༔ རང་རིག་རྩལ་གྱི་སྤྲུལ་པའི་སྐུས༔ དབྱེར་མེད་ཆེན་པོར་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྣང་སྲིད་ཆོས་སྐུའི་རོལ་པར་སད༔ ཅིར་སྣང་བདེ་ཆེན་བརྡལ་བ་ཆེའི༔ སྐྱེ་འཆི་རང་དག་གཉུག་མའི་དབྱིངས༔ འདུ་འབྲལ་མེད་པའི་བྱིན་ཕོབ་ཅིག༔ ཨཱ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་སྤོས་རོལ་དར་སྣའི་གཡབ་མོས་བྱིན་དབབ། བདུན་པ་མཆོད་པ་བྱིན་རླབས་ནི། ཨ༔ སྣོད་བཅུད་དག་པ་ཡེ་ཤེས་མཁའ་འགྲོའི་དལ༔ ཅིར་སྣང་བདེ་ཆེན་སྒྱུ་མའི་མཆོད་པའི་སྤྲིན༔ སེམས་ཀྱི་རིན་ཆེན་ཡིད་བཞིན་ནོར་བུའི་གཏེར༔ ནམ་མཁའ་མཛོད་ཀྱི་འབྱོར་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཞེས་ལན་གསུམ། བསྙེན་པའི་ཐུན་ཕྱི་མ་དང་རྒྱུན་ཁྱེར་ལྟ་བུར་གཏེར་གཞུང་ལྟར་སྐྱབས་སེམས་དང་མཆོད་པ་བྱིན་རླབས་ཙམ་ལས་མ་གྲུབ་ཀྱང་རུང་ངོ༌། །གཉིས་པ་དངོས་གཞིའི་དང་པོ་སྐུ་རྡོ་རྗེའི་རྣལ་འབྱོར་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ནི། ཨ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཡུམ་ཀུན་ཏུ་བཟང༔ ལོངས་སྐུ་རང་སྣང་མཁའ་ཁྱབ་སྙིང་རྗེའི་སྤྲིན༔ ཟུང་འཇུག་དྭངས་མའི་ཡི་གེ་ཧྲཱིཿདམར་པོ༔ སྲིད་ཞི་བརྟན་གཡོའི་དཔྱིད་ཀྱི་ཐིག་ལེར་ཤར༔ བདེ་བའི་འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ སྣང་སྲིད་བདེ་ཆེན་དག་པའི་རོལ་མོ་ལས༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང་ཆེན་པོ༔ ཚད་མེད་སྒོ་བཞི་རྣམ་ཐར་རྟ་བབ་རྫོགས༔ དབུས་སུ་ཆོས་འབྱུང་འདབ་བཞི་པདྨའི་ལྟེར༔ ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང༔ ཧྲཱིཿཡིག་ཟླ་བ་སྙོམས་པར་ཞུགས་པ་ལས༔ ཡོངས་གྱུར་དབྱིངས་ཕྱུག་དཔལ་མོ་མནྡ་ར༔ དམར་གསལ་འཆར་ཁའི་ཉི་གཞོན་ལང་ཚོ་རྒྱས༔ སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མཐོ་ལ་མཁྲེགས༔ ཆུ་སྐྱེས་རབ་རྒྱས་ཞལ་རས་མཛེས་འཛུམ་སྒེག༔ སྤྱན་གསུམ་འོད་གསལ་སྣང་བཞིའི་སྒྲོན་མེ་འཆར༔ ལྗགས་འདྲིལ་ཚེམས་ཀྱི་ཕྲེང་བ་ཅུང་ཟད་གསལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་འཕྱང་བའི་རྩེར༔ ནོར་བུའི་ཐོད་ཚུགས་རུས་པའི་འཁོར་ལོས་མཛེས༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔས་བརྒྱན་པའི༔ ཞབས་གཉིས་བརྐྱང་བསྐུམ་བདེ་བའི་གར་སྟབས་བསྒྱུར༔ ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་བདུད་རྩིས་ལྷན་སྐྱེས་སྟེར༔ དར་དཔྱང་པུཎྜ་རི་ཀའི་དོ་ཤལ་ཅན༔ ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་ན་འགྱིང༔ ཤར་དུ་མཱ་ཀི་ཀ་ལ་སིདྡྷི་དཀར༔ ལྷོ་རུ་སྤྱན་མ་ཤཱཀྱ་དེ་ཝི་སེར༔ ནུབ་ཏུ་བདེ་གཤེགས་བཀྲ་ཤིས་ཁྱེའུ་འདྲེན་མཐིང༔ བྱང་དུ་སྒྲོལ་མ་མཚོ་རྒྱལ་ལྗང་གསལ་མཛེས༔ ཀུན་ཀྱང་གཙོ་མཚུངས་སྣང་སྟོང་སྒྱུ་མའི་སྐུ༔ བདེ་བའི་ཉམས་ལྡན་འོད་གསལ་ཡེ་ཤེས་ལུས༔ མདའ་དར་བུམ་འཛིན་འབུམ་ཕྲག་ཌཱ་ཀིས་བསྐོར༔ གཙོ་མོའི་རིགས་བདག་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་ཁྲོ་འཛུམ་ཡིད་ཙམ་ཆགས་པའི་ཉམས༔ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ་ཡི་ཆས༔ ཕྱག་གཉིས་མདའ་དར་ཚེ་བུམ་བཅུད་ལྡན་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་འབར༔ པདྨ་ཟླ་བའི་གདན་ལ་རོལ་པའི་འཁོར༔ རྩ་གསུམ་རབ་འབྱམས་མཚོ་ལ་སྐར་བཞིན་བཀྲ༔ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་ཀྱི་མདོག༔ བེ་ཅོན་པདྨ་འཛིན་པ་ཁྲོ་བོའི་ཆས༔ ཕུང་ཁམས་དག་པ་བདེ་གཤེགས་རིགས་ལྔའི་དབང༔ ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས༔ གཉུག་མའི་སྒོ་གསུམ་བདེ་གསལ་མི་རྟོག་པའི༔ སྐུ་གསུང་ཐུགས་ཀྱི་གསང་བ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཞེས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཕྱག་རྒྱས་གདབ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿས་སྤྱི་བོའི་གནས་ལྔར་དབང་ལྷས་དབང་བསྐུར་དྲི་མ་དག་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །གཉིས་པ་སྤྱན་དྲང་བ་ནི། དྲི་ཞིམ་པོའི་སྤོས་དང་ཅང་ཏེའུ་དྲིལ་བུའི་རོལ་མོ་དབྱངས་སྙན་དང་བཅས་ཏེ། ཧྲཱིཿ རྣམ་པར་མི་རྟོག་ཨ་ཝ་དྷཱུ་ཏིའི་དབྱིངས༔ མི་འགྱུར་དྭངས་མའི་ཐིག་ལེ་ཆོས་སྐུའི་ཡུམ༔ བདེ་ཆེན་སྒྱུ་མར་རོལ་པ་ཌཱ་ཀིའི་ཚུལ༔ འབུམ་ཕྲག་ཡངས་པའི་ཚོམ་བུ་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞིའི་ཡེ་ཤེས་བསྐུར༔ གཉིས་སྣང་བདུད་བགེགས་སྐྱེ་མེད་ཀློང་དུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་འབྱུང་བའི་གནས༔ འཆི་མེད་རྡོ་རྗེའི་འོད་སྐུར་འགྲུབ་པར་མཛོད༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་མཎྜ་ལ་སརྦ་ས་མ་ཡ་ཛཿཛཿ ཞེས་པས་སྔར་བསྒོམས་པ་ལྟ་བུའི་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། གསུམ་པ་དམ་ཡེ་གཉིས་མེད་དུ་བསྟིམ་པ་ནི། ཧྲཱིཿ སེམས་ཀྱི་རྡོ་རྗེ་གདོད་ནས་ཝཱ་ར་ཧིཿ རྣམ་ཀུན་མཆོག་ལྡན་དབྱིངས་སུ་འདུ་འབྲལ་མེད༔ རོ་གཅིག་མཉམ་པའི་དེ་ཉིད་རྟོགས་པ་ཡི༔ གཉིས་མེད་ཆོས་སྐུའི་ཀློང་དུ་ཏིཥྛ་ལྷན༔ བཞི་པ་གཉིས་སུ་མེད་པའི་ངེས་ཤེས་ཀྱི་ཕྱག་གིས་བཏུད་པ་ནི། ཧྲཱིཿ འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ལ༔ བཟང་ངན་འཛིན་པའི་ཀུན་རྟོག་གདོད་ནས་དག༔ ཟག་མེད་འབྲས་བུ་གཞི་ལ་རྫོགས་པ་ཡི༔ ངོ་མཚར་ལྟ་བ་མཇལ་བའི་ཕྱག་ཀྱང་འཚལ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་བསྟོད་ཀྱིས་བསྙེན་བཀུར་ཕྱིར་ཚོགས་བསགས་ནི། ཧྲཱིཿ སྣང་བ་སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་དུ༔ སྲིད་པ་རང་གྲོལ་བདེ་ཆེན་མཆོད་པར་ཤར༔ ཟུང་འཇུག་ཡུལ་དང་དབང་པོ་གཉིས་མེད་པའི༔ བློ་འདས་མཆོད་པ་དམ་པས་དགྱེས་གྱུར་ཅིག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་ཧོཿ ཞེས་ཕྱི་མཆོད་དང༌། ཧྲཱིཿ ཕུང་ཁམས་དྲྭ་བར་སྡོམ་པའི་ཨ་མྲྀ་ཏ། སྲོག་རྩོལ་དྷཱུ་ཏིར་བསྒྲལ་བའི་རུ་དྷི་ར། །དབང་ཡུལ་བདེན་ཆེན་ཤར་བའི་བ་ལིཾ་ཏ། །འཆི་མེད་ཡེ་ཤེས་དྷཱ་ཀིའི་འཁོར་ལོར་མཆོད། །སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། སྤྲོ་ན་སྨན་གྱི་བརྒྱུད་མཆོད་ནི། དབྱིངས་ཕྱུག་ཀུན་བཟང་ཁྱབ་བདག་ཝཱ་ར་ཧི། ཙཎྜ་ལི་དང་འཆི་མེད་པདྨ་འབྱུང༌། །འཁོར་ལོའི་དབང་ཕྱུག་དགྱེས་མ་མནྡ་རར། །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཐུགས་ཀྱི་གཟུངས་མ་ལྔ་དང་རྗེ་འབངས་ལྔ། །མཁྱེན་བརྩེའི་དབང་པོ་གར་དབང་མདོ་སྔགས་གླིང༌། །ཡེ་ཤེས་རྡོ་རྗེ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཆོས་དབྱིངས་རྡོ་རྗེ་བཙུན་མོའི་བདེ་ཆེན་གར། །འཆི་མེད་དྭངས་མའི་ལང་ཚོ་དྷཱ་ཀིའི་དལ། །རྒྱུད་སྡེ་རྒྱ་མཚོའི་ཆོས་སྐྱོང་གཏེར་གཞིའི་བདག །སྨན་མཆོད་འབུལ་ལོ་ཚེ་དང་ཡེ་ཤེས་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །བདུད་རྩིའི་ཐིག་གཏོར་གྱིས་མཆོད་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུྃ། ཞེས་ལྷག་མ་དངོས་གྲུབ་བླང་བ་ནང་མཆོད་དང༌། ཧྲཱིཿ གདོད་ནས་དག་པ་གཏིང་གསལ་ཆོས་སྐུའི་དབྱིངས། །འཁོར་འདས་ཆོས་ཀུན་སྤང་བླང་བྱ་བྱེད་བྲལ། །རྟག་ཏུ་བདེ་ཆེན་འོད་གསལ་འཁོར་ལོ་ལས། །མི་འདའ་མཆོད་པའི་ཕྱག་རྒྱ་ཆེན་པོར་ཤར། དྷརྨ་དྷཱ་ཏུ་ཨ༔ ཞེས་གསང་མཆོད་བཅས་སྤྲོས་པའི་ཡན་ལག་ཙམ་སྟེ། བསྡུ་ན་གཏེར་གཞུང་སྔགས་མཆོད་ཁོ་ནས་ཀྱང་རུང་ངོ༌། །གོང་གི་འཕྲོས་དོན་བསྟོད་པ་ནི། ཧྲཱིཿ ཀུན་འབྱུང་འབར་བའི་ཙཎྜ་ལིས་བསྲོས་པའི༔ དྭངས་མ་བདེ་ཆེན་ཞུ་བའི་དཔྱིད་ཀྱི་སྐུ༔ རྡོ་རྗེ་རྡུལ་བྲལ་ནམ་མཁའི་ལང་ཚོ་ཅན༔ ལྷན་ཅིག་སྐྱེས་པའི་བཙུན་མོར་བསྟོད་པར་བགྱི༔ བདེ་མཆོག་དགའ་བཞིའི་མེ་ཏོག་འཛུམ་པ་ལས། །དྭངས་མའི་དཔྱིད་ཀྱི་མཚན་དཔེའི་སྦྲང་རྩི་ཅན། །རིགས་ཀུན་ཁྱབ་བདག་བླ་མའི་དགྱེས་སྡེ་བཞི། །དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་རྣམས་ལ་བསྟོད། །རྣམ་ཀུན་མཆོག་ལྡན་ཤེས་རབ་ཕ་རོལ་ཕྱིན། །འཕགས་བཞིའི་སྤང་རྟོགས་རྫོགས་པའི་མངལ་ཁུར་ཅན། །རབ་འབྱམས་དངོས་གྲུབ་འདྲེན་པའི་ཕོ་ཉ་མོ། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །དྲུག་པ་གསུང་རྡོ་རྗེའི་རྣལ་འབྱོར་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ནི། དབང་དང་བདག་འཇུག་སྐབས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་དྷཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ཕཊ་ཛཿ བདག་ཉིད་ལས་ཡེ་ཤེས་ཀྱི་འཁོར་ལོ་གཉིས་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་འཕྲོས་ཏེ་མདུན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བཞུགས་ནས་སྒྲུབ་པའི་དམ་རྫས་རྣམས་འཆི་མེད་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་རླབས་པར་གྱུར། ཞེས་ཛཔ྄་ཁང་དབྱེ་ལ་གཙོ་བོའི་བསྙེན་བཟླས་ནི། རིགས་ཀྱི་ཡུམ་ལྔའི་ཐུགས་ཀར་ཡེ་ཤེས་སེམས༔ ཚེ་ཡི་ཡུམ་མཆོག་དམར་གསལ་བདེ་བ་རྒྱས༔ ལོངས་སྐུའི་རྒྱན་རྫོགས་མཉམ་གཞག་ཚེ་བུམ་བསྣམས༔ རྡོ་རྗེའི་སྐྱིལ་ཀྲུང་པད་ཟླ་ལ་རོལ་པའི༔ ཐུགས་ཀར་པདྨ་དམར་པོའི་གེ་སར་ཧྲཱིཿ རང་རིགས་སྔགས་ཀྱིས་བསྐོར་བའི་གསལ་སྣང་གིས༔ མ་དག་ཕུང་ཁམས་འཁྲུལ་པའི་བག་ཆགས་སྦྱངས༔ འཆི་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ༔ རྟག་བརྟན་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་སྭཱ་ཧཱ༔ རིགས་བཞིའི་དྷཱ་ཀིའི་སྒྲུབ་པའི་བཟླས་པ་ནི། རིགས་བཞིའི་ཌཱ་ཀིའི་ཐུགས་སྲོག་འོད་ཟེར་གྱིས༔ ཕྱི་འབྱུང་བཅུད་བསྡུས་དྭངས་མ་ལུས་ལ་ཐིམ༔ རྩ་རླུང་ཐིག་ལེ་མི་ཕྱེད་སྐུ་གསུམ་གྱི༔ རྡོ་རྗེ་ཡེ་ཤེས་གྲུབ་པའི་སྲོག་ཐོབ་གྱུར༔ ཨོཾ་བཛྲ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་རཏྣ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་རིགས་བཞིའི་མཁའ་འགྲོའི་བསྙེན་བཟླས་སོ་སོར་བྱ། ལས་སྦྱོར་རྟ་མགྲིན་རིགས་བཞིའི་བཟླས་པ་ནི། གཙོ་མོ་རྣམ་ལྔའི་འོད་ཀྱིས་སྒོ་བ་བསྐུལ༔ ཐུན་མོང་ཁྱད་པར་ལས་བཞིའི་དངོས་གྲུབ་བསྡུས༔ བདག་ལ་ཐིམ་པས་མཉམ་ཉིད་རང་བྱུང་བའི༔ རྩོལ་མེད་མཁའ་ཁྱབ་དགོངས་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་སྭཱ་ཧཱ༔ གྲངས་བསྙེན་བྱེད་ན། གཞུང་ལས། བསྙེན་པ་འབྲུ་འབུམ་སྒྲུབ་པ་འབུམ་ཕྲག་གཅིག༔ ལས་སྦྱོར་ཁྲི་ཡིས་ངེས་པའི་རྟགས་མཐོང་ཞིང༔ རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི༔ རྟགས་ཀྱི་རིམ་པ་ལྷན་སྐྱེས་འཆར་བར་འགྱུར༔ ས་མ་ཡ༔ ཞེས་སོ། །བུམ་བཟླས་ལོགས་སུ་བྱ་བར་སྤྲོ་ན། རང་བྱུང་བདེ་སྐྱོང་གི་གཞལ་མེད་ཁང་དུ་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོའི་དཀྱིལ་འཁོར་མ་འདྲེས་གསལ་རྫོགས་སུ་བཞུགས་པ་ལ་རང་གི་ཐུགས་ཀ་ནས་བྱུང་བའི་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ཐུགས་རྒྱུད་བསྐུལ། ལྷ་ཚོགས་རྣམས་རང་འོད་ལྷན་སྐྱེས་ཀྱི་ཧེ་རུ་ཀ་དང་རོལ་པས་འཆི་མེད་བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱུན་སྦྱོར་མཚམས་ནས་བབས་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཡེ་ཤེས་ཀྱི་རྡོ་རྗེའི་བཅུད་དུ་འཁྱིལ་བར་གྱུར། ཞེས་དམིགས་ཏེ་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་སྐབས་ཕྱེད་པ་བྱས་མཐར། ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་ཀྱི་བདུད་རྩིའི་ཟེགས་མ་ཕུལ་བས། ལྷ་རྣམས་ཆགས་པ་ཆེན་པོའི་རང་བཞིན་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་གྱུར། ཐུན་མཐར་ཚེ་འགུགས་ནི། མདའ་དར་གཡབ་ལ་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཀློང༌། །བདེ་ཆེན་དགྱེས་མ་འབུམ་ཕྲག་མཁའ་འགྲོའི་གཙོ། །འཆི་མེད་གྲུབ་པའི་མེ་ཏོག་མནྡ་ར། རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ནས་བཞེངས། །སྐྱེ་འཆིའི་མཚན་མ་ཡོངས་དག་ཆོས་སྐུའི་མཁར། །ལྷན་སྐྱེས་གྲུབ་པའི་རྒྱལ་མོའི་ཡེ་ཤེས་སྤྲིན། །དབང་བཅུའི་བདུད་རྩི་བྲི་གང་མི་མངའ་བའི། །རྡོ་རྗེ་ཚེ་ཡི་བྱིན་རླབས་ད་ལྟ་སྩོལ། །ཕྱག་གཡས་ཚེ་དཔལ་འགུགས་པའི་མདའ་དར་ལས། །རིགས་ལྔའི་ཕོ་ཉ་ཞིང་ཁམས་ཡོངས་ཁྱབ་སྤྲོས། །སྲིད་དང་ཞི་བའི་བརྟན་གཡོའི་དྭངས་བཅུད་བསྡུས། །ཕྱག་གཡོན་ཚེ་ཡི་བུམ་པའི་ནང་དུ་བསྐྱིལ། །སྒྲུབ་མཆོག་ལུས་ངག་ཡིད་ལ་རྡོ་རྗེའི་དབང༌། །འཕོ་མེད་རྟག་པ་དམ་པའི་མཆོག་གྱུར་པ། །ཐབས་ཤེས་དམ་རྫས་བདེ་སྟོང་ཡེ་ཤེས་དངོས། །མྱོང་གྲོལ་གྲུབ་པའི་རྫས་ཀྱི་བཅུད་ལེན་སྩོལ། །སྒོ་གསུམ་མི་ཤིགས་དྭངས་མའི་ལང་ཚོར་སྨིན། །ཟག་བཅས་འཁྲུལ་པའི་སྐྱེ་འཆི་མིང་ཡང་མེད། །ལྷུན་གྲུབ་ཡེ་ཤེས་འཕོ་ཆེན་རྡོ་རྗེའི་སྐུ། །མངོན་སུམ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ་ཧ་རི་ནི་ས་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་ཚེ་བཅུད་བསྡུས་ཏེ། མཁའ་ཁྱབ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཚེ། །གཏིང་གསལ་གཞོན་ནུ་བུམ་སྐུའི་དབྱིངས་སུ་སྦ། །མི་འགྱུར་རྡོ་རྗེའི་ཀློང་དུ་རྒྱས་བཏབ་པས། །ཟག་མེད་འདུས་མ་བྱས་པར་ལྷུན་གྱིས་གྲུབ། །དྷརྨ་དྷ་ཏུ་ཨཿ ཐུན་མཐར་དབྱངས་གསལ་རྟེན་སྙིང་དང༌། །མཆོད་བསྟོད་མདོར་བསྡུས་ཡིག་བརྒྱ་བཟླ། །སྐབས་འདིར་བཀའ་སྲུང་གཏོར་ཆོག་བྱ། གསུམ་པ་རྗེས་རིམ་དང་པོ་ཚོགས་མཆོད་ནི། ཡར་མར་གྱི་ཚེས་བཅུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ་ཐབས་ཤེས་ཀྱི་དམ་རྫས་རྣམས་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་དུ་བཀྲམ། བདུད་རྩིའི་ཟེགས་མས་བྲན་ཏེ། ཧྲཱིཿ བདེ་ཆེན་དབྱིངས་ནས་ཐམས་ཅད་ཀུན་ཏུ་བཟང༔ གཙང་དམེའི་འཛིན་རྟོག་དག་པའི་བདུད་རྩི་ཆེ༔ རང་བྱུང་འཆི་མེད་གྲུབ་པའི་བཅུད་ཀྱི་ལེན༔ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་རྫས་སུ་ཤར༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་བརླབས་ལ། ཕུད་རིམ་པ་གསུམ་དུ་སྤྲོས་ཏེ། ཧོ༔ རང་ལུས་གདན་གསུམ་ཡེ་ཤེས་ལྷ་ཡི་དལ༔ རྩ་ཁམས་རླུང་ཀུན་འཆི་མེད་མཁའ་འགྲོའི་མཆོག༔ ཐབས་ཤེས་དམ་རྫས་ཀུན་ཀྱང་མཆོད་པའི་རྫས༔ ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས་ཕུལ་བས༔ ཞལ་གྱི་ཐབ་ཁུང་ལས་བརྒྱུད་སྙིགས་མ་བསྲེགས༔ དྭངས་མ་འབར་བའི་གོས་དཀར་བྱིན་ཟ་ལས༔ བདེ་ཆེན་འཁོར་ལོའི་བླ་མ་ཡབ་ཡུམ་ལ༔ ཡེ་ཤེས་བདུད་རྩིའི་ཕུད་ཀྱི་མཆོད་པ་འབུལ༔ ལོངས་སྤྱོད་འཁོར་ལོའི་ཡི་དམ་རྒྱུད་སྡེའི་ཚོགས༔ རིགས་ལྔའི་དམ་རྫས་བདུད་རྩིའི་དགའ་སྟོན་འབུལ༔ ཆོས་ཀྱི་འཁོར་ལོའི་དབྱིངས་ཕྱུག་ཌཱ་ཀི་ལྔར༔ གཟུང་འཛིན་ཉམས་པ་བསྒྲལ་བའི་ཤ་ཁྲག་འབུལ༔ དམ་ཚིག་ཉམས་ཆག་ཉེས་པའི་དྲི་མ་བཤགས༔ སྐུ་གསུང་ཐུགས་ལ་དགྱེས་པ་རྨད་བྱུང་བའི༔ བདེ་ཆེན་སྣང་བས་དངོས་གྲུབ་བླ་ན་མེད༔ ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ་སྩོལ་གྱུར༔ མ་ཧཱ་པཱུ་ཛ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཞེས་པའི་དང་པོ་བླ་མ་ལ་མཆོད་པ། བར་པས་ཡི་དམ་ལ་བསྐང་བཤགས། ཐ་མ་མཁའ་འགྲོ་ལ་བསྒྲལ་བསྟབ་ཀྱི་ཚུལ་དུ་གདོད་ནས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་རྩ་བ་གསུམ་གྱི་འཁོར་ལོར་རྫོགས་པ་ལ་འབུལ་ཞིང༌། རྒྱས་པར་སྤྲོ་ན་བསྐང་བ་འཆི་མེད་རྔ་སྒྲ་སྦྱར། ཡིག་བརྒྱ་བཟླས་ལ་དམ་ཚིག་གི་རྫས་ལ་རོལ། ལྷག་མ་བསྡུས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབ། ཌཱ་ཀི་ནི་ཨེ་ཨ་རལླི་ཕེཾ་ཕེཾ་གྱིས་ལྷག་མགྲོན་སྤྱན་དྲངས་ཏེ། ཧྲཱིཾ་ཕེཾ༔ ཟག་བཅས་ལྷག་མའི་ཕམ་ཕབ་ཨ་མྲྀ་ཏ༔ གནས་ཡུལ་ཞིང་སྐྱོང་ཌཱ་ཀིའི་ཚོགས་ལ་འབུལ༔ བདེན་དོན་དག་པའི་རྟེན་འབྲེལ་ལུགས་ལྡོག་གིས༔ སྲིད་པ་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཡེ་ཤེས་ཌཱ་ཀི་འདུས་པའི་གྲོང་ཁྱེར་དུ༔ གསང་མཆོག་དགྱེས་པའི་མཆོད་པ་འདི་ཕུལ་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུ་ཐོབ་ནས༔ མཁའ་མཉམ་འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག༔ སྨོན་ལམ་དང༌། རྡོ་རྗེའི་གླུ་གར་གཞན་ལས་འབྱུང་བ་ལྟར་རམ། བསྡུ་ན། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོ་སུ་ར་ཏི་སྟྭྃ༔ ཞེས་རོལ་མོ་དང་བཅས་པས་བྱ། གཉིས་པ་ཆད་ཐོ་ནི། ཧྲཱིཿ དུས་གསུམ་ལས་འདས་ཡེ་ཤེས་དབྱིངས༔ སྐུ་གསུམ་དྷ་ཀིའི་ཚོགས་རྣམས་ཀྱིས༔ གསང་ཆེན་ཆོས་འཁོར་བསྐོར་བའི་ཚེ༔ ཁས་བླང་སྲུང་མའི་ཚོགས་རྣམས་ཀུན༔ སྨན་རཀ་བ་ལིཾ་མཆོད་པ་བཞེས༔ འདོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ གསུམ་པ་བརྟན་མ་ནི། ཧྲཱིཿ བོད་སྐྱོང་བརྟན་མ་ཌཱ་ཀི་ཆེ༔ བདུད་དང་གནོད་སྦྱིན་སྨན་མོའི་ཚོགས༔ འབུམ་ཕྲག་ཡངས་པས་བཤལ་ཆུ་བཞེས༔ གངས་ཅན་བདེ་བའི་ལས་མཛོད་ཅིག༔ བཞི་པ་རྟ་བྲོ་ནི། ཧྲཱི༔ རྣམ་ཐར་སྒོ་གསུམ་ཨེ་ཡི་དབྱིངས༔ གཟུང་འཛིན་དམ་སྲི་སྡེ་བཅས་མནན༔ ཡེ་ཤེས་རིག་པ་དཀྱིལ་འཁོར་ལྷས༔ སྣང་སྲིད་རོལ་པའི་བྲོ་བརྡུང་ངོ༔ སྟྭྃ་བྷ་ཡ་ནན༔ ལྔ་པ་དངོས་གྲུབ་བླང་བ་ནི། ཧྲཱིཿ ཟླ་གམ་དབང་ཆེན་ཚེ་ཡི་དཀྱིལ་འཁོར་དུ༔ བསྙེན་ཅིང་བསྒྲུབས་པའི་འཆི་མེད་མཁའ་འགྲོའི་ཚོགས༔ དེང་འདིར་ཐུགས་རྗེ་བརྩེ་བས་ཉེར་དགོངས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་པ་གྲོལ་སྐབས་དངོས་གྲུབ་ཚེ་ཡི་རྫས་ལ་རོལ། རྒྱས་པར་སྤྲོ་ན་སྐབས་འདིར་བདག་འཇུག་གི་ཆོ་ག་སྦྱར་ཡང་རུང་ངོ༌། །གཏང་རག་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་དང༌། ནོངས་བཤགས་ནི། ཧྲཱིཿ ཡེ་ཤེས་དབྱིངས་སུ་རྣམ་དག་ཀྱང༔ མ་རྟོགས་ཐ་མལ་ནོངས་པ་ཀུན༔ གཉིས་སུ་མེད་པའི་ཚུལ་གྱིས་བཤགས༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ། དྲུག་པ་སྤྱིར་ཚུལ་འདིའི་ཕྲིན་ལས་གཏེར་གཞུང་དངོས་བསྟན་ལྟར་ན་རྫོགས་རིམ་ཆོས་དྲུག་གི་སྔོན་འགྲོའི་བསྐྱེད་རིམ་ཡིན་པས་སྤྲོས་བཅས་ཀྱི་རིམ་པ་མི་དགོས་ཀྱང་སྐབས་འདིར་སྒྲུབ་མཆོད་དང་ཚེས་བཅུའི་དུས་མཆོད་སོགས་ལ་ཅུང་ཟད་རྒྱས་པར་སྤྲོས་ན་འགལ་བ་མེད་པས་དུས་སྐབས་དེ་ཉིད་ཀྱི་ཉེར་བསྡུའི་རྣལ་འབྱོར་ནི། ཧྲཱིཿ བདག་སྣང་ཐམས་ཅད་འོད་གསལ་དབྱིངས༔ གདོད་མའི་སྟོང་ཆེན་ངང་དུ་ཐིམ༔ སླར་ཡང་ཆུ་ལས་རླབས་བཞིན་དུ༔ སྣང་སྟོང་སྒྱུ་མའི་སྐུར་ལྡང་ངོ༔ བཛྲ་རཀྵ་ཧཾ༔ བདུན་པ་བསྔོ་སྨོན་ཤིས་བརྗོད་ནི། འཆི་མེད་མཁའ་འགྲོ་བསྒྲུབས་པའི་དགེ་ཚོགས་མཐུས༔ འགྲོ་ཀུན་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་དང་ཐུན་མོང་དངོས་གྲུབ་སྣང་བ་ཡིས༔ འཇིག་རྟེན་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཀྱི་རིམ་པས་དགེ་ལེགས་སུ་བྱའོ། །བླ་མ་ཡེ་ཤེས་མཁའ་འགྲོའི་བྱིན་རླབས་གཟིས། །རིག་རྩལ་འགགས་མེད་ཤར་རློམ་སྒྲུབ་ཕྲིན་ལ། །ཁྲིགས་བསྡེབས་བསམ་སྦྱོར་རྣམ་པར་དཀར་བའི་འབྲས། །བསྟན་འགྲོའི་དཔལ་དུ་མངོན་སུམ་སྨིན་གྱུར་ཅིག །ཅེས་ལམ་འདིར་སྔོན་སྨོན་ཟབ་མོས་འབྲེལ་བའི་ཆོས་ཀྱི་བདག་པོ་རིན་ཚང་ལྷ་ཡི་རིགས་ལས་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཆོས་སྐོར་འདིའི་རྩ་བ་གསུམ་གྱི་ལས་ཀྱི་བྱང་བུའི་ཕྱི་མོ་སྟབས་ཅིག་བསྐྲུན་རྒྱུའི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐུལ་བ་དང༌། ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་དང་སྟོན་པར་དད་སྟོབས་མངའ་བ་བླ་མ་དཀོན་མཆོག་འོད་ཟེར་ནས་ཀྱང་ཡང་ཡང་ནན་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཤིང་སྦྲུལ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔར་འཆི་མེད་རྡོ་རྗེའི་ཡི་གེ་རྣམ་པར་བཀྲ་བའི་གླིང་གི་གཙུག་ལག་ཁང་ཞིག་ཏུ་བྲིས་པས་ལུས་ཅན་རྣམས་འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དགའ་སྟོན་ལ་སྤྱོད་པའི་ཉེ་རྒྱུར་འགྱུར་བར་བླ་མ་ཡེ་ཤེས་ཌཱ་ཀིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> | ||
Line 25: | Line 49: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-19-DZA]] | [[Category:DKR-KABUM-Volume-19-DZA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:11, 1 June 2024
Wylie title | 'chi med pad+ma tshe yi snying thig las/ yum ka mkha' 'gro man+da ra ba rigs lnga'i tshe'i las byang 'chi med bdud rtsi'i bum bzang | |
---|---|---|
Location | dil mgo mkhyen brtse bka' 'bum Volume 19, Text 5, Pages 38-47 (Folios 1a to 10b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | མནྡཱ་ར་བ་ (man+dA ra ba) | |
Citation | Khyentse, Dilgo. 'chi med pad+ma tshe yi snying thig las yum ka mkha' 'gro man+da ra ba rigs lnga'i tshe'i las byang 'chi med bdud rtsi'i bum bzang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 38-47. Delhi: Shechen Publications, 1994. | |
Genre | Activity Manual - las byang · Longevity Rituals - tshe sgrub | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Colophon |
ཅེས་ལམ་འདིར་སྔོན་སྨོན་ཟབ་མོས་འབྲེལ་བའི་ཆོས་ཀྱི་བདག་པོ་རིན་ཚང་ལྷ་ཡི་རིགས་ལས་སྙིང་པོའི་རྣལ་འབྱོར་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཆོས་སྐོར་འདིའི་རྩ་བ་གསུམ་གྱི་ལས་ཀྱི་བྱང་བུའི་ཕྱི་མོ་སྟབས་ཅིག་བསྐྲུན་རྒྱུའི་ཐུགས་བསྐྱེད་རྨད་དུ་བྱུང་བས་བསྐུལ་བ་དང༌། ཐེག་མཆོག་རྡོ་རྗེ་སྙིང་པོའི་བསྟན་དང་སྟོན་པར་དད་སྟོབས་མངའ་བ་བླ་མ་དཀོན་མཆོག་འོད་ཟེར་ནས་ཀྱང་ཡང་ཡང་ནན་བསྐུལ་ལྟར་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཤིང་སྦྲུལ་རྒྱལ་ཟླའི་དཀར་ཕྱོགས་ཀྱི་འཕེལ་ཚེས་བཅོ་ལྔར་འཆི་མེད་རྡོ་རྗེའི་ཡི་གེ་རྣམ་པར་བཀྲ་བའི་གླིང་གི་གཙུག་ལག་ཁང་ཞིག་ཏུ་བྲིས་པས་ལུས་ཅན་རྣམས་འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཀྱི་དགའ་སྟོན་ལ་སྤྱོད་པའི་ཉེ་རྒྱུར་འགྱུར་བར་བླ་མ་ཡེ་ཤེས་ཌཱ་ཀིས་བྱིན་གྱིས་བརླབ་ཏུ་གསོལ། སརྦ་མངྒ་ལཾ། དགེའོ།། | |
ces lam 'dir sngon smon zab mos 'brel ba'i chos kyi bdag po rin tshang lha yi rigs las snying po'i rnal 'byor klong chen ye shes rdo rjes chos skor 'di'i rtsa ba gsum gyi las kyi byang bu'i phyi mo stabs cig bskrun rgyu'i thugs bskyed rmad du byung bas bskul ba dang*/_theg mchog rdo rje snying po'i bstan dang ston par dad stobs mnga' ba bla ma dkon mchog 'od zer nas kyang yang yang nan bskul ltar pad+ma gar dbang 'od gsal mdo sngags gling pas shing sbrul rgyal zla'i dkar phyogs kyi 'phel tshes bco lngar 'chi med rdo rje'i yi ge rnam par bkra ba'i gling gi gtsug lag khang zhig tu bris pas lus can rnams 'chi med rdo rje tshe yi dngos grub kyi dga' ston la spyod pa'i nye rgyur 'gyur bar bla ma ye shes DA kis byin gyis brlab tu gsol/_sarba mang+ga laM/_dge'o// |